མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་ཉེར་གཅིག་པའི་བོད་མི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ངས་དེ་རིང་འདི་ནས་དུས་རབས་ཉེར་གཅིག་པའི་བོད་མི་ཟེར་ནས་གླེང་གཞི་འཛིན་དོན་ནི། དེང་སང་དྲ་ཐོག་དང་ཡིག་ཐོག ངག་ཐོག་སོགས་ནས། བོད་མི་འདུས་བསྡོད་ཀྱི་ས་གནས་བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་རིགས་འདུས་བསྡོད་ཀྱི་ཡུལ་གྲུ་གང་ས་ནས་ང་བོད་ཡིན་ཟེར་བ་ཞིག་གླེང་འགོ་བཙུགས་དེ་ལོ་ངོ་འགའ་སོང་ཡོད་ལ། དེ་ཡང་ངག་ཐོག་ནས་བརྙན་འཕྲིན་ཐུང་ཐུང་བཟོས་པ། ཡིག་ཐོག་ནས་བསམ་ཚུལ་སྤེལ་བ། འདུས་འཛོམ་གྱི་སྒོ་ནས་བགྲོ་གླེང་སྤེལ་བ་བཅས་བྱུང་ཡོད་ལ། དེ་ཡང་བོད་ནས་མཆེད་པའི་མེ་ལྕེ་ཞིག་དང་འགྲོགས་ནས་དེང་གི་བོད་མི་འདུས་བསྡོད་ཀྱི་འཛམ་གླིང་གང་སར་མཆེད་པ་རེད།

དེ་ཡིན་དུས་དེ་རིང་འདི་ནས་བདག་གི་རང་ཅག་བོད་མི་ཡིན་པ་གང་ཞིག་ལ་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཆ་རྐྱེན་གང་ཞིག་་ཚང་དགོས་མིན་གྱི་ཐད་དུ་བདག་གི་བསམ་ཚུལ་ཞིག་འབྲི་བཞིན་ཡོད། མི་རིགས་སུ་ཞིག་ལ་མཚོན་ན་ཡང་ཐོག་མ་མི་རིགས་ཤིག་ལ་ངེས་འཛིན་བྱེད་ལུགས་དེ་ནི་སྐད་དང་ཡི་གེ་གཉིས་ཆགས་ཡོད་པར་ཀུན་མཐུན་ལྟ་བ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་དེང་གི་འཆར་འུ་ཅག་ནི་དུས་རབས་ཉེར་གཅིག་ནང་གི་བོད་མི་ཞིག་བྱེད་པ་ལ་ཐོག་མར་རང་རིགས་ཀྱི་སྐད་དང་ཡི་གེ་ཤེས་དགོས་པ་དེ་ནི་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པའི་ཆ་རྐྱེན་དང་པོ་ཡིན་དགོས་པར་བདག་གི་དུས་དང་རྣམ་པ་ཀུན་དུ་འདོད་ཀྱིན་ཡོད་ལ། དེ་ལྟར་ཡིན་ཡང་དགོས། ད་དུང་། ལོ་མང་རིང་བོད་མི་ཞིག་བྱེད་པའི་མ་མཐའི་ཆ་རྐྱེན་ནི་བོད་ཀྱི་སྐད་དང་ཡི་གེ་ཤེས་དགོས་པར་ཐེངས་དུ་མར་གླེང་མྱོང་ཡོད།

དེ་རིང་ཡང་བསྐྱར་གླེང་ལྟ་བུ་ཞིག་ཆགས་ཡོད་ཀྱང་། ངས་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཐོག་མར་རང་གི་སྐད་ཡི་གེ་གཉིས་ཤེས་དགོས་པ་མ་ཟད། ཞོར་དུ་འཛམ་གླིང་གཞན་དག་ནང་རང་ཉིད་གང་དུ་འདུས་བསྡོད་བྱེད་ས་དེ་ཡི་སྐད་རིགས་ལ་སྤྱངས་པ་དང་དགའ་ཞེན་དང་གུས་བརྩི་བྱེད་རུང་བ་ཡིན་ལ། བྱེད་ཀྱང་དགོས་ཀྱི་ཡོད། དེ་མིན་ད་ལྟའི་འཆར་ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་སྤྲང་ཤ་སྟག་ཡིན་ལ། ནམ་ཞིག་གི་བར་དུ་རང་ཡུལ་དུ་ལོག་རེག་བར་དུ་དེ་ལ་བསྟུན་ནས་གནས་ཁུལ་དེ་ནས་འཚོ་བ་བསྐྱེལ་དགོས་ཀྱི་ཡོད། འོ་རེད། དེང་སང་ཁ་ཤས་ལ་མི་རིགས་ཀྱི་བསམ་བློ་མེད་པ་དང་མི་རིགས་ཀྱི་འདུ་ཤེས་མེད་པ། རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་མ་གཏོགས། མེས་པོ་དང་རང་གི་ཡབ་མེས་དག་གི་ཤུལ་རྗེས་ལ་འགན་ལེན་བྱེད་འདོད་མེད་པ་ཆེས་མང་བོ་ཞིག་བྱུང་དེ་འོང་གི་འདུག དེ་དག་གི་རིགས་ལ་མི་འདོད་ཀྱང་བཙན་པོ་བྱེད་པའི་བདག་དབང་དང་ཐོབ་ཐང་དེ་ནི་ང་རང་ལ་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད་སྟབས། མི་དེ་ཡི་རིགས་ཀྱི་ངས་སྐད་ཆ་འདི་སྣང་མེད་ངང་གད་སྙིགས་ཁྲོད་དུ་གཡུགས་རྐྱང་བྱེད་ངེས་ཡིན་ལ། བྱས་ཀྱང་དེ་དག་ལ་ངས་ལེ་བདའ་ཇི་ལྟར་བྱེད། གལ་སྲིད། ལེ་བདའ་བྱེད་མཁན་ཞིག་ཡོད་པས་དབང་དུ་བཏང་ན། དེ་ནི་ཁོང་ཚོའི་ཡབ་མེས་དང་ཤུལ་འཛིན་པ་དག་ཡིན་སྲིད་པ་ཡིན།

ང་ཚོས་དུས་རབས་ཉེར་གཅིག་པའི་ཁྲོད་དུ་མི་རིགས་རང་ལུགས་ཀྱི་ལྟ་བ་བཟུང་དེ་ཁེར་རྐྱང་དུ་འབུད་མི་རུང་བ་ཟེར་མཁན་ཡང་ཏན་ཏན་ཡོད་ངེས་ཡིན། དེ་ཡི་སྐོར་ལ་ཁྱེད་ཅག་གི་བསམ་བློ་ཞིབ་དུ་གཏོང་རོགས་ཞུ། འུ་ཅག་གིས་རང་གི་མེས་པོ་དག་གི་ཞབས་རྗེས་ནག་གསུབ་མི་གཏོང་ཆེད་དུ་བདེན་པའི་ཆེད་དུ་མི་རིགས་ཤིག་གི་འཆི་གསོན་ལ་འགན་ལེན་བྱེད་ཀྱི་ཡོད་པ་ལས། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་གཏིང་རིམ་ནས་མི་རིགས་རང་ལུགས་ཟེར་བ་དེ་ནི་དུས་ནམ་ཡང་རྩོད་ཀྱི་མེད་ལ། མི་རིགས་གཞན་གྱིས་དེ་ལྟར་བྱེད་པ་དེར་རྗེས་སུ་ཡི་རུང་ཡང་གཏན་ནས་བྱེད་དགོས་དོན་མེད། འུ་ཅག་གིས་རང་གི་རིགས་ཀྱི་ཞེན་པ་འདི་ལ་བདེན་པ་ཡོད་པ་དང་། མི་རིགས་འདི་འཛམ་གླིང་འདིར་གནས་པ་ལ་དོན་སྙིང་ལྡན་པ། མི་རིགས་འདིའི་སྐད་ཡིག་ལ་རིན་ཐང་ཡོད་པ་བཅས་ཀྱི་བདེན་པ་ལ་རྒྱབ་བརྟེན་བྱོས་དེ། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་ཡིན་ལ། དུས་རབས་ཉེར་གཅིག་པའི་ནང་དུ་ཡང་བོད་ཟེར་བའི་མི་རིགས་འདིའི་ད་དུང་ཡང་དུས་རབས་བཅུ་དགུ་ཉི་ཤུའི་ནང་གི་གཉའ་གནོན་རང་ལུགས་ཀྱི་སྲིད་གཞུང་དེ་འདྲ་ལ་འགོ་སྒུར་ནས་འདུག་དགོས་དོན་མེད་པ་དེ་འཛམ་གླིང་མི་དམངས་ལ་བདེན་དབུང་བྱེད་ཀྱི་ཡོད་པ་དེ་ཡིན་པ་ལས། ཕྱོགས་རུས་རང་ལུགས་ཀྱི་མི་རིགས་རང་ལུགས་ཤིག་གཏན་ནས་རྩོད་ཀྱི་མེད་ལ། རྩོད་དགོས་དོན་ཡང་མེད། ད་དུང་། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་གི་དངོས་ནས་བཤད་པ་ཡིན་ན། གཏན་ནས་ཡིག་རྨོངས་ཡིན་མི་རུང་བ་དང་། དེ་ཡང་རང་གི་སྐད་ཡིག་ལས་ལྷག་དུ་རྨོངས་པ་ཆགས་མི་རུང་བ་དེ་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་རྒྱུའི་འོས་འགན་དང་བོ་དེ་ཡིན།

ལྷག་པར་དུ། དེང་སང་ཁ་ཤས་ཀྱི་རང་གི་བློ་ངོར་ཇི་ཤར་བདེན་དུ་སྣང་དེ། སྐད་ཡིག་གི་རིན་ཐང་མི་གླེང་བར་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་དུ། རང་རྒྱལ་གཞན་ཕམ་གྱི་རྩ་དོན་ཁོ་ན་ཞིག་གླེང་དེ་འོང་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་སྐྱོབས་པའི་ཐབས་ལམ་ལས་དུས་རབས་ཉེར་གཅིག་པའི་བོད་མི་དག་འཆི་ལམ་དུ་འདེད་བྱེད་ཡིན་མིན་དེ་ཡི་ཐད་དུ། དུས་རབས་ཉེར་གཅིག་པའི་བོད་མི་བྱེད་འདོད་ཡོད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གི་བགློ་གླེང་བྱེད་པ་ནས་རང་ཐོག་ནས་འགོ་བརྩམས་ཟིན་པ་དག་ལ་རྗེས་སུ་ཡི་རུང་། མ་བརྩམས་པ་དག་གིས་བརྩམས་རྒྱུ་དང་། བརྩམས་མྱོང་མེད་པ་དང་བརྩམས་འདོད་མེད་པ་དག་ལ་རེ་སྐུལ་བཅས། དེ་རིང་འདི་ཙམ་གྱི་བསམ་ཚུལ་ཐུང་ཐུང་འདི་ཕུལ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 9

  1. sha tak ri sim says:
    ལོ་ 16 སྔོན།

    ཉི་ཟླའི་མགྲོན་བདག་ཞིག་ཕེབས་ནས། ཉི་མའི་གླིང་གི་བོད་ཡུལ་ཁ་བ་ཅན་གྱི་དོན་དུ་སེམས་འཁྲལ་ཞིག་གནང་བཞིན་ཕེབས་འདུག རྗེས་སོར་ཕེབས་ནས་སེམས་འཁྲལ་བྱེད་དགོས་པའི་རྒྱུ་རྐྱེན་རེ་གསུང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལགས།

    Reply
  2. chok zyl says:
    ལོ་ 16 སྔོན།

    བསམ་ཚུལ་ཡག་པོ་རེད་།དུས་རབས་ཉེར་གཅིག་གིས་འབྱུང་བཞིའི་ཚང་ལྷག་འགྲོ་བའི་ཉེན་ཁ་ཆེན་པོ་འདུག།དེ་བས།ང་ཞེན་གི་ང་སྐྲག་གི་ཡ།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    རྐང་གསུམ་ཅན་ཞིག་འཁོར་བ་བརྒྱབས་ནས་ཕྱིན།།
    ཅོ་རི་ཉི་མ་ཁྲོ་ཞིག་བླངས་དེ་ཕྱིན།།
    འབྲོང་བུ་ཟླ་བས་སླར་ཕེབས་གསུང་དེ་ཐལ།།
    རིགས་ཀྱི་རུས་ཞེན་ཡོད་པའི་སྤུན་གྲོགས་ལས།།
    ཁྱེད་ཅག་རྣམ་གསུམ་མ་གཏོགས་སླེབས་མི་འདུག།
    ཡུན་གྱིས་གླེང་འདོད་ཡོད་ན་ཞིབ་དུ་དཔྱོད།།
    རིགས་ཀྱི་ན་ཟུག་ཡོད་ན་ག་ལེར་གླེང་།།
    མི་རིགས་བདེན་པ་བརྩོད་པར་སྙིང་སྟོབས་དགོས།།
    ཁ་དང་ལག་པའི་བར་ཐག་རིང་མི་ཉན།།
    སེམས་དང་ཁ་ཡི་གླེང་ཕྱོགས་ནོར་མི་རུང་།།
    བོད་ཀྱི་འདས་གསོན་བྱ་བཞག་བརྗེད་མི་འོས།།
    གང་ལྟར་འུ་ཅག་དུས་རབས་ཉེར་གཅིག་པའི།།
    བོད་མི་ཉན་མིན་ཕྱོགས་ལ་བསམ་བློ་ཐོངས།།

    Reply
  4. chokri nyima says:
    ལོ་ 16 སྔོན།

    ཆད་ལྷག་མང་པོ་ཤོར་འདུག་དགོངས་འགལ་མེད་པ་ཞིག

    Reply
  5. chokri nyima says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་འདིར་བོད་མིའི་བླ་སྲོག་རྩིས་པ་འདི་ཡང་མཐའ་གཏུག་ན་བོད་རང་བཙན་སྒྲུབ་བྱེད་ཡིན་ལས་རྒྱ་ནག་གཞུང་དང་བོད་མིའི་འཚོ་བ་ཡར་རྒྱས་ལ་ཕན་པའི་བྱ་བ་ཅི་ཡང་མིན།

    བོད་མི་རིགས་འདི་ལ་བོད་རང་བཙན་མ་དགོས་ན་རྒྱ་སྐད་རྒྱབ་ནས་འཚོ་བ་སྐྱིད་པོ་བྱུང་ན་འདྲ་ཨིན་སྐད་རྒྱབ་ནས་འཚོ་བ་སྐྱིད་པོ་བྱུང་ན་གཅིག་པ་རེད།

    བོད་མིའི་བདེ་སྐྱིད་སྒྲུབ་ཆེད་དུ་བོད་ཡིག་ལས་ཀྱང་ལྷག་པ་ཨིན་ཡིག་དང་རྒྱ་ཡིག་ཡོད། ཅི་ཞིག་དོན་དུ་བོད་ཡིག་འདི་བོད་མི་རིགས་ཀྱི་ཆེད་དུ་དགོས་སོང་ངམ།

    རང་རྒྱལ་གཞན་ཕམ་མ་དགོས་ན་་་་་ཅི་ཞིག་ཆེད་དུ་བོད་ཀྱི་སྐད་ཡིག་འདི་དགོས་སམ། ཟམ་གདོང་བླ་མ་བཞིན་ཆོས་བྱེད་པའི་ཆེད་དུ་དགོས་པ་ཡིན་གྱི་མ་རེད།

    Reply
  6. dongbu says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས། བསམ་ཚུལ་འདིའི་ཆེད་དུ་ཡོང་ནས་ཡོད། བདེན་པ་རང་རེད། ང་ཚོས་ད་དུང་ཡང་ཤུགས་ཀྱིས་འདི་ཡོང་བར་འབད་ཡ།

    Reply
  7. chokri nyima says:
    ལོ་ 16 སྔོན།

    འཛམ་གླིང་འདིའི་སྟེང་དུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པའི་མི་བུ་ཞིག་ཡིན་ན་ཁོང་ལ་ལྟ་ཚུལ་གཉིས་ཡོད།
    དང་པོ་དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་ལྟས་ན་རང་རྒྱལ་གཞན་གྱི་བསམ་བློ་མེད་པའི་མི་བུ་རྣམས་ནི་བྱང་ཆུབ་སེམས་དཔའ་ཡིན་པ་འདོད།

    གཉིས་པ་འཇིག་རྟེན་ཕ་ཆོས་ཀྱི་ཕྱོགས་ནས་ལྟས་ན་རང་རྒྱལ་གཞན་ཕམ་གྱི་ལྟ་བ་མེད་ན་མི་བུ་དེར་ཕྱི་ནང་མེད་པའི་ཁྱི་ཞིག་ལ་བརྩི།

    Reply
  8. chokri nyima says:
    ལོ་ 16 སྔོན།

    ཁྱེད་བདེ་མོ་ཡིན་ནམ། ཁྱེད་རྡ་ས་རི་བོའིོ་སྟེང་དུ་སྤྲོ་འཁྱམ་ཕེབས་ནས་བཟུང་ལྟ་བ་གསར་པ་ཞིག་དང་འདོད་ཚུལ་གསར་པ་འདྲ་མིན་བཤད་ཡོང་གི་འདུག་ད།

    བོད་མི་རིགས་ཀྱི་ཕྱོགས་རུས་ཤིག་རྩོད་ཀྱི་མེད་ན་བོད་ཀྱི་སྐད་ཡིག་ལ་ཕྱོགས་རུས་བྱས་དགོས་པ་མེད།
    བོད་མི་རིགས་ལ་རང་ཉིད་རྒྱལ་ཐུབ་པའི་འདུ་ཤེས་ཤིག་མེད་ན་་་་བོད་ཀྱི་སྐད་དགོས་དོན་མེད།
    བོད་མི་རིགས་ལ་བོད་རྒྱལ་ཁབ་མ་མཁོ་ན་་་་བོད་ཀྱི་སྐད་ཡིག་མཁོ་དོན་མེད།
    བོད་མི་རིགས་ལ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་ན་་་་རང་གི་སྐད་ཡིག་དགོས་དོན་མེད།
    བོད་མི་རིགས་ལ་རང་བཙན་མ་དགོས་ན་་་་བོད་ཀྱི་སྐད་ཡིག་དགོས་དོན་མེད།
    བོད་མི་རིགས་ཀྱི་ལ་རྒྱ་མེད་ན་་་་་བོད་ཀྱི་སྐད་ཡིག་དང་བོད་སྐད་ཤེས་མཁན་ཞིག་དགོས་དོན་མེད།

    རང་གི་སྐད་ཡིག་་་་་རང་གི་རིག་གཞུང་་་་་རང་གི་ལུགས་སྲོལ་་་་་རང་གི་ཆོས་ལུགས་་་་རང་གི་ལོ་རྒྱུས་་་་་་རང་གི་མི་རིགས་་་འདི་ཚོ་ཐམས་ཅད་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་ཡིན་པ་ལས་དེང་རབས་ཉེར་གཅིག་ནང་དུ་བོད་མིའི་འཚོ་བ་ལ་ཕན་ཐོག་མེད།

    ཁྱེད་ཀྱིས་རང་བཙན་མི་མཁོ་སྐད་ཡིག་མཁོ་ཟེར་བ་དང།
    བོད་རྒྱལ་ཁབ་མི་དགོས་སྐད་ཡིག་དགོས་ཟེར་བ་འདི་ཚོ་ནི་ནང་འགལ་ཁོ་ན་ཡིན་པ་སྣང།

    Reply
  9. tenzin9 says:
    ལོ་ 16 སྔོན།

    དྲ་གྲོགས་ཁྱོད་ཀྱི་བསམ་ཚུལ་འདི་ལ་གཏིང་རུམ་ནས་ལྟ་རྒྱུ་ཞིག་དང་གོ་རྒྱུ་ཞིག་འདུག་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese