མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༢ པ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp
བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ། ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་རྟེན་གཞི་བྱས་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ནང་ཚོགས་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་༡༥ནས་༢༡བར་གྱི་ཉིན་གྲངས་ལྔ་ལྷག་གི་རིང་ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་ཡོད་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོ་རུ་སྐོང་འཚོགས་བཞིན་ཡོད་ལ།ཕྱི་ཚེས་༡༦ཉིན་ཚོགས་མི་རྣམས་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཆོའོ་རྫི་ར་བྷོ་ལགས་ཀྱི་ཚོགས་འདུ་དངོས་སུ་མགོ་འཛུགས་གནང་ཡོད་འདུག
 ཐེངས་འདིའི་ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་༢༡ལྷག་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་ཞིབ་འཇུག་པ་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་མི་གྲངས་༣༠༠ལྷག་འདུ་འཛོམས་ཀྱིས།བོད་ཀྱི་རིག་གནས་ཆེ་བ་ལྔ་གཙོས་བརྗོད་བྱ་སྣ་ཚོགས་སྟེང་ཆེད་རྩོམ་སྒྲོག་སྦྱོང་གནང་གི་ཡོད་པར་མ་ཟད།ཕྱི་གླིང་བ་བོད་རིག་པའི་ཞིབ་འཇུག་མི་སྣ་ཁག་ཅིག་གིས་བོད་ཀྱི་ཨར་ལས་མཉམ་བཟོ་དང་དཔལ་འབྱོར།མིའི་རིགས་རིག་པའི་སྐོར།བོད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་སྟངས།རི་མོ་དང་མཆོད་ཆས་འདྲ་མིན།བོད་ཀྱི་གྱོན་ཆས་འདྲ་མིན་ཀྱི་རིགས་སོགས་ཀྱི་སྟེང་ཚོགས་ཆུང་བཅུ་རུ་བགོས་ཏེ།ཚོགས་ཞུགས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱོང་དང་བགྲོ་གླེང་གནང་གིན་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་སྟེང་བོད་ནས་མི་སྣ་༤༠ལྷག་ཕེབས་ཐུབ་ཡོད་ཀྱང་།གཞན་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པའི་དབང་གིས་ཚོགས་འདུར་བཅར་ཐུབ་མེད་སྟབས།རྒྱལ་སྤྱིའི་བོད་རིག་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས།རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་འདི་ཉིད་ཆབ་སྲིད་ཀྱི་ངོ་བོ་མ་འདྲེས་པའི་ཚོགས་ཆེན་ཞིག་དང་། བོད་རིག་པའི་ཞིབ་འཇུག་གི་ཐད་བགྲོ་གླེང་གནང་བཞིན་པའི་ཚོགས་ཆེན་ཞིག་ཡིན་ནའང་།རྒྱ་ནག་གཞུང་གིས་བོད་ནས་ཕེབས་འདོད་ཡོད་པའི་མི་སྣ་གང་མང་ཞིག་ལ་ཕྱི་སྐྱོད་ལག་འཁྱེར་དང་མཐོང་ཆེན་མ་སྤྲད་པར་བློ་ཕམ་ཆེན་པོ་ཡོད་སྐོར་དང་།མ་འོངས་པ་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་དེ་ནི་ཕྱི་ལོ་ ༡༩༧༩ལོར་སུད་སིའི་གྲོང་ཁྱེར་ཛི་རིལ་ནང་མགོ་འཛུགས་བྱས་ཡོད་པ་དང་།དུས་དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཐེངས་རེར་སྐོང་འཚོགས་གནང་གི་ཡོད་པ་རེད།
 
གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. དོན་གོ says:
    ལོ་ 16 སྔོན།

    ཐེངས་འདིའི་བོད་རིག་པའི་ཚོགས་ཆེན་སྟེང་། བོད་ནས་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་དང་། གེ་སར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་འགྲུབ་ལགས། ལྷ་སའི་རྩོམ་པ་པོ་ནོར་བྲང་ཨོ་རྒྱན་ལགས། རྩོམ་པ་པོ་ཨ་ཁུ་རྒྱ་གྲོལ་ལགས་བཅས་མི་སྣ་ ༤༠ ལྷག་ཕེབས་ཡོད་འདུག

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་གནས་ཚུལ་སྐུ་ཞབས་ལུང་རིགས་རྒྱལ་གྱིས་འདྲ་པར་དང་བཅས་གསལ་བོ་ཞིག་གཏོང་རྒྱུའི་རེ་བ་ཆེ། ལྷག་དོན་ཕེབས་མཁན་རྣམས་ཀྱི་མཚན་གཞུང་དང་། རབ་ཡིན་ན་ལོ་རྒྱུས་སམ་ངོ་སྤྲོད་ཐུང་ངུ་རེ་འབྲི་རོགས། འདི་ནི་གནད་འགག་ཅན་གྱི་ཚོགས་འདུ་ཞིག་རེད།

    Reply
  3. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་ཤེས་རྒྱུ་ཞིག་ལ་འདི་ནི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཞིག་ཡིན་པ་ལས་བོད་ཀྱི་ཆབ་སྲིད་གནད་དོན་བགྲོ་གླེང་གི་ཚོགས་འདུ་ཞིག་མ་རེད། ཡིན་ཡང་བོད་ཀྱི་ཆབ་སྲིད་ལ་ཞིབ་འཇུག་བྱེད་མཁན་ཡང་གྲོགས་འདུ་ཐོག་ཞུགས་ཡོད་པ་ངོ་མ་རེད། དེ་མིན་མཚོ་སྔོན་ནས་རྒྱ་ཡེ་བཀྲ་བྷོ་དང་སྟོབས་ལྡན།
    སོགས་བོད་རིགས་དགེ་རྒན་དང་ཆེད་མཁས་པ་མང་པོ་ཞིག་ཚོགས་འདུར་བཅར་ཡོད། ལམ་གླ་ཡོད་ཚད་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་བྱས་ཡོད་པ་རེད།
    དེ་མིན། བོད་ཕྱི་ནང་གཉིས་ཀྱི་མཁས་པ་ཚོ་གཞི་གཅིག་ཏུ་འདུས་ནས་བོད་རིག་པར་བགྲོ་གླེང་བྱེད་པའི་གོ་སྐབས་ཞིག་བྱུང་བ་འདི་གལ་ཆེན་པོ་རེད་ལ།དོན་སྙིང་ཡང་ཆེན་པོ་འདུག ངས་བསམ་ན་བོད་ནང་ནས་ཕེབས་པའི་མཁས་པ་ཚོས་ཆབ་སྲིད་ཀྱི་ཐད་ནས་ཅི་ཡང་བརྗོད་དགོས་དོན་མེད། ཀྲུང་གོའི་ཁོ་ཚོར་བཙན་ཚུགས་སྐད་ཆ་འགའ་བཤད་དུ་འདུག་ན་ཐང་མོད། དེ་མིད་ཐལ་ཡན་ཆད་ཀྱི་སྐད་ཆ་ཡིན་པ་བོད་མི་ཞིག་ཡིན་ཚེ་ཤེས་ངེས་རེད། ཁོ་ཚོས་རིག་གཞུང་ཞིབ་འཇུག་པའི་མི་ཐོག་ནས་བོད་ཕྱི་ནང་གི་བསམ་བློ་བྱེད་པའི་གོ་སྐབས་འདི་བརྒྱུད་བསྐྱངས་རྒྱུ་དེ་ཧ་ཅང་གཙོ་བོ་རེད།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བོད་ནས་ཕེབས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་བཅར་བ་རྣམས་དང་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་ཡོད། ཕྱོགས་གཅིག་ནས་རྒྱ་ནག་གིས་ཕྱིར་སྐྱོད་མཐོང་ཆེན་མ་སྤྲད་པ་དེར་བློ་ཕམ་བྱས་ནས་སྡོད་མི་དགོས་པར་བོད་ནས་ཕེབས་མཁན་ཁྱེད་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་འཛེམས་འདོག་མེད་པར་གསུང་ཐུབ་ན་བོད་ཕྱི་ནང་གི་ཕྱོགས་ནས་ཕེབས་མཁན་ཉུང་བར་སྐྱོད་དེ་ཙམ་མེད། གཞི་རྩའི་ཆ་ནས་ལག་ཁྱེར་སྤྲད་པ་དང་མ་སྤྲད་པའི་བར་གྱི་ཁྱད་པར་དེའང་གསལ་པོ་ཤེས་ཀྱི་ཡོད། གང་ལྟར་ད་ཐེངས་ཁྱེད་ཅག་གིས་ཕྱི་ཕྱོགས་ནས་དྲ་རྒྱ་འདིར་གཟིགས་ཐུབ་སྲིད་པས། འདི་ནས་ཁྱེད་རྣམས་ཀྱི་ནུས་ཤུགས་ལ་རེ་བ་བརྒྱབ་ནས་ཡོད་པའང་ཁྱེད་ཚོས་ངེས་པར་ཤེས་དགོས་ཀྱི་ཡོད།

    Reply
  5. འཇམ་དབྱངས། says:
    ལོ་ 16 སྔོན།

    འུ་ཅག་གི་ལས་དབང་རྡུགས་དྲགས་པའི་དབང་གིས་བོད་དོན་ལ་བོད་པ་ཞུགས་མི་ཆོག་པའམ་ཞུགས་མི་ཐུབ་པའི་གནས་ཚུལ་འདི་བྱུང་བ་རེད། བོད་ནང་དུ་ཡོད་པའི་ངོ་ཤེས་རྩོམ་པ་པོ་ཁ་ཤས་ལ་ཡང་མཐོངས་ཆེན་སྤྲད་མི་འདུག དེ་ཙམ་དུ་མ་ཟད་འབྲུག་ཆུའི་ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་ས་ཁུལ་གྱི་ཆེད་དུ་ཞལ་འདེབས་ཀྱང་བསྡུས་མི་ཆོག་པ་བཟོས་འདུག

    Reply
  6. གངས་ཆུ says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་བའི་སྟེང་འཛམ་གླིང་རྒྱལ་༢༡ལྷག་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་ཞིབ་འཇུག་པ་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་མི་གྲངས་༣༠༠ལྷག་དང་བོད་ནས་མི་སྣ་༤༠ལྷག་ཕེབས་ཐུབ་ཡོད་པ་དེ་ང་ཚོ་ཚང་མ་དགའ་འོས་བའི་དོན་ཆེན་ཞིག་རེད།

    Reply
  7. ཤིས་རི། says:
    ལོ་ 16 སྔོན།

    ཚོགས་ཞུགས་པ་ཚང་མ་ལ་མཚམས་འདྲི་ཞུ་བ་ཆབ་ཅིག་ལྷག་པར་གཞིས་ནས་ཕེབས་པའི་ཚོགས་མི་རྣམ་པར་དམིགས་གསལ་དགའ་གསུ་ཡོད། དེར་མ་ཟད་ཁྱེད་ཅག་བརྒྱུད་གཞིས་ལུས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐེངས་འདིའི་ཚོགས་འདུ་ལ་ཕེབས་པར་རྒྱ་གཞུང་གིས་འཐོང་འཆན་མ་སྤྲད་པ་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ལ་ཁྱེད་རྣམ་པ་ནི་བོད་དང་བོད་ཀྱི་རིགས་གཞུང་ལ་ཤ་ཞེན་དང་རྒྱུས་མངའ་ཆེན་པོ་ཡོད་པ་འཐོང་ཆེན་མ་སྤྲད་དེ་ཀས་ཤེས་ནུས་པས་དུས་དང་རྣམ་པ་ཀུན་དུ་སྙིང་ཁོང་ནས་བརྗེད་ཐབས་མེད། འུ་ཅག་བོད་མི་རྣམས་འདི་ལྟར་གཙན་གནོན་དང་གནར་གཅོར་གཏོང་བཞིན་པ་འཛམ་གླིང་མི་མང་ལ་གསལ་པོ་བཟོ་དགོས། ད་ལམ་ཚོགས་ཆེན་སྟེང་བགྲོ་གླེང་ལྷུག་པོ་འོང་བའི་སྨོན་འདུན་རྒྱ་ཕྲག་བཅས་སེ་ར་ནས་ཤིས་རི་ཡིས་ཕུལ།།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འཛམ་གླིང་ཕྱོགས་བཞི་གང་ས་ནས་རྒྱལ་སྤྱིའི་བོད་རིགས་པའི་ཚོགས་ཆེན་སྟེང་ཕེབས་མཁན་ཡོངས་ལ་དམིགས་བསལ་གྱིས་འཚམས་འདྲི་ཡོད་ལ། ལྷག་དུ་བོད་ནས་ཕེབས་མཁན་སྤུན་ཟླ་དེ་དག་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཅག་གིས་བོད་ནང་གི་བོད་མི་དག་གི་ད་ལྟའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་བརྗོད་གཞིར་གྱུར་བའི་རྩོམ་ཡིག་མི་ཉུང་བ་ཞིག་ཀྱང་སྒྲོག་སྤྱངས་བྱེད་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ལགས།

    རང་ཉིད་བོད་མི་ཞིག་གི་དངོས་ནས་ཁྱེད་ཅག་དེར་འདུས་ཀྱི་སྤུན་ཟླ་ཡོངས་ཀྱིས་བོད་ཀྱི་རྩོམ་རིག་གི་འཆི་གསོན་དང་འབྱུང་འགྱུར་སླར་གསོའི་ནུས་པ་བསྐྱེད་སྟངས་བཅས་ཀྱི་ཐད་དུ་བགྲོ་གླེང་ལྷུག་པོ་གནང་ཐུབ་པར་ཡིད་ཆེས་དང་བཅས་རེ་སྐུལ་ཞུ།

    Reply
  9. རང་རྟོན། says:
    ལོ་ 16 སྔོན།

    དགའ་བསུ་ཡོད་ལ།བོད་ནང་གི་མཁས་དབང་སུ་དང་སུ་ཕེབས་ཡོད་ཁུ།

    Reply
  10. བསེ་རུ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་དུ་ཆེད་བཅར་གནང་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བགྲོ་གླེང་བ་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་བོད་ནས་ཕེབས་པའི་རང་རིགས་སྤུན་ཟླ་རྣམས་ལ་ས་མཐའ་འདི་ནས་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ཡིན།
    བགྲོ་གླེང་ལྷུག་པོ་དང་། མཛའ་མཐུན་ཡུན་གནས། རིག་པའི་སྒོ་མོ་རྒྱ་ཆེར་ཕྱེ་བའི་རེ་སྨོན་ཤུགས་དྲག་དང་བཅས། །
    བསེ་རུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese