མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐེ་བོ་མི་མང་གི་རིམ་གྲོ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བྱེས་འབྱོར་ཐེ་བོ་མི་མང་གིས། ཉེ་ཆར་ཐེ་བོ་སྨད་མར་གཏོགས་པའི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱིས་ཚབས་ཆེའི་གནོད་སྐྱོན་བྱུང་བར་བཅའ་བ་རིམ་འགྲོ་བསྒྲུབ་བཞིན་ཡོད་འདུག
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་མདོ་སྨད་ཐེ་བོ་སྨད་མར་གཏོགས་པའི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱིས་ཚབས་ཆེའི་གནོད་སྐྱོན་ཐེབས་ཏེ། ཚེ་སྲོག་ཤོར་བ་དང་ཤུལ་ལུས་རྣམས་ཀྱི་ཆེད་དུ་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བྱེས་འབྱོར་ཐེ་བོ་མི་མང་ཚོས། མ་བསྐུལ་དང་བླང་གིས་འདས་གྲོངས་སོང་བ་དང་ཤུལ་ལུས་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་སླད་ངྷ་རམ་ས་ལ་དང་། སེ་འབྲས་དགའ་གསུམ་དུ་ཡོད་པའི་ཐེ་བོ་ཁང་ཚན་སོགས་ཐེ་བོ་མི་མང་གི་ངོས་ནས་རང་རང་སར་མཆོད་འབུལ་བྱས་དང་བྱེད་མུས་ཡིན་ལ། བལ་ཡུལ་དུ་ཐེ་བོ་ཚོས་མདོ་སྨད་ས་གནས་རྒྱུན་ལས་དང་མཉམ་འབྲེལ་གྱིས་མཆོད་འབུལ་བྱས་ཡོད་པ་དང་། ད་ལྟ་ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྟོང་མཆོད་ཕུལ་དང་འབུལ་མུས་ཐོག བདུན་ཚིགས་གསུམ་པའི་ཉིན་གཙུག་ལག་ཁང་དུ་རྒྱུད་སྟོད་དང་། རྣམ་གྲྭའི་མཁན་རིན་པོ་ཆེ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ། ངྷ་སའི་གཡས་གཡོན་གྱི་དགོན་སྡེ་ཁག་དང་གཉུག་མར་གནས་པའི་གྲྭ་བཙུན་སྔགས་གསུམ། བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་གདན་ཞུས་ཀྱིས་མཆོད་འབུལ་གཞི་རྒྱ་ཆེ་ཙམ་ཞིག་ཚོགས་རྒྱུ་གཏན་ཁེལ་བྱུང་ཡོད་ཟེར།
ཁོང་གིས་ད་དུང་། ལྷག་པར་དུ་ཐེངས་འདིར་མདོ་སྨད་དབུས་རྒྱུན་ངོས་ནས་མགོ་མཇུག་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ཐུགས་ཁུར་ཆེ་བཞེས་ཀྱིས་གནོད་འཚེ་ཐེབས་པའི་མི་མང་གི་ཆེད་དུ། ྋགོང་ས་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས་མཆོད་འབུལ་གཞི་རྒྱ་ཆེན་པོ་བྱས་པར་མ་ཟད། གནོད་ཐེབས་ས་ཁུལ་གྱི་ཤུལ་ལུས་ནང་མི་ཚོར་རོགས་སྐྱོར་ཆེད་ཞལ་འདེབས་བསྡུ་སློང་ཡང་བྱེད་ཀྱིན་ཡོད་སྟབས། ངེད་ཕ་ཡུལ་གཅིག་པ་ཚོས་མཆོད་འབུལ་སྐབས་སུ་ཐེ་བོ་ནང་ཁུལ་ནས་ཞལ་འདེབས་ཕུལ་བ་ཁོ་ན་མ་གཏོགས་ཕྱི་ལོག་ནས་ཞལ་འདེབས་བསྡུ་སློང་མི་བྱེད་རྒྱུ་ཐག་གཅོད་བྱས་ཡོད་ཅེས་གསུངས།

མཆན། 17

  1. དོན་འགྲུབ། says:
    ལོ་ 12 སྔོན།

    ངོ་མ་ཡག་པོ་རེད། ཐེ་བོ་མི་མང་ལ་གདུང་མཉམ་སྐྱེད་མཚོན་བྱེད་དུ་སང་ཉིན་བལ་ཡུལ་མཆོད་འབྱོད་ས་གནས་ཚོགས་ཆེན་མོར་བལ་ཡུལ་གནས་སྡོད་མདོ་སྨད་མི་མང་ཀྱང་མཆོད་འབུལ་བྱེད་ཁུ་འདུག་པེ་ཡག་པོ་རེ་ཐུགས་རྗེ་ཆེ།

    Reply
  2. ཕུན་ཚོགས ། says:
    ལོ་ 12 སྔོན།

    ཐེ་བོ་མི་མང་ལ་སྙིང་ནས་བཀའ་དྲིན་ཞུ་རྒྱུ་ཡིན་པ་མ་ཟད།ཁྱོད་ཚོའི་ལས་འགུལ་འདི་ཉིད་གནད་བ་བབ་ཅིང་དོན་ལ་ཁེལ་བའི་བྱ་བ་ཞིག་རེད་ཅེས་བསྟོད་བསྔགས་ཀྱང་བྱེད་རྒྱུ་ཡིན་་

    Reply
  3. གངས་རིའི་ཟེགས་མ says:
    ལོ་ 12 སྔོན།

    དྲ་གྲོགས་རྐང་གསུམ་ལགས་ཀྱིས་གསུང་བ་ལྟར་གུས་པ་དྲ་འབུ་དབུལ་པོ་ཞིག་ཡིན་
    པ་མ་ཟད་གསར་པ་ཞིག་ཀྱང་ཡིན་དྲ་དབུལ་པོ་ང་ལ་དྲ་གྲོགས་འབྱོར་ལྡན་རྣམས་ཀྱི་ལགས་ནས་ཅུང་ཙམ་རེ་རག་པ་རེ་ནི་ཡོང་བ་ཡིན་པས་ཐུགས་རྗེ་ཆེ་ཞུ་བ་དང་ཐེ
    ་བོ་མི་མང་ལ་ཡང་ཐུགས་རྗེ་ཆེ་ཞུ། ་འདས་པོ་རྣམས་ཀྱི་ཁྱེད་དུ་
    ཨོཾ་མ་ཎི་པདྨེ་ཧཱུྃ་་་་་
    ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    བྱིལ་འབྱོར་ཐེ་བོ་མི་མང་གཙོ་བྱེད་མདོ་སྨད་རྒྱུན་ལས་ཚོས་ཚེ་འདས་རྣམས་ཀྱི་ཆེད་དུ་ཆོས་ཕྱོགས་ཀྱིས་བྱེད་སྒོ་གང་བཟང་གནང་བར་ཐུགས་ཆེ་ཞུ།
    མ་འོངས་འཇིག་པ་དེ་ལྟར་མི་ཡོང་བའི་ཐབས་ཤེས་ཀྱི་ལམ་སྟོན་རེ་ཡང་གནང་ཐུབ་ན་ཡག་པོ་འདུག་དྲན།

    Reply
  5. རྨེ་གླིང་གདོང་ནག says:
    ལོ་ 12 སྔོན།

    ༑ བཟློག་ཏུ་མེད་པའི་རང་བྱུང་གི་འབྱུང་བའི་གོད་ཆགས་འདིས། ང་ཚོ་གངས་ཅན་པ་ཡོངས་ལ་རེ་ཞིག་དབུགས་རིང་གི་འཁུན་སྒྲ་འབྱིན་དགོས་བྱུང་བ་ནི། ལས་དབང་གི་བཀོད་བྱུས་ཡིན་སྟབས། ཉེས་ཁགས་དེ་སུ་ལ་ཡང་དཀྲི་ས་མེད། ཨམ་གཙིགས་བསྡམས་ཏེ་སྙིང་རུས་ཀྱི་མགོ་བོ་གྱེན་དུ་དགྱེས་དང་། ཐེ་བོ་མི་མིང་གི་སྤུན་ཟླ་རྣམས།འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ལ་ང་ཚོ་ཚང་མས་སླར་ཡང་ཧུར་བརྩོན་བྱེད་ཆོག ཚེ་འདས་རྣམས་ཀྱི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་་ཨོཾ་མ་ཎི་པདྨེ་ཧཱུྃ་་་་་

    Reply
  6. དབང་འདུས། says:
    ལོ་ 12 སྔོན།

    རྩོམ་སྒྲིག་པའམ་གསལ་འགོད་པ་ལགས། གསར་འགྱུར་གྱི་ཁ་བྱང་ལ་ཡིག་ནོར་བྱུང་ཡོད་པ་མ་ཟད་དོན་ནོར་ཡང་ཤོར་འདུག
    ཡིག་ནོར། རིམ་འགྲོ་མ་རེད་་་་་རིམ་གྲོ་རེད།
    དོན་ནོར་་་་་་འདས་གསོན་གཉིད་ཀའི་ཆེད་དུ་ཡིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་འདི་ལ་རིམ་གྲོ་ཟེར་སྲོལ་མེད། རིམ་གྲོ་ནི་གསོན་པོའི་ཆར་གཏོགས་པའི་ནད་པ་སོགས་ཀྱི་ཆེད་ཡིན་པ་ལས་འདས་མཆོད་ལྟ་བུའི་དོན་དུ་མི་གོ འདས་གསོན་ཀུན་གྱི་ཆེད་དུ་ཡིན་པའི་ཆོས་ལུགས་བྱེད་སྒོ་འདི་ལ། མཆོད་འབུལ་ཞེས་བྲིས་ན་བརྡ་དག་གིས་ཚིག་འགྲེལ་རྒྱག་སྲོལ་དང་། སྤྱི་ཚོགས་ཀྱིས་གོ་བ་ལེན་སྟངས་གཉིས་ཀར་མཐུན་པོ་ཡོད་པ་འདྲ།

    ཐེ་བོ་ཤེས་རབ་རྒྱ་མཚོས་དབུས་པའི་རྒྱ་བལ་འབྲུག་གསུམ་ནང་གི་ཐེ་བོ་ཚོར་བཀའ་དྲིན་ཆེ་ཞུ།

    Reply
  7. སེར་ཆེན་ says:
    ལོ་ 12 སྔོན།

    རང་བྱུང་གི་ཆགས་འཇིགས་ནི་སུ་ཞིག་གིས་སྨྲ་མི་ཤེས་སྟབས་ཚང་མའི་མྱ་ངན་གུས་འདུད་ཞུ་འོས་བ་ཞིག་རེད་ལ་ཐེ་བོ་བོད་རིགས་སྤུན་ཟླ་ཡོངས་ལ་བསྔགས་བརྗོད་ཚད་མེད་ཡོད།འདས་གྲོངས་སུ་གྱུར་བ་རྣམས་ལ་དགོས་བ་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཡིན་པ་གསལ་བོ་རེད།ཤིན་ཏུ་བཟང་གི་ཡ།་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  8. སེར་ཆེན་ says:
    ལོ་ 12 སྔོན།

    རང་བྱུང་གི་ཆགས་འཇིགས་ནི་སུ་ཞིག་གིས་སྨྲ་མི་ཤེས་སྟབས་ཚང་མའི་མྱ་ངན་གུས་འདུད་ཞུ་འོས་བ་ཞིག་རེད་ལ་ཐེ་བོ་བོད་རིགས་སྤུན་ཟླ་ཡོངས་ལ་བསྔགས་བརྗོད་ཚད་མེད་ཡོད།འདས་གྲོངས་སུ་གྱུར་བ་རྣམས་ལ་དགོས་བ་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཡིན་པ་གསལ་བོ་རེད།ཤིན་ཏུ་བཟང་གི་ཡ།་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ཁྱེད་ཅག་གིས་ལས་དོན་འདི་འདྲ་སྤེལ་བ་དེ་ཡག་པོ་རེད་དེ། བཙན་བཤོལ་བོད་གཞུང་གིས་དེ་ལྟ་བའི་ལས་དོན་བྱས་པ་དེ་ཡང་གླེང་དགོས་པ་ཞིག་དང་། གཞིས་ལུས་མི་དམངས་ལ་རང་གིས་བགྱུས་པ་ལས་ལྷག་པའི་རྣ་བར་ཐིངས་འཇུག་དགོས་པའི་དོན་གནད་དེ་ངེས་པར་མཁྱེན་དགོས།

    Reply
  10. penba says:
    ལོ་ 12 སྔོན།

    ཆུ་ལོག་དང་རི་ཉིལ་གྱིས་ཚབས་ཆེའི་གནོད་སྐྱོན་བྱུང་བར་བཅའ་བ་རིམ་འགྲོ་བསྒྲུབ་བཞིན་ཡོད་དེ་ནང་པ་གཅིག་ཡིན་པས་ཚེའདསསྤུན་ཟླ་རྣམ་པར་ཆོས་ཕྱོགས་ཀྱི་གང་བྱ་དགོས་རུང་བྱེད་དགོས་ངེས་ཤིག་རེད།འོན་ཀྱང་ཁུར་ཡུག་གི་གནོད་ཚེ་ཕྱིས་བྱུང་བསྐྱར་དུ་མ་ཡོང་སླད་ཁུར་ཡུག་ལ་སྼུང་སྐྱོབས་ཇི་ལྟར་བྱ་རྒྱུའི་ཐོག་བསམ་བློ་གཏོང་རྒྱུ་དང་ད་ལྟའི་མཐུད་ཤོར་དེ་གནས་ལུག་ཚུལ་རྒྱུ་དེ་གལ་ཆེན་ནང་ནས་གལ་ཆེ་ཤོས་ཡིན་ཀྱང་དེ་ཐོག་བསམ་བློ་གཏོང་མཁན་ཉུང་ཉུང་རེད་ལ་མཐའ་ན་ཆབ་སྲིད་ལས་འགུལ་པ་རྣམ་ཡང་གཉིད་ལ་ཡུར་བ་ལྟ་བར་སྣང་།དངོས་གནས་བྱས་ན་ལྕག་ཚ་ཏོག་ལ་སྡུང་ཞེས་པ་ལྟར་རྒྱ་ནག་དམར་གཞུང་ལ་ཆབ་སྲིད་ཚགས་ཁག་གིསབུ་ཁྲིད་དེ་ཞི་བའི་ངོ་འགོལ་དང་ད་ལྟའི་ཆུ་ལོག་བྱུང་རྐྱེན་རྣམས་ཁ་གསལ་པོར་ཁྱབ་སྒྲག་བྱ་དགོས་ཀྱང།ང་ཚོ་བཙན་བྱོལ་གཞུང་ཚོགས་གཉིས་ཀར་སྨོན་ལམ་འདུན་འདོན་རྒྱུ་ཁོ་ན་ལས་མ་མཁྱེན་ཡིན་ནམ།ད་དུང་དུསརབས་དང་བསྟུན་ནས་འཚེ་བ་མེད་པའི་ཐབས་བྱུས་སྐབས་ཐོག་ཏུ་ལག་བཏར་བྱ་མ་ཐུབ་ན་རྗེས་ལུས་ཀྱི་བསམ་བློ་ནས་ནམ་ཡངམཐར་བ་དཀའ།དེ་ནི་ཁོ་མོ་རང་གི་སེམས་འཚོར་སྤུན་ཟླ་་རྣམ་ལ་ལྷུག་པོར་ཤོར་བ་ལས་ཕོག་སྡུག་དང་མཐུང་ཆུང་།རང་སྣང་གང་དྲན་བྱས་པ་གང་ཡང་མིན་ན།ཕྱིས་སུ་དེ་རིགས་ལ་ཕྱོགས་གཉིས་ཀ་ནས་ཐུགས་བསམ་ཞེས་རོག་གནང་ཞུ་རྒྱུ་ཡུན།ཐུགས་རྗེ་ཆེ།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    ཁྱེད་ཐེ་བོ་པ་རྣམས་གཙོ་གནོད་ཐེབས་མི་དམངས་འད་སགསོན་གཉིས་ལ་དགུང་སེམས་མཉམ་སྐྱེད་བྱེད། བསྔོ་སྨོན་མཆོད་འབུལ་དེ་ནམ་ཞིག་ལ་བྱེད་རྒྱུ་ཡིན་ནམ།

    Reply
  12. རྐང་གསུམ། says:
    ལོ་ 12 སྔོན།

    གོང་གི་མཆན་བུ་འདི་སྨར་ཡུལ་གྱི་ཁ་བ་དཀར་བོ་ལ་བྲིས་པ་མིན་འདི་ནི་གངས་རིའི་ཟེགས་མ་ཞེས་པའི་དྲ་འབུ་དབུལ་པོ་དེ་ལ་ཕུལ་བ་ཡིན།

    Reply
  13. རྐང་གསུམ། says:
    ལོ་ 12 སྔོན།

    དྲ་འབུ་སྨར་ཡུལ་གྱི་ཁ་བ་དཀར་བོ། འདི་ལྟར་མཆན་བུ་འཇོག་སྟངས་ཤིག་ཡོད་ན་ཁྱོད་ཀྱི་མགོ་ཡིན་རྒྱུ་རེད།

    Reply
  14. གངས་རིའི་ཟེགས་མ says:
    ལོ་ 12 སྔོན།

    འདི་ཆ་བཟང་གེ་དགོས་ནི་ཟིགས་རེད་ཡ་ཏུགས་རྗེ་ཆེ་ཞུ།

    Reply
  15. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 12 སྔོན།

    འཇམ་དཔལ་དཔའ་བོའི་ཇི་ལྟར་མཁྱེན་པ་དང་། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།

    Reply
  16. tashi says:
    ལོ་ 12 སྔོན།

    དྲང་མོ་བཤད་ན་ཐེ་བོ་ནི་རྒྱ་བོད་ས་མཚ་མས་ཀྱི་རྡོ་རིང་ལྟ་བུ་ཡིན། ད་ཐེངས་ཁྱེད་ཐེ་བོ་མི་མང་རྣམས་ཀྱིས་མ་སྐུལ་དྭངས་བླང་གིས་དེ་ལྟར་མཆོད་འབུལ་བྱས་བ་ལ་བླ་ན་མེད་པའི་བསྔགས་བརྗོད་དང་གུས་བརྩི་ཞུ་བཞིན་ཡོད། དེའི་ཞོར་དུ་རྩོམ་པ་པོ་ཐེ་བོ་ཤེས་རབ་རྒྱ་མཚོ་ལའང་ཐུགས་རྗེ་ཆེ་ཞུ། བྲེལ་བ་ཡོད་མེད་ལ་མ་ལྟོས་བ་ཁ་ཐུག་གསར་འགོད་པ་ལ་འབྲེལ་བ་བྱེདཔ་དང་གསར་འགྱུར་མཁོ་སྤྲོད་བྱེད་པ། ད་དུང་མུ་མཐུད་དེའི་རིགས་ཀྱི་གསར་འགྱུར་གང་ཡོད་འགོད་རོགས་ཞུ།

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 12 སྔོན།

    ཐེ་བོ་མི་མང་ལ་ཐུགས་རྗེ་ཆེ་ཞུ། འདི་ནི་བྱེད་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist