མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱིས་ཚང་སྟག་སྨིག་འཇུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མར་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་འོད་སྡེར་བཀྲམས་མཁན། རྩོམ་པ་པོ་སྒྱིས་ཚང་སྟག་སྨིག་གམ་སྐལ་བཟང་ཚུལ་ཁྲིམས་ལགས་འཇུས་འདུག 

སྐལ་བཟང་དམ་ཆོས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན། རྩོམ་པ་པོ་སྟག་སྨིག་གམ་སྐལ་བཟང་ཚུལ་ཁྲིམས་ལགས་སྲིད་དོན་གྱི་ནག་ཉེས་འོག ལོ་གཅིག་རིང་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ནས་བསྡད་པ་དང། ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་བདུན་གྱི་དགུང་མོར་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་རྫོང་གི་ཉེན་རྟོག་པ་དང་། ཀན་ལྷོ་ཁུལ་གྱི་ཉེན་རྟོག་མི་སྣ་ཟླ་བསྒྲིལ་གྱིས་འཇུ་བཟུང་གིས་གཙོད་སྤྱི་བདེ་ལས་ཁུངས་སུ་ཁྲིད་འདུག

དེའི་རྗེས་ནང་མི་ཉེ་འབྲེལ་གྱིས་རྩད་གཅོད་གང་མང་བྱས་ཀྱང་གནས་ཚུལ་གང་ཡང་འགྲེལ་བཤད་བརྒྱབས་མི་འདུག  

ཐེངས་འདིར་ཁོང་འཇུ་དོན། ཁོང་གིས་མི་ཡུལ་ལ་ཕུལ་བའི་སེམས་པ་ཞེས་པའི་དེབ་དང་འབྲེལ་བ་ཡོད་པར་མ་ཟད།བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར་ཉིས་སྟོང་ལྔ་བརྒྱ་ལྷག་ཀན་སུའུ་དང་མཚོ་སྔོན། སུ་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ནང་འགྲེམ་སྤེལ་བྱས་པའི་རྐྱེན་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག 

ཁོང་གིས་བཀྲམས་པའི་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་འོད་སྡེར་དེའི་ནང་གི་མངོན་འདོན་གཙོ་བོ་ནི། བོད་རྒྱལ་ཁབ་ཀྱི་རྒྱལ་ཕྲེང་ ༤༡ གི་ལོ་རྒྱུས་དང། ༡༩༥༡ ལོའི་རྒྱ་ནག་གིས་བཙན་འགེལ་བྱས་པའི་ཆིངས་ཡིག་དོན་ཚན་ ༡༧། དེ་བཞིན་ ༡༩༥༩ ལོའི་དོན་རྐྱེན། ༡༩༧༩ ལོ་བར་གྱི་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་ཡར་རྒྱས་ཇི་འདྲ་ཕྱིན་ཡོད་མེད་བཅས་འདྲ་དཔར་དང་གློག་བརྙན་གྱི་ལམ་ནས་ཞིབ་ཕྲའི་གསལ་བཤད་བྱས་ཡོད།

རྩོམ་པ་པོའི་བརྗོད་དོན་ཞིག་ཏུ། ངས་མི་རིགས་འདི་ལ་བཅངས་པའི་རེ་བ་ནི་རང་རང་གིས་རང་ཚུགས་རེ་བཟུང་སྟེ། ༧པན་ཆེན་སྐུ་ཕྲེང་བཅུ་བ་ཚང་གིས་གསུངས་དོན་ལྟར་སྔོན་བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་བཤད། བོད་ཡིག་ཡང་དག་ཅིག་སྦྱངས་ཏེ།མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་བཤད་ལེགས་པོ་ཞིག་བྱས་ཏེ། མཐུན་སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་ལ་གཅེས་སྤྲས་གང་ལེགས་བྱ་དགོས་པ་དང།གནས་ཚུལ་ཆུང་ཆུང་རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ཡིན་ཞེས་བརྗོད།

རྩོམ་པ་པོ་ཁོང་ནི་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་འཕེལ་དང་མ་སྐྱིད་རིས་གཉིས་ཀྱི་བུར་ ༡༩༨༠ སྐྱེས། ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ནས་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱངས། རང་ལོ་བཅུ་གསུམ་སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོའི་བར་གྲྭ་ཚང་གི་འདོན་ཆོག་གིས་བཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་བྱས། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་བསང་ཆུ་རྫོང་ཀན་སི་ཞིང་ཆེན་ནང་བསྟན་སློབ་གླིང་ལ་ཞུགས་ཏེ་ ༢༠༠༩ ལོར་སློབ་མཐར་ཕྱིན་ཡོད།
 
གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. རླུང་བུ། says:
    ལོ་ 16 སྔོན།

    སྟག་སྨིག་ལགས་འཛིན་བཟུང་བྱས་པར་བློ་ཕམ་ཆེ། ཁོང་གི་མ་འོངས་པ་ཅི་ཞིག་ཆགས་རྒྱུ་ཡིན་ནམ། བོད་མིའི་རང་དབང་འཐབ་རྩོད་པ་ཞིག་གི་འདུན་ལམ་ཅི་ལྟར་འགྱུར་རྒྱུ་ཡིན་ནམ།

    Reply
  2. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    ཡང་བོད་མི་རིགས་ཀྱི་དཔའ་བོ་ཞིག་དགྲ་ལག་ཏུ་ཤོར་འདུག

    Reply
  3. འབུར་ཐོ། says:
    ལོ་ 16 སྔོན།

    ངོ་མ་བོད་མིའི་ལས་དབང་འདི་ལྡོག་ཐབས་དཀའ་གི ད་ཅི་ཞིག་བྱེད་དགོས་སམ། རྒྱ་མིའི་སྐུ་དྲག་དེ་ཚོ་མགོ་ནས་བཞག་ན་སྡུག་རུ་སྡུག་རུ་རེད། འཕག་ཚག་ཆུང་ཆུང་ཞིག་བྱེད་རྒྱུའི་ནུས་པ་ཡོད་ན། ཤི་རེ་ཁོ།

    Reply
  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཀ་བ་མེད་པའི་གནམ་འོག་བོད་ཡུལ་ན།།

    ཁ་ཡི་སྒོ་མོ་ཀུན་ལ་ཐོགས་ན་ཡང་།།

    ག་ལེར་བལྟས་ན་སྟག་སྨྲིག་འདྲ་བའི་བུ།།

    ང་ལ་བརྩི་རྒྱུ་མང་པོ་མ་རྙེད་ཐལ།།

    ཀ་ལིའི་ལྟག་པར་མེ་མདའི་མཆུ་བཙུགས་ཀྱང་།།

    ཁ་ནས་གླུ་ལེན་སྐྱིད་མདོག་མ་བསྟན་ན།།

    ག་ཤེད་ཅིག་ནས་ནམ་གསོད་མི་ཤེས་པའི།།

    ང་ཚོའི་སེམས་ཀྱི་འབོད་སྒྲ་ཁྱོད་ཀྱིས་བསྒྲགས།།

    ཀ་བ་བཞིན་དུ་བརྟན་པའི་བློ་སྤོབས་ཀྱིས།།

    ཁ་བའི་བདེ་སྡུག་གླེང་བའི་སྟག་སྨྲིག་པ།།

    ག་ལེར་ཁྱོད་ཀྱི་སྙན་ཞུ་ཀློག་པའི་སྐབས།།

    ང་ཡི་མགྲིན་པའི་རྩ་ལམ་སྐྱོ་བས་བརྣངས།།

    12. 09. 2009

    Reply
  5. འཇམ་དབྱངས། says:
    ལོ་ 16 སྔོན།

    ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་ལ་མཚོན་ན་ཤེས་ཡོན་ཅན་དང་སྒྱུ་རྩལ་པ་སོགས་བཙོན་འཇུག་དང་ཁྲིམས་གཅོད་བྱེད་པ་ནི་མི་རིགས་འདིའི་གྱོང་གུན་རེད། ཡིན་ན་ཡང་མི་རིགས་ཤིག་གི་བདེན་དོན་ཆེད་བཙོན་འཇུག་སོགས་ཀྱི་ནག་ཉེས་ཕོག་པ་ནི་གཟི་བརྗིད་རེད་ལ། ཅི་སྙམ་པར་རང་སྲོག་བློས་བཏང་སྟེ་བཙོན་ཁང་སོགས་ཀྱི་མནར་གཅོད་གང་ཡང་བཟོད་ཐུབ་པའི་སྙིང་སྟོབས་ནི་ཕོ་ཁྱོ་གར་སྐྱེས་པའི་བདེན་དཔང་རེད། ཁོང་དང་ཁོང་ལྟ་བུའི་ལར་ཞེན་དང་དཔའ་བློ་ཁོག་ཅན་རྣམས་ལ་བོད་ཕྱི་ནང་གཉིས་ནས་མིག་དཔེར་བལྟ་རྒྱུ་ཧ་ཅང་གལ་ཆེན་རེད་ལ། ལྷག་པར་སྐྱབས་བཅོལ་ནང་ནས་མིག་དཔེར་བལྟ་རྒྱུ་དེ་བས་ཀྱང་གལ་ཆེན་རེད།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ངོ་མ་བློ་ཕམ་ཡོད་
    གདུང་སེམས་མཉམ་བསྐྱེད་ཞུ་

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགེ་ཆོས་མཆོག་ལ་དང་བ་ཡོད་མཁན་ཞིག་ཡིན་དུས་བོད་རང་བཙན་པ་དང་མི་རིགས་ལ་ཤ་ཚ་ཆེ་བའི་མི་བུ་ཞིག་ཡིན་པ་མངོན་གསལ་རེད།
    དགེ་ཆོས་མཆོག་གི་འདྲ་པ་ཡོད་པའི་གོས་གྱོན་ཡོད་ལུགས་ལ་ལྟས་ན་མི་བུ་ཁྱད་ཏུ་འཕགས་པ་ཞིག་ཡིན་པར་འདྲ།
    དགྲ་ལ་ལག་ཏུ་ཤོར་བ་བློ་ཕམ་ཆེ་ཀྱང་ང་ཚོ་ལ་སྐྱོབ་ཐུབ་པའི་ནུས་པ་སྤུ་ཙམ་མེད།

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཤིན་ཏུ་བློ་ཕམ་དང་བཅས་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ཁོང་གིས་བཀྲམ་པའི་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་དེ་ཉིད་ཡང་བསྐྱར་དྲན་གསོ་ཆེན་པོ་ཞིག་གཏང་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese