མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མདོ་སྨད་ཀྱི་འོས་ཞིབ་བཤེར་ལ་གནད་དོན་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་མདོ་སྨད་དབུས་རྒྱུན་ལས་ཁང་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་ཏེ། མི་ ༢༥ མཚན་གཞུང་ཕྱིར་བསྒྲགས་བྱས་པར་སྤྱི་ཚོགས་ཁྲོད་འོས་བསྡུའི་གྲངས་བཤེར་ཐད་དོགས་པ་ཡོད་པར་མ་ཟད། ས་གནས་ཁག་ཅིག་ཏུ་འོས་གྲངས་མང་བའི་འོས་མི་རེ་གཉིས་ཐེངས་འདིའི་མཚན་གཞུང་དུ་མེད་སྐོར་གླེང་སློང་ཡོང་གི་ཡོད་སྟབས། འདི་གའི་གསར་འགོད་པས་མདོ་སྨད་དབུས་རྒྱུན་རྒྱ་རིགས་ཐར་ལགས་སུ་དེའི་སྐོར་དྲིས་པ། 

ཉེ་ཆར་མདོ་སྨད་དབུས་རྒྱུན་ལས་ཁང་གི་ངོས་ནས་མདོ་སྨད་ཆོལ་ཁའི་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སྔོན་འགྲོའི་འོས་མི་འདེམས་ཐོན་བྱུང་བའི་མིང་གཞུང་ ༼ ༢༥ ༽ ཕྱིར་བསྒྲགས་གནང་ཡོད་ལ། དེ་ནི་སྐབས་བཅུ་བཞི་བའི་མདོ་སྨད་ཚོགས་ཆེན་གྱི་གྲོས་ཆོད་དོན་ཚན་ང་བའི་ནང་གསེས་ ༢ དང་ ༣ པ་གཞིར་བཟུང་། མདོ་སྨད་མི་མང་ཉིས་སྟོང་ལ་ཉེ་བས་སྐབས་བཅོ་ལྔ་བའི་སྤྱི་འཐུས་སྔོན་འགྲོའི་འོས་མི་ ༡༩༡ འོས་འདེམས་བྱུང་བ་ལས། ངྷ་ས་མདོ་སྨད་དབུས་རྒྱུན་ལས་ཁང་གིས་ས་གནས་སོ་སོའི་འོས་གྲངས་མཉམ་དུ་བསྡོམས་ཏེ། རྩེ་བཏོག་གིས་མི་ ༢༥ ཙམ་གྱི་མཚན་གཞུང་ཕྱིར་བསྒྲགས་གནང་བ་ཞིག་ཡིན། 

ཡིན་ནའང་། མདོ་སྨད་དབུས་རྒྱུན་ལས་ཁང་གིས་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མིའི་མཚན་གཞུང་ཕྱིར་བསྒྲགས་གནང་རྗེས། འདི་གའི་གསར་ཁང་གི་དྲ་རྒྱའི་སྟེང་དྲ་གྲོགས་ཁག་ཅིག་གིས་ཐེངས་འདིར་མདོ་སྨད་དབུས་རྒྱུན་གྱིས་འོས་བསྡུའི་གྲངས་འབོར་ཞིབ་བཤེར་བྱས་པ་དྲངས་པོ་བྱུང་ཡོད་མེད་ཐད་དོགས་པ་ཡོད་པ་དང་། ས་གནས་ཁག་ཅིག་ནང་འོས་གྲངས་མང་བའི་འོས་མི་རེ་གཉིས་ཐེངས་འདིའི་མཚན་གཞུང་ནང་ཡོང་ཐུབ་མེད་སྟབས། འདི་གའི་གསར་འགོད་པས་དེར་རྒྱུས་ལོན་བྱེད་དགོས་པའི་རེ་སྐུལ་བྱས་པར་མ་ཟད། དངོས་སུ་ཡིག་ངག་གཉིས་ཐོག་ནས་རེ་བ་ཞུ་མཁན་ཁག་ཅིག་བྱུང་དོན་ལྟར། ཕྱི་ཚེས་ ༢༠ ཉིན་འདི་གའི་གསར་འགོད་པ་ངྷ་ས་མདོ་སྨད་དབུས་རྒྱུན་ལས་ཁང་དུ་བཅར་ཏེ། མདོ་སྨད་དབུས་རྒྱུན་ལས་རྒྱ་རིགས་ཐར་ལགས་སུ་གནད་དོན་འདིའི་སྐོར་བཀའ་འདྲི་ཞུས།  

སྐབས་དེར་ཁོང་གིས་གསུངས་དོན། སྔོན་ཆད་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱིས་མདོ་སྨད་ཀྱི་མི་རྒན་པ་དང་ཤེས་ཡོན་ཅན་ལ་བློ་འདྲི་བྱས། སྤྱི་ཚོགས་ནང་གི་སྤྱི་འཐུས་ཀྱི་འོས་མིར་འཚམ་པའི་མི་བཙལ་ཏེ་ཕྱིར་བསྒྲགས་པ་ཙམ་ལས་དངོས་སུ་མང་ཚོགས་ཀྱིས་འོས་ལྡུག་གི་མེད་ཀྱང་། ད་ལོར་མདོ་སྨད་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་བའི་སྟེང་གྲོས་ཆོད་བྱུང་བ་ལྟར། མི་མང་རང་བཞིན་གྱིས་འོས་བསྡུ་བྱ་དགོས་པ་ལས་མི་རེ་གཉིས་ཤིག་གིས་མཚམས་སྦྱོར་མི་བྱེད་རྒྱུ་བྱས་ཡོད་སྟབས། མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱིས་མང་ཚོགས་ལ་ཁྱབ་བསྒྲགས་དང་དེའི་རྗེས་དངོས་སུ་འོས་བླུགས་ཏེ། དེ་སྔོན་བཀའ་ཁྲིའི་འོས་མིར་མི་ ༡༠ བཏོན་པ་དང་། ཐེངས་འདིར་བོད་མི་མང་སྤྱི་འཐུས་སུ་ས་གནས་རིམ་པ་ནས་འོས་བླུགས་ཏེ་དབུས་རྒྱུན་ལས་ཁང་ལ་འབྱོར་བ་ལྟར། དབུས་རྒྱུན་ལས་ཁང་གིས་མཐའ་མའི་འོས་མའི་མཚན་གཞུང་ཕྱིར་བསྒྲགས་བྱས་པ་ཡིན། 

ཐེངས་འདིའི་འོས་བསྡུའི་སྐབས་དུས་བཅད་བྱས་པ་ལྟར་ས་གནས་ཁག་ཆེ་ཤོས་མོན་གྷོ་ཊི་དང་སྦེལ་ཀོབ། ཧོང་སུར། ལྡི་ལི། བལ་ཡུལ། རྡེ་ར་རྡུན། སྦིར། སིམ་ལ། ངྷ་ས་སོགས་གཙོས་ས་གནས་ཁག་ ༡༠ ལྷག་ནས་འོས་བསྡུའི་གྲངས་འབོར་འབྱོར་བ་དང་། ས་གནས་རྒྱུན་ལས་ཀྱིས་དབུས་རྒྱུན་ལས་ལ་འོས་བསྡུའི་གྲངས་འབོར་བསྐུར་སྐབས། ས་གནས་ས་ཐོག་གི་འོས་ཤོག་ཐོག་འོས་མིའི་གྲངས་ཀ་སོགས་ཡིག་ཐོག་ཏུ་ཕབས་ཏེ། ས་གནས་རྒྱུན་ལས་ཀྱི་མཚན་རྟགས་དང་ཐམ་ཀ་བརྒྱབས་ཡོད་པར་མ་ཟད། ས་གནས་སུ་འོས་བསྡུའི་སྐབས་ཟུར་དཔང་བཞག་པ་སོགས་འོས་བསྡུ་རང་གི་འགྲོ་ལུགས་འགྲོ་སྟངས་ཆ་ཚང་བརྒྱུད་ཡོད། 

གྲངས་བཤེར་བྱེད་སྟངས་ཀྱི་རིམ་པ་ལྟར་ན། ས་གནས་ས་ཐོག་གི་གྲངས་ཐོ་གཞིར་བཟུང་། དཔེར་ན། བློ་བཟང་ཟེར་བའི་མི་ཞིག་ཡིན་ན། ཁོ་ལ་ལྷོ་ཕྱོགས་ཁག་དང་བལ་ཡུལ། ལྡི་ལི་དང་ངྷ་ས་བཅས་ནས་འོས་ཐོབ་བྱུང་བའི་གྲངས་འབོར་ཆ་ཚང་མཉམ་དུ་བསྡོམས་པ་ཡིན། དེ་ལྟར་ཧ་ཅང་གི་འོས་མཐོ་ཤོས་རིགས་ལ་མི་ཆིག་སྟོང་ཡན་འདུག་ཅེས་དང་། 

ཡང་ཁོང་གིས། འདི་ལ་དོགས་པ་རྣམ་རྟོག་སྣ་ཚོགས་ཤིག་ཡོང་གི་ཡོད་ས་རེད། ཡིན་ནའང་། ང་ཚོས་སྤྱི་ཚོགས་སྟེང་གི་མི་རེ་ཟུང་གིས་སྐད་ཆ་བཤད་ཀྱིན་པར་ཡ་བྱེད་ཐུབ་ཀྱི་མི་འདུག ལན་ཡང་རྒྱག་ཐུབ་ཀྱི་མི་འདུག གལ་སྲིད་དོགས་པ་ཡོད་ན་ས་གནས་ཁག་ལ་སྐད་ཆ་དྲིས་ན་ཆོག་ལ། དེ་བཞིན་དཔེར་ན། མིང་ལ་བཀྲ་ཤིས་འབོད་པ་ཞིག་གིས་ང་ཐེངས་འདིའི་འོས་བསྡུའི་ཁྲོད་ཕལ་ཆེར་བསླེབས་ཡོད། ཡིན་ནའང་། འདི་བྱེད་སྟངས་འགྲིག་མི་འདུག་བསམ་པའི་དོགས་པ་ཡོད་ན། དོ་བདག་རང་ཉིད་དབུས་ལས་ཁུངས་སུ་ཡོང་ན་ང་ཚོས་འགྲེལ་བཤད་བརྒྱབ། གསལ་བཤད་བྱས། དོགས་པ་རྣམ་རྟོག་སེལ། ས་གནས་ཁག་ནས་ཡོང་བའི་འོས་བསྡུའི་གྲངས་འབོར་ཞིབ་བཤེར་བྱས་པ་བསྟན་ཏེ། དྲང་མོ་བྱུང་ཡོད་མེད་ཁོ་རང་ཉིད་ལ་ཕྱི་གསལ་ནང་གསལ་བཟོ་གི་ཡིན་ཟེར།
ཁོང་ལ་གྲངས་བཤེར་སྐབས་དབུས་རྒྱུན་ག་ཚོད་ཡོད་པ་དང་། གྲངས་བཤེར་བྱེད་སྟངས་ཀྱི་རིམ་པ་ཅི་ཡིན་ཐད་དྲིས་པར། གྲངས་བཤེར་གྱི་ཉིན་དེར་ང་ཚོ་དབུས་རྒྱུན་མི་བདུན་ཡོད་པ་ལས་གཅིག་མ་གཏོགས་གཞན་དྲུག་ཚང་མ་མཉམ་འཛོམས་ཐོག འོས་བསྡུའི་གྲངས་བཤེར་བྱས་པ་དང་མཐའ་མའི་ཐག་གཅོད་གཏན་འབེབས་བྱས་ཡོད།
སྤྱིར་བཏང་ང་ཚོའི་འགྲོ་སྟངས་ལྟར་ན་དབུས་རྒྱུན་ལས་མི་བརྒྱ་ཆ་བདུན་ཅུ་ཡོད་ཚེ། དོན་དག་གང་འདྲ་ཞིག་ཐག་གཅོད་བྱེད་དགོས་བྱུང་ཡང་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་ཡོད། དེར་བརྟེན་མི་བདུན་ལས་གཉིས་མ་ཡོང་བར་ལྔ་ཡོང་ནའང་འགྲིག་འདུག་ཀྱང་། ཐེངས་འདིར་གལ་ཆེའི་དོན་ཆེན་དུ་བརྩིས་ཏེ་མི་གཅིག་མ་གཏོགས་གཞན་ཚང་མ་མཉམ་དུ་འཛོམས་ནས་འོས་བཤེར་བྱས་ཡོད།
འོས་བསྡུའི་སྐབས་ཀྱི་འགྲོ་སྟངས་ཆ་ཚང་བརྒྱུད་དེ། གཏན་འཁེལ་བྱས་ཏེ་ཞིབ་བཤེར་བྱས། ཐ་ན་འོས་མིའི་གྲངས་ག་ཚོད་ཕྱིར་བསྒྲགས་བྱ་མིན་ཚུན་ཆད་ཀྱང་དང་ཐོག་ནས་གཏན་འཁེལ་བྱས་ཏེ། མཇུག་མཐར་འོས་བསྡུའི་གྲངས་བཤེར་བྱས་ཡོད། འདི་ནི་མདོ་སྨད་ཆོལ་ཁ་རང་གི་ངོས་ནས་ཕྱིར་བསྒྲགས་བྱས་པ་ཡིན་སྟབས། ལས་ཀ་དེ་ཆ་ཚང་རྒྱུན་ལས་ཚང་འཛོམས་ཐོག ཞོགས་པའི་ཆུ་ཚོད་ ༩ ནས་དགོང་མོའི་ཆུ་ཚོད་ ༦ བར་དུ་ལས་ཀ་བྱས་ཏེ། དེའི་དགོང་མོ་དེར་ཕྱིར་བསྒྲགས་བྱས་ཡོད་ཅེས་ཟེར།  
 
གསར་འགོད་པ། ཨ་རིག་འགྱུར་མེད།

མཆན། 12

  1. ཨ་མའི་བུ། says:
    ལོ་ 12 སྔོན།

    ཨ་རིགས་འགྱུར་མེད་ཀྱིས་དགོས་ཐོག་ལ་བཅར་འདྲི་ཡག་པོ་ཞིག་བྱས་འདུག འདི་ནི་གནད་དོན་མ་ལྷག་གོང་གི་གནས་ཚུལ་གསལ་བོ་དེ་རེད། འདིའི་རྗེས་ནས་དྲུང་ཆེ་ལགས་ཀྱིས་རང་གིས་བཤད་པའི་སྐད་ཆ་འགན་འཁུར་དགོས་པ་རེད།

    འདི་དབུས་རྒྱུན་ཡིན་ཟེར་ཡང་འགྲིག གང་ལྟར་གནས་ཚུལ་བཟོ་མཁན་ཡང་དེ་རེད། འདི་དག་གི་ཐད་ནས་འདུག་རྒྱུ་གལ་ཆེ། རྗེས་ཕྱོགས་ས་འཕྱར་ན་རྡོ་ལྷང་ལ་འབུད་རྒྱུ་ཞིག་ཡོད། དེ་དུས་ཕྱིར་ནུར་མ་རྒྱག

    ད་ང་ཚོས་མགོ་འཛུགས་རྒྱུ་ཡིན། ང་ཚོས་ས་གནས་རེ་རེ་བྱས་ནས་འོས་ཀྱི་རྩིས་གྲངས་ཞིབ་བཤེར་བྱས་རྗེས། ཁྱེད་ཚོས་གང་ཟག་རེ་གཉིས་གབ་སྦས་བྱས་ཡོད་ཚེ། དེ་དང་དེ་ལ་སོགས་པ་བསད་པའི་ཉེས་པ་ཡོད། དེ་ནི་ཁྲིམས་ཐོག་གི་གནད་དོན་ཞིག་རེད། དེ་ནི་མང་གཙོར་རྡོག་རོལ་བཏང་བའི་གནད་དོན་རེད། དེ་དུས་གནད་དོན་ག་རེ་ཡོང་མིན་ལ་བསམ་བློ་སྔོན་མ་ནས་བཏང་སྟེ་ཐག་གཅོད་གཙང་མ་བྱས་ན་ཡག

    སྐབས་འདི་ནས་མདོ་སྨད་མི་མང་གི་ནང་དུ་ཡང་ཆུ་སྒང་གསར་རྙིང་ལྟ་བུའི་འགལ་བ་མི་ཡོང་བའི་ངེས་པ་མི་འདུག དེ་འདྲ་ཞིག་ཡོང་ན་དེ་དུས་མདོ་སྨད་དབུས་རྒྱུན་གྱིས་འགན་དེ་ཇི་ལྟར་ཐག་གཅོད་བྱེད་རྒྱུ་ཡིན། དུས་འདི་ནས་བཟུང་སྟེ་མདོ་སྨད་ཀྱི་གཞོན་སྐྱེས་བརྒྱ་ཕྲག་འགས་ས་ཡིག་བསྡུས་ཏེ་དབུས་རྒྱུན་ལས་ཁང་དུ་འབྱོར་གྲབས་ཡོད། དེ་དུས་ལན་ཞིག་རྒྱག་རྒྱུ་མེད་པར་ཁ་གདང་ནས་བསྡད་ན་ལྟད་མོ་རྗེས་ན་ཡོད།

    གང་ལྟར་གནས་ཚུལ་མ་ལྷག་གོང་ལ་གསལ་བོ་ཞིག་བཟོ་རེ་བྱས་ཀྱང་མ་ཕན། ད་ནི་ཝ་མི་བརྒྱལ་ག་མེད་འདྲེ་ཡིས་འགྲམ་ལྕག་བྱས་སོང་ང་། གང་ལྟར་ད་ནི་མདོ་སྨད་ཀྱི་ནང་འདི་ཞོ་ཆགས་པ་ལྟ་བུ་དེ་ཁྲག་དཀྲུག་པ་ལྟ་བུ་ཞིག་མི་ཡོང་བའི་ངེས་པ་མི་འདུག

    དབུས་རྒྱུན་གྱིས་འགན་འདི་ཚང་མ་འཁུར་དགོས་པ་དྲ་ཐོག་པ་ཚང་མས་དཔང་བོ་བྱེད་ངེས། དེ་ཡི་ལན་པོ་ཚང་མ་དབུས་རྒྱུན་ལ་ཡོད། འདི་ནི་མདོར་བསྡུས་ན་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་གཉིས་ཀྱི་འོས་ཤོག་གི་གནད་དོན་ཡིན་ཡང་། དོན་དམ་པས་མདོ་སྨད་མི་མང་གི་གནད་དོན་ཞིག་ཡིན་པ་ཚང་མར་གསལ།

    Reply
  2. ཨ་མའི་བུ། says:
    ལོ་ 12 སྔོན།

    འདི་ལ་གནད་དོན་ལོས་ཡོད། ང་དེ་རིང་གཞི་ནས་དྲ་ཐོག་ལ་འབྱོར་བ་ཡིན། ལས་ཀ་ཞིག་གི་ཆེད་དུ་ཉིན་འགར་གྲོང་ཁྱེར་གཞན་ཞིག་ཏུ་སོང་བ་ཡིན། ད་ཡང་ངས་གླེང་གི་ཡིན། ཨོ་ན་གང་མགྱོགས་མགྱོགས་ཀྱིས་ས་གནས་བཅུའི་འོས་ཤོག་དེ་སོར་བཞག་གིས་བཀྲམ་དོན་ཅིག་ཡིན་ཞེས་མི་འདྲི་བར་ཅི་བྱེད། ད་དུང་ཡང་ན་ས་གནས་ཁག་གི་འོས་ཀྱི་གྲངས་ཀའི་ཐད་ནས་རེ་རེ་བཞིན་དུ་རྩད་གཅོད་དང་བཅར་འདྲི་མི་བྱེད་དོན་ཅི་ཡིན། རྐུན་མ་ལ་ཁྱོད་ཀྱི་རྐུས་སམ་ཞེས་དྲིས་ཚེ། ངས་རྐུས་མེད་ཅེས་ལན་རྒྱག་གིརེད། དེ་བས་གནས་ཚུལ་གཞན་དང་ཐབས་ལམ་གཞན་གྱི་སྟེང་ནས་བཙིར་ན་ལྷང་ལ་འབུད་ཀི་རེད།

    ད་དུང་གནས་ཚུལ་འདི་ལ་འདི་ལས་ཞིབ་ཚགས་པོ་ཞིག་བཤད་རྒྱུ་མེད་ན་རང་དགར་འཇོག་གི་མིན།

    Reply
  3. ཨ་མའི་བུ། says:
    ལོ་ 12 སྔོན།

    གསལ་བོ་ཆགས་མ་སོང་། གསར་འགོད་པས་ཀྱང་གསལ་བོ་དྲིས་མི་འདུག ཨོ་ན་མདོ་སྨད་དབུས་རྒྱུན་གྱི་སྟེང་འཛིན་འོག་ན་ས་གནས་ག་ཚོད་ཡོད། ད་རེའི་ས་གནས་བཅུའི་འོས་ལ་གཞིར་བཞག་ནས་བསྒྲགས་ན་གཞན་ས་གནས་བཅུ་གཉིས་པོ་གང་དུ་འཇོག་དགོས། ད་དུང་ས་གནས་བཅུ་དེའི་འོས་གྲངས་གཅིག་ཀྱང་བཤད་མི་འདུག་པ་སྐྱོན་རེད།

    Reply
  4. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 12 སྔོན།

    སྤྱི་མཐུས་ཟེར་བ་དེ་དངོས་གནས་བྱེད་ན་ཡག་པོ་ཞིག་རེད་འཚམ་འཚམ་སྤྱི་མཐུས་ཟེར་ཡ་ཏེ་བསྟན་བཤིག་རེད་བསམ་བསམ་འདུག
    གང་ལྟར་སྤྱི་མཐུས་ཚོ་ལ་ཧམ་བསམ་དགོས་གལ་མི་འདུག

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    དྲ་གྲོགས་རྣམ་པས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ།

    Reply
  6. ཉི་ཟླའི་མགྲོན་བདག says:
    ལོ་ 12 སྔོན།

    མགོ་ལོག་ཟླ་བྷེ་ལེགས་ཨ་མའི་བུ་ཞིག་ཡིན་ན་རང་ཕྱོགས་ལ་འཐེན་འཁྱེར་རྩ་བ་ཉིད་ནས་བྱེད་མི་རུང་ཡ། གང་ཡིན་ཞེ་ན་ཁྱེད་ཚོ་བོད་ནང་ནས་མི་རེ་ཅན་རེད། འདི་ལ་ཡོང་ནས་གྲོགས་ངན་ཁ་ཤེས་ཀྱི་ཁ་ཉན་ནས་རང་ཉིད་བསླུ་མི་རུང་ཡ།
    ཕྱོགས་རིས་མེད་པར་དྲང་བདེན་ངང་ནས་མུ་མཐུད་དུ་འགྲོ་རྒྱུ་ཧ་ཅང་ཧ་ཅང་རྒྱུ་མཚན་དང་དགོས་བ་ཆེ་ཡ།

    Reply
  7. མྱི་ལྟིག says:
    ལོ་ 12 སྔོན།

    ངས་བལྟས་ན་མགོ་ལོག་ཟླ་བྷེ་ཡིས།
    མི་ཕྱོགས་ཟེར་ན་རང་ཕྱོགས་བྱེད་ཀིན་འདུག
    རྒྱུ་མཚན་ཁོས་ཚངས་དབྱངས་རྒྱ་མཚོ་ཁ་ནས་དོར་ཐུབ་གི་མི་འདུག

    Reply
  8. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    ཚངས་དབྱངས་རྒྱ་མཚོ་ལ་ས་གནས་ཁ་ཤས་ནས་འོས་མཐོ་ཤོས་ཀྱི་གྲལ་ཡིན་
    ཚུལ་གོ་བ་ལ་གཞིགས་ན ། མ་མཐར་ཡང་རྩེ་ཏོག་བཅུའི་ནང་ལ་
    ཚུད་དགོས་པ་འདྲ་ན་ཡང་ ། ཨང་རིམ་༡༦པ་བཀོད་འདུག མཚན་རིམ་
    འོས་ཤོག་མང་ཉུང་གིས་བསྒྲིགས་པ་ཡིན་ནམ ། རང་རེའི་སྲོལ་བཟང་ལྟར་
    བོད་ཡིག་ཀ་མད་ཀྱིས་བསྒྲིགས་ཡོད ། ཡང་ན་སྒྲིག་སྟངས་གཞན་ཞིག་ཡིན་
    ཞུ་བ་ལས་རྙོག་གྲ་འདྲ་རྩ་བ་ནས་མིན་ཐུགས་རྗེ་ཆེ །

    Reply
  9. ཐོ་རེངས། says:
    ལོ་ 12 སྔོན།

    སྤྱི་འཐུས་ཀྱི་ཆ་སྐྱེན་གཙོ་བོ་བདུན་ནི།
    ༡ བོད་ནང་གི་སྤྱི་ཚོགས་ལ་ཆ་རྒྱུར་ཡོད་པ།
    ༢ རྒྱ་ནག་གི་ཆབ་སྲིད་ལ་རྗེས་ལོན་བྱས་པ།
    ༣ ཆོས་ལུགས་དང་ཆོལ་ཁ་ལ་ཕྱོགས་རིས་མེད་པ།
    ༤ བཙན་བཤོལ་བོད་མིའི་སྐྱིད་སྡུག་ལ་སྙིང་ནས་ཤ་ཚ་ཡོད་མཁན།
    ༥ ཕྱིར་བཏང་ཆབ་སྲིད་ཀྱི་གོ་རྟོགས་མི་དམན་པ།
    ༦ གསར་བཏོད་དང་མདུན་བསྐྱོད་ཀྱི་ཤེས་རབ་མི་དམན་པ།
    ༧ ལྐོག་ཟ་རུ་ཚོང་སོགས་ཚུལ་མིན་གྱི་བྱ་བ་མི་བྱེད་མཁན་ཞིག་དགོས།

    Reply
  10. གཡག says:
    ལོ་ 12 སྔོན།

    ད་ཡིན་ན་དབུས་གཙང་ལ་རང་བཙན་གི་ལྟ་བ་མེད་མཁན་ བཀའ་བློན་ཁྲི་པའི་འོས་གཞི་ཡག་པོ་ཞིག་རྙེད་སོང་ གངས་ཅན་བླ་མ་བཀའ་ཁྲི་འདེམས་ན་ མ་འོངས་པར་བོད་རྒྱ་ཞི་མོལ་ལ་ཡང་ཡག་པོ་ཡོང་ས་རེད

    Reply
  11. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    ཨ་ཨ །དུས་བབ་ན་དུས་བབ །
    གསར་འགོད་པ་ཨ་རིག་འགྱུར་མེད་ལགས་ཀྱིས་ག་དུས་ཡིན་ན །
    ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་འབའ་ཞིག་སྒྲུབ་གནང་བ་ལ་བཀའ་
    དྲིན་ཆེ་ཞུ་བ་དང་ ། དྲུང་ཆེ་རྒྱ་རིགས་ཐར་ལགས་ཀྱིས་ཀྱང་བཅར་འདྲི་དང་
    ལེན་བྱས་ནས་མདོ་སྨད་མི་མང་གི་སེམས་ཀྱི་དོགས་པ་སེལ་ཐབས་གནང་
    བ་ལའང་ཐུགས་རྗེ་ཆེ་ཞུ ། བསྐྱར་ཞུ་ཞིག་ལ ། ཀླུ་མཁར་བྱམས་དང་། ལུང་
    རིགས་རྒྱལ །ཚངས་དབྱངས་རྒྱ་མཚོ་སོགས་མི་མང་པོའི་སེམས་ལ་འོས་གྲངས་
    མཐོ་ཤོས་ལ་སླེབ་ཡོད་ཚོད་ཅན་དམིགས་གསལ་འགའ་རེའི་ཐད་ལ་ད་དུང་།
    ས་གནས་རེ་རེའི་འོས་གྲངས་མང་ཉུང་སོགས་ཁ་གསལ་པོ་རེ་གསུང་ན་
    ལྷག་ཏུ་བཟང་ཐོག་བཟང་བཞག་ཡིན་པ་འདྲ་ཞུ་རྒྱུ །

    Reply
  12. འཇམ་དབྱངས། says:
    ལོ་ 12 སྔོན།

    སྤྱི་འཐུས་ནི་གལ་ཆེན་ལོས་ཡིན། ཡིན་ན་ཡང་གསུང་མི་འབྱོན་པའམ་གསུང་འབྱོན་མི་ཤེས་པའི་སྤྱི་འཐུས་ཀྱི་དགོས་མཁོ་ཨེ་ཡོད་སྙམ། ལོ་རབས་དགུ་བཅུ་པའི་ནང་གི་གསུང་མི་འབྱོན་པའི་མདོ་སྨད་ཀྱི་སྤྱི་འཐུས་རེ་ཟུང་ད་ལྟ་ཡང་གསུང་འབྱོན་མི་ཤེས་པའི་མདོ་སྨད་ཀྱི་སྤྱི་འཐུས་ཡིན་མུས་རེད། གང་ལྟར་རྩོམ་པ་པོའམ་མིང་གྲགས་ཡོད་མེད་ལ་མ་ལྟོས་པར་སྤྱི་ཚོགས་ཕན་ཚུན་འབྲེལ་ལམ་དང་རྒྱུས་མངའ། དྲང་ཚུགས་ལྡན་པ་སོགས། མདོར་ན་བཤད་སར་བཤད་ཤེས་པ་དང་ཉན་སར་ཉན་ཐུབ་པའི་མི་ཞིག་གལ་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist