མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དམ་དྲག

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp
 
རྒྱ་ནག་གིས་སྤྱི་ཚོགས་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གཙང་བཤེར་བཟོ་རྒྱུའི་གཙོ་དོན་ལག་བསྟར་བྱ་ཆེད། བོད་མིའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་བོད་མི་ཚོར་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་བཞིན་འདུག་ཟེར།  
 
དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་གར་གནས་ཚུལ་མཁོ་སྤྲོ་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་རྒྱ་ནག་སྤྱི་བདེ་ཚན་པས། བོད་རང་སྐྱོང་ལྗོངས་དང་བོད་ཁུལ་གྱི་ཞིང་ཆེན་བཞིའི་སྤྱི་བདེ་ལས་དོན་ཚོགས་འདུ་ཞིག་ལྷ་སར་སྐོང་འཚོགས་གནང་སྟེ། ཚོགས་ཐོག་ཏུ་འདས་ཟིན་པའི་བོད་ལྗོངས་དང༌ཞིང་ཆེན་བཞིའི་བོད་ཁུལ་གྱི་སྤྱི་བདེའི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། མ་འོངས་པར་ཁ་བྲལ་ལ་ངོ་རྒོལ་དང་བོད་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ་ལ་འཕྲད་བཞིན་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་སྐོར་བརྗོད་ཡོད་པར་མ་ཟད། འབྱུང་འགྱུར་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་དོན་ལ་ཤུགས་སྣོན་དང་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱི་ཚོགས་དོ་དམ་དང་ཞབས་འདེགས་ལ་ཤུགས་སྣོན། མཐའ་མཚམས་ཚོད་འཛིན་དང་འགྲོ་འོང་གི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་དང་། དེ་བཞིན་ལག་རྩལ་དང་སྒྲིག་ཆས། སྤྱི་བདེའི་ཆ་འཕྲིན་སོགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་སྐོར་བརྗོད་འདུག
 
འདི་ནི་རྒྱ་གཞུང་གིས་གསར་དུ་ལག་བསྟར་བྱེད་ཀྱིན་པའི་སྒྲིག་སྲོལ་ཞིག་མ་ཡིན་པར། ༢༠༠༨ ལོར་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་རྗེས། རྒྱ་གཞུང་གིས་བོད་མིའི་ཐོག་དམ་དྲག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་མི་ཚོས་འགྲོ་འོང་ལ་བཀག་སྡོམ་དང་ཕྱི་ནས་འོང་བའི་བོད་མི་གནས་མཇལ་བ་དང༌ཚོང་པ། གཉེན་འཕྲད་སོགས་ལྷ་སར་གནས་སྡོད་མཁན་གྱིས་ས་གནས་སྤྱི་བདེ་ལས་ཁུངས་སུ་གནས་ཚུལ་མི་འབྱུང་བའི་འགན་ལེན་དང་དཔང་མི་བཞག་སྟེ། གནས་སྐབས་སྡོད་ཆོག་པའི་ལག་འཁྱེར་ལེན་དགོས་ཀྱི་ཡོད་ལ། ལག་འཁྱེར་མེད་ཚེ་འཇུ་བཟུང་བྱེད་ཀྱིན་པར་མ་ཟད། ཆབ་སྲིད་ཀྱི་དོགས་པ་ཡོད་པའི་བོད་མི་ཚོར་གཅིག་འགྱུར་གྱི་དམ་དྲག་དང༌ཆ་འཕྲིན་སྤེལ་རེས། ཞིབ་བཤེར། ས་ཁོངས་རྩིས་སྤྲོད། འཇུ་བཟུང་དང་རྡུང་རྡེག་ཚ་ནན་གྱི་ལས་དོན་སྤེལ་གྱིན་ཡོད་འདུག དེ་བཞིན་ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་མི་དེ་དག་གང་དུ་ཕེབས་ཀྱང་། སྤྱི་བདེ་ཚན་པའི་དམ་དྲག་ལྟ་ཞིབ་དང་འདྲི་རྩད་བྱེད་པ་སོགས་སྤྱི་བདེ་མི་སྣའི་དོ་དམ་ལྟ་ཞིབ་འོག་གནས་ཡོད།   
 
ཡང་ཟླ་འདིའི་ཕྱི་ཚེས་  ༡༤ དང་ ༡༥ བཅས་ཉིན་གཉིས་རིང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་དམངས་བདག་ལས་དོན་ཉམས་མྱོང་སྤེལ་རེས་ཞེས་པའི་ཚོགས་འདུ་གཞིས་ཀ་རྩེར་སྐོང་ཚོགས་བྱས་པ་དང་། དེའི་སྟེང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེའི་མགོ་ཁྲིད་དང༌ས་གནས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་མགོ་ཁྲིད་བཅས་འདུ་འཛོམས་བྱས་ཏེ། མ་འོངས་དགོན་སྡེའི་དོ་དམ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད་ལ། འདི་ལོའི་ལོ་འགོར་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་དེ་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་དང༌། ཡུན་རིང་བདེ་འགོད་ཡོང་བ་བྱ་རྒྱུ་དེ། བོད་ཀྱི་ལས་དོན་གྱི་གཙོ་གནད་ཐོག་བཞག་ཡོད་པ་དང་ཡུན་རིང་བརྟན་ལྷིང་ཡོང་ཆེད། བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མཐའ་དག་གཙང་བཤེར་དང་མེད་པ་བཟོ་རྒྱུའི་གཙོ་དོན་དེ་དག་དོན་འཁྱོལ་ལག་བསྟར་བྱ་ཆེད། བོད་མིའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་འགྲོ་བཞིན་འདུག་ལ། ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་བོད་མི་ཚོར་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་འདུག
 
 
བསྐྱར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 6

  1. གཅེན་པོ། says:
    ལོ་ 16 སྔོན།

    ད་ནི་བཅོམ་འཕྲོག་རྡུང་གསུམ་གྱི་ངང་ནས་བོད་མི་ལྷག་བསམ་ཅན་དག་རིམ་བཞིན་རྒྱ་དམར་གྱི་ལག་འོག་ནས་ཚེའི་ཕན་པ་རྫོགས་བཞིན་འདུག
    བོད་དུ་དམ་དྲག་དང་བཙན་གནོན་ཞེས་པའི་མིང་ཚིག་གི་འཇིགས་སྣང་རང་བཞིན་དེ་ད་ནི་བག་ཕེབས་ཀྱི་མིང་ཚིག་ཞིག་ལ་འགྱུར་བཞིན་སྣང་།
    གངས་ཅན་པའི་ལས་དབང་།
    མི་རབས་འདི་སྟོང་བར་ཉེ།
    སྙིང་ཉེ་བའི་གཞི་ལུས་ཚོའི་གནས་སྟངས་ཐོས་སྐབས།
    ཡིད་སྐྱོ་དུངས་ངེ་།
    ལུས་འདར་ཞུམ་མེ།

    Reply
  2. སེར་ཆེན་ says:
    ལོ་ 16 སྔོན།

    རྒྱ་ནག་དམར་པོའི་སྲིད་ཇུས་ནི་དབྱར་ཁའི་གནམ་ངོ་ལྟ་བུ་ཡིན་ཕྱིན་དེའི་ཐད་ཚང་མའི་མཁྱེན་གསལ་མ་ཡིན་ནམ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བརྟན་ལྷིང་ཡོང་དགོས་ན་བོད་མི་རིགས་དེ་མི་ཡི་འདུ་ཤེས་བཞག་ནས་རང་དབང་དང་ཐོབ་ཐང་སྤྲད་དགོས་པ་ལས་རྡུང་རྡེག་ཚ་ནོན་བྱེད་ན་རྙོག་གྲ་ཆེན་རེ་འགྲོ་བ་ལས་ཞི་བདེ་དང་ལྷིང་འཇགས་ག་ལ་ཡོང་ཐུབ།
    སྤྱིར་རྒྱ་གཞུང་གིས་རྡུང་རྡེག་ཚ་ནན་ཟེར་བ་དེ་ནི་བསམ་བཞིན་དུ་བོད་མི་ལ་སྡུག་པོ་གཏང་བ་རེད་ལ་བོད་མི་རིགས་ཀྱིས་སྡུག་མི་ཆོག་ནས་སྐད་བརྒྱབ་ཡོང་དུས་ཁོ་ཚོས་དེ་ལ་ཁ་བྲལ་བ་སོགས་ཀྱི་མིང་འདྲ་མིན་བརྟགས་སྟེ་བོད་མི་མེད་པ་བཟོ་ཆོག་ཙང་རེད།
    མདོར་ན་བོད་མི་རིགས་མེད་པ་བཟོ་ཡག་གི་ཐབས་ཤེས་ཤིག་རང་རེད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཞི་བདེ་དང་བརྟན་ལྷིང་ཡོང་དགོས་ན་བོད་མི་རིགས་དེ་མི་ཡི་འདུ་ཤེས་བཞག་ནས་རང་དབང་དང་ཐོབ་ཐང་སྤྲད་དགོས་པ་ལས་རྡུང་རྡེག་ཚ་ནོན་བྱེད་ན་རྙོག་གྲ་ཆེན་རེ་འགྲོ་བ་ལས་ཞི་བདེ་དང་ལྷིང་འཇགས་ག་ལ་ཡོང་ཐུབ།
    སྤྱིར་རྒྱ་གཞུང་གིས་རྡུང་རྡེག་ཚ་ནན་ཟེར་བ་དེ་ནི་བསམ་བཞིན་དུ་བོད་མི་ལ་སྡུག་པོ་གཏང་བ་རེད་ལ་བོད་མི་རིགས་ཀྱིས་སྡུག་མི་ཆོག་ནས་སྐད་བརྒྱབ་ཡོང་དུས་ཁོ་ཚོས་དེ་ལ་ཁ་བྲལ་བ་སོགས་ཀྱི་མིང་འདྲ་མིན་བརྟགས་སྟེ་བོད་མི་མེད་པ་བཟོ་ཆོག་ཙང་རེད།
    མདོར་ན་བོད་མི་རིགས་མེད་པ་བཟོ་ཡག་གི་ཐབས་ཤེས་ཤིག་རང་རེད།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། སེམས་ཤུགས་མ་ཆག བློ་རྒྱ་བསྐྱེད། ད་ལྟའི་ཆར་རྒྱ་དམར་གྱིས་བཙན་གནོན་དང་སྡིགས་མཛུབ་འོག་སྡུག་བསྔལ་མྱང་དང་མྱོང་བཞིན་ཡིན་ན་ཡང་། འདུས་བྱས་སོ་ན་མི་གནས་པ་ཡིན་པས་ནམ་ཞིག་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ་མི་མོས་རང་སྐྱིད་ཀྱི་འཚོ་བར་སྤྱོད་ཐུབ་པའི་དུས་ཤིག་ལོས་ཡོང་།

    Reply
  6. འཇམ་དབྱངས། says:
    ལོ་ 16 སྔོན།

    ཆབ་སྲིད་དང་ཆོས་ལུགས་ལ་དམ་དྲག་བྱས་དང་བྱེད་བཞིན་པ་ནི་རྒྱ་ནག་གི་ཆབ་སྲིད་རྙིང་པ་ཞིག་དང་། ཆོས་ལུགས་པས་ཆབ་སྲིད་ཀྱི་རྙོག་ཟིང་ཡོང་དྭོགས་ཀྱི་ཞེད་སྣང་ནི་རྒྱ་ནག་སྲིད་གཞུང་གི་སེམས་ན་དུས་ནམ་ཡང་བྱུང་མ་ཐག་པའི་དངངས་སྐྲག་བཞིན་གནས་ཡོད། ཡིན་ན་ཡང་གང་དུ་དམ་དྲག་ཡོད་ན་དེ་རུ་གས་ཁ་ཡོད་པ་བདེན་མོད། གནས་སྟངས་ཀྱི་ཆ་ནས་བཤད་ན་ཕྱི་ཚུལ་ཙམ་མ་གཏོགས་དོན་ངོ་མར་རིག་གནས་གསར་བརྗེའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ལོ་རྒྱུས་ཀྱིས་མི་འཁྱོགས་པའི་བོད་མི་རིགས་ཀྱི་ཆག་འཇིག་ཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese