མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་གསོད་དང་མེར་བསྲེག

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོ་སི་ཁྲོན་དཔལ་ཡུལ་རྫོང་ཁྲོམ་མཐར་ཆུ་རྒྱ་ཤོད་སྡེ་བའི་སྡེ་དཔོན་བཀྲ་ཤིས་བཟང་པོའི་གཙོས་པའི་སྡེ་དམངས་བརྒྱ་ལྷག་ལ་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ། མི་ ༤ བསད་ཡོད་པ་དང་མི་ ༣༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་། རྨས་མ་དག་གིས་མཚོན་པའི་སྡེ་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག

བལ་ཡུལ་དུ་གནས་བཞུགས་གྲགས་པ་ཡེ་ཤེས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་བཀོད་དོན། སི་ཁྲོན་ཞིང་ཆེན་དར་མདོ་ཁུལ་དཔལ་ཡུལ་རྫོང་ཁྲོམ་མཐར་ཆུ་རྒྱ་ཤོད་སྡེ་བའི་སྟོང་མཐའ་འཁྱིལ་དུ་རྒྱ་གཞུང་གིས་སྔོན་མ་ནས་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེན་པོ་བརྩམས་ཡོད་པ་དང་། ཉེ་ཆར་ལས་གཞི་དེ་རྒྱ་ཆེ་རུ་གཏོང་གི་ཡོད་སྟབས། སྡེ་བའི་དཔོན་པོ་བཀྲ་ཤིས་བཟང་པོ་ལགས་ཀྱིས་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་གཏོར་བཅོམ་བཏང་མི་ཆོག་པའི་སྐོར་གྱི་སྙན་ཞུ་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཏེ། ཁོང་དང་མཉམ་དུ་སྡེ་མི་བརྒྱ་ལྷག་རྫོང་སྲིད་གཞུང་གི་འགྲམ་དུ་སྙན་ཞུའི་ལན་ལ་སྒུག་ཡོད་པ་དང་། ཟླ་འདིའི་ཚེས་ ༡༨ ཉིན་གྱི་མཚན་མོ་ཁོང་ཅག་གཉིད་ཁུག་ཡོད་སྐབས་གློ་བུར་དུ་རྒྱ་ནག་ཐོན་ཏེ། ཁོང་ཅག་གི་ཁྲོད་དུ་དུག་རླངས་གཏོར་ཏེ། མི་ཚང་མ་བརྒྱལ་དུ་བཅུག་རྗེས་རླངས་འཁོར་ནང་བཞག་ནས་འདྲུད་རྩིས་བྱས་སྐབས། སྡེ་དཔོན་དུག་གིས་བཟི་མ་ཐུབ་པར་ཡར་ལངས་ཏེ་དམག་མིར་ངོ་རྒོལ་བྱས་ཤིང་། སྐབས་དེར་དམག་མིས་མེ་མདའ་བརྒྱབ་སྟེ་ཁོའི་རྐང་པར་རྨས་ཕོག་ཡོད་པ་དང་། སྐབས་དེར་མི་གཞན་དག་གིས་ཀྱང་ངོ་རྒོལ་བྱས་ཤིང་། སྡེ་དཔོན་བཀྲ་ཤིས་བཟང་པོའི་སྤུན་བསོ་བསོ་ཞེས་པ་དམར་གསོད་བཏང་བ་དང་། གཞན་མི་གཉིས་བསད་དེ་བེམ་པོ་དམག་མིས་ཁྱེར་འདུག

 

དེ་བཞིན་སྡེ་དཔོན་བཀྲ་ཤིས་བཟང་པོའི་སྤུན་མཆེད་པ་པོ་ཞེས་པ་ཡང་དམར་གསོད་བཏང་སྟེ། བཀྲ་ཤིས་བཟང་པོ་ལ་ཁྱོད་ཀྱི་སྤུན་མཆེད་ཤི་ཚར་འདུག སང་ཉིན་མ་ཤི་གོང་ནས་མེར་བསྲེག་བཏང་སོང་ཟེར་མི་ཆོག་ཅེས་ཁོང་གི་མཐོང་ས་ནས་མེ་བསྲེག་བཏང་འདུག ཐེངས་འདིར་མི་བསད་པའི་གྲངས་ཀ་ནི་དངོས་སུ་མཐོང་བ་ ༤ དང་། མེ་མདས་རྨས་པ་ ༣༥ བཅས་ཡོད་པ་དང་། དེ་དག་ཤི་གསོན་གྱི་གནས་བབ་ཀྱང་ཤེས་རྟོགས་ཅི་ཡང་བྱུང་མེད་ཅིང་། ཡུལ་མི་དག་ཀྱང་དམག་མིས་བཀག་ནས་ཐུག་འཕྲད་བྱེད་དཀའ་བའི་གནས་སུ་གྱུར་འདུག  སྡེ་དཔོན་བཀྲ་ཤིས་བཟང་པོ་གཙོས་རྨས་མ་རྣམས་ད་ལྟ་བཙོན་ཁང་དུ་བཅུག་ཡོད་འདུག ད་དུང་ས་གནས་དེར་དམག་མི་ཁྱོན་ཆེ་བ་ཕྱོགས་སོ་སོ་ནས་ཡོང་བཞིན་འདུག་ཅིང་། ཕར་འགྲོ་ཚུར་འོང་དང་སྐད་ཆ་བཤད་པ་ཚུན་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་འདུག ཅེས་བཀོད་འདུག

འདྲེན་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༤ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 12

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད།བཙན་བྱོལ་བའི་རྒྱ་རིགས་སྤུན་ཟླ་ཟེར་བའི་དཀའ་དྲིན་ཡིན་རྒྱུ་རེད།༢༠༡༠་ལོར་གཞིས་སུ་ཤེས་ཡོན་ཅན་གཙོ་བྱེད་པའི་མི་མང་མང་པོ་བཙན་འཇུག་དང་དམར་བསད་གཏོང་བཞིན་པ་རེད།ཡིན་ནའང་ང་ཚོ་བཙན་བྱོལ་བ་༢༠༡༠་ལོར་ཚང་མ་གཉིད་སྐྱིད་པོ་ཁུག་ནས་སྡད་ཡོད་པ་འདྲ་ཁྲོམ་གཞུང་དུ་མི་སྐད་མི་དགོས་ཁྱི་སྐད་ཅིག་ཀྱང་གོ་རྒྱུ་མི་འདུག།གཅིག་བྱས་ན་བཀའ་ཁྲི་ལོངས་མཁན་དེ་ཚོ་ལ་གཉིད་སྨན་ཤུགས་ཆེ་ཞིག་གཏོར་རྒྱུ་ཡོད་པ་འདྲ།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ང་ཚོའི་གཞུང་གི་དབུ་མའི་ལམ་གྱི་ལང་ཕྱོགས་དང་། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་བསྐྲུན་རྒྱུ་དེ་ཡང་བོད་རྒྱ་ཆེའི་མི་མང་ལ་བདེ་སྐྱིད་དང་རང་དབང་གི་ཆེད་དུ་ཡིན་དགོས་པ་ལས། བོད་ནང་དུ་དགྱ་མིས་རང་སྣང་གང་དྲན་གྱི་བོད་མི་དམར་གསོད་དང་གདུག་རྕུབ་ཚད་མེད་བཏང་ན་ཡང་རེ་མེད་ཞི་མོལ་གྱི་ཁོར་ཡུག་ལ་གནོད་དོགས་ཀྱི་བོད་ནང་དགྱ་དམར་གྱིས་རང་རིགས་དམར་གསོད་དང་བཏང་ན་ཡང་འཛམ་གླིང་ནང་ལ་གསལ་བསྒྲགས་གཅིག་ཀྱང་མི་སྤེལ་བ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང།

    Reply
  3. འཚོ་གནས་ངེས་མེད་ཀྱི་བཙན་བྱོལ་བ། says:
    ལོ་ 16 སྔོན།

    གྲོགས་པོ་དག།
    བཙན་བྱོལ་ནང་ང་ཚོས་བཤད་མ་ཕོད་པ་དང་བྱེད་མ་ཕོད་པ་མེད། དེ་ལས་ང་ཚོས་འདི་དག་གི་སྡུག་སྔལ་བསམ་སྟེ་རྒྱལ་བའི་བཀའ་བཞིན་སློབ་སྦྱོང་ཐོན་པ་དང་
    ཕྱིར་རང་ཡུལ་ཏུ་ཕེབས་ནས་རང་ས་རང་སྲུང་དང་རང་མི་རང་གསོ་ཡི་ལས་འགན་འདྲ་
    མིན་ནང་ཞུགས་རྒྱུ་ཡི་གྲ་སྒྲིག་བྱོས། དེ་མིན་གཞུང་དང་ཚོགས་པ་ཁག་གིས་མ་འགྲིགས་སྟངས་
    རྐྱང་པ་བཤད་ན་སུ་ལ་ཡང་ཕན་ཐོག་མེད་པས་ཟིན་བྲིས་པ་དང་རྩོམ་པ་པོ་དག་གིས་ཆབ་སྲིད་
    ཀྱི་ནུས་པ་གཅིག་ཏུ་སྤུང་ཐབས་དང་གཞུང་དང་ཚོགས་པ་ཁག་གི་ལས་དོན་འཐུས་སྒོ་ཅེ་ཚང་
    ཡོང་བའི་ཐབས་ལ་འགན་བཞེས་རོགས། བཟོད་པས་བདེ་ཞིང་བརྩོན་པས་རྗིད་ཞེས་པའི་
    དོན་ལྟར་བྱེད་དགོས་པ་ལས་རྐང་རྗེས་ལག་སྲབ་ཁྱོན་ནས་མ་ཡོང་བ་བྱེད་དགོས།

    Reply
  4. འཚོ་གནས་ངེས་མེད་ཀྱི་བཙན་བྱོལ་བ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་མཐོང་བ་དང་སྐྱོ་སྣང་གིས་མིག་ཆུ་ཡང་ཤོར་། ཡིན་ནའང་ཕྲན་ལྟ་བུར་མཚོན་ན་བོད་གཞུང་གི་སྲིད་ཇུས་ལས་བོད་མི་དང་བོད་ཡུལ་བདེ་ཐབས་
    ཀྱི་ཇུས་ཤིག་མ་མཐོང་། རྒྱུ་མཚན་ནི་ང་ཚོས་གཞིས་ལུས་ཀྱི་སྤུན་ཟླ་དག་གི་ལུས་སེམས་ལ་
    རང་དབང་ཐོབ་ཆེད་དང་རྒྱུན་གནས་ཡོང་ཆེད་དུ་འབད་དགོས་པ་མ་ཟད། རང་ཉིད་གང་མཐོང་བ་ལའང་ཡིད་མ་ཆེས་པའི་སྐབས་འདིར་ཁྱོད་ཤི་ང་གསོན་གྱི་བསམ་བློ་
    བཏང་དེ་ནི་ཐབས་ཟད་པ་དང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་བརྩོད་ཀྱི་ལས་
    ཡང་དག་པ་ཞིག་མ་མཐོང་། དེས་ན་སུར་དཔའ་འཛངས་ལྡན་ན་བཙན་བྱོལ་ནང་དུ་
    སློབ་སྦྱོང་བྱས་ཟིན་ན་ཕ་ཡུལ་ཏུ་ཕེབས་ནས་དཀའ་སྡུག་ཉམས་མྱོང་ན་ལེགས།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    http://www.youtube.com/watch?v=sRHz50z5Fl8&feature=related དྲ་གྲོགས་ཚང་མས་དྲ་གནས་འདི་ལ་ཐེངས་གཅིག་གཟིགས་དང་ཕྱིར་དྲན་ཞིག་བྱེད་ཐུབ། ང་ཚོས་དུས་ཚོད་འདི་དུས་གཏན་ཏུ་བརྗེད་མི་རུང་།

    Reply
  6. འཕྲིན་ལས says:
    ལོ་ 16 སྔོན།

    ད་སྡོད་དུ་མ་བཅུག་པ་རེད། བཙན་བྱོལ་བོད་གཞུང་གི་ཀུན་མཐུན་ཀྱི་བྱ་སྤྱོད་དེ་དོར་ནས་དགྲ་ལ་གདོང་ལེན་བྱེད་རན་འདུག
    བོད་ནང་གི་སྤུན་ཟླ་དེ་ཚོ་ལངས་ན་རེད། བསྡད་ན་རེད། རྒྱ་ནག་གི་མིག་ལམ་དུ་འབུ་དགའི་འདུ་ཤེས་ཀྱང་མི་འདུག ལམ་དུ་སླེབས་ན་གསོད་ཀྱང་བྱེད་འདུག
    ཁ་ཡོད་ཀྱང་མིག་མེད་པའི་བཙན་བྱོལ་བོད་གཞུང་། ཁྱོད་ཀྱི་རྒྱལ་སྤྱིའི་རྒྱབ་སྐྱོར་གང་ན་ཡོད། ཁྱོད་ཀྱི་བོད་རྒྱ་ཞུ་མོལ་གང་ན་ཡོད། ཁྱོད་ཀྱི་གཉིས་ཕན་གང་ན་ཡོད། ཁྱོད་ལ་བོད་རིགས་མི་དགོས་ན་ང་ཚོར་བོད་མི་ས་ཡ་དྲུག་གི་མིང་ཐོག་ནས་རོགས་དངུལ་བསྡུ་བའི་ཚོགས་པའི་མིང་སྟོང་བ་ཞིག་དགོས་དོན་མེད།

    Reply
  7. ནགས་རླུངས says:
    ལོ་ 16 སྔོན།

    འུ་ཅག་བཙན་འབྱོར་བོད་མི་ཚོས་ཁ་སྟོང་པ་མང་ཙམ་བཤད་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པོ་ཚོས་མར་མེའི་ཁྲོམ་སྐོར་ཐེངས་གཅིག་འགྲོ། དོན་དངོས་བྱེས་ལུས་བོད་པ་ཚོ་་་་་་་

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    འདི་ལ་ད་དུང་ང་ཚོས་གཉེན་དང་དཔུང་དུ་བརྩིས་ནས་འདུག་གམ། གསོད་བསམ་ན་གསོད་རྐྱང་དང་འཛིན་བསམ་ན་འཛིན་རྐྱང་བྱས་ནས་སྡུག་པོ་གཏོང་གིན་པ་འདི་འདྲ་ན། ད་དུང་ང་ཚོས་ཕར་བསྟུན་ཁུལ་བྱས་པ་ནི་དངོས་གནས་ཕངས་པོ་རེད་ཡ།

    Reply
  9. སེར་ཆེན་ says:
    ལོ་ 16 སྔོན།

    ཤ་ཁྲག་རིགས་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས།གཞེས་ལུས་མི་མང་ཚང་མ་རྒྱ་དམག་གིས་བསད་ཚར་ཐལ།ད་ཡིན་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་ཐོབ་དང་དབང་ཆ་རྩོད་ལེན་བྱེད་རན་མ་རེད།བོད་མི་ཚང་མ་་སྡོག་རྩ་གཅིག་སྒྲིལ་བྱོས་ནས་ཡར་ལ་ལངས་ཤོག་་
    གཞིས་ལུས་མི་མང་གི་ཆེད་དུ་ལངས་ཤོག་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  10. གཅེན་པོ། says:
    ལོ་ 16 སྔོན།

    འདི་དང་འདི་འདྲ་བའི་གནས་ཚུལ་ད་ནི་རྒྱུན་ཏན་ཞིག་ཏུ་གྱུར་འདུག
    ཉམས་ཐག་པའི་གཞིས་ལུས་སྤུན་གྲོགས།
    ངས་ཁྱེད་རང་རྣམས་ལ་གདུངས་སེམས་མཉམ་མྱོང་ཙམ།
    ཁ་སྟོང་པའི་དཔའ་སྐད་མང་ཡང་ཁྱེད་རང་རྣམས་ལ་ཕན་དཀའ།
    འོན་ཀྱང་ངས་ཉན་འདོད་པ་ནི་ཁྱེད་རང་ཚོའི་གནས་སྟངས་ཡིན་ལ།
    ངས་བཤད་འདོད་པ་ནི་གངས་ཅན་པའི་ལ་རྒྱ་ཡིན།
    མ་འོངས་པའི་ཆེད་དུ་དཔའ་མ་ཞུམ།
    མ་འོངས་པའི་བོད་རིགས་ཆེད་དུ།
    སྐྱེས་མ་རྣམས་ཀྱི་བུ་ཕྲུག་མང་ཙམ་བསྐྱེད་སྲིང་གནང་དང་།
    སྐྱེས་པ་རྣམས་ཀྱི་མི་རིགས་ཀྱི་རང་དབང་རྩོད་དང་།
    ཆོས་པ་རྣམས་ཀྱི་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་རྒོད་ཀྱི་ཆེད་དུ་བསྔོ་སྨོན་གནང་དང་།
    གཞོན་ནུ་རྣམས་ཀྱི་མི་རིགས་ཀྱི་ཚེ་སྲོག
    ཕ་སྐད་དང་མ་ཡིག་སྦྱངས་དང་།
    གཞུང་འཛིན་པ་རྣམས་ཀྱི་ཞི་དྲག་གཉིས་ཀྱི་ཐབས་ལམ་གནང་དང་།
    ངའི་ཤ་རུས་གཅིག་པའི་བོད་རིགས་ཚོ།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགྲ་བོ་དམར་གཞུང་དང་གྲོས་མོས་བྱས་ནས་ཕན་ཐོགས་མེད་པ་ད་དུང་ཧ་གོ་གི་ཡོད་པ་མ་རེད། བརྙད་བཅོས་འདི་འདྲ་བྱས་མཁན་ཞིག་མཉམ་དུ་འབྲེལ་མོས་དང་གྲོས་བསྡུ་བྱས་པ་འདི་ཡིད་ཐང་ཆད་པའི་ལས་ཀ་རང་རེད།

    དེ་ལས་བོད་མི་ས་ཡ་དྲུག་གིས་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་ཐུབ་པའི་ཆབ་སྲིད་ལམ་ཕྱོགས་ཞིག་བཏོན་ན་ཅི་མ་རུང་།

    ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་གསོན་པོ་མེ་བསྲེག་བཏང་གི་ཡོད་རེད། བསད་ནས་ཤ་ཙོང་གི་ཡོད་རེད། ད་དུང་རྒྱ་རིགས་སྤུན་ཟླ་དང་མཐུན་སྒྲིལ་དགོས་གསུངས་བསྡད་པ་ཡིན་ན་གནད་ལུགས་དང་མཐུན་པ་ཞིག་མ་རེད་སྙམ།

    དེ་ལས་རྒྱ་མིའི་ཉལ་ས་ནང་དུ་ཤིག་གཅིག་ལས་འཕེན་མ་ཐུབ་ཀྱང་འཕེན་དགོས་རེད་སྙམ། ལུག་གིས་སྤྱང་ཀི་ལ་བྱམས་དང་སྙིང་རྗེ་བཤད་པ་འདི་ནི་ཡོང་ཡ་མེད་པའི་སྟོང་སེམས་ཙམ་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གནམ་སྔོན་པོ་འདིའི་བོད་མི་དག་དངོས་ནས་གཉིད་སད་རན་རེད། ད་དངོས་ནས་འདུག་མི་མ་འཆུགས་པ་རེད། ཨ་་ ཤུ་རེ་གོ སྙིང་རེ་རྗེ། རང་ས་ནས་རང་ཁུལ་སྲུང་བའི་སྐོར་ལ་སྐད་ཆ་བཤད་དབང་ཡང་མེད་པའི་སྐབས་འདིར། དངོས་ནས་བོད་མི་གང་ན་སུ་ཡོད་པ་དག་གིས་ཁ་བདེ་བོ་ཙམ་རེ་བཤད་དེ་ཉིན་མ་འཕུད་དེ་བསྡོད་རན་མ་རེད། བོད་ཀྱི་སྤུན་ཟླ་འཛམ་གླིང་ཤར་ནུབ་གང་སར་གནས་པ་ཚོ། ང་ཚོ་བོད་རེད། བོད་ཀྱི་བདག་དབང་བོད་མིར་ཡོད་པ་ལས་རྒྱ་དམར་གཞུང་ལ་དུས་དང་བསྐལ་བའི་བར་དུ་མེད་པ་ངེས་རན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese