མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཡུལ་འདིར་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བ་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

༄༅། །མཚུངས་མེད་བོད་ཀྱི་དུས་བབ་གསར་ཤོག་གི་མགོ་ལས་རྣམ་པའི་སྙན་ལམ་དུ།

སྙན་སེང་འཚམས་འདྲི།

སྤྱིར་བཏང་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར། མགོ་ལས་རྣམ་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ནས། རང་ཉིད་ཡུན་རིང་གི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་མི་ལོ་སུམ་ཅུའི་རིང་གི་དུས་བབ་བཀླགས་པའི་མྱོང་ཚོར་དང་འབྲེལ་བའི་བསམ་ཚུལ་འགའ་ཞུ་འདོད་ཡོད།

ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དཀའ་ཚེགས་ག་ཚོད་འཕྲད་ཡོད་ན་ཡང་། དེ་དག་ལྷུར་བླངས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་དང་གསར་འགྱུར་གྱི་ལས་དོན་ལ་འགྱུར་མེད་དུ་བརྩོན་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

ད་དུང་ཡིན་ནའང་མུ་མཐུད་དུ་དཀའ་ཚེགས་ལ་གདོང་ལེན་གནང་སྟེ། རྟག་ཏུ་ཉམས་པ་མེད་པར་མདུན་ནས་མདུན་དུ་བསྐྱོད་ཐུབ་པའི་སྨོན་འདུན་དང་བཅས།

ཆབ་མདོ་ངག་ཕུན་གྱིས་ ༢༠༢༦ ཟླ་ ༩ ཚེས་ ༡༡ ཉིན་ཕུལ།

མི་ཡུལ་འདིར་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བ་ལས་འཕྲོས་པའི་གཏམ།

དེ་ཡང་མི་ཡུལ་འདིར་བོད་ཀྱི་དུས་བབ་གསར་ཤོག་སྐུ་བལྟམས་ནས་མི་ལོ་སུམ་ཅུ་ཕྱིན་པ་དང་། མི་ལོ་དེ་དག་གི་རིང་དཀའ་ཚེགས་དུ་མ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པ་ནི་སྨྲ་མ་དགོས་པ་ཞིག་རེད། ཡིན་ནའང་དཀའ་ཚེགས་དེ་དག་ལས་བརྒལ་ཏེ་མདུན་བསྐྱོད་བྱེད་ཐུབ་ཡོད། ང་རང་ཀློག་པ་པོ་ཞིག་ལ་མཚོན་ན་བོད་ཀྱི་དུས་བབ་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་རང་འཕགས་ཡུལ་དུ་སླེབས་དུས་བཙན་བྱོལ་སྤྱི་ཚོགས་ནང་གསར་ཤོག་སྐད་གྲགས་ཆེ་ཤོས་ནི་དམངས་གཙོ་གསར་ཤོག་རེད། མི་ཚོས་དམངས་གཙོ་གསར་ཤོག་ནང་དེ་རིང་ཅི་ཞིག་བཀོད་འདུག་ཅེས་ཚ་ཚ་འུར་འུར་གྱིས་ལྟ་ཀློག་བྱེད་ཀྱི་ཡོད། རིམ་གྱིས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་དམངས་གཙོ་གསར་ཤོག་སྒོ་རྒྱག་དགོས་བྱུང་སྟེ། དེ་ནས་བཟུང་བོད་ཀྱི་དུས་བབ་མི་ཡུལ་དུ་གསར་བསྐྲུན་གནང་བ་རེད། བཙན་བྱོལ་ནང་གསར་ཤོག་གཉིས་ཡོད་པ་ནི་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་གཉིས་རེད། དེ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་རླབས་ཆེན་ཞུ་བཞིན་ཡོད།

བོད་ཀྱི་དུས་བབ་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན།

ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ལས། “གསར་ཤོག་གི་དགོས་དོན་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་གི་གནས་ཚུལ་འཕོ་འགྱུར་སྤྱི་དང་། བྱེ་བྲག་ཏུ་བོད་དོན། བོད་པའི་སྤྱི་ཚོགས་ཀྱི་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ཁུངས་ལྡན་རྣམས་སྨྲ་བརྗོད་རང་དབང་གི་ལམ་ནས་དགེ་འདོན་སྐྱོན་སེལ་གྱི་བསམ་འཆར་དང་བཅས་འཕྲལ་མྱུར་སྤེལ་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་རྣམ་དཔྱོད་བློ་གྲོས་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན།” ཞེས་དང་། ཡང་ཀློག་པ་པོ་ཡོངས་ཀྱི་ཡིད་ཆེས་དགའ་མོས་བྱེད་པའི་ཚད་ལྡན་གྱི་གསར་ཤོག་ཅིག་ཡོང་ཐབས་སུ་འབད་བརྩོན་དང་འབྲེལ་དམིགས་དོན་མཇུག་སྐྱོང་མཐའ་འཁྱོལ་དགོས་གལ་ཞེས་བཀའ་སློབ་ལམ་སྟོན་གནང་ཡོད།

དེ་བཞིན་དཔལ་ལྡན་བཀའ་ཤག་གིས། “མང་གཙོའི་སྲིད་གཞུང་གི་སྤྱི་ཚོགས་འཕེལ་རིམ་དང་རང་དབང་འཐབ་རྩོད་ཀྱི་དུས་སྐབས་སུ་གསར་འཕྲིན་གྱི་ལས་དོན་ནི་ཤིན་ཏུ་མཁོ་གནད་ཆེ་བ་ཞིག་དང་། དེ་ཡང་རྩོམ་སྒྲིག་པའི་འདོད་ཕྱོགས་སུ་མ་ལྷུང་བར་ཕྱོགས་ཡོངས་མཐོང་ཐུབ་པ་ཞིག་དགོས།” ཞེས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། “མང་གཙོའི་འཕེལ་རིམ་དང་། རང་དབང་ཅན་གྱི་གསར་ཤོག་ནི་སྤྱི་ཚོགས་དང་སྲིད་གཞུང་གཉིས་ཀའི་ལེགས་ཉེས་བལྟ་བའི་མེ་ལོང་ལྟ་བུ་དང་། མང་ཚོགས་ཀྱི་ལྟ་གྲུབ་སྤེལ་བའི་བརྒྱུད་ལམ། ཉམས་ཆུང་ཡུལ་མིའི་མགྲིན་ཚབ། གཞུང་མང་གཉིས་ཀའི་སྐྱོན་མཚང་སྟོན་པའི་མཛུབ་མོའི་ཚུལ་དུ་གལ་གནད་ཆེ་བའི་སྨྲ་བརྗོད་ཀྱི་རང་དབང་གི་ཆ་ཤས་ཤིག་ཡིན།” ཞེས་གསལ་བ་ལྟར། གསར་ཤོག་ནི་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་དང་། མི་མང་གི་མགྲིན་ཚབ་པ། གཞུང་མང་གཉིས་ཀའི་ལེགས་ཉེས་སྟོན་མཁན་སོགས་ཡིན་པ་གོང་གསལ་གསུང་འཕྲིན་ཁག་ལས་རྟོགས་ཐུབ།

བོད་ཀྱི་དུས་བབ་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། ཐོག་མར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོང་སྒོ་གང་ཡང་མེད་པའི་དཀའ་ངལ་འོག་ནས་རྒྱུན་མ་ཆད་པར་གསར་ཤོག་འདོན་སྤེལ་གནང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་གི་ཆོས་དང་རིག་གཞུང་། གནས་ཚུལ་སྤེལ་བའི་དགོས་མཁོ་སྐོང་ཐུབ་པ་བྱུང་བ་ནི་དགའ་འོས་པ་ཞིག་རེད་སྙམ། དེ་བཞིན་ཟླ་ཕྱེད་ཚགས་པར་ནས་བཟུང་ཉིན་བཅུ་རེའི་ཚགས་པར་དུ་བསྒྱུར་ཏེ་དུས་དང་འཚམ་པར་ཡར་རྒྱས་ཀྱི་ཁ་ཕྱོགས་ཟམ་མ་ཆད་པར་གནས་ཐུབ་པ་བྱུང་ཡོད།

ད་དུང་ཡིན་ནའང་ཡར་རྒྱས་ལ་མཐའ་མེད་དུས་དཀའ་ཚེགས་ཁག་ལ་གདོང་ལེན་གནང་ནས་མདུན་བསྐྱོད་བྱ་རྒྱུ་དེ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པ་དང་། གནས་ཚུལ་གང་ཞིག་བཀོད་པ་ཡིན་ཡང་དྲང་བདེན་དང་ཕྱོགས་རིས་མེད་པར་བཀོད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་རེད། ལྷག་པར་དུ་མི་མང་གི་ཡིད་ཆེས་འཕེལ་བའི་གསར་འགྱུར་བཀོད་དགོས་པ་ལས་ཕྱོགས་ལྷུང་གཏན་ནས་བྱེད་མི་རུང་། གལ་སྲིད་གསར་ཤོག་གང་ཞིག་ལ་ཕྱོགས་ལྷུང་གི་དྲི་མ་འགོས་ཚར་ན་རིམ་བཞིན་མི་མང་གི་ཡིད་ཆེས་བརླག་འགྲོ་བ་དང་། མི་མང་གི་ཡིད་ཆེས་བརླག་སོང་ན་གསར་ཤོག་གི་དགོས་དམིགས་ཇི་བཞིན་ལམ་དུ་མ་ཕྱིན་པ་རེད། (འདིར་བཤད་དགོས་པ་ཞིག་ལ་གོང་གི་གནད་དོན་འདི་དག་ནི་སྤྱིར་བཏང་གསར་ཤོག་གི་འགྲོ་སྟངས་བརྗོད་པ་ལས་བོད་ཀྱི་དུས་བབ་ལ་སྐྱོན་བརྗོད་བྱེད་ཀྱིན་མེད།)

ལྷག་པར་དུ་དེང་སྐབས་འཕྲུལ་རིག་དུས་རབས་ཡིན་དུས་དྲ་ཚིགས་ཁག་ནས་ལྟ་ཀློག་ཐུབ་ཀྱི་ཡོད་མོད། གསར་ཤོག་དངོས་སུ་ལག་ཏུ་བཟུང་ནས་ལྟ་ཀློག་བྱ་རྒྱུ་བྱུང་ན་དམིགས་བསལ་གྱི་སྤྲོ་སྣང་ཞིག་ཡོང་གི་འདུག་ཅིང་། དེང་སྐབས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་ཡོད་ཚུལ་བཤད་མཁན་མང་པོ་ཡོད་མོད། ཡང་སྙིང་གསར་ཤོག་མངགས་ཉོ་གནང་ནས་ཀློག་མཁན་ག་ཚོད་ཡོད་དམ། ཚོགས་པ་ཁག་གིས་ཀྱང་གསར་ཤོག་མངགས་ཉོ་བྱས་ནས་ལྟ་ཀློག་བྱེད་ཀྱི་ཡོད་མེད་མི་ཤེས།

ང་ཚོའི་སྐད་ཡིག་ང་ཚོས་བདག་པོ་རྒྱག་དགོས་པ་ནི་ཟློག་མེད་ཀྱི་འགན་འཁུར་ཞིག་རེད། བདག་པོ་རྒྱག་ཅེས་པ་ནི་མཆོད་བཤམ་ནང་སྒྲིག་བཞག་པ་ཞིག་ལ་མི་བྱ་བར། ལག་ལེན་དུ་བེད་སྤྱོད་གཏོང་དགོས་པ་ཞིག་ཡིན། དེང་སྐབས་ན་གཞོན་ཚོས་དབྱིན་ཡིག་བེད་སྤྱོད་མང་དུ་བྱེད་པ་ལས་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་མེད། ངེས་པར་དུ་བོད་པ་ནང་ཁུལ་དུ་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པ་གལ་ཆེན་པོ་རེད། དེ་བཞིན་ལོ་ན་ཆུང་བ་ཚོས་བོད་ཡིག་བཀོལ་སྤྱོད་གནང་དུས་ཡིག་ནོར་འགའ་ཤས་མཐོང་སྐབས་ལམ་སེང་དམའ་འབེབས་བྱས་ནས་ལོ་ཆུང་རྣམས་ཀྱི་སེམས་ཤུགས་ཉམས་སུ་འཇུག་གི་འདུག དེ་འདྲ་གཏན་ནས་བྱེད་རྒྱུ་མི་འདུག་སྙམ།

རང་རེའི་སྤྱི་སྒེར་ཚང་མས་བོད་ཡིག་ཡར་རྒྱས་འགྲོ་དགོས་ན། དང་ཐོག་གསར་ཤོག་ཁག་བཀླག་པ་ཡིན་ན། གསར་ཤོག་ནང་དུ་ལྟ་བའི་རྣམ་གཞག་སྐོར་གྱི་མཁྲེགས་པོའི་སྐོར་དེ་འདྲ་མེད་ལ། དུས་རྒྱུན་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ཐ་སྙད་རྐྱང་རྐྱང་ཡིན་པས། རིམ་བཞིན་བོད་ཡིག་གི་ཤེས་ཚད་ཡར་རྒྱས་འགྲོ་རྒྱུ་ཡིན་པ་ནི་སྨྲ་མ་དགོས་པ་ཞིག་རེད།

གསར་ཤོག་གི་བྱུང་རིམ་དང་བོད་ཡིག་འཕེལ་རིམ་སྐོར།

བོད་ཀྱི་དུས་བབ་གསར་ཤོག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུས་ཡུན་རིང་ཤོས་དང་། འགྱུར་བ་མང་པོ་བརྒྱུད་ནས་ད་བར་བརྟན་པོར་གནས་ཐུབ་པའི་གསར་ཤོག་ཚད་ལྡན་ཞིག་ཡིན། གསར་ཤོག་འདིས་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་། ཤེས་ཡོན་སོགས་ཀྱི་གནས་ཚུལ་ཁག་དུས་ཐོག་ཏུ་སྤེལ་ནས་མི་མང་གི་མིག་རྒྱ་དང་བློ་རྒྱ་བསྐྱེད་པར་ནུས་པ་བླ་མེད་ཐོན་ཡོད།

གསར་ཤོག་གི་རིན་ཐང་དང་ལས་འགན།

མང་གཙོའི་མེ་ལོང་། གསར་ཤོག་ནི་གཞུང་དང་མང་ཚོགས་གཉིས་ཀྱི་བར་དུ་འབྲེལ་མཐུད་བྱེད་མཁན་དང་། ལེགས་ཉེས་སྟོན་པའི་མེ་ལོང་ལྟ་བུ་ཡིན་པས་སྤྱི་ཚོགས་བདེ་རྩར་སྨན་པའི་ནུས་པ་ཐོན་གྱི་ཡོད།

དྲང་བདེན་གྱི་སྒྲ་དབྱངས། ཕྱོགས་ལྷུང་མེད་པར་དོན་དངོས་ཀྱི་གནས་ཚུལ་འདོན་སྤེལ་བྱེད་པ་ནི་གསར་ཤོག་ཅིག་གི་ཚེ་སྲོག་ཡིན་ལ། ཀློག་པ་པོའི་ཡིད་ཆེས་འགུག་པའི་ལྡེ་མིག་ཀྱང་ཡིན།

བོད་ཡིག་གཅེས་སྐྱོང་གི་འགན་འཁུར།

དེང་དུས་འཕྲུལ་རིག་དང་དྲ་རྒྱའི་དུས་རབས་འདིར་གསར་འགྱུར་ལྟ་ཀློག་གི་རྣམ་པ་བརྗེ་ཡི་ཡོད་ནའང་། དངོས་སུ་གསར་ཤོག་ལག་ཏུ་བཟུང་ནས་ཀློག་པའི་སྤྲོ་སྣང་དང་ཕན་ཡོན་བླ་ན་མེད་པ་ཞིག་རེད། ལྷག་པར་དུ་ན་གཞོན་རྣམས་ཀྱིས་དབྱིན་ཡིག་གཙོ་བོར་བཟུང་ནས་བོད་ཡིག་བཀོལ་སྤྱོད་མ་བྱས་ཚེ། རང་རེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཉམས་ཉེན་དུ་འགྲོ་སྲིད། དེར་བརྟེན་ཡིག་ནོར་ཕྲན་བུ་ཤོར་བ་ལ་སྐྱོན་བརྗོད་མི་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། གསར་ཤོག་ཀློག་འདོན་སོགས་ཀྱི་ལམ་ནས་བོད་ཡིག་གི་ཐ་སྙད་རྒྱ་ཆེར་གཏོང་རྒྱུ་ནི་འགན་འཁུར་གཙོ་བོ་ཡིན་ནོ།།

མཐའ་དོན་བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར་མགོ་ལས་རྣམ་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ནས། གོང་ཞུས་ལྟར་རང་ཉིད་ཡུན་རིང་གི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་མི་ལོ་སུམ་ཅུའི་རིང་གི་དུས་བབ་ཀློག་པའི་མྱོང་ཚོར་དང་འབྲེལ་བའི་བསམ་ཚུལ་འགའ་ཞུས་ཡོད།

ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དཀའ་ཚགས་ག་ཚོད་འཕྲད་ཡོད་ན་ཡང་། དེ་དག་ལྷུར་ལེན་བྱས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་དང་གསར་འགྱུར་གྱི་ལས་དོན་ལ་འགྱུར་མེད་དུ་བརྩོན་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

ད་དུང་ཡིན་ནའང་མུ་མཐུད་དུ་དཀའ་ཚེགས་ལ་གདོང་ལེན་གནང་སྟེ། ནམ་ཡང་ཉམས་པ་མེད་པར་མདུན་ནས་མདུན་དུ་བསྐྱོད་ཐུབ་པའི་སྨོན་འདུན་དང་བཅས།།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese