མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་སྤྱི་འཐུས་ལ་ལངས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་ཀྱི་ལྷག་པ་རྒྱག་སྟངས་ལ་བལྟས་ན། སྤྱི་འཐུས་ཀྱང་གསར་པ་མང་པོ་ཞིག་སླེབས་གི་རེད་བསམ་ཡོད། སྤྱི་འཐུས་མང་ཆེ་བ་གསར་པ་ཆགས་པ་ཡིན་ན་ཕྱོགས་ཞེན་འཐེན་འཁྱེར་ཉུང་དུ་འགྲོ་གི་རེད། ལས་དོན་ཚགས་ཚུད་ཡོང་གི་རེད། དེ་ལྟ་བུའི་གྲོས་ཚོགས་ཤིག་གི་ནང་དུ་ང་རང་གིས་ནུས་པ་འཐོན་ཐུབ་པའི་ཡིད་ཆེས་ཡོད་ཟེར།

དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོའི་གསོལ་ཚིགས་ཁང་ཞིག་ཏུ། ཁྲིམས་རྩོད་པ་ཤོ་ཟུར་པ་སངས་ཚེ་དབང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ཁོ་རང་སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་ཀྱི་འོས་གཞིར་ལངས་རྒྱུ་ཡིན་སྐོར་གསུངས་སོང་། སྐབས་དེར་ཁོང་གིས་གསར་འགོད་པ་རྣམས་ལ་ཞུ་རྒྱུར། ངས་དེ་རིང་གསར་འགོད་གསལ་བསྒྲགས་བྱེད་དགོས་པའི་ནང་དོན་གང་ཡིན་ཟེར་ན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་སྤྱི་འཐུས་ཀྱི་འོས་མི་འདོན་སྐབས། ང་ལ་སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་ཀྱི་འོས་གཞིར་འདུག་འདོད་ཡོད་མེད་སྐད་ཆ་དྲིས་སོང་། སྐབས་དེར་ངས། ང་འདུག་རྒྱུ་ཡིན། འོན་ཀྱང་ང་དགའ་དྲགས་ཏེ་འདུག་གི་མེད། འུ་ཐུག་སྟེ་བསྡད་པ་ཡིན། གང་ཡིན་ཟེར་ན་ད་ལྟ་ཛ་དྲག་གི་དུས་ཚོད་ཅིག་ཏུ་སླེབས་ཡོད། ༧གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་ཡོད། སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་ལས་རྒྱུན་ཆུད་ཟོས་སུ་བཏང་ན་དཀའ་ལས་ཁག་པོ་ཆགས་ཚར་པ་རེད་ཅེས་ཞུས་པ་ཡིན། སེམས་འཚབ་འདིའི་དབང་གིས་ང་སྤྱི་འཐུས་ཀྱི་འོས་གཞིར་ལངས་པ་ཡིན། ཞེས་གསུངས་སོང་།

 ཁོས་མུ་མཐུད་དུ་ཁོ་རང་གི་དགོངས་གཞི་ཁག་ཅིག་ངོ་སྤྲོད་གནང་དོན། གཞིས་ཆགས་སྲ་བརྟན་དང་ཤེས་རིག་སོགས་གང་ཐད་དུ་གཞུང་གིས་ལས་ཀ་མ་བྱས་པ་མ་རེད་དེ། ཕྱོགས་མང་པོ་ཞིག་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་གསལ་བོ་རེད། ཐེངས་འདིར་ང་རང་སྤྱི་འཐུས་ལ་ལངས་ཏེ་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་གཙོས་པའི་བཀའ་ཤག་ལྷན་རྒྱས་ལ་འབོད་སྐུལ་ཞུས་འདུག་རྒྱུ་ཙམ་མ་ཡིན་པར་སོ་སོའི་ངོས་ནས་གང་ཡོང་ཅི་ཡོང་གིས་ནུས་པ་འདོན་བསམ་ཡོད། ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་ང་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཞིག་ཡིན་ཡང་། དབུ་མའི་ལམ་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་སྔར་དམིགས་བསལ་ཚོགས་ཆེན་སྐབས་དབུ་མའི་ལམ་ལ་མང་མོས་དང་། ༧གོང་ས་མཆོག་གི་ཐག་གཅོད་གང་གནང་བ་དེར་སྤྱི་མོས་བྱུང་ཡོད། ངས་སྔོན་མ་བོད་ཡིག་ཐོག་རྒྱ་ནག་ལ་ཡི་གེ་ཞིག་བཏང་བ་ཡིན། ཞི་བདེ་དང་བརྟན་ལྷིང་འདོད་ན་༧རྒྱལ་བ་རིན་པོ་ཆེ་དང་བཀའ་མོལ་གནང་དགོས་པ་རེད་ཅེས་ལྡི་ལི་གཞུང་ཚབ་བརྒྱུད་དེ་བཏང་ཡོད། ད་ལོའི་འཁྲུངས་སྐར་ཉིན་སླར་ཡང་རྒྱ་ཡིག་ཐོག་ཡི་གེ་ཞིག་བཏང་ཡོད། ཐེངས་འདིར་སྤྱི་འཐུས་ཀྱི་ཁོངས་སུ་འཛུལ་ཏེ། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གང་ཐུབ་ཀྱིས་འབད་བརྩོན་བྱ་དགོས་བསམ་ཡོད། ཅེས་གསུངས་སོང་།

 སྐབས་དེར་གསར་འགོད་པས་ཁོང་ལ། སྐུ་ཉིད་ཀྱི་ལོ་རྒྱུས་ལ་བལྟས་ན། ཕྱི་ལོ་ ༢༠༡༡ ལོར་དགུང་ལོ་ ༧༠ ལ་ཕེབས་ཀྱི་འདུག་སྟབས། ལོ་བབ་ཀྱི་ཐད་ནས་བོད་མི་དམངས་སྤྱི་འཐུས་ཤིག་གི་ལས་འགན་ལྕོགས་མིན་ཐད་དགོངས་ཚུལ་གང་ཡོད་དྲིས་པར་ཁོང་གིས། དེ་ལ་ངས་བསམ་བློ་བཏང་ཡོད། ད་ལྟའི་ཆར་ང་རང་གིས་ཁ་ནས་བཤད་ཐུབ་ཀྱི་ཡོད་ལ། ལག་ནས་ཀྱང་ལས་ཐུབ་ཀྱི་ཡོད། མི་མང་པོ་ཞིག་གིས་ང་རང་ལོ་བདུན་ཅུ་དང་འདྲ་བོ་མི་འདུག་ཟེར་གྱི་ཡོད། ད་ཆར་ང་རང་ལོ་གཞོན་པའི་རྒན་འཁོགས་དང་། རྒན་འཁོགས་ཀྱི་ལོ་གཞོན་པའི་ནུས་པ་ཡོད། ལུས་སེམས་གཉིས་དང་སྐད་ཆ་བཤད་སྟངས་གང་ཐད་ནས་ང་རང་གིས་མི་འཇོན་པ་མེད་སྙམ་སྟེ་སྤྱི་འཐུས་ནང་ལངས་པ་ཡིན་ཟེར།

ཡང་ཁོང་ལ། སྐུ་ཉིད་ཀྱིས་སོ་སོ་སྤྱི་འཐུས་ནང་ལངས་རྒྱུར་གསར་འགོད་གསལ་བསྒྲགས་སྤེལ་གྱིན་ཡོད་སྟབས། འོས་བསྡུ་དངོས་གཞིའི་སྐབས་རྒྱལ་ཁ་ཐོབ་རྒྱུར་གདེང་ཚོད་ཅི་ཙམ་ཡོད་མེད་དྲིས་པར་ཁོང་གིས་ལན་སྐྱོན་དོན། བཙན་བྱོལ་བོད་མི་ཕལ་ཆེ་བས་ང་ངོ་ཤེས་ཀྱི་ཡོད། ཡང་མང་པོ་ཞིག་གིས་ཤེས་མདོག་ཁ་བོ་མ་རེད། པ་སངས་ཚེ་དབང་ཟེར་བའི་ངའི་མིང་དེ་རྒྱ་ཆེན་པོ་ཞིག་ཁྱབ་མེད་ཀྱང་། ཡབ་ཆེན་ཟེར་བའི་ངའི་མིང་འདི་རྒྱ་ཆེན་པོ་ཁྱབ་ཡོད། གང་ཡིན་ཟེར་ན་ངས་བདེན་དོན་གྱི་ཐོག་ནས་ཁ་མཆུ་མང་པོ་བརྒྱབ་པ་རེད། ང་སྒེར་དང་སྒོར་རྡོག་གཅིག་གི་འབྲེལ་བ་མེད་པའི་ཐོག་ནས་བོད་གཞུང་དང་བོད་སྤྱི་བའི་ཐོག་ལ་བདེན་དོན་བརྩད་པ་རེད། དེར་བརྟེན་མི་མང་པོ་ཞིག་གིས་ང་ངོ་ཤེས་ཀྱི་ཡོད། ཅེས་གསུངས་སོང་།

ཡང་ཁོང་ལ། གལ་སྲིད་སྐུ་ཉིད་བོད་མི་དམངས་སྤྱི་འཐུས་ནང་སླེབས་པ་ཡིན་ན། ལས་དོན་གང་དག་ཐོག་ནུས་པ་འཐོན་ཐུབ་པར་དགོངས་ཀྱི་ཡོད་དམ་ཞེས་དྲིས་པར། བཀའ་ཤག་རྙིང་པ་རྫོགས་འགྲོ་བཞིན་ཡོད། ད་ཆར་བཀའ་ཤག་གསར་པ་སླེབས་གི་རེད། སྤྱི་ཚོགས་ཀྱི་ལྷག་པ་རྒྱག་སྟངས་ལ་བལྟས་ན། སྤྱི་འཐུས་ཀྱང་གསར་པ་མང་པོ་ཞིག་སླེབས་གི་རེད་བསམ་ཡོད། སྤྱི་འཐུས་མང་ཆེ་བ་གསར་པ་ཆགས་པ་ཡིན་ན་ཕྱོགས་ཞེན་འཐེན་འཁྱེར་ཉུང་དུ་འགྲོ་གི་རེད། ལས་དོན་ཚགས་ཚུད་ཡོང་གི་རེད། དེ་ལྟ་བུའི་གྲོས་ཚོགས་ཤིག་གི་ནང་དུ་ང་རང་གིས་ནུས་པ་འཐོན་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།

(གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་སྤེལ)

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༣ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 11

  1. སྣང་གསལ། says:
    ལོ་ 16 སྔོན།

    པ་སངས་ཚེ་ལགས་སྐུ་ཉིད་སྤྱི་ཐུས་འོས་གཞིར་ལང་པར་ཐུགས་རྗེ་ཆེ་་་ཁྱེད་ལ་རྒྱལ་ཁ་ཐོབ་པའི་རེ་བ་ཡོད་།བཀྲ་ཤིས་བདེ་ལེགས།།

    Reply
  2. མཁྱོག་རྒོལ། says:
    ལོ་ 16 སྔོན།

    ད་རུང་ཁྱེད་དང་འདྲ་བའི་སྙིང་སྟོབས་ཅན་ཁ་ཤས་འདུག ཡི་རང་ཡོད། ཡིན་ན་ཡང་ཁྱེད་རང་ལངས་ཕྱི་སོང་། ད་སྐུ་མལ་གསོས་ན་ཡག་པོ་འདུག་ལོ་ཡིས་ལྕོགས་ས་མ་རེད་ལ་མི་རྫོགས་ཀྱང་མེད་།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ད་ཤི་ཁའི་ཕག་ཚག་མ་རྒྱག་ཤིག་

    Reply
  4. འབུར་ཐོ། says:
    ལོ་ 16 སྔོན།

    སྐུ་ཉིད་ཀྱི་ལྷག་བསམ་ལ་ཡི་རངས་ཡོད། འོན་ཀྱང་ད་ལན་ཁྱེད་བཞུག་ན་བཟང་སྙམ།

    Reply
  5. ཚོ་སྒོ་བ། says:
    ལོ་ 16 སྔོན།

    སྙིང་སྟོབས་ལ་བཀྲིས་བདེ་ལེགས་ཡོད། ཡིན་ནའང་ཁྱེད་རྒད་པོ་འཁྲབ་མ་རན་གོང་ནས་འཁྲབ་དྲགས་པ་དང་གཅིག ཕྱོགས་གཏོགས་སམ་རྒྱབ་རྟེན་ནོར་བ་དང་གཉིས། མི་གཤིས་བརྟན་པོ་མེད་པས་མིའི་བེད་སྤྱོད་འོག་ཏུ་ཐེངས་མང་ཚུད་པ་དང་གསུམ་གྱིས་ཐོབ་པའི་རེ་བ་ནི་བྲལ་བ་རེད།

    Reply
  6. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ཕག་རི་ཤོར་ཟུར་འདི་ངར་བ་ཞིག་རེད་གོ མིག་ཤེལ་སྣ་ལ་གཟར་ནས་ཐོན་བྱུང་ང་། འོན་ཀྱང་ཡངས་གླིང་ཟླ་བ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་འདུག ད་ག་རེ་བྱེད་ཀྱི་ཡིན།
    དབུས་གཙང་ཚང་ལ་མྱི་རྫོགས་པ་མ་རེད་དམ། ད་འདི་འདྲ་དོན་ཡོང་ནས་ག་རེ་བྱེད་ཀྱི་ཡོད་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    རྒད་པོའི་དམིགས་ཡུལ་ནི་སྤྱི་ཚོགས་ལ་མིག་དཔེ་ཞིག་སྟོན་བསམ་པ་ཡིན་སྲིད། དེ་མིན ་་་་་་ ་་་ ་་་་་་་

    Reply
  8. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ། རྟ་ལམ་བོང་བུས་བཀག་ཞེས་པའི་གཏམ་དཔེ་ཞིག་གོ་ཨེ་མྱོང༌། གོ་མ་མྱོང་ན་འདིར་འདུག་གོ།

    Reply
  9. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    སྐུ་ཉིད་ལ་རྒྱལ་ཁ་ཐོབ་ནའང་།
    ང་ཚོ་ལ་ཕམ་ཁ་ལས་རྒྱལ་ཁ་ཁག་པོ་མིན་ནམ།

    Reply
  10. གཞི་དྲང་པོ་ says:
    ལོ་ 16 སྔོན།

    གཞི་དྲང་པོ་
    ༢༠༡༠/༠༨/༢༣ ཉིན་འདོན་སྤེལ་བྱས། དམངས་གཙོའི་ཁྱད་ཆོས་མཚུངས་པའི་དོ་བླངས་ཐོག་ཡབ་ཆེན་ལགས་སྤྱི་མཐུན་འོས་གཞི་ནང་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་ ཕྱོགས་ལྷུང་མེད་པ་གཅིག་སྒྲིག་ནུས་པ་བཏོན་གྱི་ཡིན་གསུངས་པ་རླབས་ཆེན་རེད་ལ་ དགྲ་བོ་ལ་
    ཁ་གཏད་བཅོག་དགོས་ན་ དོར་དུ་མིན་རུང་བའི་ལག་ཆ་རེད་ བོད་མི་ཡོངས་རྗོགས་ནས་མཁྱེན་པ་གནང་རོགས་གནང་། དེ་ཡང་ཁ་ཞེ་གཉིས་མེད་ཐོག་དིན་ལ་འཁྱོལ་པ་གནངགརོགས་འབོད་སྐུལ་ཞུ་། ཡབ་ཆེན་སྐུ་ཉིད་ཀྱི་ཤེས་ཡོན་དང་ འཇོན་ཐང་ ཉམས་མྱོང་
    ལོ་རྒྱུས་གཙང་མ་ཞིག་བཀོད་རོགས་གནང་། སེམས་ཤུགས་ཁོ་ནས་ནུས་པ་ཐོན་གྱི་མེད་ དགོངས་འཇགས་མཚལ་།།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    སྐུ་ཉིད་ལ་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese