མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མ་སུ་རིར་རྩིས་རིག་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp
ཉེ་ཆར་མ་སུ་རིར་བོད་ཁྱིམ་སློབ་གྲྭ་༡༣ནང་ཁུལ་དུ་རྩིས་རིག་གི་འགྲན་བསྡུར་ཞིག་བྱས་འདུག
 
དེ་རིང་འདི་གར་མ་སུ་རི་བོད་ཁྱིམ་གྱིས་བཏང་གནས་ལྟར་ན། མ་སུ་རི་བོད་ཁྱིམ་གྱིས་༸གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆ་ཤས་སུ།ཟླ་འདིའི་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་མ་སུ་རི་བོད་ཁྱིམ་གྱིས་མཐུན་རྐྱེན་སྦྱར་ཏེ། བོད་སློབ་ནང་ཁུལ་དུ་རྩིས་རིག་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པར་འཛུལ་ཞུགས་གནང་མཁན་སློབ་གྲྭ་ཁག་ ༡༣ བྱུང་ཡོད་པ་དང་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག མ་སུ་རི་བོད་ཁྱིམ་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་རང་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྣང་གསལ་མར་མེ་ཕུལ་ཏེ་མཛད་སྒོ་དབུ་འབྱེད་གནང་།
 
སྐབས་དེར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ།  བརྒྱད་པ། དགུ་པ། བཅུ་པ་བཅས་ཀྱི་སློབ་ཕྲུག་ནས་ཨང་རྩིས་ཐོག་ཚད་མ་རིགས་པའི་ལམ་ནས་རྩོད་འགྲན་གྱི་གཟིགས་འབུལ་ཞུས་པ་དང༌། སྐུ་མགྲོན་ཀརྨ་དགེ་ལེགས་མཆོག་གིས་ང་ཚོས་བྱེད་སྒོ་གང་ཞིག་སྤེལ་ཀྱང་དེར་གྲུབ་འབྲས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་སྟབས། སློབ་ཕྲུག་ཚོའི་ཨང་རྩིས་ཐོག་ཡར་རྒྱས་ཡོང་རྒྱུའི་ལས་འགུལ་འདི་ལྟ་བུ་བོད་མིའི་སྤྱི་ཚོགས་ནང་ཐེང་དང་པོ་སྤེལ་བར་བསྔགས་བརྗོད་ཡོད་ཅེས་གསུངས་འདུག
 
ཉིན་རྒྱབ་སློབ་གྲྭ་ཁག་གི་ཨང་རྩིས་འགྲན་བསྡུར་བྱས་པར་ཨང་དང་པོར་སཱ་ལ་ཁུའུ་བོད་ཁྱིམ་དང༌། ཨང་གཉིས་པར་ར་སྤུར་བོད་ཁྱིམ། ཨང་གསུམ་པར་སྤོན་ཊ་གཏན་སློབ་བཅས་ཀྱིས་བླངས་པ་དང༌། ཚེས་ ༢༠ ཉིན་གྱི་སྔ་དྲོར་བོད་ཁྱིམ་སློབ་གྲྭའི་རྩིས་རིག་སྡེ་ཚན་ནས་རྩིས་རིག་ཐོག་འགྲེམས་སྟོན་ཞིག་ཀྱང་ཞུས་པ་དང་། ཉིན་རྒྱབ་གཏམ་བཤད་འགྲན་བསྡུར་ཞིག་ཞུས་པར་ཨང་དང་པོར་མ་སུ་རི་བོད་ཁྱིམ། ཨང་གཉིས་པར་སཱ་ལ་ཁུའུ་བོད་ཁྱིམ། ཨང་གསུམ་པར་ངྷ་སྟེང་བོད་ཁྱིམ་བཅས་ཀྱིས་བླངས་ཏེ་སྐུ་མགྲོན་ཀརྨ་དགེ་ལེགས་ཀྱིས་གཟེངས་བསྟོད་ཕྱག་འཁྱེར་དང་ཁུངས་སོ་སོར་འཛུལ་ཞུགས་ཕྱག་འཁྱེར་གནང་ཡོད།
 
བསྐྱར་འགོད་པ། ཨ་རིག་འགྱུར་མེད།

མཆན། 4

  1. མཁའ་དབུགས་གསར་བ says:
    ལོ་ 12 སྔོན།

    ཨང་རྩིས་ཐོག་ཚད་མ་རིགས་པའི་ལམ་ནས་རྩོད་འགྲན་གྱི་གཟིགས་འབུལ་ཞུས་པ།
    ཚད་མ་རིགས་པ་ཟེར་བ་ཅི་ཞིག་གི་དོན་རེད།
    ཡང་་སྨྱ་ས་སྨྱོས་སེའི་བྱ་འགུལ་རེ་སྤེལ་ནས་རང་མགོ་རང་གིས་གཡོག་གི་མེད་ན་བཟང་གི་ལ།

    Reply
  2. རྐང་གསུམ། says:
    ལོ་ 12 སྔོན།

    འདི་འདྲའི་ལས་དོན་སྒྲུབ་པ་ལ་ཐུགས་རྗེ་ཆེ།

    Reply
  3. འཇམ་དབྱངས། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གིས་ཤེས་རིག་ལས་ཁུངས་ལ་དངུལ་ཡོད་གསུངས། བོད་གཞུང་གིས་བོད་རང་དབང་སློབ་སྦྱོང་གིས་ལེན་དགོས་ཟེར། ཤེས་རིག་ལས་ཁུངས་ཀྱིས་ང་ཚོར་དངུལ་འདང་གི་མི་འདུག་ཟེར། ངས་བོད་གཞུང་གིས་གཞོན་སྐྱེས་ཚོར་བདག་པོ་ཡག་པོ་རྒྱག་གི་མི་འདུག་ཟེར། གཞོན་སྐྱེས་ཚོས་ང་ཚོ་Ph.D སོགས་ཀྱི་སློབ་སྦྱོང་ལ་ཞུགས་འདོད་ཡོད་ཀྱང་སློབ་ཡོན་རག་གི་མི་འདུག་ཟེར། གང་ལྟར་འདི་ཚོ་འགལ་བ་ལྟག་སྤྲོད་ཀྱི་གནས་ཚུལ་རེད།

    Reply
  4. འཇམ་དབྱངས། says:
    ལོ་ 12 སྔོན།

    འདི་འདྲའི་འགྲན་བསྡུར་བྱས་པ་ནི་ཧ་ཅང་ཡག་པོ་རེད། སློབ་ཚན་འདྲ་མིན་ཐོག་འགྲན་བསྡུར་བྱེད་པ་ནི་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་དང་ཕྱོགས་མང་པོའི་གནས་ཚུལ་ཤེས་པར་ཕན་ཐོགས་ཡོད། ཡིན་ན་ཡང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བསམ་མེད་ཚོར་མེད་དུ་སྡོད་པའི་རྟུལ་ཞུགས་སྤངས་ནས་མ་འོངས་པའི་རེ་བ་རྒྱག་སའི་བོད་ཕྲུག་འདི་ཚོར་བདག་གཅེས་གཟབ་ནན་སྒོས་B.A དང་M.A.དེ་ལས་ལྷག་པའི་Ph.D. ལ་འགྲོ་ཐུབ་པའི་སློབ་ཕྲུག་རྣམས་ལ་ཆ་རྐྱེན་མེད་པའི་ཐོག་ནས་སློབ་ཡོན་ནར་གཏོང་གི་རོམས་རམ་བྱེད་རྒྱུ་ནི་ཤེས་རིག་ལས་ཁུངས་ཀྱི་ལས་འགན་རེད། དེ་མིན་ཤེས་ཚོར་མེད་པའི་ངང་ད་དུང་མུ་མཐུད་བསྡད་ཚེ་ལོ་ཤས་གོང་གནང་བའི་ཐུགས་ཕམ་པའི་བཀའ་སློབ་དེ་ལྟ་བུ་ཡང་བསྐྱར་གནང་སྲིད་པར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist