མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱ་གཞག་རླབས་ཆེན་སྒྲུབ་མཁན་མང་པོ་ཡོང་བའི་རེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

གདན་ས་ཆེན་པོ་ཞིག་གི་ནང་ལ་གཞི་རིམ་སློབ་གྲྭ་བཙུགས་ཏེ་དེང་རབས་ཀྱི་ཤེས་ཡོན་སྤྲད་པ་འདི། མ་འོངས་པར་གཞུང་ཆེན་སྦྱོང་སྐབས་མཐུན་རྐྱེན་དུ་འགྲོ་བའི་ཆེད་རེད་མ་གཏོགས། འགལ་རྐྱེན་དུ་ཕྱིན་པ་ཡིན་ན་ཐོག་མའི་དམིགས་ཡུལ་དང་འགལ་སོང་བ་རེད། ལྷ་བདུད་དུ་བབ་སྨན་དུག་ཏུ་སོང་ཟེར་བ་དེ་ཆགས་འགྲོ་བ་རེད། འཛིན་གྲྭ་དང་པོ་ནས་བཟུང་སློབ་ཚན་གང་ཞིག་ཡིན་རུང་མ་འོངས་པར་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་ཡིན་སྙམ་པའི་ཀུན་སློང་བཟུང་སྟེ་སློབ་སྦྱོང་བྱ་དགོས་པ་རེད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཕྱེད་ཀའི་སྟེང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་སེར་བྱེས་འབྲིང་རིམ་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ། སློབ་གྲྭ་དེ་གའི་མཆོད་ཁང་སྟེང་ཤོད་གཉིས་སྒོ་འབྱེད་རབ་གནས་མཛད་ཅིང་། སློབ་གྲྭའི་མདུན་ཐང་ནས་དགེ་ལས་སློབ་ཕྲུག་ཡོངས་དང་ལྷན་དུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏོན་ཞིང་། སློབ་ཕྲུག་ཁག་ཅིག་གིས་བོད་སྐད་དང་དབྱིན་སྐད། ཧིན་སྐད། རྒྱ་སྐད་བཅས་ཀྱི་ཐོག་ནས་གཏམ་བཤད་གནང་སོང་། དེའི་རྗེས་སློབ་གྲྭའི་ཚོགས་ཁང་དུ་ཕེབས་ཏེ་སེར་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལྷན་འཛོམས་ཐོག་སློབ་སྤྱི་མཆོག་གིས་སློབ་གྲྭའི་ངོ་སྤྲོད་གནང་དོན། སེར་བྱེས་སློབ་གྲྭ་འདི་ཉིད་ལོ་རབས་བདུན་ཅུ་བའི་ནང་དགེ་འདུན་པ་ཚོར་ཆོས་ཁོ་ན་མིན་པར། བོད་པའི་རིག་གནས་དང་དབྱིན་སྐད་སོགས་བསླབ་ཆེད་དུ་བཙུགས་པ་རེད། ལོ་རབས་བརྒྱད་ཅུ་བའི་ནང་རང་སྐྱོང་སྡེ་ཚན་ཞིག་གི་ངོ་བོའི་ཐོག་ནས་རྒྱ་སྐྱེད་བཏང་སྟེ་ཚད་ལྡན་གཞི་རིམ་སློབ་གྲྭའི་ངོ་བོར་བསྒྱུར་ཐུབ་པ་བྱུང་ཡོད། ལོ་རབས་དགུ་བཅུའི་ནང་འཛིན་གྲྭ་བཅུ་བའི་པར་སྤར་ཏེ། ༡༩༩༧ ལོར་རྒྱ་གར་དབུས་གཞུང་ཤེས་རིག་ལྷན་ཚོགས་ཀྱིས་ངོས་འཛིན་ཐོབ་རྗེས་ལོ་ལྟར་འཛིན་གྲྭ་བཅུ་བའི་སློབ་ཕྲུག་རྣམས་ཕྱི་ཟླ་གསུམ་པར་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་བའི་ཡིག་ཚད་ནང་མཉམ་ཞུགས་བྱེད་ཀྱི་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ནང་སེར་མོ་བའི་སློབ་གྲྭ་ཞིག་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭའི་ནང་འཛུལ་ཞུགས་གོ་སྐབས་ཐོབ་པ་ཐོག་མ་དེ་ཆགས་ཡོད། ཅེས་དང་།

 

ཁོས་མུ་མཐུད་དུ་གསུངས་དོན། ད་ཆར་སློབ་ཕྲུག་ ༦༣༠ དང་དགེ་ལས་ ༧༠ ཙམ་ཡོད། ལོ་ལྟར་སློབ་ཕྲུག་ ༧༠ ཡས་མས་གསར་བསྡུ་བྱེད་ཀྱི་ཡོད་ལ། སློབ་མ་དེ་དག་བོད་ནས་གསར་དུ་ཕེབས་མཁན་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་། སོག་པོ་དང་ཐེ་ཝན་བཅས་ནས་ཀྱང་ཡོད། སློབ་མ་འདི་དག་ཡོངས་ལ་སྡོད་ས་དང་ཞལ་ལག སློབ་ཡོན་སོགས་མཐུན་འགྱུར་ཆ་ཚང་སློབ་གྲྭ་རང་གིས་གཏོང་གི་ཡོད། སློབ་ཚན་གྱི་ཐད་ནས་རྒྱ་གར་དབུས་གཞུང་གི་འབྲིང་རིམ་སློབ་གྲྭའི་སློབ་ཚན་དང་སློབ་དེབ་གཞིར་བཟུང་སྐད་ཡིག་ཙམ་མ་གཏོགས་སློབ་ཚན་གཞན་དག་ཚང་མ་བོད་ཡིག་ཐོག་འཁྲིད་ཀྱིན་ཡོད་ཅིང་། འཛིན་གྲྭ་དྲུག་པ་ནས་མཚན་ཉིད་སློབ་ཁྲིད་དང་། སྔ་དགོང་གཉིས་ལ་དགོན་པའི་འགྲོ་སྟངས་ལྟར་ནང་ཆོས་བློ་འཛིན། དེ་བཞིན་ཆོས་རར་ཕེབས་ཏེ་མཚན་ཉིད་རྩོད་པ་སྦྱོང་བརྡར་སོགས་གནང་གི་ཡོད། ༢༠༠༦ ལོ་ནས་རྒྱ་ཡིག་གི་སློབ་ཚན་ཆེད་འཛུགས་བྱས་ཏེ། ད་ཆར་འཛིན་གྲྭ་གསུམ་པ་ནས་དྲུག་པའི་བར་འཁྲིད་བཞིན་ཡོད་ལ། མ་འོངས་པར་འཛིན་གྲྭ་བརྒྱད་པའི་བར་གཏན་འབེབས་བྱ་འཆར་ཡོད། སློབ་གྲྭ་འདི་ནས་འཛིན་གྲྭ་བཅུ་བ་ཐོན་སྐབས། སློབ་ཕྲུག་ཕལ་མོ་ཆེ་གྲྭ་ཚང་གི་དམིགས་ཡུལ་བཞིན་ཆོས་རར་ཞུགས་ཏེ་གཞུང་ཆེན་ལ་ཐོས་བསམ་གནང་གི་ཡོད་ལ། ཡང་མང་པོ་ཞིག་ཝ་རཱ་ན་སི་གཙོས་པའི་བོད་པའི་མཐོ་སློབ་ཁག་དང་། རྒྱ་གར་མཐོ་སློབ་ཁག་ཏུ་འཛུལ་ཞུགས་བྱེད་ཀྱི་ཡོད། ཅེས་ངོ་སྤྲོད་གནང་སོང་།

 

དེའི་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། སྤྱིར་སློབ་གྲྭ་འདིའི་སྐོར་གྱི་གནས་ཚུལ་མང་ཆེ་བ་ཤེས་ཀྱི་ཡོད། རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་ཀྱི་ཡོད། གཞུང་ཆེན་སློབ་གཉེར་གནང་སའི་ཆོས་སྡེ་སེར་བྱེས་གྲྭ་ཚང་ནང་། སྤྱིར་བཏང་གི་སྐད་ཡིག་དང་གཞི་རིམ་སློབ་གྲྭའི་སློབ་ཚན། དེང་རབས་དང་མཐུན་པའི་སློབ་གྲྭ་ཞིག་བཙུགས་པ་འདི་ང་ཚོ་སྐྱབས་བཅོལ་དུ་འབྱོར་བའི་ཚུན་ལ་གསར་གཏོད་བྱས་པའི་ལས་གཞིའི་གྲས་ཤིག་རེད། ཐོག་མར་གདན་སར་སློབ་གྲྭ་འཛུགས་རྒྱུའི་ཐོག་ལ་བགྲོ་གླེང་མང་པོ་བྱུང་བ་རེད། ཁག་ཅིག་གིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ལ་དེང་རབས་ཀྱི་ཤེས་ཡོན་དང་སྐད་ཡིག་འདྲ་མིན་དགོས་པ་མ་རེད། གལ་སྲིད་བསླབས་ཀྱང་གཞིར་རྩའི་ཐོས་བསམ་ལ་གནོད་གི་རེད་ཟེར་མཁན་དང་། ཁག་ཅིག་གིས་སངས་རྒྱས་ཀྱི་བསྟན་པ་དེང་གི་དུས་རབས་ནང་གནས་དགོས་ན། བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་ཡང་དེང་གི་དུས་དང་མཐུན་པ་ཞིག་དགོས་པ་རེད་ཟེར་ཁག ཁ་ཚ་དགོས་གཏུགས་ཀྱི་རྒྱུ་མཚན་ཞིག་ལ། དགོན་པའི་ནང་གཞི་རིམ་སློབ་གྲྭའི་ཤེས་ཡོན་སྤྲོད་ས་ཞིག་མེད་སོང་ན། བྱིས་པ་ཆུང་ཆུང་ཚོ་དགོན་པར་ཞུགས་གི་མ་རེད་ཟེར་བ་སོགས་བྱུང་བ་རེད། བདུན་ཅུ་དོན་གྲངས་ནང་བོད་ནས་ཕེབས་མཁན་མེད་པར་གདན་སར་གྲྭ་རྒྱུན་ཉུང་ཉུང་ཡིན་སྟབས། ལོ་གཞོན་ཚོ་གྲྭ་བ་བྱ་རྒྱུར་རེ་བ་བརྒྱབ་སྟེ་གྲྭ་སར་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་ས་བཙུགས་པ་རེད། ད་ལྟ་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་སློབ་གྲྭ་བཙུགས་པ་དེ་ཡག་པོ་བྱུང་འདུག ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་སློབ་ཕྲུག་ཚོར་གོ་སྐབས་ཡག་པོ་དམ་འཛིན་བྱ་དགོས་སྐོར་གསུངས་དོན། ཁྱེད་ཅག་གི་སློབ་གྲྭར་སློབ་ཕྲུག་དྲུག་བརྒྱ་ལྷག་ཡོད་རབས་གསུངས་སོང་། བརྒྱ་ཆར་བགོས་ན་སློབ་མ་བརྒྱ་ཡི་ནང་ནས་ཡག་པོ་བཅུ་ཐོན་པ་ཡིན་ན། དྲུག་བརྒྱའི་ནང་ནས་དྲུག་ཅུ་འཐོན་གི་རེད། དེར་བརྟེན། སློབ་གྲྭ་འདིར་མ་འོངས་པར་བསྟན་པ་འཛིན་སྐྱོང་གི་བྱ་བ་རླབས་ཆེན་བསྒྲུབ་ཐུབ་མཁན་མང་པོ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཁྱེད་ཅག་ལ་མཚོན་ན་སྐལ་བ་བཟང་པོ་རེད། བོད་ནང་ལ་མཚོན་ན་ཁྱེད་ཅག་དང་མཉམ་པའི་ན་གཞོན་མང་པོ་ཞིག་སློབ་གྲྭའི་གོ་སྐབས་རག་གི་ཡོད་པ་མ་རེད་དེ། རྒྱ་གཞུང་གི་ཡིག་ཆར་བལྟས་ན། བོད་རང་སྐྱོང་ལྗོངས་ལ་མཚོན་ན། སློབ་ལོ་རན་པའི་བྱིས་པ་བརྒྱ་ཆ་ ༢༧ ཙམ་མ་གཏོགས་སློབ་གྲྭའི་གོ་སྐབས་རག་མི་འདུག དེ་དག་ལའང་རྒྱ་ཡིག་རྒྱ་སྐད་ཐོག་ནས་དེང་གི་ཤེས་ཡོན་ཙམ་ལས་བོད་པའི་ནང་ཆོས་ཕར་ཞོག བོད་པའི་སྐད་ཡིག་རིག་གནས་ཙམ་ཡང་རག་གི་ཡོད་པ་མ་རེད། རྒྱ་གར་ལ་མཚོན་ན། ཤེས་ཡོན་སློབ་སྦྱོང་དེ་ཁེ་ཕན་གྱི་གྲས་ནས་བཏོན་ཏེ། ཁྲིམས་ཐོག་ནས་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་གི་གྲས་སུ་བཞག་ཡོད་ཀྱང་། ད་དུང་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་རག་གི་ཡོད་པ་མ་རེད། ཅེས་གསུངས་སོང་།

 

བཀའ་ཁྲི་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭའི་རྒྱ་ཡིག་སློབ་ཚན་ལ་བསྟོད་བསྔགས་གནང་དོན། གདན་ས་ཆེན་པོ་ཞིག་གི་ནང་ལ་གཞི་རིམ་སློབ་གྲྭ་བཙུགས་ཏེ་དེང་རབས་ཀྱི་ཤེས་ཡོན་སྤྲད་པ་འདི་མ་འོངས་པར་གཞུང་ཆེན་སྦྱོང་སྐབས་མཐུན་རྐྱེན་དུ་འགྲོ་བའི་ཆེད་དུ་རེད་མ་གཏོགས། འགལ་རྐྱེན་དུ་ཕྱིན་པ་ཡིན་ན་ཐོག་མའི་དམིགས་ཡུལ་དང་འགལ་སོང་བ་རེད། ལྷ་བདུད་དུ་བབ་སྨན་དུག་ཏུ་སོང་ཟེར་བ་དེ་ཆགས་འགྲོ་བ་རེད། དེར་བརྟེན། འཛིན་གྲྭ་དང་པོ་ནས་བཟུང་སློབ་ཚན་གང་ཞིག་ཡིན་རུང་མ་འོངས་པར་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་ཡིན་སྙམ་པའི་ཀུན་སློང་བཟུང་སྟེ་སློབ་སྦྱོང་བྱ་དགོས་པ་རེད། དམིགས་ཡུལ་དེ་བཟུང་བ་ཡིན་ན་སློབ་སྦྱོང་བྱས་པའི་དགོས་པ་རླབས་ཆེན་འགྲུབ་ཡོང་གི་རེད། འདི་སེམས་ལ་ཉར་རྒྱུ་གལ་ཆེན་པོ་ཡིན། གཞན། སློབ་གྲྭ་འདིར་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་གནང་གི་ཡོད་གསུངས་སོང་། དེ་ཞེ་དྲག་ཡག་པོ་རེད། རྒྱ་མི་ལ་སྐད་ཆ་བཤད་དུ་འགྲོ་རྒྱུའི་གོ་སྐབས་ཁག་པོ་ཡིན་ཡང་། བོད་ཡིག་ནང་འགྱུར་མེད་པའི་བཀའ་དང་བསྟན་ཆོས་མང་པོ་རྒྱ་ཡིག་ནང་ཡོད་པ་རེད། དེ་བཞིན་རྒྱ་སྐད་ནང་མེད་པར་བོད་སྐད་ནང་ཡོད་པ་ཡང་མང་དག་ཅིག་ཡོད། མ་འོངས་པར་བོད་སྐད་ནང་མེད་པར་རྒྱ་སྐད་ནང་ཡོད་པ་བོད་ཡིག་ཐོག་བསྒྱུར་རྒྱུ་དང་། རྒྱ་སྐད་ནང་མེད་པར་བོད་སྐད་ནང་ཡོད་པ་ཕར་རྒྱ་སྐད་ནང་བསྒྱུར་རྒྱུ་སོགས་ཀྱི་ལས་དོན་རླབས་ཆེན་འགྲུབ་གི་རེད། ཅེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སེ་ར་དགོན་ནས་སྤེལ། ༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    བོད་རང་སྐྱོང་ལྗོངས་ལ་མཚོན་ན། སློབ་ལོ་རན་པའི་བྱིས་པ་བརྒྱ་ཆ་ ༢༧ ཙམ་མ་གཏོགས་སློབ་གྲྭའི་གོ་སྐབས་རག་མི་འདུག
    ད་རྫུན་ལབ་ཀྱིན་མ་འདུག བཀའ་བློན་ཁྲི་བ་ཞིག་གིས་འདི་ལྟར་རྫུན་ལབ་ན་ག་ལ་རུང་། ད་རི་བོང་རི་བོང་ཤོར་འདོན་པ་འདོན་ པ་ཤོར་བའི་ཚད་ལ་འགྲོ་རྒྱུ་རེད། ཀླད་རྒན་འདི་ཚོས་ཐབས་ཤེས་སྣ་ཚོགས་འཐེན་ནས་མི་རིགས་འདི་ཉམས་པར་བྱེད་དུ་འཇུག་འདོད་གི་འདུག
    ཁྱེད་ཚོར་གནས་སྐབས་ཙམ་གྱི་གནས་སྟངས་ལ་མ་གཏོགས་ཡུན་རིང་པོར་བསམ་བློ་གཏོང་བའི་མིག་མེད་པ་འདི་ཅི་ཨང་།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སྤྱིར་བོད་པའི་སྤྱི་ཚཽགས་ལ་མཚོན་ན་འབྲེང་རིམ་སློབ་གྲྭ་འདིའི་ཐོག་མཐའ་བར་གསུམ་གསུམ་གྱི་བྱ་བ་ལེགས་འགྲུབ་བྱུང་་པ་དང་བྱུང་བཞིན་འབྱུང་འགྱུར་སོགས་ལ་དགའ་འོས་བ་ཞིག་ལོས་ཡིན།
    འོན་ཀྱང་འདི་གདན་ས་ཆེན་མོ་ཞིག་ལ་མཚོན་ན་བཀྲིས་པ་ཞིག་གཏད་ནས་རེད་མི་འདོད
    འཛིན་རིམ་བཅུ་བ་ཐོན་དེ་མགོ་རིལ་དང་སྐྲ་རིང་གཉིས་ལས་ཕྱི་མ་གཉེར་མཁན་%90

    Reply
  3. གངས་མྱུག says:
    ལོ་ 16 སྔོན།

    གྲྭ་སའི་སློབ་གཉེར་བྱེད་སྟངས་ལ་འགྱུར་བ་ཞིག་མ་བཏང་ན་འདི་དག་རེ་བ་རྒྱག་ས་ནོར་བ་ཡིན། སློབ་མཐར་ཕྱིན་དུས་ཆོས་རྭར་འགྲོ་མཁན་ཤིན་ཏུ་དཀོན་པས་གྲ་སའི་རྒྱུན་འཛིན་པ་ཞིག་ཡོང་མི་སྲིད། དེའི་རྒྱུ་རྐྱེན་ནི། ཚོས་རྭའི་སློབ་ཡུན་དང་ཉིན་རེའི་ཚོགས་ཐུན་རིང་བ། དེང་དུས་ཀྱི་སློབ་ཚན་མེད་པ།དེང་གི་མིའི་བསམ་བློ་དང་མཐུན་པའི་སློབ་སྦྱོང་སྤྲོད་ཀིན་མེད་པ་སོགས་ཀྱིས་ཆོས་རྭར་འཛུལ་མ་འདོད་པ་ཡིན་པས་གདན་སའི་སློབ་གཉེར་བྱེད་སྟངས་སྐོར་ལ་ཀུན་གྱིས་བསམ་བློ་གཏོང་རན་ལ་སླེབས་ཡོད།

    Reply
  4. ལག་དམར། says:
    ལོ་ 16 སྔོན།

    good news

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    སློབ་ཕྲུག་འདི་དག་མ་འོངས་པར་གཞུང་ཆེན་སློབ་གཉེར་དང་། བོད་ཡིག་ལ་མེད་པའི་བཀའ་བསྟན་རྒྱ་ཡིག་ནས་ཚུར་དང་། ཕར་བསྒྱུར་རྒྱུའི་ཆེད་ཙམ་ལ་གསོ་སྐྱོང་བྱས་པ་ཡིན་ན་དགེ་མཚན་ཆུང་ཆུང་རེད། རྒྱ་དཀར་ནག་སོགས་ཀྱི་སྐད་ཡིག་ལ་ཡོད་པའི་སངས་རྒྱས་ཀྱི་གསུང་། བོད་ཡིག་ལ་བསྒྱུར་མ་ཐུབ་པས་ང་ཚོར་ཉམས་རྟོགས་སྐྱེས་མ་ཐུབ་པ་ཞིག་ཨེ་ཡིན་ནམ། དེ་ལས་ང་ཚོས་ཉམས་ལེན་མི་ནུས་ན་ཡང་ནང་ཆོས་དངོས་མ་དེ་གང་ཡིན་དངོས་ཟིན་ཐུབ་ཐབས་ལ་འབད་དགོས་པ་ཞིག་རེད། མི་མང་པོ་ཞིག་གིས་ནང་ཆོས་ནི་འཛམ་གླིང་གི་ཁྱད་ནོར་རེད་ཅེས་གླེང་བཞིན་ཡོད་ན་ཡང་། ཕར་དེ་ལྟ་བུའི་ནང་ཆོས་དེ་གང་རེད་ཅེས་དྲི་བ་ཞིག་བཀོད་ཚེ། ལུང་རྟོགས་གང་གི་ཆ་ནས་ཀྱང་ལན་འདེབ་མཁན་ཧ་ཅང་དཀོན་པོ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese