སང་ཉིན་ནས་ཉིན་གཉིས་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྡོ་རྗེ་གཅོད་པའི་བཀའ་ལུང་དང་གསུང་ཆོས་གནང་རྒྱུ་ཡིན་འདུག
ལྷོ་ཀོ་རིའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་གནང་བ་ལྟར། སང་ཉིན་ཏེ་ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་དང་། བཞུགས་སྒར་གྱི་སེར་སྐྱ་མི་མང་ལ་རྡོ་རྗེ་གཅོད་པའི་བཀའ་ལུང་དང་གསུང་ཆོས་གནང་རྒྱུ་ཡིན་འདུག
ཐེངས་འདིར་༸གོང་ས་མཆོག་གི་གསུང་ཆོས་གནང་སྐབས་སྐད་བསྒྱུར་བ་ཚོས་ཀོ་རི་ཡའི་སྐད་དང་རྒྱ་གར། དབྱིན་སྐད་བཅས་སྐད་རིགས་གསུམ་གྱི་སྟེང་ཕབ་བསྒྱུར་གྱིས་རྒྱང་བསྲིངས་བྱ་འཆར་ཡོད་པར་མ་ཟད། དད་ལྡན་སེར་སྐྱ་མང་ཚོགས་ལ་སྟབས་བདེ་ཡོང་ཆེད། དྲ་གནས་ཐོག་ཐད་ཀར་གསན་གཟིགས་ཐུབ་པ་བྱ་འཆར་ཡོད་འདུག
ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་ཡོངས་སུ་གྲུབ་རྗེས། ཕྱི་ཟླ་ ༩ པའི་ཚེས་ ༤ ཉིན་རྒྱ་གར་གྱི་ས་གནས་ཁག་ཅིག་ལ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། འཛམ་གླིང་ཆོས་ལུགས་རང་དབང་ཚོགས་ཆེན་ཐེངས་སོ་གསུམ་པའི་སྟེང་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།
གསར་འགོད་པ་དོན་གོ།
ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱིས།།
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།།
རྒྱལ་བའི་བསྔགས་པའི་ལམ་བཟང་འདི་ཉིད་ལས།།
སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག།
དྲ་གནས་ཐོག་ཐད་ཀར་གསན་གཟིགས་ཅི་ལྟརབྱེད་དགོས་སམ།
གསལ་བོ་གསུང་རོགས།