མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གིས་དབྱིན་ཇིའི་སློབ་གསོ་སྡེ་ཁག་སྤྱད་ནས་དབྱིན་ཇིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

Flags of China and the Union Jack stand during the China-UK Energy Dialogue in Beijing, China, March 17, 2025. ( Florence Lo/Pool/AP

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  དབྱིན་ཇིའི་གསང་བའི་ལས་ཁུངས་ (MI5) ཀྱིས། རྒྱ་ནག་གི་སྤྱི་ཁྱབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་ (CGTRI) གིས་དབྱིན་ཇིའི་རིག་ནུས་དང་དྲ་རྒྱའི་བདེ་འཇགས། གསང་བའི་འབྲེལ་ལམ་མ་ལག སྦས་གསང་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་ལས་ཀ་བྱེད་བཞིན་པའི་སློབ་གཉེར་བ་ཚོར་གསང་ཉུལ་བྱས་ཏེ། རྒྱ་ནག་དབུས་གསང་བའི་ལས་ཁུངས་ལ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད་པའི་གནད་དོན་ཐེར་འདོན་བྱས་འདུག

དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས། དབྱིན་ཇིའི་གཙུག་ལག་སློབ་གཉེར་ཁང་ཁག་དང་དེའི་སློབ་གཉེར་བ་རྣམས་ཀྱིས་རྒྱ་ནག་གི་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་དེ་དང་མཉམ་ལས་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་ཅིང་། ཞིབ་འཇུག་ལྟེ་གནས་ཁང་དེ་ནི་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་ལམ་ཧ་ཅང་དམ་པོ་ཡོད་པའི་ཚོགས་པ་ཞིག་ཡིན་སྐོར་བརྗོད་འདུག་པ་མ་ཟད། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ (MSS) གི་གསང་ཉུལ་གྱི་ནུས་པ་གོང་འཕེལ་གཏོང་ཆེད་སློབ་གཉེར་བའི་ཞིབ་འཇུག་ལ་མ་དངུལ་གཏོང་རྒྱུ་དེ་ཡིན་པས། དབྱིན་ཇིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་སྐོར་བརྗོད་འདུག

ལོན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེན་བརྡ་དེ་ནི་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། གནོད་འཚེ་གཏོང་འདོད་པའི་སྒྲོ་འདོགས་ཤིག་རེད་ཅེས་ལན་འདེབས་བྱས་འདུག་ཁར། དེ་སྔ་ནས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེའི་རིགས་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་རེད།

དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས། རྒྱ་ནག་གི་སྤྱི་ཁྱབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་གིས་དབྱིན་ཇིར་གནས་སྡོད་བྱེད་བཞིན་པའི་སློབ་གཉེར་བ་ ༡༠༠ ལྷག་ཙམ་ལ་དམིགས་འབེན་བཟུང་ཡོད་པ་དང་། ཁོང་ཚོ་ནི་རིག་ནུས་དང་དྲ་རྒྱའི་བདེ་འཇགས། གསང་བའི་འབྲེལ་ལམ་མ་ལག སྦས་གསང་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་ལས་ཀ་བྱེད་མཁན་ཤ་སྟག་རེད། ཅེས་བརྗོད་འདུག

དབྱིན་ཇིའི་སློབ་གཉེར་བ་དང་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་གིས་དེ་སྔ་ཤེས་རྟོགས་མེད་པའི་ཐོག་ནས་རྒྱ་ནག་གི་ཞིབ་འཇུག་ཚོགས་པ་དེར་མཉམ་ལས་བྱས་ཡོད་ཀྱང་། ད་ལྟ་ནས་དབྱིན་ཇིའི་སློབ་གཉེར་ཁང་ཁག་གིས་རྒྱ་ནག་གི་ཚོགས་པ་དེ་ནས་མ་དངུལ་ལེན་པའམ་ཡང་ན་མཉམ་ལས་བྱས་ཚེ།  དབྱིན་ཇིའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ (National Security Act) འོག་ནས་ཁྲིམས་ཆད་ཕོག་ཉེན་ཡོད་འདུག་ལ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དེ་ནི་ཕྱི་ལོ་ ༢༠༢༣ ལོར་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། དེས་དབྱིན་ཇིའི་གཞུང་ལ་ཕྱི་རྒྱལ་གྱི་གསང་ཉུལ་དང་དགྲ་འཛིན་གྱི་བྱེད་སྒོ་ཁག་ལ་ཚོད་འཛིན་དང་ལག་བསྟར་བྱེད་པའི་དབང་ཚད་སྤྲད་ཡོད་འདུག

དབྱིན་ཇིའི་བདེ་སྲུང་བློན་ཆེན་ཌན་ཇར་ཝི་སི་ (Dan Jarvis) ཡིས། ཉེན་བརྡ་འདིས་རྒྱ་ནག་གིས་ང་ཚོའི་ཆེད་མཁས་མི་སྣའི་ཤེས་བྱ་དང་ཞིབ་འཇུག་ལ་གསང་ཉུལ་བྱེད་བཞིན་པ་དང་། ང་ཚོ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་སྐྱོན་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་བྱས་ཡོད། རྒྱལ་སྤྱིའི་མཉམ་ལས་ནི་ང་ཚོའི་གཙུག་ལག་སློབ་གཉེར་ཁང་དང་ཞིབ་འཇུག་ལྟེ་གནས་ཁང་ཁག་མུ་མཐུད་ནས་དར་རྒྱས་ཡོང་བར་གལ་ཆེན་པོ་ཡིན་ནའང་། ང་ཚོས་ང་ཚོར་འཕྲད་བཞིན་པའི་ཉེན་ཁ་ཁག་ལ་སྲུང་སྐྱོབ་བྱེད་ཆེད་ནུས་ལྡན་གྱི་བྱ་སྤྱོད་སྤེལ་རྒྱུ་ཡིན། ཞེས་བརྗོད་འདུག་པ་དང་། ཁོང་གིས་དབྱིན་ཇིའི་གཙུག་ལག་སློབ་གཉེར་ཁང་ཡོངས་ཀྱི་མགོ་ཁྲིད་ཚོར་ཡི་གེ་བསྐུར་ནས། རྒྱ་ནག་གི་ཚོགས་པ་དེ་དང་འབྲེལ་ལམ་ཡོངས་མཚམས་འཇོག་ཁག་ཐེག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་དབྱིན་ཇི་དང་རྒྱ་ནག་གི་འབྲེལ་ལམ་རྙོག་འཛིང་ཆེ་རུ་ཕྱིན་ཡོད། དབྱིན་ཇིའི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་དོན་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོ་རོབ་ནང་གི་རྒྱ་ནག་གི་གཞུང་ཚབ་ཁང་ཆེ་ཤོས་དེ་རྒྱག་རྒྱུའི་འཆར་གཞི་ལ་ཆོག་མཆན་སྤྲད་ཡོད་ཀྱང་། རྒྱ་ནག་གི་གསང་ཉུལ་བྱེད་སྒོ་ཁག་གིས་དབྱིན་ཇིའི་དམངས་གཙོའི་ལམ་ལུགས་ལ་གཏོར་རྒོལ་གཏོང་ཐབས་བྱེད་བཞིན་པར་ཉེན་བརྡ་ཡང་ཡང་བཏང་ཡོད་པ་རེད། འདས་ལོར་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཁན་མེག་ཁོལ་ལོམ་ (Ken McCallum) ལགས་ཀྱིས། རྒྱ་ནག་གི་གསང་ཉུལ་བ་ཚོས་དབྱིན་ཇིའི་ཆེད་ལས་པ་ཚོར་མགོ་སྐོར་གཏོང་ཆེད་ལས་ཀའི་གསལ་བསྒྲགས་རྫུན་མ་བཟོས་ནས་ཁོང་ཚོའི་གནས་ཚུལ་རྐུ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག

དམིགས་བསལ་འདས་ལོའི་ཕྱི་ཟླ་  ༦  པའི་ནང་ཨ་རི་དང་དབྱིན་ཇི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། ནིའུ་ཛི་ལན་ཌ་བཅས་ཀྱི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་ཉུལ་བ་ཚོས་དྲ་རྒྱའི་ལས་ཀའི་སྟེགས་བུ་བརྒྱུད་ནས། རྒྱལ་ཁབ་དེ་དག་གི་གསང་བའི་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་མི་སྣ་བསྡུ་རུབ་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༦ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༩ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

ཆུ་ཚོད་ ༡༣ སྔོན་ལ།
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese