མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན” སྤེན་པ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོ་འདི་གའི་གསར་འགོད་པ་སྦེལ་ཀོབ་མཉམ་འབྲེལ་ལས་ཁུངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཞུགས་སྒར་ངྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་སོགས་སུ་ཚ་ཚ་འུར་འུར་གྱིས་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ལས་འགུལ་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་བཀའ་ཁྲིའི་འོས་མིའི་ཁྲོད་སྐུ་ཉིད་སླེབས་ཡོད་སྟབས། སྐུ་ཉིད་སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།

 

ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།

 

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་ལས་འཆར་གྱི་སྦྱར་ཤོག་སྟེང་ཁོ་རང་གི་ཉམས་མྱོང་གི་སྐོར་ལ་ཚན་པ་ ༡༣ བཀོད་ཡོད་པའི་ནང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས་ཤིང་། མ་རྡི་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་སྦྱོང་བྱས་རིང་། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ནཱི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཡི་ལས་འགན་ཁུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལོ་ ༡༤ རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་གཙོའི་ལས་འགན་འཁུར་མུས་ཡིན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལོ་ ༧ རིང་བྱས་ཤིང་། རྒྱ་གར་དང་བཙན་བྱོལ་བོད་མིའི་འདུ་གནས་ཕལ་ཆེ་བར་ངོ་སྐྱོད་ཀྱིས་གཞི་རིམ་གནས་སྟངས་ལ་རྒྱུས་ལོན་བྱས། ཡུ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང་། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས། རྒྱལ་སྤྱིའི་ཚོགས་ཆེན་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་བྱས་མྱོང་ཡོད། རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་ཚོགས་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་ཐེངས་མང་བྱས་མྱོང་ལ། རྒྱ་ནག་གི་ཁྲིམས་སྒྲིག་དང་། རྒྱལ་སྤྱིའི་རང་སྐྱོང་གི་གནས་བབ་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་མང་པོ་གོ་སྒྲིག་བྱས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བཀོད་འདུག

 

ཚན་པ་གཉིས་པ་ཁོང་རང་སྒེར་གྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ ༦ ཙམ་བཀོད་ཡོད་པའི་ནང་། སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་བ་མེད་པར་འདྲིས་གཤིབ་བདེ་ཞིང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་འགྲོ་སྟངས། བྱེད་སྒོ་རྣམ་བཞག་ལ་ཤེས་རྟོགས་ལེགས་པ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་མྱོང་རྒྱུས་ཟབ་པ། བོད་གཞུང་གི་སྲི་ཞུ་ལས་བྱེད་མཐོ་དམན་བར་མ་ཀུན་ལ་འབྲེལ་འདྲིས་བཟང་བ། བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་ཆ་རྒྱུས་ཆེ་ཞིང་དོ་སྣང་ཟབ་པ། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་རྐྱ་འཕེར་ངེས་ཡོད་པ་བཅས་གསལ་འདུག

 

ཚན་པ་གསུམ་པ་དམིགས་འདུན་དང་ལས་འཆར་ཁག་ ༡༦ ཙམ་ངོ་སྤྲོད་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་དགོངས་གཞི་ཁག་ལག་ལེན་བསྟར་རྒྱུར་ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ནུས་པ་གང་ཡོད་འདོན་རྒྱུ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་སོར་གོ་བསྡུར་བྱ་རྒྱུ་ཡིན་པ། བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་བཞག་དང་། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་གོང་མཐོར་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་ལ་འབད་འབུངས་བྱ་རྒྱུ་ཡིན། ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། ལས་བྱེད་སོ་སོར་ཤེས་འཇོན་རྩལ་དུ་སྤྲུགས་པའི་གོ་སྐབས་སྤྲོད་རྒྱུ་ཡིན། གཞུང་དང་མི་དམངས་གི་འབྲེལ་ལམ་དམ་ཟབ་བཏང་སྟེ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང་། དམངས་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ། བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་རྒྱུར་ཐབས་ལམ་འཚོལ་རྒྱུ་དང་། གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་འཕྲལ་ཕུགས་ཀྱི་འཆར་གཞི་སྣ་མང་འདིང་རྒྱུ། ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ཚོགས་འཛུགས་ཐབས་བྱ་རྒྱུ་དང་། གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་བཟུང་། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ་དང་། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ་འཆར་ཡོད། ཅེས་དང་།

 

དེ་བཞིན། གཞི་རིམ་ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དང་འབྲེལ། རྒྱ་ཁྱབ་ཏུ་ལག་བསྟར་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་གང་མྱུར་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས་བྱ་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ཞིབ་ཐོག བོད་མི་རང་ངོས་ནས་དང་། ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེན་ཡོང་ཐབས་བྱ་རྒྱུ་དང་། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་མཉམ་འབྲེལ། བལ་གོས་འཚོང་མཁན་ཚོར་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དང་། ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཚད་མཐོ་རུ་གཏོང་རྒྱུ། རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱལ་ཡུལ་ལུང་ཁག་གི་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་འབྲེལ་འཛུགས་ཐབས་བྱ་རྒྱུ་ཡིན། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་མིའི་ཆོས་རིག་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ། དེ་བཞིན། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་། ལུང་ཁུག་གཞིས་ཆགས་ཁག་ཏུ་ནད་པ་བོར་འདྲེན་སོགས་ལ་སྣུམ་འཁོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་བཅས་ངོ་སྤྲོད་གནང་འདུག

བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པ་རྗེས་ནས་འགོད་རྒྱུ་ཡིན།

༼གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་སྤེལ༽

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 122

  1. kaltso says:
    ལོ་ 15 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པ་བཀྲ་ཤིས་བདེ་ལེགས་ཡོད།ཁྱེད་ཀྱིས་བསམ་བློ་སྔོན་སོང་གི་གྲ་སྒྲིག་མང་པོ་ཞིག་ཡོད་ཀྱང་ལག་ལེན་དུ་འདེབས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།དང་པོ་འཇོན་རབས་ཀྱི་ཆ་རྐྱེན་མང་པོ་ཞིག་གླེང་ནས་མི་དམངས་ཀྱི་བསམ་བློ་བསླུ་སྟེ་ཐོག་ཏུ་བབས་དུས་ལག་ལེན་ཚུལ་བཞིན་བྱེད་མ་ཐུབ་ན་རང་ལ་འཕྱ་འདྲེ་དང་རྒྱལ་ཁབ་ལ་འཕོངས་འདྲེ་ལས་ཅི་ཡང་མེད།ང་ཚོའི་སྐྱབས་བཅོལ་གཞུང་འདི་སྲ་བརྟན་དགོས་རྒྱུ་གལ་ཆེན་དུ་ཡིན་ཡང་།སྐྱབས་བཅོལ་དུ་གནས་དགོས་པའི་རྒྱུ་མཚན་ཤེས་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་ནུས་ཤུགས་གོང་མཐོར་ཆེད་སྲོག་གི་འགྲོ་སོང་ཡིན་ཡང་འགྱོད་པ་མེད་པའི་བློ་སྤོབས་ལྡན་དགོས།མི་དམངས་ཀྱི་རེ་བ་དང་ཡིད་ཆེས་ཆེན་པོ་ཞིག་གིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་བཀའ་ཁྲི་ཞིག་གདམ་པ་ཡིན་ན།ཕྱི་མཛེས་མཛེས་ཀྱིས་སྲིད་གཞུང་ཞིག་གི་བཅའ་ཁྲིམས་སྒྲོགས་སྦྱོང་བྱས་པ་ཙམ་མ་ཡིན་པར་ནང་དུ་སྒོ་ཀུན་ནས་ལག་ལེན་དུ་བསྟར་ཐུབ་པ་བྱེད་དགོས།
    ཕྲན་གྱིས་ཀྱང་བཀའ་ཁྲི་ལ་བློ་བཟང་སེང་གེ་ལགས་དང་ཚོགས་གཙོ་ཁྱེད་གཉིས་ལ་རྒྱབ་སྐྱོར་ཡོད།།

    Reply
  2. ས྄ྲིད་པའི་ད྄ྲང་མཁན། says:
    ལོ་ 15 སྔོན།

    བཀུར་འོས་དཔལ་ལྡན་ཚོགས་གཙོ་མཆོག་དང་བླངས་ཐོག་བཀའ་ཁྲི་བཞེངས་རྒྱུ་ཡིན་གསུངས་པ་དང་ལས་འཆར་བཅུ་དྲུག
    བསྣམས་ཕེབས་འདུག་པས། དེ་ལ་རྟེན་ཁྱེད་བཀའ་ཁྲི་འོས་མིར་ངོ་ནས་འོས་པར་མཐོང་། དེ་མིན་རྒྱ་རི་སྒྲོལ་མ་དང་བློ་
    སེང་ཀྲས་མཐོང་སོགས་ཤེས་ཡོན་འཇོན་ཐང་སོགས་ལྡན་ན་ཡང་ད་ལྟའི་དུས་སྐབས་སུ་སྐུ་ཉིད་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་
    མང་གཙོ་ཀ་བ་གསུམ་གཙོས་ལས་ཁུངས་ཁག་རྒྱུས་མངའ་དང་འབྲེལ་འདྲིས་ཟབ་པ་སོགས་ཀྱི་ཁྱད་ཆོས་ཚང་བ
    དང་ཉམས་མྱོང་ལྡན་པའི་ན་གཞོན་ཞིག་ཡིན་པས་རེད། འོ་ན་རྒྱ་རི་སྒྲོལ་མ་ཡང་དེ་ལྟར་མ་ཡིན་ནམ་ཟེར་ན་མོར་དེ་
    ཙམ་ཆ་རྐྱེན་མེད་པར་འདྲ། འོན་ཀྱང་མོ་རང་རྒྱ་གར་ཆེས་མཐོ་དཔོན་རིགས་ཁག་ཅིག་དང་འབྲེལ་ལམ་བཟང་བ་
    སོགས་ངོ་ཡོད་གནས་ཚུལ་རེད། དེས་ན་བོད་དོན་ལ་ཕན་ངེས་ཅན་ཐོག་ཡོད་རྒྱུ་རེད་དེ། དེ་ཙམ་གྱི་བཀའ་ཁྲི་འོས་
    པ་ཡང་མཐོང་མ་སོང། དེ་ལས་མོ་རང་ཕྱག་རོགས་བཀའ་བློན་ཞིག་ལ་འཐེན་འདོད་ཁ་བོ་རེད། དེ་མིན་མོ་རང་
    ད་རུང་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་གཞོན་འགན་མུ་མཐུད་བཞེས་ན་ལེགས་པར་སེམས།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ །
    ཚོགས་གཙོ་དང་ཚོགས་གཞོན་གཉིས་ལྟ་བུའི ། ཤེས་ཡོན་འཇོན་ཐང་ལོ་ཉུང་
    ཅན ། ལྷག་བསམ་བྱམས་བརྩེ་དམ་ཚིག་ཅན ། བློ་གྲོས་འཇུག་ལྡོག་
    ཉམས་མྱོང་ཅན ། ཁྱེད་ཚོ་རིམ་བཞིན་འོས་མིར་ལངས་པ་འདི་བོད་ཀྱི་
    བྱ་བཞག་ལམ་འགྲོ་རྒྱུགས་པའི་རྟགས་སུ་མཐོང་ །

    Reply
  4. མཁར་རྔ་། says:
    ལོ་ 15 སྔོན།

    རེད་ཧ་ཅང་བཟང་གི དགའ་ནི་ཡིན་ཡ ངའི་ངོ་མ་དེ་འདྲ་རེ་བྱེད་ན་འདོད།

    འོ་ཙི་་་ད་ཡིན་ནེ་ངོས་ནས་བོད་བའི་བག་འཁུམས་ཀྱི་དྲ་བ་གཏོར་བཤིག་བཏང་སོང་ཡ། འོན་ཀྱང་དེ་ནི་གྲུབ་འབྲས་རེད་ལ་༧གོང་ས་མཆོག་གི་ཐུགས་རེ་ཆེན་པོའང་ཡིན་པ་ལྟ་ཅི་སྨོས།

    ཕྱི་ལོ་ ༢༠༡༠ ལོའི་བཙན་བྱོལ་བོད་མའི་དམངས་གཙོ་གསར་བརྗེའི་མདུན་བསྐྱོད་ཆེན་མོ་ཞིག་ཀྱང་རེད་ལབ་ན་ཅིས་མི་འཐུས།

    Reply
  5. འཇམ་གྲགས says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་དང་། སྤེན་པ་ཚེ་རིང་གཉིས་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན་ང་ཚོར་ད་དུང་མངའ་བདག་རིང་ལུགས་ཀྱི་མངའ་མ་འཇུག་རྫོགས་མེད་ཙང་ཁྱིམ་ཚང་གསུམ་ལ་ངོ་རྒོལ་ཆེད་དུ་ཡིན།

    Reply
  6. nnlsang says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྐུ་ཉིད་ནས་བཀའ་ཁྲིའི་འོས་གཞི་ལ་ཕེབས་པར་དགའ་སུ་ཞུ།། བཀྲ་ཤིས་བདེ་ལེགས།

    Reply
  7. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པར་དགའ་བསུ་ཞུ། སྐུ་ཉིད་ཀྱི་བཀའ་ཁྲིའི་འོས་གཞི་ལ་ཕེབས་སྟངས་དེ་ཡག་པོ་འདུག། བཀའ་ཁྲི་འོས་ཐོབ་མི་ཐོབ་མ་ཤེས་ཀྱང། འོས་གཞིར་ལངས་པ་ཙམ་གྱི་དམངས་གཙོ་ཡར་རྒྱས་ཀྱི་རྣམ་པ་ཞིག་དངོས་སུ་མཐོང་དུས་དགའ་སྤྲོ་ཚད་མེད་སྐྱེད་སོང་།
    ང་ཚོ་གཞོན་སྐྱེས་མི་རབས་གསར་པ་རྣམས་ཀྱི་རེ་བ་བརྒྱབ་ས་དེ་དངོས་གནས་ཚོགས་གཙོ་མཆོག་དང་བློབ་བཟང་སེང་གེ་ལགས་ལྟ་བུ་རེད། ཧ་ཅང་དགའ་པོ་བྱུང།།

    Reply
  8. རྟུལ་ཕོད། says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་བཀའ་ཁྱིའི་འོས་གཞིར་ལངས་པ་དགའ་བསུ་ཡོད་ཁྱེད་ལ་ཡང་ངས་འོས་བླུགས་ཐུབ་ས་རེད་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་བཅས།ངས་བཀའ་ཁྲི་སུ་འདྲ་ཞིག་ཕེབས་ནའང་ལངས་ཕྱོགས་འདིའི་ཆ་རྐྱེན་འདོན་ཡོད་པས་ཐུགས་སྣང་ཡོད་པར་མཁྱེན།དྲ་གྲོགས་ཚོས་ངེས་པར་དུ་ཉིས་སྟོང་བཅུ་གཅིག་གི་བཀའ་ཁྲི་དེ་མི་ཚུལ་རིང་ལུགས་ཀྱི་ལྟ་ཚུལ་ཡོད་མཁན་ཞིག་གདམ་དགོས་པར་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་འུ་ཚོའི་ཆེ་ས་ནས་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཕལ་མོ་ཆེ་ཞིག་ལོག་ལྟ་ཉིད་དུ་སོང་ཡོད་པས་རྒྱུ་མཚན་གྱིས་འུ་ཚོས་མི་ཆོས་ཀྱི་ལས་དོན་ཅི་ཞིག་སྒྲུབ་ཀྱང་། གཏིང་མི་ཟབ་པ་དང་། གནད་མི་ཁེལ་པ། མཐའ་མི་འཁྱོངས་པའི་སྒྱིད་ལུག་སྐྱག་ཤོར་གྱི་གནས་བབ་འདིའི་འབྱུང་རྩ་དང་འགོ་ཁུངས་ཡིན་པར་ངས་འདོད། ཡིན་ནའང་། ལྟ་ལོག་པས་ལྟ་མ་ལོག་པ་ལྟ་ལོག་བལྟས་ན་འུ་ཚོའི་གོ་རྟོགས་སད་དགོས་པ་སྒུག་རྒྱུ་ལས་བྱ་ཐབས་གཞན་ཡོད་དམ?

    Reply
  9. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་བཀའ་ཁྲིར་ཕེབ་ཐུབ་ན་དགའ་བསུ་ཡོད།
    ཉིད་ཀྱི་འཆར་གཞི་ལ་བསྔགས་བརྗོད་གྲངས་མེད་ཡོད།

    Reply
  10. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
    སྐུ་ཉིད་བཀའ་ཁྲིའི་འོས་གཞིའི་ལངས་པ་ལ་དགའ་བསུ་ཡོད།
    འོས་ཐོབ་པའི་རེ་བ་ཡོད། བོད་མི་ཡོངས་ཀྱི་བསམ་བློ་རེ་གཏོང་རོགས་ཞུ།
    རླབས་ཆེན་གྱི་མི་ལ་རྒྱབ་སྐྱོར་བྱས་ན་ང་ཚོ་རྒྱ་ཁ་ཐོབ་ངེས་ལགས།

    Reply
  11. གཡུ་མེ་སྟག says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་ཁྱེད་ལ་དགའ་བསུ་དང་བཅས་ཏེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང་བློ་བཟང་སེང་གེ་གང་རུང་ཞིག་བདག་གིས་འོས་ནང་དུ་གཉེར་ནས་བསྡད་ཡོད།

    Reply
  12. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་བོད་ཀྱི་བཀའ་བློན་གྱི་འོས་གཞིར་བཞེངས་པ་ངས་མིག་གིས་མཐོང་གི་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  13. གནམ་སྔོན་པོ། says:
    ལོ་ 15 སྔོན།

    དྲ་བདག་ལགས། དམགས་གཙོ་ཞེས་པ་ག་རེ་རེད།
    ད་དུང་རང་རྐྱ་འཕེར་བ་ལ་རང་སྐྱ་འཕེར་བ་ཞེས་བྲིས་འདུག
    ཡིག་ནོར་འདི་དག་ག་རེ་རེད། རང་མདོག་སྟོན་གནང་གི་ཡོད་རེད་པས།
    དེ་རིང་སྔ་འདྲོ་ཟེར་བ་འདི་ག་རེ་རེད།
    ཡིག་ནོར་འདི་ལྟར་འབྲི་བའི་གསར་འགོད་པ་ཡང་ཡོད་པ་རེད་དམ།

    སྤེན་པ་ཚེ་རིང་མཆོག་འོས་གཞིར་བཞེངས་པར་དགའ་བསུ་ཞུ།

    Reply
  14. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    ཚོགས་གཙོ་ཁོང་བཀའ་ཁྲི་དངས་བླངས་ཕེབས་པ་དེ་ཡག་པོ་རེད། འོས་སུ་བླུག་དང་མ་བླུག་རང་དབང་རེད། གཙོ་བོ་ང་ཚོས་ལོ་མང་པོའི་ནང་བཙན་བྱོལ་བའི་ཁོར་ཡུག་འདི་ཧ་ཅང་གི་རྒྱ་ཆུང་ཆུང་ཞིག་དང་ཡང་ན་དམངས་གཙོ་ཡི་ལམ་ལུགས་ཚད་དམའ་ཤོས་ཤིག་གི་རྣམ་པ་ཙམ་ལས་སྟོན་ཐུབ་བྱུང་མེད། ད་ལོ་གཞི་ནས་ངའི་སྤུན་ཟླ་དཔོན་དམངས་ཡོངས་རྫོགས་ལ་གོ་རྟོགས་གསར་པ་དང་། ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོང་དུས་དགའ་སྤྲོ་ཚད་མེད་སྐྱེད་སོང་། ངོ་མ་འདི་ནི་ང་ཚོའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་དྲན་གིན་འདུག ། སྤུན་ཟླ་ཚོ་རེད་པ།

    Reply
  15. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པར་བཀྲ་ཤིས་བདེ་ལེགས་ཞུ། བོད་མི་མང་ཡོངས་ལ་རེ་སྐུལ་ཞིག་བྱེད། ཚོགས་གཙོ་མཆོག་ལ་འོས་ཤོག་ཕོངས་དང་བོད་མིའི་རེ་བ་སྟོང་ཟད་དུ་མི་འགྲོ་བ་སྨོས་མེད་ཡིན། ཐུགས་རྗེ་ཆེ།

    Reply
  16. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་འོས་གཞིར་ལངས་པར་ཐུགས་རྗེ་ཆེ།
    གང་ལྟར་གཞོན་སྐྱེས་ཤིག་ལངས་ནས་གསར་གཏོད་ཀྱི་ལས་ལ་འབད་འབངས་བྱ་རན་རེད། བག་ཁུམ་དང་ཆོག་ཤེས་ཀྱིས་སྤྱི་ཚོགས་སྐྱོང་ག་ལ་ཐུབ། ཁོང་ལྟ་བུ་གཞོན་སྐྱེས་ཚོ་སེམས་ཤུགས་ཡོད་པས་ངེས་གཞོན་སྐྱེས་ཤིག་འདམ་དགོས།

    Reply
  17. འབུར་ཐོ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིའི་ནང་བཞེངས་པར་དགའ་བསུ་ཡོད། གང་ལྟར་གཞོན་སྐྱེས་ཤིག་ལ་ཐོབ་ན་བསམ་སོང་། འཇོན་མི་འཇོན་ད་དུང་ཐག་མི་ཆོད་ཀྱང་རེ་བ་བཟང་ས་ཡིན།

    Reply
  18. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་འདུག

    Reply
  19. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པར་བཀྲ་ཤིས་བདེ་ལེགས་ཞུ། བོད་མི་མང་ཡོངས་ལ་རེ་སྐུལ་ཞིག་བྱེད། ཚོགས་གཙོ་མཆོག་ལ་འོས་ཤོག་ཕོངས་དང་བོད་མིའི་རེ་བ་སྟོང་ཟད་དུ་མི་འགྲོ་བ་སྨོས་མེད་ཡིན། ཐུགས་རྗེ་ཆེ།

    Reply
  20. ཚོ་སྒོ་བ། says:
    ལོ་ 15 སྔོན།

    ང་ཚོ་གཞོན་སྐྱེས་མི་རབས་གསར་པ་རྣམས་ཀྱི་བསམ་བསྡད་པ་དང་རེ་བ་བརྒྱབ་བསྡད་ས་དེ་དངོས་གནས་ཐོན་སོང་ཨ། ངས་བྱེད་ཀྱི་ཡིན་ང་བཀའ་ཁྲིར་བཞེངས་ཀྱི་ཟེར་མཁན་རྣམས་ཀྱི་ཁྲོད་ནས་འོས་ཤོས་དང་འཚམ་ཤོས་དེ་ཁྱེད་རང་ཡིན་པར་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། ལོ་ཚད་དང་ཕྱི་ནང་གི་ཤེས་ཡོན། རྣམ་དཔྱོད། བཀའ་མོལ་གནང་སྟངས། སེམས་ཤུགས་སོགས་སྐུ་ཉིད་དང་བློ་བཟང་སེང་གེ་འདྲ་མཉམ་ཡིན་ཀྱང་། ལག་ལེན་དང་ཉམས་མྱོང་དེ་ཁྱེད་རང་ཕྱུག་པོ་ཡིན་པས་ང་ཚོ་དབུས་གཙང་གི་གཞོན་རབས་པ་རྣམས་ཀྱི་འོས་ཤོག་གྲངས་མང་དེ་ཁྱེད་ལ་ཐོབ་རྒྱུ་དང་། མ་འོངས་ལས་དོན་ལ་དེ་བཞིན་རྒྱབ་སྐྱོར་བྱེད་ངེས་ཡིན་པས། བཀྲིས་བདེ་ལེགས་ཡོད།

    Reply
  21. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    དང་པོ་སྐད་ཆ་བཤད་པ་དེ་ལས་འགྱུར་མི་རུང་བ་ཞིག་གཏན་ནས་མིན།དེ་ཡིན་ན་བཙན་བྱོལ་བོད་གཞུང་ཡང་རང་བཙན་ནས་རང་དབང་།རང་སྲིད་རང་སྐྱོང་གི་བདག་དབང་སོགས་སུ་བབ་པ་འདི་དག་ཀྱང་གང་ཡིན་ནམ།

    Reply
  22. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲི་ལངས་པ་དགའ་བསུ་ཡོད་ལ་རྒྱ་རི་སྒྲོལ་མ་ལས་ངས་ཁྱེད་རང་འོས་བླུགས་རྒྱུ་ཡིན།

    Reply
  23. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    ད་ཐེངས་བཀའ་ཁྲིའི་འོས་མི་ཁ་ཤས་བྱུང་ཡང་།མ་འོངས་པའི་ལས་འཆར་ཁག་ངོ་སྤྲོད་བྱས་པ་ཚོགས་གཙོ་གཅིག་བུ་ཡིན་པས་དེ་ཡང་ཐུན་མིན་གྱི་ཁྱད་ཆོས་ཤིག་མ་ཡིན་ནམ།

    Reply
  24. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་ཁོང་བཀའ་ཁྲིའི་འོས་གཞི་ལངས་པ་ནི་ཤིན་ཏུ་དགའ་འོས་པའི་ལྟས་བཟང་ཞིག་རེད།ཁོང་གིས་ཚོགས་གཙོའི་ལས་ཡུན་སྐབས་སྤྱི་འཐུས་ཚོས་ཉོག་གླེང་གི་ཟིང་འཁྲིགས་བརྒྱབ་པ་དེ་ནི་ཚོགས་གཙོས་སྐྱོན་མིན་པར།དེ་ནི་བོད་མི་མང་གིས་གོ་བ་མེད་པའི་གླང་རྒན་དག་དག་སྤྱི་འཐུས་སུ་བདམས་པའི་འཇུག་འབྲས་རེད།

    Reply
  25. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    གཞོན་རབས་དག་བོད་མིའི་གཤིས་ཀ་ངན་པ་དེ་མ་ཁུར་བར། མདུན་ལ་ལྷགས་པ་དེ་མི་རིགས་ཤིག་གི་མདུན་ལམ་གྱི་ཆེད་གོ་སྐབས་དེ་ལྟ་བུ་བརྩོད་ལེན་བྱས་དེ་སྙིང་ཐག་པ་ནས་དགའ་འོས་པ་ཞིག་རེད།

    Reply
  26. རི་བོང། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པར་དགའ་བསུ་ཞུ། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཉིད་ནས་ལས་འཆར་བསྣམས་ནས་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་བཀའ་ཁྲིའི་འོས་གཞི་ལ་ཕེབས་སྟངས་དེ་ཡག་པོ་འདུག བཀའ་ཁྲིར་ཕེབས་ཐུབ་མིན་མི་ཤེས་ཀྱང་ཕེབས་སྟངས་དེ་ཧ་ཅང་ཡག་པོ་འདུག གཞན་མང་པོ་ཞིག་གིས་རང་གི་གདོང་པ་ཙམ་ཡང་མང་ཚོགས་ལ་སྟོན་རྒྱུར་དཀའ་ངལ་འཕྲད་བཞིན་པ་དེ་འདྲ་གནང་ན་རང་བཞིན་གྱིས་ང་ཚོ་ལ་དོགས་པ་སློང་གི་འདུག སྐུ་ཉིད་ཕེབས་སྟངས་ལ་ཧ་ཅང་དགའ་པོ་བྱུང་། འོས་ཐོབ་མིན་ཡོང་གི་རེད། དེ་ནི་གནས་ཚུལ་གཞན་ཞིག་རེད།

    Reply
  28. ་འབྲི་མཚོ says:
    ལོ་ 15 སྔོན།

    ཚོ་གས་གཙོ་མཆོག་བཀྲིས་བདེ་ལེགས་་་་་་་་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལས་སྤྱི་འཐུས་གཞན་བཀའ་བློན་ལ་ལང་ཁན་ཡོད་དམ་

    Reply
  29. ཤིང་རྟ། says:
    ལོ་ 15 སྔོན།

    མི་ཆོག་རྒྱུ་མེད་གི་ཚང་མ་གཅིག་མཚུངས་རེད། ཡིན་ནས་ད་སྐབས་བུ་མེད་ཅིག་བཀའ་ཁྲིར་ཐོབ་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་དམངས་གཙོ་ཚད་ལྡན་མཚོན་པའི་རྟགས་རེད།

    Reply
  30. kalsang says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་ལགས་མ་འོངས་པའི་བཀའ་ཁྲིའི་འོས་གཞིར་ལངས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  31. རྐང་གསུམ། says:
    ལོ་ 15 སྔོན།

    འདི་ལྟར་ཚོགས་གཙོ་མཆོག་ཕེབས་པར་སྒུག་ནས་ཡུན་རིང་ཡིན་་་་་་་་་་་དེ་རིང་སྐུ་ཉིད་འདི་ལྟར་ཕེབས་ཡོང་བ་ནི་ཧ་ཅང་དགའ་འོས་པའི་གསར་འགྱུར་བཀྲ་ཤིས་པ་ཞིག་ལ་གུས་པས་ངོས་འཛིན་བྱེད་ཀྱི་ཡོད་་་་་་་་ཚོགས་གཙོ་མཆོག་འོས་འདེམ་ཁྲོད་ནས་རྒྱལ་བར་ཤོག།

    Reply
  32. བཀྲ་ཤིས། says:
    ལོ་ 15 སྔོན།

    ངས་ཤེས་ཚོད་ལ་ད་ལོ་མདོ་སྨད་མི་མང་གི་ངོས་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་རེད། དེར་བརྟེན་བློ་སེང་གི་འོས་གྲངས་ལ་ཅུང་ཟད་གནོད་ཀྱི་རེད།

    Reply
  33. འོས་ལངས། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་བཀའ་ཁྲིའི་འོས་གཞིར་ལངས་པ་ལ་དགའ་བསུ་ཡོད། ཁོང་བཀའ་ཁྲིའི་འོས་གཞིར་ལངས་པར་འཕྱི་དྲགས་འདུག ཡིན་ན་ཡང་། ད་ཡོད་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཚོའི་ཁྲོད་ནས་འོས་བབ་ཆེ་ཤོས་དེ་ནི་ཚོགས་གཙོ་རེད། ཕྱོགས་ངོས་མང་པོ་ཞིག་ལ་གཞིགས་ན། ཁོང་ལ་བཀའ་ཁྲིའི་འོས་ཆོས་ཡོངས་སུ་ཚང་འདུག་ལ། བརྒྱུད་རིམ་ཁ་གསལ་ཡིན་པའི་ཁོང་གི་དམིགས་འདུན་དང་ལས་འཆར་ཁག་གིས་ཀྱང་ང་ཚོར་གསལ་བཤད་བྱས་འདུག

    Reply
  34. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཁ་སང་འོས་ལངས་རྒྱུ་མིན་ཞེས་དང་། དེ་རིང་འོས་ལངས་རྒྱ་ཡིན། 
    ད་སང་ཉིན་ཁོས་ང་བོད་པ་བྱ་རྒྱུ་མིན་ཟེར་བའི་ཉེན་ཁ་ཆེ།

    Reply
  35. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    སྐུ་ངོ་ཚོགས་གཙོ་མཆོག་ཁྱེད་རང་བཀའ་ཁྲི་ལངས་པ་འོས་བབས་འདུག་ཀྱང༌། འོས་ཤོག་ཐོབ་ཀྱི་མེད་པ་ངས་ཚིག་ཐག་གཅད་ནས་བཤད་ཆོག། དེས་ལས་སྐབས་རྗེས་མའི་ཚོགས་གཙོ་རང་ལ་རེ་བ་བྱེད་ན་བཟང༌། གཞན་མ་གཏོགས་གོ་སྐབས་ཆ་ཚང་ཤོར་རྒྱུའི་ཉེན་ཁ་ཆེན་པོ་རེད་ལ། ཁྱེད་འདྲ་མི་རབས་གསར་པ་ཤེས་འཇོན་ལྡན་པ་ལས་སྣེ་ནས་ཤོར་བློ་ཕམ་ཡོང་ས་རེད།

    Reply
  36. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་ཁྱོད་ཚོགས་གཙོའི་རྐུབ་བཀྱག་རགས་པ་ཙམ་གྱི་གང་མིན་ཚད་རེད།
    བཀའ་ཁྲི་འོས་ལ་ལངས་རྒྱུ་མ་བྱུང་ཡང་། ཚོགས་གཙོའི་རྐུབ་སྟེགས་མ་ཤོར་བ་གྱིས།
    འཇོན་ཐང་གང་ཡོད་ན་ད་ལྟ་ནས་ནུས་པ་འདོན་དགོས་ཚོད་རེད་དེ། ཁྱེད་རང་ཚོགས་གཙོ་བྱེད་རིང་སྐད་གྲགས་བཞག་ཡོ་རེད།
    དེ་ཚོ་སེམས་ལ་ཞོག

    Reply
  37. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངས་ཁྱེད་ཚོགས་གཙོ་ལགས་ཀྱི་ལོ་རྒྱུས་བཀླགས་པ་ཙམ་གྱིས་ཤོད་འདོད་པ་ནི། བཀའ་བློན་ཁྲི་པ་མ་ཐོབ་ན། དཔལ་འབྱོར་བཀའ་བློན་ཐོབ་པ་ཡིན་ན། འོས་པ་འདུག་སྙམ་བསམ་པས། ཁྱེད་ཀྱི་བསམ་དོན་གྲུབ་པའི་སྨོན་འདུན་དང་བཅས།

    Reply
  38. ཨ་འཇིགས། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲིར་ལངས་པར་དགའ་བསུ་ཞུ། ཉམས་མྱོང་དང་ཤེས་འཇོན། ལོ་ཚད་གང་ཐད་ནས་བལྟས་ན་བཀའ་ཁྲིར་ལངས་ཆོག་ཆོག་ཅིག་རེད། ལྷག་པར་དུ་ལས་འཆར་དེ་དག་མཐོང་ཡོང་དུས་ངའི་འོས་ཤོག་གཅིག་པོ་འདི་ཡང་ཁྱེད་ལ་འཕེན་དགོས་མེད་འགྲོ་བསམ་གྱི་འདུག

    Reply
  39. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་༢༠༡༡ ལོའི་བཀའ་ཁྲིར་ལངས་པར་དགའ་བསུ་དང་ཉིད་ཀྱིས་ལས་འཆར་རགས་ཙམ་གསུང་བ་འདུག་པར་དེ་བས་ཀྱང་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།

    Reply
  40. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དགོངས་དག་ཞུ་རྒྱུ་ཡིན། སྐུ་ངོ་ཚོགས་གཙོ་མཆོག་ལ་དེང་དུས་ཀྱི་ཤེས་ཡོན་དང་དཔོན་ཉམས་ཡག་པོ་ཡོད་རུང་། བཀའ་བློན་ཁྲི་པར་ནམ་ཡང་འོས་པ་མི་འདུག སྤྱི་འཐུས་ཚོ་རྡོག་རྩ་གཅིག་ལ་སྒྲིལ་བའི་ནུས་པ་མེད་པ་དང་། སྤྱི་འཐུས་ཚོས་ཚོགས་གཙོ་ཞིག་གི་འདུ་ཤེས་ཙམ་མེད་པའི་མེད་པའི་བཀའ་ཁྲིར་བཀོད་ན་འཇུག་འབྲས་ཀྱང་དེ་བཞིན་སྨིན་རྒྱུ་རེད།

    Reply
  41. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་ཞེས་གསུངས་ཙམ་གྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  42. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པ་ལ་རྟེན་འབྲེལ་ཞུ། སྤྱིར་བཏང་བཀའ་ཁྲིའི་འོས་གཞིར་ལངས་རྒྱུ་ཡིན་གསུངས་པ་ལ་ཧང་སང་རྒྱུ་དེ་ཙམ་མེད་ཀྱང་། ཚོགས་གཙོ་མཆོག་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱིས་ལས་འཆར་ཁག་ཁ་གསལ་བོ་བྱས་ནས་གསུངས་པ་ཤིན་ཏུ་བཟང་གི ལྷག་པར་ཚོགས་གཙོ་མཆོག་གིས་ལས་འཆར་ཁག་བསྒྲིགས་པ་ལ་ལྕི་ཁོག་འདུག་པས་དགའ་ཡོད། ལས་འཆར་ཁག་བཅུ་དྲུག་དེ་ལག་ལེན་བསྟར་ཐུབ་ན་དེ་ལས་ལྷག་ཅིག་མི་དགོས་བསམ་གི ཚོགས་གཙོ་ལ་མཚོན་ན་ལོ་ཆུང་བ་དང་སྤྱི་ཚོགས་ལ་རྒྱུས་མངའ་ཟབ་པ། ༧གོང་ས་མཆོག་གི་དགོངས་གཞི་ལ་མཁྱེན་འདྲེས་ཆེ་བ་འདི་དག་ནི་བཀའ་ཁྲི་ཞིག་གི་འོས་ཆོས་གལ་ཆེན་རེད་སྙམ་ཡོད།

    Reply
  43. ས྄ྲིད་པའི་ད྄ྲང་མཁན། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་ཁ྄ྲི་བཞེངས་པ་བཀ྄ྲ་ཤིས་བདེ་ལེགས་ད་ངས་བཀའ་ཁ྄ྲི་
    འོས་མི་ས྄ླེབས་སོང་

    Reply
  44. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གིས་ཞལ་རྫུན་གསུང་གི་འདུག ལོ་གཅིག་གི་གོང་ལ་བཀའ་ཁྲི་དང་ཁོང་རྣམ་པ་གཉིས་ཀྱིས་ཟློས་གར་ཚོགས་ཁང་དུ་ཚོགས་པ་བཞིའི་གོ་སྒྲིག་འོག ༢༠༡༡ གི་བཀའ་ཁྲིའི་སྐོར་ཀྱི་བགྲོ་གླེང་སྐབས་སུ། སྤྱི་ཚོགས་ནང་དུ་ང་ལས་ལོ་རྒན་པ་དང་། འཇོན་ཐང་ཆེ་བ། ཤེས་ཡོན་ཆེ་བ་མང་པོ་ཡོད་རེད་དེར་བརྟེན་ངས་ད་ལྟ་བཀའ་ཁྲི་བྱེད་རྒྱུའི་རྨི་ལམ་ཙམ་ཡང་འཁོར་གྱི་མེད་ཅེས་གསུངས་སོང་། འགྱུར་བ་དེ་འདྲ་ཐེབས་སླ་པོ་ག་རེ་ཡིན་ན།

    Reply
  45. འཇམ་དབྱངས། says:
    ལོ་ 15 སྔོན།

    སྐུ་ཉིད་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པར་རྟེན་འབྲེལ་ཞུ། དགོངས་མངའ་བཞིན་བོད་ཕྱི་ནང་གི་གནས་བབ་ལ་དཔག་ནས་ཕྱག་ལས་གནང་རྒྱུ་དང་། གཙོ་བོ་བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་པར་ཤུགས་རྒྱག་རྒྱུ་ནི་གལ་ཆེ་ཞིང་། སྐུ་ཉིད་ཀྱིས་དེ་ལྟར་གནང་ཐུབ་པའི་རེ་བ་ཡང་ཆེན་པོ་ཡོད།

    Reply
  46. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་དང་བླངས་ཐོག་བཀའ་ཁྲིའི་འོས་གཞིར་ལངས་པར་བཀྲ་ཤིས་བདེ་ལེགས་ཡོད། འདི་ནི་བོད་མི་རིགས་མང་གཙོ་ཚད་ལྡན་དུ་འགྲོ་བའི་སྔ་ལྟས་རེད།

    Reply
  47. orthodox man says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས། འེ་གཞིའི་ནང་འཛལ་བར་རྗེས་སུ་ཡིད་རུང་དང་རྒྱབ་སྐྱོར་ཡོད།

    Reply
  48. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ

    Reply
  49. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཁྱེད་སྒེར་ངོས་ནས་བཀའ་ཁྲིའི་འོས་གཞིར་ལངས་པར་རྟེན་འབྲེལ་ཞུ། ཨ་མའི་བུ་རྒོད།

    Reply
  50. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    འོ་དེ་ངོ་མ་བཟང་གི་ངའི་བསམ་བློ་འང་དེ་ཡིན་ཡ

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese