མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་དུས་འདིར་དད་པ་གཅིག་པུས་ཡོང་གི་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

 

ཚན་རིག་ལ་ཡིད་ཆེས་བྱས་པའི་དབང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་། དད་པ་བྱས་པ་དེ་གལ་ཆེན་མིན་པའི་བཟོ་འདྲ་བྱས་ཏེ་ཕྱིན་པ་རེད། ད་ལྟའི་དུས་འདིར་ཡང་ཚན་རིག་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྟབས་དད་པ་གཅིག་པུས་ཡོང་གི་མེད་ལ། མ་འོངས་པར་ཐབས་ཤེས་དང་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་ཡོད། ཅེས་༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་དང་བཞུགས་སྒར་གྱི་སེར་སྐྱ་མི་མང་ལ་གསུངས་ཡོད།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་གནང་བ་ལྟར། ༸གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གནང་སྟེ།  ཐོག་མར་ཐེངས་འདིའི་ལྷོ་ཀོ་རི་ཡ་ནས་ཆེད་དུ་ཕེབས་པའི་ཆོས་ཞུ་བ་གཙོས་དེར་ཡོད་ཀྱི་མི་མང་ལ་འཚམས་འདྲི་དང་། ཆོས་ཞུ་བ་རྣམས་ཀྱིས་ཀོ་རི་ཡའི་སྐད་ཀྱི་ཐོག་ནས་སྨོན་ལམ་གསུངས་རྗེས། ༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་གསུང་བཤད་གནང་ཡོད།

སྐབས་དེར་ཁོང་གིས། དེ་རིང་ང་རང་ཀོ་རི་ཡའི་ཆོས་ཞུ་བ་དང་མཉམ་དུ་འཛོམས་ཏེ་ཡང་བསྐྱར་ཆོས་བཤད་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། མཁན་པོས་དབུ་ཁྲིད་པའི་ཆོས་གྲོགས་རྙིང་པ་ཚོར་ལོ་འདི་གའི་རིང་ཡར་རྒྱས་གང་འདྲ་ཞིག་འགྲོ་གི་ཡོད་མེད་ཧ་གོ་གི་མི་འདུག ངོས་ནས་ཁྱེད་རང་ཚོ་ཡར་རྒྱས་ཕྲན་བུ་ཙམ་ཞིག་འགྲོ་བཞིན་པར་མཐོང་གི་ཡོད། སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་ལོ་རེ་ནས་ལོ་རེར་ཤེས་བྱ་མཐོ་རུ་འགྲོ་བཞིན་པ་ལྟར། ང་རང་ཚོས་ཆོས་ཕྱོགས་ཀྱི་སེམས་ཡར་རྒྱས་གཏོང་རྒྱུ་དེ་ཡང་མཐོ་ནས་མཐོ་རུ་གཏོང་དགོས་པ་ཞིག་ཆགས་ཡོད། དེ་ལྟར་མ་ཡིན་པར་སྔར་གྱི་གནས་སུ་ལྷག་བསྡད་ན་ཡོང་གི་མ་རེད་ཅེས་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གིས་ཐེངས་འདིའི་གསུང་ཆོས་ཀྱི་བརྗོད་གཞི་གཙོ་བོ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་བོད་པ་ཙམ་དུ་མ་ཟད། ཀོ་རི་ཡ་དང་ཉི་ཧོང་ནང་དུའང་དར་ཁྱབ་འགྲོ་བཞིན་ཡོད་སྟབས། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེར་ཕྱིན་གྱི་མདོར་སློབ་གཉེར་བྱ་བ་ལ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཤེར་ཕྱིན་གཞུང་གི་འགྲེལ་བ་དང་རེ་བ་དོན་གསལ། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་འགྲེལ་བ་དང་དཔལ་ལྡན་ཟླ་བ་གྲགས་པའི་ཚིག་གསལ། སྨོན་ལམ་ལེགས་ལྡན་གྱི་ཤེས་རབ་སྒྲོན་མེ་སོགས་ལ་ལྟ་ཐུབ་ན་ཡག་པོ་ཡོད་ལ། ད་ལྟའི་ཆར་ཤེར་ཕྱིན་གྱི་གཞུང་ཁག་ཅིག་རྒྱ་ཡིག་སྟེང་ཡོད་པ་དང་མ་འོངས་པར་ཡང་རྒྱའི་ཡིག་རིགས་སྟེང་སྒྱུར་འཆར་ཡོད་ཅེས་གསུངས།  
ཡང་ཁོང་གིས། ང་རང་ཚོས་ཉམས་མྱོང་གི་ཐོག་ནས་ཤེས་བསྡད་པ་ཞིག་ནི། ཚང་མར་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་དེ་ཡིན། དེ་ནི་མི་ཙམ་དུ་མ་ཟད་སྲོག་ཆགས་ཚུན་ཆད་ལའང་ཡོད་བསྡད་པ་ཞིག་རེད།ན་ཚ་ལྟ་བུར་ཆ་བཞག་ན་གཙོ་བོ་ལུས་ལ་བརྟེན་པའི་ལུས་ཚོར་གྱི་སྡུག་བསྔལ་ཞིག་ཡིན་སྟབས། དེ་ཡང་བཟའ་བཏུང་ཚིམས་པའི་སྐབས་སུ་ལུས་ཚོར་བདེ་བ་དང་མིའི་གཟུགས་ཡིད་དུ་འོང་བ་ཞིག་མཐོང་བ། རོལ་མོ་སོགས་སྒྲ་སྙན་པ་ཞིག་ཐོས་པ་སོགས་ཀྱིས་བདེ་བ་ཞིག་ཡོང་གི་ཡོད། ཡང་ལུས་ཁོ་ན་དང་བསམ་བློ་གཏོང་ཕྱོགས་སོགས་ཀྱི་ཐོག་ནས་མིའི་སེམས་ཀྱི་རྒྱུ་མཚན་ཡོད་མེད་གང་ཡིན་ཡང་། སེམས་ལ་དངངས་སྐྲག་ཆེན་པོ་སྐྱེས་པ་དང་བསྟུན་ནས་ལུས་ལ་ཕྲག་དོག་དང་འགྲན་སེམས། ང་རྒྱལ། ཡིད་དུ་འོང་བར་ཆགས་པའི་ཆགས་པ་ཤུགས་ཆེན་པོ་སྐྱེས་པ་སོགས་ལུས་ཚོར་གྱི་སྐད་ཆ་མིན་པར། ཡིད་ལུས་གཉིས་ཀྱི་ཐོག་མི་བདེ་བ་ཡོང་བསྡད་ཡོད་སྟབས། ལུས་ལ་བརྟེན་པའི་བདེ་སྡུག་ཅིག་དང་ལུས་ཚོར་ལ་བརྟེན་པའི་བདེ་སྡུག་བཅས་གཉིས་ཡོད་པ་གསལ་བོ་རེད་ལ།ཡིད་ལུས་གཉིས་ཀྱི་བདེ་སྡུག་བསྡུར་ན་ཡིད་ཀྱི་བདེ་སྡུག་ཚབས་ཆེ་བ་དང་ཤུགས་ཆེ་བ་ཡོད། མི་མང་པོ་ཞིག་སེམས་མ་སྐྱིད་པའི་སྐབས་སུ་ས་ཆ་གཞན་དུ་སོང་སྟེ་སེམས་གཡེང་གི་ཡོད་པ་རེད། དེས་བདེ་སྡུག་གི་རྩ་བ་སེལ་ཐུབ་ཀྱི་མེད་ཀྱང་། སེམས་འཁྲུག་བསྡད་པ་དེ་ཅུང་ཙམ་ཞི་འཇམ་དུ་འགྲོ་གི་ཡོད་ཅེས་བཀའ་སློབ་གནང་བར་མ་ཟད།
ཁོང་གིས། འདས་པའི་མི་ལོ་ ༣༠༠༠ ལྷག་གི་རིང་མི་རྣམས་ཀྱིས་རེ་བ་བཅོལ་སར་དད་པ་བྱས་ཏེ།  དེས་ང་རང་སྐྱོབས་གི་རེད། རོགས་པ་གནང་གི་རེད་ཅེས་བསྡད་པ་རེད། ལོ་ ༢༠༠ ལྷག་གི་རིང་ལ་གཞི་ནས་བརྟག་དཔྱད་བརྒྱུད་ཚན་རིག་གི་རིག་པ་རྙེད་པ་དང་རྫས་ཀྱི་ནུས་པ་བཤད་ཡོང་སྟེ། མི་ལོ་དུ་མའི་རིང་ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་རྒྱས་ཧ་ཅང་དར་ཁྱབ་བྱུང་ཡོད།ལོ་སྟོང་ཕྲག་ལྷག་ལ་སྨོན་ལམ་བརྒྱབ་སྟེ་ཡོང་བར་ཤོག ཡོང་བར་ཤོག་ཟེར་བ་དེ།ད་ལྟ་འཕྲུལ་ཆས་ཀྱི་ལམ་ནས་ལམ་སེང་བཟོ་ཐུབ་ཀྱི་ཡོད་པ་རེད།ཚན་རིག་གི་ཐོག་ནས་སྨན་ཟ་རྒྱུ་ཡོད་པ་དང་གཤག་བཅོས་བྱ་རྒྱུ་ཡོད་པ་དེ་ཚན་རིག་གི་གྲུབ་འབྲས་རེད། ལོ་ ༢༠༠ ལྷག་གི་རིང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་དབང་གིས་མིའི་ཡིད་ཆེས་དང་རེ་བ་བཅོལ་ས་ཚན་རིག་ཆགས་ཏེ། ཚན་རིག་ལ་རེ་བ་བརྒྱབ་པའི་དབང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་དད་པ་བྱས་པ་དེ་གལ་ཆེན་མིན་པའི་བཟོ་འདྲ་བྱས་ནས་ཕྱིན་པ་རེད།ད་ལྟའི་དུས་འདིར་ཡང་ཚན་རིག་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྟབས་དད་པ་གཅིག་པུས་ཡོང་གི་མེད་ལ། མ་འོངས་པར་ཐབས་ཤེས་དང་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་རེད་ཅེས་བཀའ་སློབ་གསུང་བཤད་གནང་ཡོད།  
ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་དེ་ནི། ལྷོ་ཀོ་རི་ཡའི་ SEOKCHEON SA  ཞེས་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། དེའི་སྟེང་ལྷོ་ཀོ་རི་ཡ་རང་ནས་ཕེབས་པའི་ཆོས་ཞུ་བ་ ༢༣༠ ལྷག་དང་རྒྱ་གར་དང་བཞུགས་སྒར་ཁུལ་ཏུ་གནས་བཞུགས་ཀོ་རི་ཡའི་དད་ལྡན་པ་བཅས་བསྡོམས་ ༤༢༠ ལྷག་འདུ་འཛོམས་བྱུང་ཡོད་ལ། དེ་བཞིན་ཉི་ཧོང་དང་ཝེ་ཐི་ནམ། ར་ཤི་ཡ་བཅས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆོས་ཞུ་བ། བཞུགས་སྒར་གྱི་བོད་མིའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་མ། གཞུང་འབྲེལ་ལས་བྱེད་དང་མི་མང་ ༢༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག
 
གསར་འགོད་པ་དོན་གོ་དང་དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. kalsang says:
    ལོ་ 16 སྔོན།

    ཧ་ཧ་ཧ་གསར་འགོད་པ་འདི་གཉིས་གྲྭ་ལོག་ཅིག་མ་ཡིན་པ་དངོས་གནས་ཤེས་ཐུབ་སོང་།ནང་ཆོས་ཀྱི་མིང་ཚིག་འགས་ཁོ་གཉིས་ལ་ཏག་ཏག་བཟོས་འདུག།

    Reply
  2. གདོང་རིའི་ཆོས་འཛིན། says:
    ལོ་ 16 སྔོན།

    ཤེལ་དཀར་ལྟ་བུའི་ཟིན་བྲིས་པ་དག་དག་ཡོད་ན་ང་ཚོ་ལམ་སེང་ཡར་རྒྱས་འགྲོ་ངེས་རེད།དོན་དངོས་ཀྱི་ནོར་འཁྲུལ་དེ་དག་ཞི་འཇམ་ངང་ལེགས་བཅོས་བྱེད་ཚུལ་དེ་ངོ་མ་ཡག་པོ་འདུག དགའ་བསུ་ཡོད།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    དུས་སྒྲོན་མེའི་༸ལྷ་མིའི་རྣམ་འདྲེན་ཆེན་པོ་འཕགས་མཆོག་ཕྱག་ན་པདྨོར་གུས་ཕྱག་འཚལ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་གོ་དང་དཔལ་ལྡན་རྒྱ་མཚོ་གཉིས་ཟུང་འབྲེལ་བྱས་ཀྱང་འདིའི་ནང་དོན་ནོར་དང་ཡིག་ནོར་མང་དག་ཅིག་འདུག དཔེར་ན།
    《ཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཤེར་ཕྱིན་གཞུང་གི་འགྲེལ་བ་དང་རེ་བ་དོན་གསལ།》 མ་རེད། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་བ་དོན་གསལ་རེད།
    《སྨོན་ལམ་ལེགས་ལྡན་གྱི་ཤེས་རབ་སྒྲོན་མེ་སོགས་》མ་རེད། སློབ་དཔོན་ལེགས་ལྡན་གྱི་ཤེས་རབ་སྒྲོན་མེ་རེད། ད་དུང་མང་པོ་འདུག་ཞིབ་དཔྱོད་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese