༸གོང་ས་མཆོག་གིས་ཉིན་གྲངས་གཉིས་རིང་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་དང་སེར་སྐྱ་མི་མང་ལ་རྡོ་རྗེ་གཅོད་པའི་གསུང་ཆོས་གནང་བ་དང་། དེ་རིང་ཞོགས་པར་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ལྷོ་ཕྱོགས་ཁུལ་ཏུ་ཕེབས་འདུག
ཟླ་འདིའི་ཕྱི་ཚེས་ ༢༨ དང་ ༢༩ ཉིན་བཅས་ཉིན་གཉིས་རིང་༸གོང་ས་མཆོག་གིས་བཞུགས་སྒར་དུ་གསུང་ཆོས་གནང་བ་དང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་མི་མང་གི་ཕེབས་སྐྱེལ་ཁྲོད། ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཡོད།
བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༣༡ ཉིན་བྷེང་ལོར་ནས་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། ཉིན་རྒྱབ་དུ་༸གོང་ས་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་སྟེང་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག
ཟླ་ ༩ པའི་ཚེས་ ༡ ཉིན་ནས་བཟུང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚོགས་ཁང་དུ་གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་གྱི་བོད་མིའི་མང་གཙོའི་དུས་དྲན་གྱི་མཛད་སྒོ་དང་སྟབས་བསྟུན་ཏེ། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་གསེར་གྱི་རྟགས་མ་འབུལ་འཆར་ཡོད་པ་རེད།
ཚེས་ ༣ ཉིན་སེ་ར་ཐེག་ཆེན་གླིང་གི་ཉེ་འགྲམ་དུ་ཡོད་པའི་སྔ་འགྱུར་རྙིང་མའི་དགོན་པ་རྣམ་གྲོལ་གླིང་དང་ས་གནས་བོད་ཕྲུག་ཁྱིམ་སྡེ། དབུས་བོད་སློབ་འཛིན་ཚོགས། བཀྲ་ཤིས་ལྷུན་པོའི་དགོན་པ་བཅས་སུ་ཆིབས་བསྒྱུར་གནང་འཆར་ཡོད་པར་མ་ཟད། ས་གནས་དེ་དག་གི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ (Kochi) ནང་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་མཐུན་ཚོགས་སྐབས་ ༣༣ ཐོག་ཆིབས་སྒྱུར་བསྐྱངས་ཏེ། དུས་རབས་ཉེར་གཅིག་པའི་དཀའ་ངལ་འདུམ་འགྲིག་ཅེས་པའི་བརྗོད་གཞིའི་ཐོག ཡེ་ཤུ་དང་ཧིན་རྡུ། ཉི་ཧོང་། ཤིང་ཊོའི་རྗེས་འཇུག་པ། བྷ་ཧའི། སིག ཛོ་ར་སི་ཊེན ཁ་ཆེ། ས་གནས་གྲོས་ཚོགས་འཐུས་མི། ཀོ་ཆིའི་གྲོང་ཁྱེར་སྤྱི་ཁྱབ་བཅས་གནད་ཡོད་མི་སྣ་འདུ་འཛོམས་ཐོག་བཀའ་སློབ་གསུང་བཤད་གནང་འཆར་ཡོད་པ་དང་། ཚེས་ ༥ ཉིན་༸གོང་ས་མཆོག་ཀོ་ཆི་གྲོང་ཁྱེར་ནས་ལྡི་ལིར་ཆིབས་སྒྱུར་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ།
དེ་རིང་༸གོང་ས་མཆོག་གིས་སེར་སྨད་འདུ་ཁང་ཐོག་ཁར་གདན་ས་གསུམ་གྱི་དཔེ་ཁྲིད་རྒན་རྣམ་པ་དང་ཚན་རིག་སྦྱང་མཁན་གྱི་གྲྭ་བ་རྣམས་ལ་ཡང་བསྐྱར་གལ་གནད་ཆེ་བའི་བཀའ་སློབ་སྐོར་དེ་གསུངས་སོང་། ཚན་རིག་གི་སློབ་དེབ་ཁག་ཅིག་འཛིན་གྲྭ་ལྔ་བ་བར་བསྒྱུར་ཟིན་པས་གདན་སའི་སློབ་ཚན་དུ་བཞག་ཐུབ་ན་ཞེས་དང་ཕྱི་རོལ་བ་དངོས་དང་བགྲོ་གླེང་བྱས་ཏེ་ཕན་ཚུན་ནས་ལེགས་ཆ་ལེན་པ་དང་གཅིག་གིས་གཅིག་ལ་ཕན་ཐོག་ཐུབ་ན་ཡག་པོ་འདུག་ཅེས་གསུངས་མོད་གདན་སས་ད་ཐེངས་ཀྱང་གསུང་འདི་རང་ཅག་བསྐྱུར་རྒྱུ་ཡིན་ནམ། ང་ཚོ་ལ་ཚོར་བ་ཞིག་ཡོང་རན་དང་འགྱུར་བ་ཞིག་གཏོང་རན་རེད།
སྐྱབས་སུ་མཆི་སེམས་ཅན་གྱི་དོན་དུ་སངས་རྒྱས་འོ་རྒྱལ་མ་བྱུང་ཟེར་བ་བཞིན་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་འདི་ལྟར་ལོས་ཡིན།
བོད་གཞུང་དྲ་རྒྱའི་བོད་ཡིག་འབྲི་མཁན་སུ་ཡིན་ན་ཡང་ཞུ་རྒྱུ་གཅིག་ཡོད། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་རྣམ་གྲོལ་གླིང་ཞེས་འབྲི་རོགས།
ལག་གཉིས་ཐལ་མོ་སྙིང་གར་སྦྱར་ནས་སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྣམ་པར་འབོད་སྐུལ་ཞུ་རྒྱུར། རྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་འགྲོ་བ་སེམས་ཅན་གྱི་དོན་དུ་ངལ་བ་འཛེམས་མེད་ཀྱི་སྦྱིན་པའི་བྱ་བར་ཞུགས་པ་སྤྲོ་ན་ཡང་། ༸གོང་ས་མཆོག་མིའི་སྲིད་པ་བཟུང་བའི་སྐྱེད་ཆེན་ཡིན་པས་སྐུ་ལས་ཁག་རྒྱུ་ཡོད་པ་མ་ཟད་སྙུན་གཞི་ཡང་ཕོག་རྒྱུ་ཡོད། སྔ་ལོར་༸གོང་ས་མཆོག་ཐུགས་འབྲེལ་ཆེ་དྲགས་པའི་རྐྱེན་གྱིས་སྐུ་ཐང་སྟེ་སྐུ་གཟུགས་བདེ་པོ་མེད་པའི་གཏམ་ངན་ཞིག་གསར་འགྱུར་བརྒྱུད་ལམ་ནས་ཁྱབ་བསྒྲགས་བྱས་པས།ཞིས་བྱེས་གཉིས་ཀྱི་བོད་ཞེན་ཅན་རྣམས་ཀྱི་སྙིང་གར་གྲི་བཙུགས་པ་ལྟར་སྡུག་བསྔལ་ཚད་མེད་བྱུང་ཡོད། ༸ཀུན་གཟིགས་༸པཎ་ཆེན་མཆོག་ཀྱང་འོ་བརྒྱལ་ཆེ་དྲགས་པས་སྐུ་མྱ་ངལ་འདས་ཚུལ་བསྟན་པ་དང་། ཁྱེད་རྣམ་པ་ད་ལྟའི་ཕྱགས་ལས་གནང་སྟངས་ལ་བལྟས་ན། ༸གོང་ས་མཆོག་ཀྱང་དེ་ལས་མ་འདས་སོ། དེར་བརྟེན་ཁྱེད་རྣམ་པས་༸གོང་ས་མཆོག་གི་དགུང་ལོ་བབ་དང་བསྟུན་ནས་མཛད་རིམ་ཞིག་བཟོ་རོགས་གནང་ཞེས་མིག་མཆུ་བཅས་རེ་སྐུལ་ཞུ་རྒྱུ་ཡིན།
གངས་རིིས་རྭ་བས་བསྐོར་བའི་ཞིང་ཁམས་ན།།
ྤཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བསྟན་གྱུར་ཅིག།།། །།
ཡང་༧སྐུའི་སྐུ་སྐུ་ཕྱྭ་དང་འབྲེལ་བའི་རྙོག་གླེང་མི་འབྱུང་བའི་སྨོན་འདུན་ཞུ།
༸གོང་ས་མཆོག་ས་གནས་འདིར་ཕེབས་པར་དགའ་བསུ་ཞུ། ལོ་འདིའི་ནང་ཁོང་གི་ཞལ་མཇལ་བ་ཐོག་མ་ཡིན་པས་ཡིད་སེམས་རབ་ཏུ་དགའ།ང་ཚོ་རྣམས་སྐལ་བ་བཟང་།
༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་་་་བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག་