མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རང་བཙན་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་ཆུ་ཚོད་ ༢ སྟེང་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླེང་། སེར་བྱེས་བྱ་བྲལ་ཤིང་བཟའ་བླ་བྲང་དུ་༼ བོད་རང་བཙན་ཚོགས་འདུ ༽ཟེར་བ་དེ་སྐོང་ཚོགས་བྱས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ། དེ་བཞིན་རྒྱ་གར་དང་བལ་ཡུལ་གཙོས་པའི་སི་ཝེ་ཌན་དང་ཨི་ཊ་ལི། ཁེ་ན་ཊ་བཅས་ཀྱི་ཚོགས་བཅར་ ༣༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

ཐེངས་འདིའི་རང་བཙན་ཚོགས་འདུའི་སྟེང་། གྲོས་གཞི་ཁག་དྲུག་ཙམ་གྱི་ཐོག་ཚོགས་བཅར་བ་རྣམས་ཀྱིས་བགྲོ་གླེང་ཞིབ་ལྷུག་གནང་ཡོད་འདུག་ཅིང་། གྲོས་གཞི་དེ་དག་ནི། དང་པོ། བོད་རང་བཙན་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྩོད་པར་མཐུན་རྐྱེན་གང་དགོས་འཚོལ་དཔྱོད་བྱ་རྒྱུ། གཉིས་པ། རང་བཙན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་འཐབ་རྩོད་དམིགས་འབེན་སོགས་ཡིག་ཐོག་ནས་འཐོན་ཐུབ་པར་འབད་བརྩོན་བྱ་རྒྱུ། གསུམ་པ། ཆོལ་གསུམ་གཅིག་གྱུར་གཞུང་ས་དགའ་ལྡན་ཕོ་བྲང་འོག་ཡོད་པའི་ལོ་རྒྱུས་དང་ཡིག་ཆ་ཁག་ཕྱོགས་བསྒྲིགས་བྱ་རྒྱུ། བཞི་བ། རང་བཙན་རྩོད་མཁན་གྱི་ཚོགས་པ་དང་མི་སྒེར་མང་པོ་ཞིག་གི་ལས་འགུལ་གྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པར་འབད་བརྩོན་བྱ་རྒྱུ། ལྔ་བ། ཕྱི་ལོ་ ༢༠༠༩ ལོའི་སིམ་ལའི་བོད་རང་བཙན་ཚོགས་འདུའི་སྐབས་གྲོས་ཆོད་བཞག་པ་ལྟར། ༢༠༡༢ ལོར་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ལོ་ངོ་ ༡༠༠ འཁོར་བའི་རྗེས་དྲན་སྲུང་གཙི་གྲ་སྒྲིག་གི་ལས་གཞི་གཏན་འབེབས་གནང་རྒྱུ། དྲུག་པ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་འདི་ནི་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་གཞུང་ཡིན་པར་འགྱུར་བ་ནམ་ཡང་མེད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཀྱང་བཙན་བྱོལ་གཞུང་འདི་ཉིད་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་སྲིད་གཞུང་དུ་ངོས་འཛིན་འོང་བར་ཤུགས་སྣོན་བྱ་རྒྱུ་བཅས་ཡིན་འདུག གཞན། ༧གོང་ས་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་བརྒྱ་འཁོར་བར་རྗེས་དྲན་ཐད་འཆར་འགོད་ཚོགས་ཆུང་འཛུགས་རྒྱུ་སོགས་ལ་གྲོས་བསྡུར་བྱུང་ཡོད་འདུག 

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སེ་ར་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༧ སྔོན་ལ།
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

ཆུ་ཚོད་ ༨ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

མཆན། 36

  1. འདྲེ་སྲིན་། says:
    ལོ་ 13 སྔོན།

    ཕ་ནག་ལགས། ཁྱོད་ཀྱི་བཤད་པའི་སྐད་ཆ་དེ་ཚོ་ལ་བསམ་ན་ཁྱོད་ལ་ཆོས་དང་སྲིད་གང་གིས་ཀྱང་སྟོང་པའི་མི་གླད་མེད་ཁ་ཕོ་ཆེ་ཅན་ཞིག་ཡིན་པ་རྟོགས་ཐུབ་གི ཁྱོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ཅུང་ཟད་ཀྱང་མེད་པར་མང་གཙོའི་ཁྲིམས་དང་འགར་མིན་བཤད་པ་ནི་རོའི་བླ་མ་ལ་ཁ་བརྡ་བྱས་པ་དང་གཅིག་པ་རེད། གལ་སྲིད་ཁྱོད་ལ་ཆབ་སིད་ཀྱི་གོ་རྟོགས་མཐོ་རུ་གཏོང་འདོད་ཡོད་ཚེ་བཀའ་ཤག་གིའི་མང་གཙོའི་དུས་ཆེན་གྱི་གཏམ་བཤད་ལ་གཟིགས་དང་ཅུང་ཙམ་ཕན་ངེས་རེད།

    Reply
  2. འདྲེ་སྲིན་། says:
    ལོ་ 13 སྔོན།

    ཕ་ནག་ལགས། ཁྱོད་ཀྱི་བཤད་པ་ལྟར་ན་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མི་རུང་ཟེར་བ་ནི་མང་གཙོའི་ལམ་ལུགས་དང་འགར་བ་རེད་ཟེར། དོན་དངོས་སུ་ཁྱོད་རང་མང་གཙོའི་ལམ་ལུགས་དང་འགར་བ་མ་ཟད་ཆོས་དང་ཆབ་སྲིད་གཉིས་ཀྱི་གོ་རྟོགས་ཅུང་ཟད་ཀྱང་མེད་པའི་དེ་ཉིད་སྟོན་འདུག གལ་སྲིད་ཁྱོད་རང་གི་དོན་དངོས་ཤེས་འདོད་ཡོད་ཚེ་བཀའ་ཤག་གི་མང་གཙོའི་དུས་ཆེན་གྱི་གསུང་འཕྲིན་ལ་གཟིགས་དང་དེར་ཁྱོད་ལ་ལན་གསལ་པོ་འདུག

    Reply
  3. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 13 སྔོན།

    རང་བཙན་དང་མང་གཙོ་གང་གླེང་ན་ཡང་མང་ཚོགས་དང་མི་མཐུན་པའི་གླེང་གཞི་དང་ཡང་ན་གཏོར་གཤིག་མ་བྱས་ན་བྱེད་རྒྱུ་མེད་པ་མ་རེད། བོད་གཞུང་གི་སྐྱིད་སྡུག་ནས་མ་བཏོན་ཡང་ལས་འགུལ་སྦེལ་རྒྱུ་མེད་པ་མ་རེད། ༸གོང་ས་མཆོག་གི་མ་དགོངས་ཚུལ་མ་བཤད་ཀྱང་རང་བཙན་གླེང་ཐབས་མེད་པ་མ་རེད། རང་དབང་ལག་དེབ་ཕྱིར་སྤྲོད་མ་བྱས་ཀྱང་རང་བཙན་གླེང་ཐབས་མེད་པ་མ་རེད། རང་གཞུང་ལ་ཁག་དཀྲིས་མ་བྱས་ཀྱང་རང་བཙན་གླེང་ཐབས་མེད་པ་མ་རེད། མང་ཚོགས་ལ་སྐྱོན་བརྗོད་མ་བྱས་ཀྱང་ལས་འགུལ་སྤེལ་ཏབས་མེད་པ་རེད། ཧ་གོ་སོང་ངམ།

    Reply
  4. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 13 སྔོན།

    དེང་སེང་རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་གཏོར་གཤིག་གཏོང་མཁན་སྐོར་ཞིག་ཐོན་བཞིན་འདིག ཁོ་བ་ཚོས་རང་བཙན་གྱི་ཁ་གཡང་ཁྲོད་ནས་མིའི་མགོ་བོ་རྨོངས་ཐབས་བྱེད་བཞིན་ཡོད་པ་རེད། ཅོལ་ཆུང་ཁ་ཤས་ཀྱིས་ཆོལ་ཁ་དེའི་དབུ་མའི་ལམ་གྱི་ལྟ་བ་མ་དོར་ན་ཆོལ་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ཚུལ་དང་། ཁ་ཤས་ཀྱིས་རང་བཙན་རྩོད་མཁན་ཚང་མས་རང་དབང་ལག་དེབ་ཕྱིར་སྤྲོད་བྱེད་དགོས་ཚུལ་གྱི་བསམ་ཚུལ་མངོན་སུམ་འཛེམ་མེད་དུ་བཤད་ཡོད་ཚུལ་འདིག ཐབས་སྐྱོ་བ་ཞིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་པའི་སྐད་གྲགས་ཅན་དེ་ཡང་ཁོང་ཚོས་བཤད་པ་ལ་མགོ་བོས་ལྕོག་ལྕོག་བྱེད་བཞིན་ཡོད་ཚོད་འདིག དགོད་སྤྲོ་བ་ཞིག་ལ་རང་དབང་ལག་དེབ་དང་ཆོལ་ཁོངས་ལག་ཁྱེར་ཕྱིར་འབུལ་གྱི་སྐད་ཅོར་རྒྱག་མཁན་ལ་ལག་ཁྱེར་དེ་རིགས་ཡོད་ཚོད་མི་འདིག ད་དུང་ཡ་མཚན་པ་ཞིག་ལ་རང་བཙན་འཚོགས་འདུ་བླ་བྲང་ནང་དུ་འཚོགས་སྐབས་པའི་ཕྱི་ཉིན་བོད་བཙན་བྱོལ་གཞུང་གི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་དུས་དྲན་སེ་ར་ནས་སྲུང་བརྩི་བྱས་སྐབས་སུ་ཁོ་ཚོ་ལ་དེ་དུས་ལས་དོན་གང་ཡང་མེད་ཀྱང་ཕེབས་ཐུབ་མེད་པ་རེད། ཁོ་ཚོས་ད་དུང་རང་གཞུང་གི་ལས་དོན་གང་ཡང་བྱེད་ཀྱིན་མེད་ཚུལ་དང་ཁོ་བ་ཚོས་ཞེ་དྲག་བྱེད་ཀྱིན་ཡོད་པའི་ཆ་བསྒྲགས་གཞིས་བྱེས་གཉིས་ཀྱི་དྲ་ལམ་དུ་སྒྲོག་ཀུན་ཡོད་པ་རེད། ད་དུང་ཡོ་རབ་ཕྱོགས་སུ་སོང་ནས་༸གོང་ས་མཆོག་ལ་བརྙེས་སྨོད་བྱས་ཚུལ་ཡང་གོ་ཐོས་བྱུང་། བཟང་སྤྱོད་ཀྱི་དྲ་མ་མེད་པའི་རིགས་འདི་ཚོས་བྱ་བ་བྱེད་སྟངས་སྤྱི་ཚོགས་ཐོག་རིམ་ཀྱི་གསལ་བཤད་ཐོན་ངེས་ཡིན། ཕ་ལམ་ནག་པོ་ཁྱོད་བཤད་སྟངས་ལ་བལྟས་ན་ངས་ཁྱེད་དུ་དམིགས་ནས་བཤད་ས་རེད་འདུག ཁྱོད་སྤྱི་ཚོགས་ཐོག་མང་གཙོ་ཁ་ལ་ཁྱེར་ནས་༸འདི་ལྟར་གོས་ས་མཆོག་ལ་སྐྱོན་བརྗོད་བྱེད་མི་ཆོག་ཟེར་ན་
    གཅིག༽་་་་ཁྱོད་མང་གཙོའི་ལམ་སྼོལ་དང་འགལ་ཚར་བ་རེད།
    གལ་ཏེ་༧གོས་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེ་ནོར་བ་རེད་ཟེར་ན་
    གཉིས་༽་་་ཁྱྱོད་ལ་བག་ཆགས་རྙིང་པའི་ཤན་ཤུགས་མཐུག་དྲགས་པས་ལན་པ་རེད།
    ༧གོས་ས་མཆོག་ལ་སྐྱོན་བརྗོད་ནམ་ཡང་བྱེད་མི་ཉན་ཟེར་ན་
    གསུམ༽དེ་ནི་ཁྱེད་ཀྱི་ཆོས་ལུགས་ཀྱི་མིག་ཤེལ་ལས་ཆབ་སྼིད་ཀྱི་ཐོབ་ཐང་མཐོང་ཐུབ་ཀྱི་མེད་པའི་སྐྱོན་ཡིན༽བཤད་བཞིན་ཤོག་དང་བདེན་པ་ཡིན་དེ་ཙམ་དུ་མ་ཟད་གོང་གསལ་ལ་གསལ་བཤད་ཚིག་གཅིག་ཀྱང་མེད་དམ། མེད་ན་ངས་གསལ་བཤད་བྱེད་དགོས་སམ། མ་གཞི་ཁོ་ཚོས་བཤད་པ་འདི་དག་རང་བཙན་དང་མང་གཙོ་གང་ལ་ཕན་ཐོག་ཡོད་ཤོད་དང་།

    Reply
  5. ཕ་ལམ་ནག་པོ། says:
    ལོ་ 13 སྔོན།

    བསྟན་འཛིན་སྟོབས་རྒྱལ་ལགས།
    ང་ནི་གཏོར་བཤིག་པ་ཞིག་ཡིན་པ་ང་དང་ངའི་མཐའ་འཁོར་གྱི་མི་སུས་ཀྱང་
    ང་ལ་ལབ་རྒྱུ་མ་བྱུང་།་་་གང་ལྟར་ང་ནི་བོད་ཀྱི་ད་ལྟའི་སྤྱི་ཚོགས་ལ་གནམ་ས་མགོ་རྟིང་སློག་པ་ལྟ་བུའི་གསར་བརྗེ་ཞིག་མཁོ་བར་འདོད་མཁན་གྱི་མི་བུ་ཞིག་ཡིན།
    ཁྱོད་ཀྱིས་ཁོང་ཚོས་༧གོས་ས་མཆོག་ལ་བརྙས་སྨོད་བྱས་ཚུལ་བྲིས་འདུག
    ཡིན་ན་འང་ཁོང་ཚོས་ཆབ་སྼིད་ཀྱི་བདག་དབང་གླེང་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེས་ཁྱོད་ལ་ཕོག་ཐཱུག་བཏང་བ་ཡིན་པ་བདེན་ན་དེ་ནི་ཁྱོད་ཀྱིས་མང་གཙོའི་ལམ་སྼོལ་ཡང་དག་པ་ཞིག་ངོ་མ་འཕྲོད་པའི་རྒྱུ་རྐྱེན་ལས་གང་ཡང་མིན།
    ༧གོས་ས་མཆོག་ལ་སྐྱོན་བརྗོད་བྱེད་མི་ཆོག་ཟེར་ན་
    གཅིག༽་་་་ཁྱོད་མང་གཙོའི་ལམ་སྼོལ་དང་འགལ་ཚར་བ་རེད།
    གལ་ཏེ་༧གོས་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེ་ནོར་བ་རེད་ཟེར་ན་
    གཉིས་༽་་་ཁྱྱོད་ལ་བག་ཆགས་རྙིང་པའི་ཤན་ཤུགས་མཐུག་དྲགས་པས་ལན་པ་རེད།
    ༧གོས་ས་མཆོག་ལ་སྐྱོན་བརྗོད་ནམ་ཡང་བྱེད་མི་ཉན་ཟེར་ན་
    གསུམ༽་་་དེ་ནི་ཁྱེད་ཀྱི་ཆོས་ལུགས་ཀྱི་མིག་ཤེལ་ལས་ཆབ་སྼིད་ཀྱི་ཐོབ་ཐང་མཐོང་ཐུབ་ཀྱི་མེད་པའི་སྐྱོན་རེད།

    Reply
  6. ཕ་ལམ་ནག་པོ། says:
    ལོ་ 13 སྔོན།

    སྣང་རྒྱལ་ཤེར་དགེ་ལགས།
    བླ་མས་ཆབ་སྼིད་ཀྱི་དབང་ཆ་བཟུང་ན་འོས་འཚམ་མིན་ཟེར་ན་བདེན་ཡང་བླ་མསཆབ་སྲིད་འཐབ་རྩོད་ཀྱི་དོན་དུ་ནུས་པ་བསྐྱོན་ན་་མ་འགྲིག་པ་ག་ལ་ཡོད།་ཡང་གཅིག་བཤད་ན་ཤིང་བཟའ་བླ་མས་ཆབ་སྼིད་ཀྱི་དབང་ཆ་འཇུ་བའི་ཐབས་བཀོད་འཐེན་བཞིན་མེད།་་་་༧་གཅིག་བྱས་ན་ཁྱེད་ཀྱིས་༧་གོང་ས་མཆོག་གིས་གདན་ས་ཁག་ཏུ་དགེ་འདུན་པ་ཚོས་བོད་ཀྱི་བསྟན་སྼིད་ཀྱི་དོན་དུ་འགན་ཁུར་དགོས་ཀྱི་འདུག་ཅེས་པའི་བཀའ་སློབ་དེ་ཧ་ལམ་གོ་མེད་པ་འདྲ།་་་་་་་་དེ་ལ་དོ་སྣང་ཞིག་བྱེད་རོགས།

    Reply
  7. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ཚྭ་སྒང་ཕོ་ཉ། དགའ་ལྡན་ཕོ་བྲང་བས་སྲིད་དབང་བཟུང་བ་དང་ཤིང་བཟའ་བླ་བྲང་གི་སྲིད་དོན་བྱས་པ་གཉིས་ལ་ཁྱད་པར་མེད་པ་ག་ལ་ཡིན། སྟག་མཆོང་ས་ཝ་མཆོང་ན་སྒལ་ཚིགས་འཕུད་རྒྱུ་མ་རེད་དམ། ཡང་ཅིག་བཤད་ན་བླ་མས་སྲིད་དབང་བཟུས་བ་དེས་འུ་ཅག་གང་དུ་བསྐྱལ་བྱུང་ངམ། ༸སྐྱབས་མགོན་རིན་པོ་ཆེས་ཀྱང་དགའ་ལྡན་ཕོ་བྲང་གི་མིང་འདི་བེད་སྤྱོད་བྱེད་དགོས་མིན་ཐད་བཀའ་སློབ་གནང་བ་ཐོས་ཡོད་ངེས་རེད། བླ་མས་ཆོས་ཀྱི་ལས་ཀ་བྱས། སྲིད་དོན་པས་ཆབ་སྲིད་ཀྱི་ལས་ཀ་བྱས་ན་གཙང་མ་དང་སྤུས་དག་པོ་ཞིག་ཡོང་ངེས་རེད། བླ་མ་ཡང་དག་ཅིག་བྱས་ན་བོད་ཀྱི་སྲིད་དོན་ལའང་ཕན་ཐོག་ངེས་ཡིན་པ་གསལ་པོ་རེད།
    བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བ་ལས་རབ་ཏུ་བྱུང་ནས་ཆབ་སྲིད་ཀྱི་བྱ་བ་བྱས་མེད། དེ་མ་བྱས་པས་བཅོམ་ལྡན་འདས་ལྷག་པར་དུ་མཐོ་བར་གྱུར། ༸གོང་ས་མཆོག་གིས་ཀྱང་ནམ་ཞིག་བོད་རྣམས་རང་མགོ་ཐོན་པར་གྱུར་ཚེ་ཆབ་སྲིད་ཀྱི་འགན་གང་ཡང་བཞེས་རྒྱུ་མིན་པའི་བཀའ་སློབ་རིམ་པར་གནང་བའང་ཡིད་ལ་ངེས་པར་འཚལ། འདི་དག་ལ་རྒྱུ་མཚན་ཟབ་མོ་ཞིག་ཡོད་པ་རེད།

    Reply
  8. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 13 སྔོན།

    ཕ་ལམ་ནག་པོ་ལགས། དབུ་མའི་ལམ་ལ་རྨོངས་དད་བྱེད་མཁན་གྲས་ཀྱི་མི་བུ་ཞིག་ཡིན་སྲིད།་་་ཡིན་ནའང་ད་ལྟའི་དུས་ཚོད་ནི་གསོན་ཤུགས་ཀྱིས་ཕྱུག་པའི་མི་རབས་གསར་བའི་དུས་སྐབས་ཡིན་པ་ལས།་ཀླད་རྙིང་ལྟ་སྤྱོད་མངའ་བའི་མི་རབས་རྒན་པའི་དུས་སྐལ་མིན།་དགོངས་པ་མ་ཚོམ། ཞེས་ཟེར་ཚུལ་ལ་བལྟས་ན་རང་བབཙན་ལ་དུང་བ་ཡོད་མདོག་སྟོན་ཀུན་འདུག ཡིན་ན་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡོང་ལ་ཀླད་རྣིང་དང་མི་རབས་རྒན་པ་དམའ་འདེབས་བྱེད་སྟངས་ལ་བལྟས་ན་ཁྱོད་ཡང་གཏོར་བཤིག་པ་ཞིག་ཡིན་པ་ཐེག་ཆོད། ལྷག་པར་ངས་རྒྱུ་མཚན་མང་པོ་བཤད་པ་གཅིག་ལ་ཡངགསལ་བཤད་ཀྱི་་ལན་མེད་པར་འདི་ལྟར་ཧམ་བཤད་བྱེད་རྒྱུ་ཡིན་ནམ།

    Reply
  9. ཕ་ལམ་ནག་པོ། says:
    ལོ་ 13 སྔོན།

    བསྟན་འཛིན་སྟོབས་རྒྱལ།
    རང་བཙན་གྱི་དོན་དུ་ལས་ཀ་བྱེད་མཁན་ལ་ཟུར་ཟ་བྱེད་པའི་ཁྲོད་ཀྱི་སྤྱོད་ཚུལ་དེར་ང་ཁྱོན་ནས་འཐད་པ་མ་བྱུང་།་་་གཅིག་བྱས་ན་ཁྱེད་ནི་དབུ་མའི་ལམ་ལ་རྨོངས་དད་བྱེད་མཁན་གྲས་ཀྱི་མི་བུ་ཞིག་ཡིན་སྲིད།་་་ཡིན་ནའང་ད་ལྟའི་དུས་ཚོད་ནི་གསོན་ཤུགས་ཀྱིས་ཕྱུག་པའི་མི་རབས་གསར་བའི་དུས་སྐབས་ཡིན་པ་ལས།་ཀླད་རྙིང་ལྟ་སྤྱོད་མངའ་བའི་མི་རབས་རྒན་པའི་དུས་སྐལ་མིན།་དགོངས་པ་མ་ཚོམ།་་་་་་་

    Reply
  10. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 13 སྔོན།

    དེང་སེང་རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་གཏོར་གཤིག་གཏོང་མཁན་སྐོར་ཞིག་ཐོན་བཞིན་འདིག ཁོ་བ་ཚོས་རང་བཙན་གྱི་ཁ་གཡང་ཁྲོད་ནས་མིའི་མགོ་བོ་རྨོངས་ཐབས་བྱེད་བཞིན་ཡོད་པ་རེད། ཅོལ་ཆུང་ཁ་ཤས་ཀྱིས་ཆོལ་ཁ་དེའི་དབུ་མའི་ལམ་གྱི་ལྟ་བ་མ་དོར་ན་ཆོལ་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ཚུལ་དང་། ཁ་ཤས་ཀྱིས་རང་བཙན་རྩོད་མཁན་ཚང་མས་རང་དབང་ལག་དེབ་ཕྱིར་སྤྲོད་བྱེད་དགོས་ཚུལ་གྱི་བསམ་ཚུལ་མངོན་སུམ་འཛེམ་མེད་དུ་བཤད་ཡོད་ཚུལ་འདིག ཐབས་སྐྱོ་བ་ཞིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་པའི་སྐད་གྲགས་ཅན་དེ་ཡང་ཁོང་ཚོས་བཤད་པ་ལ་མགོ་བོས་ལྕོག་ལྕོག་བྱེད་བཞིན་ཡོད་ཚོད་འདིག དགོད་སྤྲོ་བ་ཞིག་ལ་རང་དབང་ལག་དེབ་དང་ཆོལ་ཁོངས་ལག་ཁྱེར་ཕྱིར་འབུལ་གྱི་སྐད་ཅོར་རྒྱག་མཁན་ལ་ལག་ཁྱེར་དེ་རིགས་ཡོད་ཚོད་མི་འདིག ད་དུང་ཡ་མཚན་པ་ཞིག་ལ་རང་བཙན་འཚོགས་འདུ་བླ་བྲང་ནང་དུ་འཚོགས་སྐབས་པའི་ཕྱི་ཉིན་བོད་བཙན་བྱོལ་གཞུང་གི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་དུས་དྲན་སེ་ར་ནས་སྲུང་བརྩི་བྱས་སྐབས་སུ་ཁོ་ཚོ་ལ་དེ་དུས་ལས་དོན་གང་ཡང་མེད་ཀྱང་ཕེབས་ཐུབ་མེད་པ་རེད། ཁོ་ཚོས་ད་དུང་རང་གཞུང་གི་ལས་དོན་གང་ཡང་བྱེད་ཀྱིན་མེད་ཚུལ་དང་ཁོ་བ་ཚོས་ཞེ་དྲག་བྱེད་ཀྱིན་ཡོད་པའི་ཆ་བསྒྲགས་གཞིས་བྱེས་གཉིས་ཀྱི་དྲ་ལམ་དུ་སྒྲོག་ཀུན་ཡོད་པ་རེད། ད་དུང་ཡོ་རབ་ཕྱོགས་སུ་སོང་ནས་༸གོང་ས་མཆོག་ལ་བརྙེས་སྨོད་བྱས་ཚུལ་ཡང་གོ་ཐོས་བྱུང་། བཟང་སྤྱོད་ཀྱི་དྲ་མ་མེད་པའི་རིགས་འདི་ཚོས་བྱ་བ་བྱེད་སྟངས་སྤྱི་ཚོགས་ཐོག་རིམ་ཀྱི་གསལ་བཤད་ཐོན་ངེས་ཡིན། གནས་སྐབས་དེ་ཙམ་ཡིན།

    Reply
  11. མ་ཡུལ་ says:
    ལོ་ 13 སྔོན།

    ཁྱེད་རྣམས་པར་བཀྲ་ཤིས་བདེ་ཞྭུ། རྒྱ་ནག་རྩ་ཁྲིམ་འོག་ནམ་ཡང་བདེ་བ་ཐོབ་མི་
    ཐྭུབ། དཔེ་ན། ད་ལྟ་བཞིན།

    Reply
  12. ཁ་བ་མཚོ། says:
    ལོ་ 13 སྔོན།

    བོད་རང་བཙན་ཞེས་པའི་ཐ་སྙད་འདི་གོ་ཡོང་དུས་སེམས་ལ་སྔངས་སྐྲག་ལོང་ཡོང་བའི་དུས་ཚོད་ཞིག་གི་ནང་ཚོགས་འདུ་འདི་འདྲ་ཞིག་འཚོགས་ཐུབ་པ་ནི། ཤིང་ཟ་རིན་པོ་ཆེ་གཙོས་པའི་དེའི་ཐད་ཐུགས་འགན་བཞེས་མཁན་ཚོར་བཀའ་དྲིན་ཆེ་ཞུ།
    ད་བོད་འདི་རྩ་རླག་མི་འགྲོ་བའི་རེ་བ་ཞིག་ཡོད་པ་མིན་ནམ་སྙམ་པ་བྱུང། ནམ་ཞིག་ལོ་རྒྱུས་ཀྱིས་བདེན་པའི་རྒྱབ་གནོན་བྱ་སྟེ་རང་རེའི་དམིགས་འདུན་འགྲུབ་རྒྱུ་ཡོད་པ་ནི། ཆོས་དང་འཇིག་རྟེན་གང་གིས་ཆ་ནས་བལྟ་ནའང་ཐོབ་རྒྱུ་ཡོད་པ་ཞིག་དང། ཡོང་རྒྱུ་ཡོད་པ་ཞིག འཕེན་ཐོག་དང་རེ་བ་ཡོད་པ་ཞིག་རེད། དེའི་ན་ལོ་རྒྱུས་དང་མི་རིགས། སྐད་ཡིག་དང་ས་མཚམས། རིག་གཞུང་དང་ལུགས་སྲོལ་གང་གིས་ཆ་ནས་དཔྱད་ནའང་བོད་རྒྱ་གཉིས་པོ་ཐ་དད་ཡིན་པ་ལོ་རྒྱུས་ཡོངས་གྲགས་རེད་ལ། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་བཟུང་རྒྱ་ནག་བོད་ཁམས་སུ་མ་ཉུལ་བར་བོད་འདི་རང་བཚན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ནི་སུས་ཀྱང་སྙོན་དུ་མེད། ཡིན་ནའང་དེང་གི་ཆར་རང་བཙན་འབོད་མཁན་ཚོར་བོད་ཀྱི་སྤྱི་ཚོགས་ནས་འབུད་གྲབས་བྱེད་ཀྱི་ཡོད་ལ། དེ་ཚོ་ནི་༸སྐྱབས་མགོན་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་ཞིག་ཏུ་ལྟ་བཞིན་ཡོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། ད་ལན་ལྷོ་ཕྱོགས་ཀྱི་འཚོགས་ཆེན་དེའི་ཐོག་ངའི་རྣ་དབང་འཆུས་པ་མིན་ན། ༸གོང་ས་མཆོག་གིས་དབུ་མའི་ལམ་དང་རང་བཚན་ནི་མིའི་ལྟ་གྲུབ་ཅིག་ཡིན་པ་འདྲ་བ་དང། དབུ་མའི་ལམ་དེའང་ཁོང་གིས་སྲོལ་གཏོད་མིན་པར་མི་མང་གི་མངོན་འདོད་ཡིན་པར་གསུངས་པ་འདྲ་ཞིག་ཐོས་སོང། དེ་ལྟར་ན་བོད་རང་བཙན་འབོད་མཁན་ཚོའང་བོད་ཀྱི་སྤྱི་ཚོགས་ནང་ཁ་བྲལ་བ་ལྟ་བུའི་སེམས་ཚོར་དེའང་ཅུང་ཉུང་དུ་འགྲོ་བའི་རེ་བ་ཡོད།

    Reply
  13. གླིང་སྐལ་རྒྱམ། says:
    ལོ་ 13 སྔོན།

    རང་བཙན་ཚོགས་འདུ་ཚོགས་པར་རྒྱབ་སྐྱོར་ཡོད། ཚོགས་འདུའི་ཐོག་གི་གྲོས་ཆོད་རྗེས་མ་རྒྱལ་སྤྱིའི་ཐོག་ལ་བཙན་བྱོལ་བོད་གཞུང་བསྐྱལ་ཐབས་བྱ་རྒྱུ་དེ་གལ་ཆེན་རེད་བསམ།

    Reply
  14. ཤྰ་རིའི་བུ། says:
    ལོ་ 13 སྔོན།

    ཡག་པོ་འདུག ཡིན་ན་ཡང་གོ་བསྒྲིགས་པ་ལ་དྲི་བ་ཞིག་ཕུལ་ཡག་ཡིན།
    དྲི་བ་དེ་ནི་རང་བཙན་དེ་དང་པོ་ཤིང་བཟའ་བླ་མ་ལ་ཡོད་ན། གང་ཡིན་ཞེ་ན་གྲྭ་ཚང་གིས་བསྒྲིགས་གཞི་འོག་ཁོ་རང་དབང་ཚད་ཡོད་ངེས་ཡིན་རྒྱུ་རེད།

    Reply
  15. སེར་ཆེན་ says:
    ལོ་ 13 སྔོན།

    བོད་མི་གཞིས་བྱེས་མྱུར་དུ་ཐོབ་པར་ཤོག་་་་་་བོད་རྒྱལ་ལོ།་་་་་་་་་་་་་་་་་་་་་་་་་་་་་

    Reply
  16. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    བོད་རང་བཙན་གྱི་ཚོགས་འདུས་ཐོག་ཕེབས་པའི་སྐུ་འགྲོན་རྣམས་ལ་གུས་པས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    མཚམས་འདིར་༼སྣང་རྒྱལ་ཤེར་དགེ་༽ལགས་ཀྱིས་བླ་བྲང་དུ་ཆབ་སྲིད་ཀྱི་ཚོགས་འདུ་ཚོགས་པར་ཡག་པོ་མིན་ཚུལ་ཞིག་བཤད་འདུག། ཁྱེད་ཀྱིས་ཐོག་མ་ངེས་དགོས་པ་ཞིག་ལ་དགའ་ལྡན་ཕོ་བྲང་དེ་ཡང་ཐོག་མ་བླ་བྲང་ཞིག་ཡིན་པ་སེམས་སུ་བཟུང་དགོས་ལ། དེང་གི་ཆ་ཆོས་སྲིད་གང་ལ་ཡང་མི་ཕན་པའི་བླ་བྲང་གང་མང་ཡོད་པ་དེ་ཡང་ཤེས་དགོས་ངེས་ཡིན། ཕྱོགས་ཚང་མ་དང་ཟུར་ཐམས་ཅད་ནས་གཟིགས་ན་དེ་ནས་ཁྱེད་ཀྱིས་གནས་ལུགས་ཤིག་རྟོགས་སྲིད། བོད་རང་བཙན་གྱི་ལས་འགུལ་ལམ་ལྷོང་ཡོངས་བའི་སྨོན་འདུན་ཞུ།

    Reply
  17. མུན་རྡེའུ། says:
    ལོ་ 13 སྔོན།

    རང་བཙན་ཚོགས་འདུ་བླ་བྲང་ནང་ལ་འཚོགས་པ་དགོད་བྲོ་བ་ཞིག་རེད །
    དམིགས་ཡུལ་དང་འཆར་ཡུན་ངེས་ཅན་ཞིག་ཡོད་ན་དགའ་བསུ་ཡོད ། དེ་ལས་ལྡོག་ཏེ་སྨྱོ་རྒྱུགས་བྱས་ན་ག་ལེར་རྫུན་རྐུབ་ལྷང་ལ་འབུད་ངེས་རེད །

    Reply
  18. ཨ་མྱེ་རྫ་རྒྱ་ says:
    ལོ་ 13 སྔོན།

    བོད་རང་བཙན་ཚོགས་འདུ་ཞེས་པ་དབུ་འཛུག་བྱེད་མཁན་དང་ཚོགས་བཅར་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། བགྲོ་གླེང་གི་བརྗོད་གཞིའི་ཡིད་འཕྲོག་སོང་།
    དེ་ལྟར་འགྲུབ་པའི་སྨོན་འདུན་ཞུ།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་གཞུང་སྐྱོར་འདོད་ཡོད་པའི་ཤ་ཁྲག་གཅིག་པའི་སྤུན་གྲོགས་ཚོས་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོ་ལ་ལྷག་ཡོད་པ་གཅིག་ནི་ཤ་ཞེན་དང་རུས་ཞེན་ཡིན་པས་སྲུང་སྐྱོར་བྱེད་གལ་ཆེ་སྙམ།

    ལུང་བསྟན་ཞིག་ལས་འདི་འདྲ་ཞིག་མྱོང།

    དུས་ནམ་མི་འགྱུར་མི་རྣམས་འགྱུར་བ་ཡིན།
    དེར་དུས་མི་ལ་བསོད་ནམས་སྙན་གྲགས་མེད། ཟེར་བའི་ལུང་བསྟན་འདི་ཚོ་ག་རེ་འདྲ་གཅིག་ཡིན་ནམ།

    Reply
  20. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    ཤེལ་དཀར་བློ་བཟང་་ལགས།་བཀའ་དྲིན་ཆེ།་ནོར་བཅོས་ཆད།་
    གཞུང་ཆེན་པོད་ལྔ་ནི་ཁྱེད་ཀྱིས་གསུངས་པ་དག་ཡིན་མོད།་འདི་ལ་བསླབ་པ་མཐར་སོན་པ་ལ་ཡང་དུས་ཡུན་གང་ཙམ་ཞིག་དགོས་པ་སྨྲ་མེད་རེད། འོན་ཀྱང་རྒྱུགས་སྤྲོདས་ཚུལ་ལ་ངག་རྒྱུགས་བྲིས་རྒྱུགས་བརྩོད་རྒྱུགས་གསུམ་ལས་འདིར་༧་གོང་ས་མཆོག་ལ་རྩོད་རྒྱུགས་འདོར་བསྡུས་རེ་སྙན་འབུལ་ཞུས་བ་རེད་ལགས།

    Reply
  21. གཅེན་པོ། says:
    ལོ་ 13 སྔོན།

    བོད་རང་བཙན་མ་ཐོབ་གོང་ནས་གཞིས་བཞུགས་བོད་མི་རྣམས་དཔྱོད་ཅན་ལ་རྒྱ་ཅན་དེ་ཚོ་ཏག་ཏག་བཟོས་ཚར་བ་འདུག
    ད་ནི་བོད་རང་བཙན་ཆེད་དུ་ཚ་ཚ་འུར་འུར་གྱི་ལས་འགུལ་ཞིག་སྤེལ་ན་དགའ་བསུ་ཡོད་ལ་དེ་དང་མཉམ་བཞུགས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
    དེ་མིན་ཚོགས་འདུ་འདྲ་ཚོགས་ནས་ལག་བསྟར་མི་བྱེད་པར་བསྡད་དུས་ད་བར་རྒྱ་ནག་པོའི་ལག་འོག་ནས་ཀུན་གཟིགས་པན་ཆེན་རིན་པོ་ཆེས་དབུས་པའི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཤེས་ཡོན་ཅན་བློ་སྟོབས་ཅན་ག་ཚོད་སྐུ་ཚེའི་ཕན་པ་རྫོགས་སོང་།
    བོད་རང་བཙན་ཚོགས་པའི་ཚོགས་མི་རྣམས་ཀྱི་སྣེ་འཁྲིད་ཀྱིས་ལས་དོན་རྒྱ་ཆེར་སྤེལ་བའི་འབོད་སྐུལ་ཡོད།
    ད་ནི་ལས་དོན་དངོས་ལ་མི་འཇུག་ན་བོད་རང་བཙན་ནམ་མཁའི་འཇའ་ཚོན་འདྲ།

    Reply
  22. ཟླ་བ་ལྷ་མོ says:
    ལོ་ 13 སྔོན།

    དྲ་གྲོགས་དགྲ་འདུལ་རྡོ་རྗེ་ལགས།༼བོད་རྒྱལ་ཁབ་ཆེན་པོའི་འདས་པའི་གཟི་བརྗིད་ལྡན་པའི་ལོ་རྒྱས་ཅན་དེ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཁོ་ནས་གནས་སྟངས་འདི་ལ་ཐུག་པ་རེད། ༽
    དེ་འདྲ་ཞིག་རྩེ་བ་ཉིད་ནས་མ་རེད།གང་ཡིན་ཞེ་ན་སྐབས་དེ་དུས་ཀྱི་མི་རྣམས་བསམ་བློ་དང་ཤེས་ཡོན་གྱི་མ་འདང་བས་རྐྱེན་རེད་མ་གཏོགས་དགའ་ལྡན་ཕོ་བྲང་ཞེས་བའི་མིང་དེས་བཟོས་སོང་བ་ཞིག་རྩ་བ་ཉིན་ནས་མ་རེད།ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་སྙམ།།

    Reply
  23. རྐང་གསུམ། says:
    ལོ་ 13 སྔོན།

    ཁ་དབྱངས་ཙམ་དུ་འགྱུར་བའི་སྨོན་ལམ་ཞུ།་་་་་་་་་་་་་་བོད་ཀྱི་རང་བཙན་ནི་ལོ་རྒྱུས་ཀྱིས་དེད་པའི་ང་ཚོའི་རང་བཙན་ཡིན། རང་བཙན་་་་་་་རང་བཙན་་་་་རང་བཙན་་་་་་་་་་ཁྱེད་དང་འུ་གཉིས་དེང་སྐབས་ཁ་ཁར་གྱུར་ཡོད་རུང་་་་་་་་་་་ལོ་རྒྱུས་ཀྱིས་ནམ་ཡང་འུ་གཉིས་ཁ་ཁ་རུ་གཏོང་མི་སྲིད།་་་་་་་་་་ཤིང་བཟའ་རིན་པོ་ཆེ་ལགས་དེ་ལྟར་ཡིན་ནམ།་་་་་་་་་?

    Reply
  24. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 13 སྔོན།

    དྲ་བདག་མཆོག་ལ།
    ཆེད་ཞུ། ད་ལམ་ནས་གུས་པས་བསམ་ཚུལ་གང་མང་བྲིས་ཏེ་བཀུར་བ་ཚོར་དོ་སྣང་ཡ་མེད་གཏོང་དགོས་དོན་གང་ཡིན་ནམ་ཅེས་ཐེངས་མང་བཀའ་འདྲི་ཞུས་ཡོད་ལ་ད་དུང་ཡང་ཞུ་བཞིན་ཡོད། རེ་བར་ལྷན་རྒྱས་ནས་འདོན་ཐབས་མ་མཆིས་པའི་པའི་རིགས་ལ་དགོངས་ཚུལ་ཞིག་དང་དགོས་པ་ཞིག་ཡོད་རྒྱུ་ལགས་པས་དེ་དོ་བདག་ལ་འགྲེལ་བཤད་བྱས་ན་ལེགས་པོ་འདུག

    ངས་འདིར་ཞོགས་པ་ཚིག་རེ་གཉིས་གཅིག་བྲིས་ཡོད་ཀྱང་ད་དུང་བཏོན་གནང་མ་སོང་ངོ་མ་བློ་འཕམས་ཡོད།

    Reply
  25. དགྲ་འདུལ་རྡོ་རྗེ། says:
    ལོ་ 13 སྔོན།

    དགའ་ལྡན་ཕོ་བྲང་། དགའ་ལྡན་ཕོ་བྲང་། དགའ་ལྡན་ཕོ་བྲང་། དགའ་ལྡན་ཕོ་བྲང་། བོད་རྒྱལ་ཁབ་ཆེན་པོའི་འདས་པའི་གཟི་བརྗིད་ལྡན་པའི་ལོ་རྒྱས་ཅན་དེ་ ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཁོ་ནས་གནས་སྟངས་འདི་ལ་ཐུག་པ་རེད།
    ཤིང་བཟའ་ནི་གཞོན་སྐྱེས་སེམས་ཤུགས་ཅན་ཞིག་ལ་ངོས་འཛིན་ཡོད་ཀྱང་། ད་ཡིན་ན་མགོ་བུད་དུས་སྐེ་འཁྱོག་ནས་ཡོད་པས་རེ་བ་ཆད་སོང་།

    Reply
  26. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 13 སྔོན།

    རང་བཙན་འཐབ་རྩོད་པ་དེ་ཚོས་མཐའ་གཅིག་ཏུ་གཞུང་གི་ལངས་ཕྱོག་གཏོར་བཤིག་གཏོང་འདོད་པ་ཤ་སྟག་རེད། ཤེས་གསལ་ལྟར་བསྟན་འཛིན་བརྩོན་འགྲུས་སོགས་ན་གཞོན་འགའ་ལ་གྲུབ་པའི་རང་བཙན་རྩོས་ལེན་པ་ཚོས་སྤྱི་འཐུས་ནང་གཞོན་ནུའི་མི་གང་མང་ཚུད་ཐབས་ཀྱིས་རིམ་པས་གཞུང་གི་ལངས་ཕྱོགས་དེ་ཉིད་རྩ་མེ་དབཟོ་རྒྱུའི་ངན་ཇུས་མ་རེད་པས། གལ་ཏེ་རང་ཉིས་ཀྱི་བསམ་ཚུལ་དང་འདོད་ཚུལ་དང་བསྟན་སྲིད་ངོ་མ་ཞེན་ན་གཞུང་གི་ལངས་ཕྱོགས་ཤེས་པའི་སྒོ་ནས་རྒྱབ་འགལ་མི་བྱེད་པའི་ཐོག་ལས་འགུལ་སྤེལ་ཐབས་སོགས་བྱས་ན་དགེ་ཚན་ཆེ་བར་མཐོང་། དེ་མིན་གཞུང་གི་ལངས་ཕྱོགས་འགལ་ཟླར་ཟུང་ནས་བོད་བསྟན་སྲིད་ལ་ཞེན་ཟེར་བ་ནི་ངོ་མ་བྱབ་ཆུང་ཀླད་མེད་ཀྱི་གླེན་རྟགས་ཞིག་མ་རེད་པས།
    དྲ་བདག་མཆོག་ནས་བསམ་ཚུལ་དུས་ཐོག་འགོད་རྒྱུར་རེ་བ་ཞུ་རྒྱུ་ཡིན།

    Reply
  27. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    བླ་བྲང་དུ་ཆབ་སྲིད་ཀྱི་ཚོགས་འདུ། འདི་འདྲ་བྱས་ན་ལན་པོ་རང་མི་འདུག ལར་ནས་བླ་མས་བླ་མར་དགོས་པའི་སློབ་སྦྱོང་ལེགས་པར་སྦྱངས། དེ་ནས་བླ་མའི་ཡོན་ཏན་གྱི་ནུས་པ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་ཀར་ཞུགས་ན་ལེགས།

    Reply
  28. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 13 སྔོན།

    བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་ཀྱང་།
    རྒྱ་ནག་གྱིས་བཙན་དབང་འོག་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་རང་བཙན་གིས་མིང་ཙམ་བརྗོབ་པ་ཡིན་ནའང་བཙན་འཇུག་བྱེད་གྱི་ཡོད་པ་དང།
    ད་ལྟ་ང་ཚང་བཙན་བྱོལ་སྤྱི་ཚོགས་ནང་ལ་རེ་བ་ཞིག་གིས་འོག་ནས་བོད་རང་བཙན་རྩོད་མི་ཆོག་པའི་ཆ་རྐྱེན་འཇོག་པའི་སྐབས་དེ། བོད་རང་བཙན་ཚོགས་འདུ་སྐོང་ཚོགས་བྱས་པ་གཟི་བརྗིད་རེད། གྲོས་གཞི་ཁག་དྲུག་དེ་ཡག་པོ་འདུག་དགའ་པོ་བྱུང་།

    Reply
  29. ཨུ་ཚུགས་ཅན། says:
    ལོ་ 13 སྔོན།

    སེམས་ཤུགས་དང་ངར་ཤུགས་ཡོད་ཚད་རང་བཙན་སྟེང་ལ་འབུལ་ཐུབ་མཁན་རྐྱང་རྐྱང་རེད། དགའ་བསུ་ཡོད།

    Reply
  30. ཨ་མཆོད་འཇམ་ཚུལ། says:
    ལོ་ 13 སྔོན།

    བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

    Reply
  31. ལྷོ་མཐའི་ཉི་ཟེར། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  32. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    སྤྲོ་ཚིགས་ལགས། དག་ཆར་དོ་སྣང་གནང་རོགས།
    གཞུང་ཆེན་པོད་ལྔའི་རྒྱུགས་སྤྲོད་ཅེས་བྲིས་རོགས།

    གཞུང་ཆེན་ཀ་པོད་ལྔ་ནི།  ༡༽ ཕར་ཕྱིན་དང་། ༢༽ དབུ་མ། ༣༽ ཚད་མ་རྣམ་འགྲེལ། ༤༽མཛོད། ༥༽འདུལ་བ་བཅས་རེད། དུས་ཡུན་ཐུང་ཐུང་ཞིག་གི་ནང་དེ་དག་རྒྱུགས་སྤྲོད་ཇི་ལྟར་བྱས་མིན་ཁ་གསལ་ཞིག་གསུངས་རོགས།

    Reply
  33. ཁ་བ་ནག་པོ། says:
    ལོ་ 13 སྔོན།

    བོད་རང་བཙན་ཟེར་བ་དེ་ཞེས་པའི་ཚིག་དེ་ཏོག་ཙམ་སྣང་བར་འགྲོ་གི་མི་འདུག བོད་རང་བཙན་ལ་ཆ་རྒྱུས་མེད་དམ་ཡང་ན་་་ ་་་ རྒྱ་གཞུང་གི་དྲ་རྒྱ་ཁག་དུ་བོད་གཞུང་ཟེར་བ་དེ་ཞེས་དང་བོད་མི་དམངས་སྤྱི་འཐུས་ཟེར་བ་དེ་ཞེས་ཟུར་ཟ་བྱེད་ཀིན་ཡོད་པ་རེད། ད་ལྟ་བཙན་བྱོལ་སྤྱི་ཚོགས་འདི་བོད་རང་བཙན་པར་ཟུར་ཟ་བྱེད་པའི་དུས་ཚོད་དེར་བསླེབས་པ་ནི་མིན་ལས་ཆེ། ཤིང་བཟའ་བླ་མ་སྙིང་རྗེ།

    Reply
  34. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཀླུ་མཁར་བྱམས་དང་བསྟན་འཛིན་བརྩོན་འགྲུབ། ཤིང་བཟའ་རིན་པོ་ཆེ་གསུམ་མ་གཏོགས་མི་ཤེས་ཀི ཀླུ་མཁར་བྱམས་ཀྱི་རྩིབ་ས་ན་ཡོད་པའི་གྲྭ་བ་དེ་ངག་དབང་འོད་འབར་མ་རེད་དམ། ཚོགས་འདུའི་བཀོད་སྒྲིག་པ་དང་གཙོ་སྐྱོང་བ། གདན་ཞུས་སྐུ་མགྲོན་སྤྱི་འཐུས་སུ་སུ་རེད།

    Reply
  35. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཨོའོ། དེང་སང་ཆབ་སྲིད་ཀྱི་བསྟན་པ་རྒྱ་གར་ལྷོ་ཕྱོགས་ལ་དར་འདུག དངོས་གནས་ཡག་པོ་འདུག གང་ལྟར་ང་ཚོ་བོད་མི་ཡོད་དོ་ཅོག་གིས་སོ་སོའི་ཁ་སྟབས་ལ་དཔག་པའི་སྒོ་ནས་བོད་སྤྱི་ལ་ཕན་པའི་ཞབས་འདེགས་ཞུ་རྒྱུ་རེད།

    Reply
  36. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    ཏག་ཏག་རེད།་ཆུ་ཚོད་༡་༣༠་་ནས་༤་བ་པར་ལ་སེར་སྨད་གྲྭ་ཚང་དུ་༧གོས་ས་མཆོག་དབུ་བཞུགས་ཐོག་གཞུངབོད་ལྔའི་རྒྱུག་སྤྲོད་ཞིག་ཚོགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist