མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་ངོས་ལེན་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp
ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ནས་བཟུང་རྒྱ་གར་གཞུང་གི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་སྐོར་ལ་གྲོས་ཆོད་ཅིག་བཞག་སྟེ། ད་ནས་བཟུང་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ཁྲིམས་མཐུན་གྱི་སྨན་གཞུང་གི་གྲས་སུ་ཚུད་ཡོད་ཟེར།
ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པས་ངྷ་ས་བོད་གཞུང་དབུས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་སུ། རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ངོས་ལེན་གནང་བའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་བཏང་བོད་ཀྱི་གསོ་བ་རིག་པ་ཟེར་བ་དེ་རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཀྱིན་ཡོད་ལ། ཐེངས་འདིར་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་ཁག་ཅིག་གིས་གསོ་བ་རིག་པའི་མིང་ཐོག་ནས་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་སྟབས། གཞུང་གིས་ངོས་ལེན་གནང་ཡོད།
དེ་སྔོན་རྒྱ་གར་གཞུང་གིས་ཡིག་ཐོག་ནས་སྨན་རྩིས་ཁང་དང་བོད་ཀྱི་གསོ་བ་རིག་པའི་ཐོག་ཕྱག་ལས་གནང་མཁན་རྣམས་ལ། ད་ནས་བཟུང་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་དུ་བེད་སྤྱོད་གཏོང་ཆོག་གི་རེད་ཅེས་གསུངས་མེད་ནའང་། ད་ལྟའི་ཆར་དེའི་ཐད་ཕྱག་ལས་གནང་རྒྱུར་བཀག་འགོག་གང་ཡང་བྱས་མེད། དེ་ནི་བོད་ཀྱི་གསོ་བ་རིག་པའི་སྨན་ལུགས་ཀྱིས་ད་ལྟའི་བར་གཞན་ལ་ཕན་ལས་གནོད་བསྐྱལ་མེད་པར་མ་ཟད། སྨན་རྩིས་ཁང་གིས་ད་བར་བོད་ཀྱི་གསོ་བ་རིག་པའི་ལག་ལེན་ཐོག་ནད་པ་མང་བོར་ཕན་ཐོགས་ཡོང་གི་ཡོད་པ་དང་། རྒྱ་གར་མང་ཚོགས་ཀྱིས་ཀྱང་འདི་ལ་དགའ་མོས་བྱེད་ཀྱིན་འདུག

ཡིན་ནའང་། ད་ནས་བཟུང་ཁྲིམས་ཐོག་ནས་བོད་ཀྱི་གསོ་བ་རིག་པར་ངོས་ལེན་ཐོབ་རྗེས། རྒྱ་གར་གཞུང་གིས་མ་འོངས་པར་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་ཕྱོགས་སྐོར་ལ་སྲིད་བྱུས་གསར་བ་ཞིག་གཏན་འབེབ་གནང་གི་རེད། དེ་དག་ལེགས་འགྲུབ་བྱུང་རྗེས་ཚོང་འགྲེམ་བྱེད་པ་དང་ཁྱབ་རྒྱ་ཆེ་རུ་འགྲོ་གི་རེད། དེ་བཞིན་རྒྱ་གར་གཞུང་ལ་ང་ཚོར་འདི་ལྟ་བུའི་འཆར་གཞི་ཞིག་ཡོད་པས་ཁང་པ་དང་འགྲོ་གྲོན་སོགས་ཀྱི་ཐད་ནས་རོགས་རམ་བྱེད་རོགས་ཞེས་ཞུས་ན། རྒྱབ་སྐྱོར་གནང་གི་རེད་ལ། ད་ནི་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ་གི་རེད། 

དཔེར་ན། དེ་སྔོན་ལྡི་ལི་སོགས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འཛུགས་དུས་མི་སྒེར་བའི་ས་ནས་ཁང་པ་ཉོ་བ་མ་གཏོགས། གཞུང་གིས་དེ་ལ་མཐུན་རྐྱེན་རོགས་རམ་གང་ཡང་གནང་གི་མེད། ཡིན་ནའང་། ཁྲིམས་ཐོག་ནས་བོད་ཀྱི་གསོ་བ་རིག་པར་ངོས་ལེན་ཐོབ་རྗེས། གཞུང་ལ་ཡན་ལག་སྨན་ཁང་ཆེད་དུ་ཁང་པ་དང་དེ་མིན་གྱི་མཐུན་རྐྱེན་གང་འདྲ་ཞིག་དགོས་རུང་། སྐྱབས་འཇུག་ཞུ་ས་ཡོད་པ་དང་གཞུང་ནས་ཀྱང་གང་འཚམ་མཐུན་རྐྱེན་སྦྱོར་གི་རེད་ཅེས་གསུངས། 

བོད་གཞུང་སྨན་རྩིས་ཁང་འདི་བཞིན་ཕྱི་ལོ་ ༡༩༦༡ ལོའི་ཟླ་ ༣ ཚེས་ ༢༣ ཉིན་ངྷ་སར་བཙུགས་ཏེ། ད་ལྟའི་བར་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ཏུ་ཁྱོན་ཡན་ལག་སྨན་ཁང་ ༥༥ སྒོ་འབྱེད་བྱས་ཡོད་པ་དང་། ད་ཡོད་ཀྱི་ལས་བྱེད་མི་སྣ་ མི་བཞི་བརྒྱ་ལྷག་གིས་ཉིན་ལྟར་ཕྱག་ལས་གནང་བཞིན་ཡོད་འདུག དེ་བཞིན་སྨན་རྩིས་ཁང་ནི་ད་ལྟའི་བར་ལས་བྱེད་མི་སྣ་དང་ཡན་ལག་ལས་ཁུངས་གསར་རྒྱག་སོགས་ཀྱི་འགྲོ་གྲོན་དང་འཚོ་གནས་རང་སྐྱ་འཕེར་བའི་ལས་ཁུངས་ཆེ་ཁག་ཅིག་ཡིན། 

ཐེངས་འདིར་རྒྱ་གར་གཞུང་ལ་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་ཐོབ་ཆེད་སྙན་ཞུ་རྒྱག་མཁན་ནི། ལ་དྭགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཁག་ཅིག་ཡིན་ལ། ཁོང་ཚོས་རྒྱ་གར་གཞུང་ལ་གསོ་བ་རིག་པའི་གཞུང་ལུགས་དང་དེའི་ཁྱད་ཆོས། ཕན་ནུས་སོགས་འབུལ་སྐབས་བོད་གཞུང་སྨན་རྩིས་ཁང་གི་སྨན་ལུགས་བེད་སྤྱོད་བྱས་པ་དང་། བོད་གཞུང་སྨན་རྩིས་ཁང་གིས་གནའ་ནས་ད་བར་བོད་ཀྱི་གསོ་བ་རིག་པ་མི་ཉམས་རྒྱུད་འཛིན་བྱས་ཏེ་ཉར་བའི་སྨན་གཞུང་གི་ཁྱད་ཆོས་དང་ཕན་ནུས་སོགས་མཁོ་འདོན་གནང་སྟེ། གསོ་བ་རིག་པ་གཞུང་གི་ངོས་ལེན་ཐོབ་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་དངོས་གནས་ཁྱད་དུ་འཕགས་པའི་རིག་གནས་ཤིག་ཡིན་པར་ངོས་འཛིན་གནང་ཡོད་ཟེར།
བོད་གཞུང་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་འགྲེལ་བཤད་རྒྱག་སྐབས། བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པའི་འཛམ་གླིང་སྟེང་གི་གསོ་དཔྱད་གཞུང་ལུགས་ཆེས་རྙིང་ཁུངས་ཤིག་ཡིན། ལས་ལ་བརྩོན་ཞིང་བློ་རིག་ལྡན་པའི་བོད་རིགས་མི་མང་གིས་འཛམ་གླིང་ཡང་རྩེའི་ས་ཁུལ་དུ་རྒྱུན་རིང་འཚོ་གནས་བྱས་པའི་དུས་རིམ་ནང་མར་ཁུ་བཞུས་ནས་རྨ་ཁྲག་གཅོད་པ་དང་། ཆང་ཁུས་སྐྲངས་འབུར་གཞོམ་ཞིང་ཁྲག་རླུང་གི་རྒྱུ་བར་ཕན་པ། ཆུ་ཁོལ་གྱིས་མ་ཞུ་བར་ཕན་པ་བཅས་ལུས་ནད་གང་ལ་གསོ་བྱེད་གཉེན་པོ་ཡོད་པའི་ཐབས་སམ་རིག་པ་རྙེད་པ་ནས། ས་གནས་རང་བཞིན་ལྡན་པའི་ནད་རིགས་སྣ་ཚོགས་གཞོམ་པར་བཅོས་ཐབས་རིམ་སྤེལ་དང་ཉམས་མྱོང་རིམ་གསོག་བྱས་པ་བརྒྱུད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་བ་རིག་པ་གསར་གཏོད་བྱས་པ་རེད། དེ་ཡང་ནང་ཆོས་བོད་ལ་མ་དར་སྔོན་རོལ་དུ། བོན་ཆོས་ཀྱིས་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་རྨང་གཞི་གྲུབ་པར་ཤུགས་རྐྱེན་ཐེབས་ཡོད་ཟེར།
ཐེངས་འདིར་བོད་ཀྱི་གསོ་བ་རིག་རྒྱ་གར་གཞུང་གིས་ངོས་ལེན་གནང་བའི་ཐད་ལ། རྒྱ་གར་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་གྷུ་ལམ་ན་བྷི་ཨཱ་ཛ་དི་(Gulam Nabi Azad) མཆོག་གིས།གསོ་རིག་སྨན་བཅོས་ལག་བསྟར་བྱེད་བཞིན་པའི་ས་གནས་ཁག་གི་ནང་རྒྱུན་འཁྱོངས་ཐུབ་ཆེད། གསོ་རིག་སྨན་བཅོས་ལམ་ལུགས་དེ་རྒྱ་གར་དབུས་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་ཀྱི་གྲས་སུ་འཛུགས་རྒྱུར་གཞུང་གིས་རྒྱབ་སྐྱོར་གནང་དགོས་པ་ཞིག་ཆགས་ཡོད་ལ།གསོ་རིག་སྨན་བཅོས་ལམ་ལུགས་དེ་བོད་དང་སོག་པོ།ཉི་ཧོང་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་པ་མ་ཟད།རྒྱ་གར་གཙོས་ཧི་མཱ་ལའི་ས་ཁུལ་ཁག་གཅིག་གི་ནང་དུའང་ལག་བསྟར་བྱེད་མུས་ཡིན།གྲོས་ཆོད་དེས་གནའ་རབས་ཀྱི་སྨན་བཅོས་ལམ་ལུགས་འདི་བདག་གཅེས་དང་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་གསུངས་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༩ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 20

  1. དོལ་སྨྱོན། says:
    ལོ་ 16 སྔོན།

    སྨན་རྩིས་ཁང་གི་དྲུང་ཆེའི་སྐད་ཆར་བལྟས་ན་ སྡུག་པོ་མཛོ་ཡིས་མྱང་ ཞིམ་པོ་རྟ་ཡིས་བཟས་ ཞེས་པའི་དཔེ་རང་རེད་ དེ་མིན་ཚོགས་པའི་ལས་བྱེད་ཅིག་ཡིན་ཚེ་མཐོང་རྒྱ་ཆེ་བའི་ཁར་བློ་གཟུ་བོར་གནས་པ་ཞིག་དགོས་གལ་ཆེ།

    Reply
  2. ངག་བློ། says:
    ལོ་ 16 སྔོན།

    ལེགས་སོ། གཏམ་བཟང་དེ་འདྲ་ཐོས་པས་ཤིན་ཏུ་ལེགས་སོ། རྒྱ་གར་གཞུང་གིས་དེ་འདྲའི་བོད་ཀྱི་གསོ་རིག་གལ་ཆེ་དོན་ཆེར་བརྩི་བཞིན་པར་བཙན་བྱོལ་གཞུང་ནས་དེ་ཙམ་དོ་སྣང་མེད་ཁར་ལས་བྱེད་གླ་ཕོག་ཐད་ཀྱང་དེ་ཙམ་བསམ་བཞེས་མེད་ངོ་མ་ཐབས་སྐྱོ་སོང་ཡ།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རྒྱ་གར་དབུས་གཞུང་གིས་བོད་ཀྱི་གསོ་བ་རིག་པ་ངོས་ལེན་བྱས་པ།
    སྤྱིར་རྒྱ་གར་དབུས་གཞུང་གི་བཀའ་ཤག་གམ་བློན་ཆེན་ལྷན་ཚོགས་ནས་གསོ་རིག་འདིར་ཁྲིམས་མཐུན་ངོས་འཛིན་དགོས་པའི་དེ་སྔའི་ཁྲིམས་ཡིག་ལ་བསྐྱར་བཅོས་དགོས་པའི་རྒྱབ་གཉེར་དེ་ཕྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༡༣ ལ་གནང་ཡོད།
    ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༡ ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ནས་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད།
    ཚོགས་འདུ་དེར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཚོགས་ཀྱི་འཐུས་མི་ཉི་ཤུ་རྩ་དགུ་དང་དེ་འབྲེལ་ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ཚེ་རིང་ཐག་གཅོད་དྲུང་འཚོ་ལགས་དང་། རང་གཞུང་དབུས་སྨན་རྩིས་ཁང་གི་ངེས་སྟོན་པ་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་དང་། དེ་བཞིན་ཧི་མ་ལ་ཡའི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་ལགས་བཅས་འདུ་འཛོམས་གནང་ཡོད།
    གསོ་བ་རིག་པ་འདི་བཞིན་རྒྱ་གར་གཞུང་ནས་ངོས་ལེན་ཐོབ་སླད་ ༡༩༧༠ ལོར་བཞག་པའི་རྒྱ་གར་གྱི་སྨན་གྱི་དབུས་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་འགྲོ་དགོས་པ་ཡིན། (Recognition of Sowa-Rigpa – Amendment of the Indian Medicine Central Council Act,1970).
    གསོ་བ་རིག་པ་རྒྱ་གར་གཞུང་ནས་ངོས་ལེན་འགྲོ་བཞིན་ཡོད་སྟབས། འགྲོ་ལུགས་བཞིན་ ༡༩༧༠ ལོར་བཞག་པའི་རྒྱ་གར་གྱི་སྨན་གྱི་དབུས་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་ ༢ བ་དང་ ༣ པ་དང་ ༨ པ་དང་ ༩ བ་དང་ ༡༧ བཅས་ནང་ལ་གསོ་བ་རིག་པ་བཅུག་སྒྲིག་ཐོག་ནས་བསྐྱར་བཅོས་འགྲོ་དགོས་པ་ཡིན། (To confer legal status to “Sowa-Rigpa” amendments to section 2,3,8,9, and 17 of the Indian Medicine Central Council Act, 1970), need to be carried out).
    ད་ལན་གྲོས་ཚོགས་ཀྱི་བསྐོངས་འཚོགས་གནང་བའི་རང་རིགས་ཚོགས་བཅར་བ་རྣམས་པས་ཚོགས་བཅར་མ་ཞུས་གོང་རང་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་དང་དཔལ་ལྡན་བཀའ་བློན་ཁྲི་པར་ལམ་སྟོན་བཀའ་སློབ་ཞུས་པ་དང་། ལྡི་ལིར་སྔོན་དུ་ནང་མོལ་གནང་རྗེས་ཚོགས་བཅར་ཞུས་ནས་གྲོས་ཚོགས་ནང་ཁྲིམས་ཡིག་བསྐྱར་བཅོས་འབྲུ་དོན་དང་འབྲེལ་བའི་གནད་དོན་ཁག་ལ་ལན་འདེབས་མཐིལ་ཕྱིན་པ་བྱུང་ཡོད་པས་གྲོས་ཚོགས་འཐུས་མི་རྣམས་པ་བློ་ཡིད་ཚིམ་པའི་ཚོར་སྣང་བྱུང་།
    སྐབས་དེར་གྲོས་ཚོགས་གོང་འོག་གི་ཚོགས་བཅར་བ་གཅིག་གིས་ཀྱང་དགག་བྱ་བྱུང་མེད་ལ་ཚོགས་འདུའི་གཙོ་སྐྱོང་བ་ཨ་མར་སིང་(Shri Amar Singh)མཆོག་གིས་ཀྱང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།
    ཚོགས་འདུ་དེའི་སྐབས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ནས་གསོ་རིག་དང་འབྲེལ་བའི་དྲི་བ་བྱུང་བ་ཁག་ལ་ལན་འདེབས་འཐུས་ཚང་བྱུང་ཡོད། གཞན་ཡང་གནད་དོན་འགར་ལན་འདེབས་ཡིག་ཐོག་ཏུ་དགོས་རིགས་ལ་ལན་འདེབས་ཁ་གསལ་དང་འཐུས་ཚང་ཕུལ་ཟིན་ཡོད།
    ཕྱི་ལོ་ ༢༠༡༠ ཟླ་བ་ ༨ ཚེས་ ༢༥ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་གསོ་བ་རིག་པར་ངོས་བཞེས་རྒྱབ་སྐྱོར་གནང་ཡོད་པ་དང་ཡང་ ཕྱི་ལོ་༢༠༡༠ ཟླ་བ་ ༨ ཚེས་ ༣༡ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་རྒྱབ་སྐྱོར་གཙང་མ་ཐོབ་ཡོད།
    གསོ་བ་རིག་པ་ཁྲིམས་མཐུན་རྒྱ་གར་གཞུང་ནས་ངོས་བཞེས་གནང་ཐུབ་པ་འདིའི་ཐད་གཙོ་བོ་༧གོང་ས་མཆོག་དང་རང་གཞུང་བཀའ་ཤག་དེ་བཞིན་བཙན་བྱོལ་བོད་མའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་རང་གཞུང་དབུས་སྨན་རྩིས་ཁང་དང་ལྦ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱི་གཙོས་ཧི་མ་ལ་ཡི་རི་རྒྱུད་དུ་ཡོད་པའི་སྨན་པ་ཁག་དང་བླ་མ་ཆོས་འཕེལ་བཟོད་པ་སོགས་འབྲེལ་ཡོད་དཔོན་རིགས་མང་དག་ཞིག་གི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན།

    གོང་གསལ་གནས་ཚུལ་འདི་བཞིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཐག་གཅོད་དྲུང་འཚོ་ལགས་ཀྱིས་འདི་གར་མཁོ་སྤྲོད་གནང་བ་དང་། མི་རིང་བར་འདོན་འཆར་གྱི་ཚགས་པར་ནང་བཟོ་བཅོས་རྒྱག་རྒྱུ་ཡིན།

    Reply
  4. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    འོ་ཡ། གནས་ལུགས་འདི་འདྲ་བ་ལ་ང་ཚོ་བོད་ཀྱི་གཏམ་དཔེར།
    གཏམ་ཨ་ཕས་བཤད་རྒྱུད་དེ་ཨ་མས་བཤད། ཁྱི་བདག་པོས་འགོག་རྒྱུ་དེ་མགྲོན་བཀག ཅེས་ཟེར།
    ལར་ནས་དྲ་གྲོགས་ཚོ་སོམ་ཉིའི་དྲ་བར་ཚུད་དགོས་དོན་མེད། འདིའི་ཐད་ཡིག་ཆ་གསལ་བར་བཀོད་པའི་དེབ་ཅིག་གང་མྱུར་འཐོན་གྱི་ཡོད་ལུགས་ཀྱི་གཏམ་སྤྱི་ཚོགས་ནང་གྲགས་བཞིན་འདུག
    འདི་ཙམ་ལས་འབྲེལ་མེད་ཀྱི་གཏམ་སྨྲ་བའི་ངལ་བ་ནི་སྙིང་པོས་སྟོངས་པར་མཐོང་བས་ཅང་མི་སྨྲ་བའི་བརྟུལ་ཞུགས་འཆང་ངོ༎

    Reply
  5. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ཕྱོགས་ཞེན་གྱི་སྐད་ཆ་བཤད་འདོད་མེད་ལ་བཤད་ཀྱང་མི་སྲིད། དེ་ནི་བཤད་འདོད་ཀྱང་མེད།
    འདོད་པ་གཅིག་རང་་ཡོད་པ་ནི་དངོས་ཡོད་གནས་ཚུལ་དེ་ཤེས་སུ་འཇུག་འདོད་པ་ཡིན།
    གསར་འགྱུར་བདེན་པ་ཡིན་རྒྱུ་གཙོ་བས་དེ་དོན་དགོངས་འཇགས་གནང་རོགས།

    བཤད་སྒྲུབ་ཚེ་རིང་ཟེར་བར།
    ཝཱཎའི་སློབ་ཕྲུག་དག་ལ་དགོས་པའི་ཡོན་ཏན་ཡོད་མེད་གླེང་འདོད་པ་དེ་ཁྱོད་ཀྱིས་འུག་པའི་མིག་འཁྱེར་ནས་ཉིན་མོར་རྒུམ་བུ་འཚོལ་འདོད་རང་རེད།
    ཁྱོད་ཀྱིས་སྨྱོན་པའི་ལབ་རྡོལ་ག་ཙམ་ཕྱུངས་ཀྱང་། ཉི་ཤར་སྤར་མོས་ཁེབས་མི་སྲིད་པའི་དངོས་པོའི་ཆོས་ཉིད་དེ་ཤེས་པར་མཛོད།

    Reply
  6. བཤད་སྒྲུབ་ཚེ་རིང་དབང་རྒྱལ། says:
    ལོ་ 16 སྔོན།

    ཝཱ་ཎ་མཐོ་སློབ་ནས་ཐོན་པའི་སློབ་བུ་འདི་དག་ལ་དགོས་པའི་ཡོན་ཏན་ཁུངས་འཁྱོལ་བ་སྣེ་གཅིག་མེད་ཁར། མི་དགོས་པའི་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་དྲི་མས་སྦགས་པ་འདི་གང་གིས་ལན་པ་ཡིན་ནམ། བོད་ཀྱི་གསོ་རིག་པ་རྒྱ་གར་གཞུང་གིས་ངོས་ལེན་གནང་བ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་དང་ཡང་སྒོར་བོད་ཀྱི་གསོ་བ་རིག་པ་རང་གི་གཟི་བྱིན་ནུས་པའི་ཡོན་ཏན་དང་། བོད་གཞུང་སྨན་རྩིས་ཁང་གི་བྱས་པའི་རྗེས་འབྲས་ལས་བྱུང་བ་ནི་སྨོས་མ་དགོས་པ་རེད། རྒྱ་གར་ནང་བོད་སྨན་གྱི་རྐང་འཛུགས་དུ་འཇུག་མཁན་དེ་སྨན་རྩིས་ཁང་ཡིན་ལ། ཝཱ་ཎ་མཐོ་སློབ་གསོ་རིག་སྡེ་ཚན་གྱི་སྨན་དགེ་དང་རྩིས་དགེ་ཡང་སྨན་རྩིས་ཁང་ནས་སྐྱོབ་གསོ་ལྟ་བུར་བློ་བཟང་བསྟན་འཛིན་དང་བཀྲིས་གཉིས་མངགས་གཏོང་གནང་ཡོད། ཐེངས་འདིར་རྒྱ་གར་གཞུང་གིས་བཙུགས་པའི་རྟོགས་ཞིབ་ཚོགས་ཆུང་གི་རྟོགས་ཞིབ་བྱ་ཡུལ་གཙོ་བོ་ཡང་བོད་གཞུང་སྨན་རྩིས་ཁང་ཆགས་ཡོད། རྟོགས་ཞིབ་ཚོགས་ཆུང་ནི་དགེ་བཤེས་ངག་དབང་བསམ་གཏན་དང་རྒྱ་གར་གཞུང་གི་ཆེད་ལས་མཁས་དབང་ཁག་ཅིག་ལས་གྲུབ་པ་དང་དགེ་བཤེས་ལགས་ཚོགས་གཙོ་ཡིན་པ་དེ་བདེན་པ་རེད། ཡིན་ནའང་རག་རྡོ་ལ་དེའི་ནང་ཐེ་ཇུས་གང་ཡང་མེད་པ་དེ་ཡང་དངོས་ཡོད་གནས་སྟངས་ཆགས་ཡོད། བོད་གཞུང་སྨན་རྩིས་ཁང་ནས་བསྐྱེད་བསྲིངས་གནང་བའི་གར་ཞཱ་དང་། ལ་དྭགས། སྦི་ཏི། འབྲས་ལྗོངས་སོགས་ཧི་མ་ལ་ཡ་རི་རྒྱུད་ཀྱི་སྨན་པ་རྣམས་དང་ཧི་མ་ལ་ཡའི་རིག་གཞུང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་ནུས་ཤུགས་ཡོད་ཚད་ཕུལ་ཡོད། ལྷག་པ་ཚེ་རིང་ནས་དངོས་ཡོད་གནས་སྟངས་བསྙོན་འདིང་གི་མཆན་བུ་ལ་གསལ་བཤད་དུ་ལ་དྭགས་རྒྱལ་ཕྲན་གླེ་ནས་སྤེལ་བ་དགེའོ།

    Reply
  7. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    རྒྱ་ཆེའི་ཀློག་པ་པོ་ཚོར་ཞུ་རྒྱུར། ཟླ་བ་སྔོན་མའི་ཚེས་25་ཉིན་རྒྱ་གར་དབུས་གཞུང་གིས་གསོ་བ་རིག་པ་ངོས་ལེན་གནང་ལུགས་སྐོར་ལ་ཚིག་རྐང་གཉིས་ནང་རྒྱ་མཚོའི་ནང་གི་ཐིགས་པ་ཙམ་ཞུ་ན། སྤྱི་ལོ་1996་ཙམ་ནས་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་རྒྱ་གར་དབུས་གཞུང་སྤྱི་དང་སྒོས་སུ་འཕྲོད་བསྟེན་ལྷན་ཁང་གི་དབུ་འཛིན་ཚོ་དང་འབྲེལ་བ་གནང་རྒྱུ་འགོ་བཙུགས་པ་དང༌།
    དམིགས་བསལ་སྤྱི་ལོ་2008་2009་ཙམ་ནས་ལས་འགུལ་འདིའི་ཆེད་དམིགས་བསལ་གྱི་ཞིབ་འཇུག་ཚོགས་ཆུང་བཙུགས་པ་དང༌། ཚོགས་ཆུང་ནང་གི་ཚོགས་གཙོ་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་བསམ་གཏན་ལགས་ཡིན་པ་ལ། ཚོགས་མིའི་ནང་རྒྱ་གར་ཚེ་ཡི་རིག་བྱེད་མཁས་པ་རྣམས་དང་གསོ་རིག་མཁས་པ་རྣམས་འདུག། ཁོང་རྣམས་ཀྱིས་རྒྱ་གར་ནང་ལ་ཡོད་པའི་གསོ་བ་རིག་པའི་སློབ་གཉེར་ལྟེ་གནས་ལ་དྭགས་དང༌། སྒང་ཏོག རྡོ་རྗེ་གླིང་། དྷ་ས་སྨན་རྩིས་ཁང༌། ཝཱ་ཎ་བཅས་ལ་ཆེད་འཕེབས་ཀྱིས་ཚོགས་འདུ་ལན་བཅུ་གྲངས་ལྷག་ཞིག་ཚོགས་ཡོད་པ་དང༌། ཝཱ་ཎའི་གསོ་བ་རིག་པའི་སྡེ་ཚན་གྱི་དགེ་སློབ་རྣམས་ཀྱིས་བོད་སྨན་གྱི་ཕྱག་དཔེ་ཐོབ་ཚད་ཀུན་གྱི་བརྗོད་སྙིང་དང་། ཞལ་བྱང་སོགས་ཧིན་སྐད་དང་ཨིན་སྐད་ནང་དུ་བསྒྱུར་ཅིང༌། རྒྱ་གར་མཁས་དབང་རྣམ་པའི་སྤྱན་སྔར་བསྟར་བ་སོགས་ངལ་བ་བརྒྱ་ཕྲག་བསྟེན་ནས་མཐར་ཉེ་བའི་ཆར་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་སུམ་ཅུ་སོ་གྲངས་ཀྱི་སྐུ་མདུན་དུ་མཐའ་མའི་ངག་རྒྱུགས་གནང་
    མཁན་གྱི་གཙོ་བོ་དེ་ཡང་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་མཆོག་ཡིན་འདུག མདོར་ན་ལས་འགུལ་དེ་དག་འགོ་ནས་མཇུག་བར་གྱི་འགྲོ་གྲོན་ཆ་ཚང་ཝཱ་ཎ་མཐོ་སློབ་ནས་བཏང་དང་མི་ཡི་ནུས་པ་ཡང་གཙོ་བོ་ངེས་སྟོན་པ་དང་སྨན་དགེ་གཉིས་ཀྱིས་གཙོས་ལས་བྱེད་སློབ་ཕྲུག་དང་བཅས་པའི་སྡུག་དཀའ་ལས་རྒྱབ་
    འབྲས་བུར་སྨིན་པ་ཞིག་ཡིན་པ་ཀུན་གྱིས་མཁྱེན་ན་བཟང་ངོ༎

    Reply
  8. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་སྒོ་བ་དང་མི་ཞུན་རྣམ་གཉིས་ལགས་ཀྱིས་གསུངས་པ་དངོས་གནས་བདེན་པ་རེད། ངས་འདིའི་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་སྐབས་ལམ་སེང་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་འཚོལ་དུ་ཕྱིན་པ་ཡིན། ཉིན་དེར་ངེས་སྟོན་པ་ལྡི་ལིར་ཕེབས་ནས་བཞུགས་མེད་ཟེར། ངས་སེམས་སུ་ངེས་སྟོན་པའི་ཕན་ནས་དྲུང་ཆེས་ཏན་ཏན་གནས་ཚུལ་འདིའི་སྐོར་ལ་ཡག་པོ་མཁྱེན་གི་ཡོད་པ་རེད་བསམ་བྱུང་། དེ་ལྟར་ཁོང་ལ་འདིའི་སྐོར་དྲིས་པ་ཡིན་ལ་ཁོང་གིས་གསུངས་པ་ལྟར་བཀོད་པ་ལས་ང་སྒེར་ལ་ནི་འདིའི་ནང་དུ་ཚིག་གཅིག་ཀྱང་མེད།

    ཡིན་ནའང་། དེ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་འདི་ག་ལས་ཁུངས་སུ་ཕེབས་ནས་དེའི་སྐོར་གསལ་འགྲེལ་གནང་བྱུང་བས། ངས་ཁོང་གི་སར་ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་དྲིས་ཏེ་མི་རིང་བར་བཟོ་བཅོས་རྒྱག་འཆར་ཡོད། ཁོང་གིས་ད་དུང་ཁོང་ཕར་སྨན་རྩིས་ཁང་གི་དྲུང་ཆེའི་སར་བཅར་ནས་འདིའི་སྐོར་འགྲེལ་གི་ཡིན་གསུང་གི་འདུག

    ཡིན་ནའང་། ཁ་སང་དེ་རིང་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ལས་རོགས་གཉིས་ཀ་མེད་པར་ལས་བྲེལ་ཧ་ཅང་ཆེ་སྒང་ཡིན་སྟབས། ད་ལྟ་རང་བཟོ་བཅོས་རྒྱག་ཐུབ་པ་མི་འདུག་ཀྱང་། འགྲེལ་བཤད་ཐུང་ངུ་འདིས་རྣམ་པ་གཉིས་ཀྱི་ཐུགས་དོགས་སེལ་ཐུབ་པར་སྨོན།

    གུས་བཅས། ཨ་རིག་འགྱུར་མེད་ཀྱིས།

    Reply
  9. མི་ཞུན། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས། ཐེངས་འདིའི་ཁྱེད་ཀྱི་གསར་འགྱུར་འདིའི་ནང་ན་བདེན་ཤེད་ཀྱི་གནས་ཚུལ་ཧ་ཅང་ཉུང་ཉུང་རེད། རབ་ཡིན་ན་རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་ངོས་ལེན་ཞུས་པའི་ཐད་ཀྱི་གནས་ཚུལ་ཚང་མ་ལ་མགོ་ནས་མཇུག་བར་དུ་རྒྱུས་ལོན་ཡག་པོ་ཞིག་བྱེད་རོགས་གནངས། གོ་གོ་ཐོས་ཐོས་ཚང་མ་གསར་འགྱུར་ཡིན་ཟེར་ནས་འབྲི་རྐྱང་མ་བྱེད་རོགས། དངོས་གནས་ཡིན། འདིའི་ནང་ལ་གཙོ་ཆེ་ཤོས་ཝཱར་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་དང་སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་སོགས་ཀྱི་ངལ་བའི་བྱས་རྗེས་ནི་དང་པའི་ནང་གི་དང་པོ་རེད། ཁྱེད་ཀྱིས་འདིའི་སྐོར་གྱི་གནས་ཚུལ་ཟུར་ཙམ་ཡང་བྲིས་མེད་པ་མ་ཟད་དྲུང་ཆེ་དེས་ཀྱང་གང་ཡང་གསུངས་མི་འདུག འདི་དངོས་གནས་ཡག་རྟགས་ཤིག་རེད་དམ།

    Reply
  10. ཐིག says:
    ལོ་ 16 སྔོན།

    གྲོགས་པོ་སེར་སྨད་བློ་དགའ་ལ་ཞུ་རྒྱུ། ཁྱེད་ཀྱིས་འདིར་འཆན་འགོད་པར་ངེད་ནས་རྗེས་སུ་ཡི་རངས་ཡོད་ནའང་། སོ་སོ་ད་ཆར་བོད་མི་དམངས་ཀྱི་སྤྱི་འཐུས་འོས་གཞི་ཁ་ཤས་ནང་སླེབས་ཡོད་པ་དང་། ཁྱེད་ཉིད་ལ་ཤེས་འཇོན་གང་རུང་ལྟ་ས་ཡོད་པ་ནི་བོད་ཡིག་འབྲི་ཀློག་ཐད་ཅུང་ཡོད་པ་དེ་ཁོ་ན་ཡིན་པར་གོ་ཐོས་བྱུང་བས། བོད་ཡིག་ཁ་ཤས་བྲིས་པ་དེ་ཡང་ཡིག་ནོར་དང་བརྗོད་བདེ་མེད་པ་དེ་འདྲ་ལས་འབྲི་མ་ཐུབ་ན། སྤྱི་འཐུས་ཀྱི་འོས་གཞིའི་ནང་རང་ངོས་ཕྱིར་འཐེན་བྱེད་ན་དགའ་སྙམ། འདི་ལྟ་བུའི་ཤེས་ཚད་ཞིག་གིས་ད་དེང་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་བཞེས་ཁག་པོ་རེད། ཐུགས་ཕོག་བྱུང་ན་དགོངས་འགལ་མེད་པར་ཞུ།

    Reply
  11. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    འདི་སླད་དུ་དགེ་བཤེས་ངག་དབང་བསམ་གཏན་དངབཀུར་འོས་རག་རྡོ་བློ་བཟང་བསྟན་འཛིན་སོགས་ནས་སྐུ་ངལ་གང་མང་བསྐྱོན་ཡོད་པ་རེད།
    རབ་ཡིན་ན་གསར་འགོད་པས་འདིའི་སྐོར་ནས་དྲི་བ་རེ་བསྐྱར་དུ་འདྲི་རོགས།
    མི་གཞན་གྱི་བྱས་རྗེས་འཁྱེར་བར་གོམས་པ་འདིའང་ཡག་རྟགས་ཤིག་མ་རེད།

    ཚོ་སྒོ་ལགས།
    ཡིད་མི་ཆེས་ན་མི་གཞན་ལ་སྐད་ཆ་དྲིས་དང་ཧ་གོ་ངེས་ཡིན།
    འདི་ཆེད་དུ་ཚོགས་འདུ་ག་ཚོད་ཅིག་བསྐོངས་ཚོགས་བྱས་པ་དང་ཞུ་སྙན་ག་ཚོད་ཅིག་བརྒྱབས་ཡོད་པ་མཁྱེན་ལྡན་དག་ལ་ཤིན་ཏུ་གསལ་བོར་ངེས་ཡོད།

    Reply
  12. ཚོ་སྒོ་བ། says:
    ལོ་ 16 སྔོན།

    གཏམ་བཟང་རེད། ཡིན་ནའང་དུས་བབ་ཀྱི་གསར་འགོད་པས་རྒྱ་གར་གྱི་གསར་ལམ་ཁག་ཏུ་གང་ཐོན་པ་ཇི་བཞིན་བཀོད་པ་ལས་གནས་ཚུལ་ཞིབ་ཆ་མེད་པ་དང་། བཅར་འདྲི་ཞུ་ཡུལ་ཡང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་ལྷན་གྱི་དྲུང་ཆེའམ་ཚོགས་གཙོ། རང་བསྟེན་ལྷན་ཁག་གི་མགྲིན་ཚབ་པ་གང་རུང་ལ་བཅར་འདྲི་མ་བྱས་པར་ཆེད་ལས་མ་ཡིན་ཞིང་ལས་དོན་འདིའི་བརྒྱུད་རིམ་ལ་རྒྱུས་མངའ་གང་ཡང་མེད་པའི་སྨན་རྩིས་ཁང་གི་དྲུང་ཆེར་བཅར་འདྲི་བྱས་འདུག་པ། མཆན་འགོད་པ་ཟླ་བ་གཞོན་ནུའི་མིང་ཅན་སོགས་ནས་རག་རྡོ་བློ་བསྟན་ལྟ་བུ་ལ་འབྲེལ་བ་ཡོད་ཚུལ་མཆན་གནས་ཚུལ་གོ་ལྡོག་སྤེལ་འདུག
    རྒྱ་གར་གཞུང་གིས་གསོ་བ་རིག་པ་ཞེས་པའི་མིང་ཐོག་ནས་བོད་སྨན་ངོས་འཛིན་དང་། ཁྲིམས་ཐོག་ནས་ངོས་ལེན། ཁྲིམས་ཐོག་ནས་ལག་ལེན་བྱེད་ཆོག་པའི་ངོས་ལེན་སོགས་ཐ་སྙད་ཇི་ལྟར་སྤྱད་ཀྱང་། ནང་དོན་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གཞུང་གི་ཁྲིམས་ལུགས་ཀྱི་ཁྱབ་ཚད་འོག་ནས་ལག་ལེན་བྱས་ཆོག་པའི་ཆོག་མཆན་རག་པ་དེ་རེད།
    རིགས་ཅིག་ནས་དེ་ལྟར་བྱས་ན་བོད་སྨན་གྱི་བདག་དབང་དེ་སུ་ལ་ཡོད་མེད་སོགས་རི་བོང་གནམ་སྡིབ་ཀྱི་སེམས་ཁྲལ་བྱེད་བཞིན་པའང་ཡོད་ཚུལ་འདུག

    Reply
  13. སྣང་གསལ། says:
    ལོ་ 16 སྔོན།

    ་བོད་གཞུང་སྨན་རྩིས་ཁང་གིས་དབུས་པའི་བོད་ཀྱིས་གསོ་བ་རིག་པ་ཡོང་ལ་
    འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།།ཕྱོགས་ཚུང་ ད་ལན་རྒྱ་གར་དབུས་སའི་གཞུང་གིས་བོད་ཀྱིས་གསོ་བ་རིག་པ་འདི་བཞིན་ཁྲིམས་མཐུན་ལྡན་པའི་སྨན་རིག་
    ཞིག་ཏུ་གྱུར་པར་དགའ་སྤྲོ་དང་ཐུགས་རྗེ་ཆེ་ཞུ་་་དེ་ནི་མི་དམངས་ཀྱིས་བདེ་སྡུག་
    ལ་བཟང་ཕྱོགས་ཀྱིས་རྒྱབས་སྐྱོར་ཆེན་པོ་ཞིག་རེད་།།

    Reply
  14. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    དངོས་གནས་དབུས་སྨན་རྩིས་ཁང་གི་དྲུང་ཆེ་དེས་བྱུང་བ་དངོས་མཁྱེན་གྱི་མེད་པ་ནི་ཨེ་ཡིན་ནམ།
    བོད་ཀྱི་གཏམ་དཔེར། དཀའ་ལས་སྐྱ་ཡིས་རྒྱབ། ངོ་སོ་གཟར་བུས་ཁྱེར། ཟེར་བ་དེ་ཏག་ཏག་ཆགས་འདུག

    Reply
  15. རིན་ཆེན་རིལ་བུ། says:
    ལོ་ 16 སྔོན།

    ཨོ། ད་དེ་ངོ་མ་གཏམ་བཟང་རེད།

    Reply
  16. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    འདིའི་ཆེད་དུ་རག་རྡོ་བློ་བཟང་བསྟན་འཛིན་སོགས་ནས་སྐུ་ངལ་གང་མང་བསྐྱོན་ཡོད་པ་རེད།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    དུག་གསུམ་ནད་སེལ་སངས་རྒྱས་སྨན་ལྷར་ཕྱག་འཚལ་ལོ། །

    Reply
  18. མིག་གསུམ་པ། says:
    ལོ་ 16 སྔོན།

    རེད་་་་་་་་ད་ནས་བཟུང་རང་བཙན་ཡོད་པའི་གཞུང་གིས་ངོས་ལེན་བྱས་ཚར་ན། ངཚོ་བོད་ཀྱི་སྨན་པ་ཚོས་མེ་བཙའ་མེ་བཙའ་ཞེས་བརྗོད་ཆོག་ཆོག་རེད་མོ

    Reply
  19. ཨ་མཆོད་འཇམ་ཚུལ། says:
    ལོ་ 16 སྔོན།

    ཡ ད་གྲོགས་པོ་ལྷ་རྗེ་ངག་དབང་སྦྱིན་པ་ལགས་ལ་རྟེན་འབྲེལ་ཞུ།

    Reply
  20. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཅིག་ད་ཐེངས་རྒྱ་གར་རྒྱལ་ཁབ་ཆེན་པོའི་ཁྲིམས་མཐུན་ལྡན་པའི་སྨན་རིག་ཤིག་ཏུ་གྱུར་པར་སྙིང་ནས་དགའ་སྤྲོད་དང་འཚམས་འདྲི། ལྷག་པར་དུ་རིན་ཐང་གཞལ་དུ་མེད་པའི་རིག་གཞུང་དེའི་ཁྱད་ནོར་རྣམས་འཛམ་གླིང་གི་ས་ཆ་གང་སར་འགྲེམས་སྤེལ་དང་ཉམས་གསོ་གནང་བའི་བོད་ཕྱི་ནང་གི་རིགས་གཅིག་སྤུན་ཟླ་ཡོངས་ལ་ཐུགས་རྗེ་རྗེས་དྲན་བྱེད་ཀྱིན་ཡོད། ཁྱེད་རྣམས་ཀྱིས་དཀའ་སྤྱད་ཁུར་དུ་བཞེས་ནས་ནུས་པ་འདི་འདྲ་ཞིག་ཐོན་པ་ནི། ངེད་ཅག་གི་མི་རབས་ཕྱི་མའི་ཁ་མིག་ཡར་ལྟ་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཅིང་འདིའི་སྙན་ཞུ་འབུལ་བ་པོའི་ཧི་མ་ལ་ཡའི་གྲོགས་པོ་རྣམས་ལ་ཡང་བཀྲིན་དྲ་གསོ་བྱེད་ཀྱི་ཡིན་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese