མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ར་གད་སྙིཊ་ཀྱིས་ཁེངས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ སྟེང་སེར་སྨད་ཐོས་བསམ་ནོར་གླིང་གཙུག་ལག་ཁང་མདུན་ཐང་དུ་སེ་ར་བྱེས་སྨད་གཉིས་གཙོས་པའི་སྦེལ་ཀོབ་བོད་མིའི་གཞིས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་ཉིས་ཁྲིར་ཉེ་བ་ལྷན་འཛོམས་ཐོག སྤྱིར་ནོར་༧གོང་ས་མཆོག་གིས་མི་དམངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྐུར་ཏེ་ཟབ་རྒྱས་གསུང་གི་བདུད་རྩི་བསྩལ་ཡོད་ལ། དེའི་རྗེས་༧གོང་ས་མཆོག་གཙུག་ལག་ཁང་ནང་གི་བཞུགས་ཁྲིར་ཞབས་སོར་བཀོད་དེ་བོད་གཞུང་དམངས་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་དང་མཉམ་དུ་སེར་སྨད་གྲྭ་ཚང་གིས་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་སོང་།

 

ཉིན་གུང་ཆུ་ཚོད་༡༢ སྟེང་མཛད་སྒོ་ཡོངས་སུ་གྲུབ་སྟེ་༸གོང་ས་མཆོག་གཟིམ་ཤག་ཏུ་ཕེབས་མ་ཐག སེར་སྐྱ་མི་དམངས་ཡོངས་རང་རང་སར་ལོག་ཤུལ་དུ་སེར་སྨད་གཙུག་ལག་ཁང་གི་ཕྱི་ནང་བར་གསུམ་དུ་གད་སྙིགས་ཀྱིས་ཁེངས་ཤིང་། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ་ཤོག་བུའི་སྡེར་མ་དང་འགྱིག་གི་ཕོར་བ། སིལ་ཟས་རིགས་ཀྱི་ཤོག་ཐུམ་སོགས་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བཞིན་འདུག མང་ཚོགས་ཚོས་དེ་ལ་དོ་སྣང་ཙམ་ཡང་མེད་པར་གད་སྙིགས་ཀྱི་ཁྲོད་ན། ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ། ད་དུང་མུ་མཐུད་དུ་ཟས་ལྷག་འཐུང་ལྷག་དང་། ཟས་སྣོད་འཐུང་སྣོད་ཀྱི་གད་སྙིགས་གཡས་གཏོར་གཡོན་གཏོར་བྱེད་ཀྱི་འདུག ཕྱི་རྒྱལ་བ་དང་རྒྱ་གར་གྱི་སྤྲོ་འཆམ་པ་འགའ་རེས་ཧང་སང་སྟེ་ཅེར་ནས་བལྟས་འདུག་ལ། འགའ་རེ་ཡིས་པར་རྒྱག་པ་དང་འགའ་རེ་ཡིས་གད་སྙིགས་འཐུ་བཞིན་འདུག

 

སྒྱུ་འཕྲུལ་ལྷ་ཡི་ཕོ་བྲང་ལྟ་བུའི་གཙུག་ལག་ཁང་གི་ཕྱི་ནང་བར་གསུམ་དང་། ལྷ་བཟོ་བི་ཤྭ་ཀརྨའི་པུར་རྩེ་ལས་ཐོན་འདྲའི་ཁོ་ར་ཁོར་ཡུག་གི་གད་སྙིགས་དེར་ང་རང་ཧང་སང་བ་དང་། མི་རིགས་གཞན་པ་ཚོར་ངོ་གནོང་བ། གྲྭ་ཚང་གི་དགེ་འདུན་པ་ཚོར་ཡ་ང་བ་ཞིག་བྱུང་། ཡང་སྙིང་གྲྭ་ཚང་ལ་གད་སྙིགས་ཉར་ཚགས་དང་གཙང་བཟོའི་སྒྲིག་གཞི་མེད་སོང་བ་རེད་དམ། ཡང་ན་ས་འདིའི་མི་དམངས་ལ་ཁོར་ཡུག་བདག་གཅེས་ཀྱི་གོ་རྟོགས་ཞན་སོང་བ་རེད། གང་ལྟར། མིག་མདུན་གྱི་གད་སྙིགས་དེ་དག་དེ་རིང་གི་གནས་སྐབས་ཙམ་ཡིན་ཞིང་། ནམ་རྒྱུན་དགོན་པའི་ཁོར་ཡུག་གཙང་མ་ཡིན་ཞིང་། ཉིན་འགའི་སྔོན་དགོན་པར་ཁོར་ཡུག་ཚོགས་པ་ཞིག་གསར་དུ་བཙུགས་ཡོད་པ་སོགས་ཤེས་ཀྱི་ཡོད། འོན་ཀྱང་། གཙུག་ལག་ཁང་གི་ཁོར་ཡུག་དང་མེ་ཏོག་ལྡུམ་ར། འདུ་ཁང་ནང་གི་གྲལ་གདན་སྟེང་སོགས་སུ་ཅི་མི་སྙམ་པར་གད་སྙིགས་གཡུག་མཁན་དེ་དག་གི་བསམ་བློར་རྒྱུས་ལོན་ཞིག་བྱ་རྒྱུ་དེ་ཡིན། ཉིན་གུང་ཆུ་ཚོད་ ༢ སྟེང་གཙུག་ལག་ཁང་དུ་༸གོང་ས་མཆོག་སྤྱན་འདྲེན་གྱིས་གཞུང་ཆེན་རྩོད་རྒྱུགས་ཀྱི་ལས་རིམ་ཡོད་སྟབས། དགེ་འདུན་པ་འགའ་འདུ་ཁང་གི་རྡོ་གཅལ་ཐང་དུ་ཕེབས་བཞིན་ཡོད་པ་དང་ཐུག་སྟེ། མཚན་ལ་བསྟན་འཛིན་ནམ་མཁའ་ཟེར་བ་ཞིག་ལ་བཅར་འདྲི་ཞུ་རྒྱུའ་གོ་སྐབས་བྱུང་། 

 

གྲྭ་ནམ་མཁའ་བསྟན་འཛིན་ལགས་ཅུང་མ་བདེ་བའི་ངང་བརྗོད་རྒྱུར། དེ་རིང་མི་དམངས་ཕོན་ཆེན་པོ་ཡོང་ཡོད་པ་དང་། ལྷག་པར་དུ་གྲྭ་ཚང་གིས་ཞལ་ལག་གོ་སྒྲིག་ཞུས་ཡོད་སྟབས། གཙུག་ལག་ཁང་གི་ཁོར་ཡུག་བཙོག་པ་བཟོས་འདུག སྤྱིར་ཁ་སང་ནས་མང་ཚོགས་ལ་ཞལ་ལག་ཡོད་པ་གསལ་བསྒྲགས་བྱས་ཡོད། དངོས་གནས་བྱས་ན་ཕོར་བ་སོགས་བསྣམས་ནས་ཡོང་དགོས་པ་རེད་ལ། གལ་སྲིད་དེ་མ་བྱུང་ཡང་གཙུག་ལག་ཁང་མདུན་ནས་གད་སྙིགས་གང་བྱུང་དུ་མི་གཡུག་རྒྱུ་མཁྱེན་དགོས་པ་རེད། དགོན་པའི་ངོས་ནས་ག་ས་གང་དུ་གད་སྙིགས་ལྡུག་སྣོད་བཞག་ཡོད་པ་མ་ཟད། གད་སྙིགས་སྐམ་རློན་དབྱེ་བ་ཕྱེས་ཏེ་བཞག་ཡོད། ཅེས་དང་། ནམ་རྒྱུན་སེ་ར་དགོན་པའི་གཡས་གཡོན་གཙང་མ་ཡོད་པ་རེད། སེ་ར་དགོན་པའི་ངོས་ནས་འཕྲོད་བསྟེན་སྨན་ཁང་དང་མཉམ་འབྲེལ་ཐོག ཁོར་ཡུག་གཙང་བཟོའི་ལས་འགུལ་གསར་པ་ཞིག་སྤེལ་གྱི་ཡོད་པ་རེད། དགོན་པའི་གྲྭ་དམངས་ལ་མཚོན་ན་སྔོན་དང་བསྡུར་ན་གད་སྙིགས་ལ་བདག་པོ་རྒྱག་རྒྱུ་དང་། ཁོར་ཡུག་ལ་བདག་གཅེས་བྱ་རྒྱུར་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པའི་ཁུལ་རེད་དེ། དེ་རིང་གི་གད་སྙིགས་ལ་བལྟས་ཡོང་ན་ད་དུང་ཧ་ཅང་ཐབས་སྐྱོ་བོ་རེད། གང་ཡིན་ཟེར་ན་གཙུག་ལག་ཁང་ཕྱི་ལོགས་ཀྱི་མང་ཚོགས་ཙམ་མ་རེད། གཙུག་ལག་ཁང་ནང་གི་བཞུགས་གདན་དག་གི་སྟེང་དུའང་གད་སྙིགས་ཕོན་ཆེན་པོ་གཡུགས་འདུག ཅེས་བརྗོད་བྱུང་།

 

དེའི་རྗེས་ཆེད་དུ་གད་སྙིགས་གཡུག་བཞིན་པ་ཞིག་བཙལ་ཏེ་གཙུག་ལག་ཁང་མདུན་དུ་གད་སྙིགས་གང་བྱུང་དུ་གཡུགས་དོན་དང་། ནམ་རྒྱུན་རང་གི་ས་གནས་དང་ལམ་ཁ་སོགས་སུ་འདི་ལྟར་གད་སྙིགས་གཡུག་གི་ཡོད་མེད་འདྲི་འདོད་བྱུང་། སྐབས་དེར་ངའི་ཁ་གཏད་ཀྱི་ཕར་ཕྱོགས་སུ་ཕོ་མོ་རྒན་གཞོན་འགའ་ཡིས་ཞལ་ལག་མཆོད་ཀྱི་འདུག་ལ། ཁོང་ཅག་གི་ལག་ཏུ་ཁུག་མ་སེར་པོ་འགའ་བཟུང་ཡོད་པའི་སྟེང་དབྱིན་ཡིག་གིས་ Save the environment “ཁོར་ཡུག་སྲུང་སྐྱོབ་བྱོས”ཞེས་བཀོད་འདུག ང་ཁོང་ཅག་གི་སར་ཕྱིན་ཏེ་བཅར་འདྲི་ཞུས་སྐབས། ལོ་ན་ཅུང་བགྲེས་པའི་སྐྱེས་པ་ཞིག་གིས་ཁོ་རང་ངོ་སྤྲོད་དང་འབྲེལ་བརྗོད་དོན། ངའི་མིང་ལ་བསོད་ནམས་ཟེར་གྱི་ཡོད། ཧོན་སུར་གཞིས་ཆགས་གྲོང་སྡེ་ L ནས་ཡིན། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ལྟ་རྟོག་ཚོགས་མི་ཡིན། ཁྱེད་རང་གིས་བཤད་པ་ཧ་ཅང་བདེན་པ་རེད། དེ་རིང་གཙུག་ལག་ཁང་གི་ཕྱི་ནང་ཚང་མ་གད་སྙིགས་རེད། འོན་ཀྱང་འདི་དགོན་པའི་སྐྱོན་ཆ་མ་རེད། མང་ཚོགས་ཀྱི་བསམ་བློ་སྐྱོ་དྲགས་སོང་བ་རེད། སྤྱིར་བཏང་གཞིས་མགོས་གོ་སྒྲིག་འོག་གད་སྙིགས་ལ་བདག་པོ་རྒྱག་དགོས་པ་བཤད་ཀྱི་ཡོད། ས་གནས་གཞོན་ནུ་དང་བུད་མེད་ཀྱི་ངོས་ནས་ཀྱང་། མང་ཚོགས་ལ་འགྱིག་ཤོག་བེད་སྤྱོད་གཏོང་འཇུག་གི་ཡོད་པ་མ་རེད། བོད་པའི་ཚོང་ཁང་ཞིག་གིས་འགྱིག་ཤོག་བེད་སྤྱོད་བྱས་ན་སྒོར་ ༢༠༠ དང་མི་དམངས་ཀྱིས་བེད་སྤྱོད་བཏང་ན་སྒོར་ ༡༠༠ བཅས་ཀྱི་ཆད་པ་གཅོད་ཀྱི་ཡོད་པ་རེད། འོན་ཀྱང་གཅིག་ནས་ཁོར་ཡུག་གཙང་བཟོའི་ལས་འགུལ་གསར་པ་ཡིན་པ་དང་། མང་ཚོགས་ཀྱི་རྩ་བའི་ཁོར་ཡུག་གཙང་ཉར་གྱི་འདུ་ཤེས་ཧ་ཅང་སྐྱོ་བོ་རེད། ཅེས་ངོ་སྤྲོད་གནང་བྱུང་།

༼གསར་འགོད་པ་དོན་འགྲུབ་བཀྲ་ཤིསས་ཀྱིས་ལྷོ་ཕྱོགས་སེ་ར་དགོན་ནས་སྤེལ༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 23

  1. kunsal says:
    ལོ་ 15 སྔོན།

    གད་སྙིགས་ཐད་ང་ཚོས་ཕྱི་རྒྱལ་བ་ཚོར་མིག་དཔེ་བལྟ་རྒྱུ་གལ་ཆེ། ང་ཁ་ས་ཨ་རིའི་ནིའུ་ཡོརྐ་མངའ་སྡེའི་ལེག་ཇོརྗི་ཟེར་བར་ཉིན་གསུམ་སྤྲོ་སྐྱིད་དུ་ཕྱིན་ནས་བསྡད་པ་ཡིན། དེར་མི་མང་སྟོང་ཕྲག་མང་པོ་སླེབས་འདུག ད་རང་ཕྱིར་ལོག་ཡོང་སྐབས་མི་ཚང་སོ་སོས་རང་རང་གི་སྡོད་སར་གད་སྙིགས་ཡོད་པ་ཚང་མ་བསྒྲུགས་ནས་གད་སྙིགས་བླུག་སྣོད་དུ་བསྐྱལ་ནས་གཙང་མ་བཟོ་གི་འདུག ང་ཚོ་བོད་རིགས་མི་ཚང་བཞི་ཡོད་པ་རྣམས་ནས་ཀྱང་སོ་སོའི་སྡོད་སའི་གད་སྙིགས་མ་ལུས་པ་གཙང་མ་བཟོས་ནས་ལོག་ཡོང་བ་ཡིན། དེ་ནི། གང་ཞིག་གསེར་གྱི་རི་ལ་སྔས་བཅོལ་ན། དེ་ཡི་འདབས་ཆགས་ཐམས་ཅད་གསེར་དུ་འགྱུར། ཟེར་བའི་དཔེ་ལྟར་ལོས་ཡིན། དེས་ན་ང་ཚོ་བོད་རིགས་རྣམས་ནས་ཀྱང་གསུང་ཆོས་སོགས་མི་མང་འདུ་འཛོམས་སམ་སྤྱི་གླིང་སོགས་སུ་སྐྱོད་སྐབས་སོ་སོའི་གད་སྙིགས་བདག་པོ་བརྒྱབ་ན་འདི་ལྟར་མི་ལ་ངོ་ཚ་མི་དགོས་པ་ཞིག་ཡོང་རྒྱུ་མ་ཟད་རང་ཉིད་ལ་གོམ་འགྲིས་དང་གཞོན་སྐྱེས་ཚོར་མིག་ལྟོས་བཟང་པོ་ཡོང་ངེས་ལ་དེ་དོན་ཚང་མས་གནང་གལ་ཞུ།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་སུ་འགྲོ་མ་མྱོང་མོད། ལྷོ་ཕྱོགས་ནི་བཙན་བྱོལ་གཞིས་གྲོང་ཆེ་ཁུལ་ཞིག་ཡིན་པ་ཐོས་མྱོང་། དེར་བརྟེན། བཙན་བྱོལ་གཞིས་གྲོང་ཆེ་ཁག་དག་གིས་ད་གཟོད་འུ་ཚོ་བཙན་བྱོལ་བའི་ངོ་བོ་མཚོན་དགོས་པ་རེད། ད་ཐེངས་ཀྱི་གནས་སྟངས་ཆུང་ཚེགས་འདིས་ཀྱང་གནད་དོན་ཆེན་པོ་ཞིག་བརྗོད་ཀྱིན་ཡོད་པ་རེད། འདིས་འུ་ཚོ་ས་ད་དུང་སྔར་བཞིན་རྗེས་ལུས་ཡིན་པ་བསྟན་ཡོད་ལ། དེ་བཞིན་དུ་རྡ་སའི་ཉེ་འཁོར་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོག་སྤེལ་མཁན་ཡིན་ཞེས་མིང་རྫིག་པོ་རེ་བཏགས་སྟེ་རྒྱལ་སྤྱིའི་རོགས་དངུལ་ཕངས་མེད་དུ་ཟ་བཞིན་པའི་གཞུང་འབྲེལ་ཡིན་མིན་གཉིས་ཀྱི་ལས་ཁུངས་སྡེ་ཁག་དག་གིས་དངོས་ཡོད་ལག་ལེན་ཐོག་ལས་དོན་ག་ཙམ་ཞིག་སྒྲུབ་ཡོད་མེད་ཀྱང་ཐེངས་གཅིག་བསྟན་པ་རེད། དུས་རྒྱུན་གནད་དོན་ཅི་ཞིག་ཡིན་རུང་མཛུབ་མོ་གཉིས་འཛུགས་དགོས་ཀྱིན་འདུག རང་གཞན་དང་འབྲེལ་བའི་དོན་དག་ཅིག་ཡིན་ན་མཛུབ་མོ་གཅིག་རང་དང་གཅིག་གཞན་ལ་འཛུགས་རྒྱུ་དང་། གཞུང་དམངས་གཉིས་དང་འབྲེལ་བའི་དོན་དག་ཅིག་ཡིན་ན་མཛུབ་མོ་གཅིག་དམངས་དང་གཅིག་འབྲེལ་ཡོད་སྡེ་ཁག་ལ་འཛུགས་དགོས་ཀྱིན་འདུག ནམ་རྒྱུན་འབྲེལ་ཡོད་ཚོགས་སྡེ་དེ་དག་གིས་རྡ་རམ་ས་ལ་ནས་རྣམ་པ་རིང་ལུགས་དང་ཁྱབ་བསྒྲགས་རིང་ལུགས་ཀྱི་ལས་འགུལ་ལམ་གསར་འགོད་གསལ་བསྒྲགས་རེ་སྤེལ་རྗེས་དེ་དག་རྒྱལ་སྤྱིའི་རོགས་ཚོགས་ཁག་ལ་སྤྲད་དེ་རོགས་དངུལ་ཕོན་ཆེ་རེ་བླངས་རྗེས་སྐྱིད་ཟ་སྐྱིད་ཉལ་བྱས་ནས་བསྡད་འདུག་གཱ། མ་གཞི་གསར་འགྱུར་འདི་མཐོང་རྗེས་ཤ་འདར་དང་སེམས་འཚབ་སྐྱེས་དགོས་ས་དེ་ཁོར་ཡུག་སྐོར་ལ་ལས་དོན་སྒྲུབ་མཁན་ཡིན་ཟེར་མཁན་གྱི་ཚོགས་པ་ཁག་དགོས་ངེས་རེད།

    Reply
  3. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    གསར་འགོད་པས་གསར་འགྱུར་བཀོད་པ་ཡག་པོ་འདུག ཡིན་ཡང་འདི་ཏོག་ཙམ་བདེ་བོ་མི་འདུག༼ལྷ་བཟོ་བི་ཤྭ་ཀརྨའི་པུར་རྩེ་ལས་ཐོན་འདྲའི་ཁོ་ར་ཁོར་ཡུག་གི་གད་སྙིགས་དེར་ང་རང་ཧང་སང་བ་དང་། ༽ཨ་ཙི་ཀུ་རེ་ཡིན་ད།

    Reply
  4. ཕུན་ཚོགས ། says:
    ལོ་ 15 སྔོན།

    གསར་འགོད་པའི་མིག་འདི་ཧ་ཅང་རྣོ་ལ། གསར་འགོད་པའི་དཔྱོད་ཤེས་ཀྱང་དེ་ལས་རྣོ་ངར་ལྡན། འདི་ནི་གསར་འགོད་པ་ཚོའི་ཁྱད་ཆོས་དང་མེད་དུ་མིང་རུང་བའི་ཆ་རྐྱེན་དང་པོ་དེ་རེད། གསར་འགོད་པ་ལགས། ཁྱོད་ཞེ་གི་ཧྲ་གི་་་་ཁྱོད་ཀྱིས་གནས་བབ་དང་དུས་སྐབས་ཀྱི་གནད་འགག་ཟིན་ཡོད་པའི་གནས་ཚུལ་མང་པོ་སྤེལ་སོང་།

    Reply
  5. དགྲ་འདུལ། says:
    ལོ་ 15 སྔོན།

    གད་སྙིགས་ཀྱི་དཀའ་ངལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས་རང་གཞན་ཚང་མས་གོམས་གཤིས་ངན་པ་འདི་ཅིས་ཀྱང་དོར་དགོས་པ་དངོས་ཡོད་ཡིན། གསར་འགོད་པས་དེ་རིང་འདིའི་སྐོར་དངོས་ཡོད་ཀྱི་འདྲ་པར་དང་གནས་ཚུལ་མང་དག་ཞིག་བྲིས་པ་བཞིན། སྐབས་དེར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་༸གོང་ས་མཆོག་གིས་སེར་སྐྱ་ཡོངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ་དང་། བོད་གཞུང་དམངས་གཉིས་ནས་བརྟན་བཞུགས་འབུལ་བ་སོགས་ཀྱི་སྐོར་སྐུ་པར་དང་གནས་ཚུལ་ཅུང་ཡོད་ན་ཡང་དགེ་མཚོན་ཆེན་པོ་ཡོད་སྲིད། ལྷག་པར་དུ་༸གོང་ས་མཆོག་གི་བླང་དོར་གྱི་བཀའ་སློབ་རྣམས་འགོད་ཐུབ་པ་གནང་གལ་ཆེ།

    Reply
  6. འབྲོང་བུ་རང་རྐྱ་བ། says:
    ལོ་ 15 སྔོན།

    ངོ་མ་བཤད་ན་བདེན་པ་རེད་ཡིད་སྐྱོ་བའི་རྫོབ་པོ་དེ་འདྲའི་གནས་སུ་གྱུར་བ་ངོན་གསལ་རེད་ཡིན་ན་ཡང་འཁོར་ཡུག་བསྲུང་སྐྱོབ་ཟེར་བ་དེ་མི་རེ་རེ་ངས་འགན་འཁུར་དགོས་བ་ལས་དགོན་པའི་གྲྭ་བ་གཅིག་པོ་དང་ཡུལ་དེ་དང་དེ་གཅིག་པོ་ལ་རག་ལས་བ་ཞིག་མ་རེད་སྙམས་

    Reply
  7. སྣང་གསལ། says:
    ལོ་ 15 སྔོན།

    དགེ་འདུན་པ་རྣམས་པས་་་གད་སྙིགས་ཙང་བཟོ་གནང་ངེས་རེད་།
    ད་ལན་གིས་གད་སྙིགས་དོན་མེད་བཟོ་བ་ཞིག་མ་རེད་།
    དེ་ལུགས་དགོངས་འཇགས་ཞུ།།
    ཐུགས་རྗེ་ཆེ།།

    Reply
  8. ཕ་ལམ་ནག་པོ། says:
    ལོ་ 15 སྔོན།

    སྤྲོ་ཚིགས་དགེ་འདུན་ལགས་།
    གསར་འགོད་པས་གནས་ཚུལ་སྤེལ་བར་སྐྱོན་མཐོང་གི་མི་འདུག
    སྐྱོན་ཆ་ན་ི་མང་ཚོགས་ཀྱི་ཐོག་ན་ཡོད།་་་་་་་་་ནམ་་རྒུན་དགོན་པའི་མཐའ་འཁོར་གྱི་གཙང་སྦྲ་ག་འདྲ་ཡོད་མེད་གནས་དེར་འགྲོ་མོང་མཁན་ཞིག་ཡིན་ན་ཚང་མས་གསལ་པོ་མཁྱེན་པས་ཁྱེད་ཚོ་གྲྭ་བ་ཚོ་ལ་ཕོག་དགོས་དོན་མེད།
    ང་ཚོ་བོད་པ་ཚོར་རྒྱ་གར་གྱི་རུལ་སུངས་སུ་གྱུར་གོམས་གཤིས་དག་འགོས་ཀྱིན་པ་དེས་ངའི་སེམས་ལ་ན་ཚ་བཟོ་གིན་འདུག

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་པ་དང་རྒྱ་གར་བ་གཉིས་ཕན་ཚུན་གཅིག་ལ་གཅིག་གི་གོམས་གཤིས་འཇགས་ཡོད་པ་རེད། རྒྱ་གར་བ་དེ་ཚོ་ཡུལ་སྐོར་སྤྲོ་མཆམ་ལ་སོང་ས་བསྡད་ས་ཚང་མ་འདི་ལྟར་གད་སྙིགས་བཟོ་གི་རེད། བོད་པ་ཚོ་ཡང་དེ་མཚུངས་འདུག ཁ སྔོན་གསུང་ཆོས་སྐབས་སུ་གཙུག་ལག་ཁང་ནས་ཉིན་གུང་འབྲས་ལྡལ་དང་ཚོད་མ་ཕུལ་སོང་། རྒན་གཞོན་ཁྱད་མེད་དུ་འཚང་ཁ་ཤིག་ཤིག་གིས་འཕྲོག་རེས་འདྲ་ཞིག་བྱས་སོང་། ཟོས་ཚར་བའི་ཤུལ་གང་སར་འབྲས་དང་ལྡ་ལི་གང་བྱོ་བ་དང་སྟོར་ནས་བཞག་འདུག ཅུང་ཙམ་ནས་༸གོང་ས་མཆོག་ཕེབས་ཀི་རེད། གད་པ་དེས་ཁང་ལམ་དོད་པ་ལྟ་བུའི་གཙང་མ་བཟོས་ཀྱང་། གཙུག་ལག་ཁང་གི་སྟེང་འོག་ཐམས་ཅད་དེ་ལྟར་རེད་འདུག འོ་རེད། འདི་མོ་འདིའི་སྐོར་ང་ཚོས་དྲ་ཐོག་ནས་གླེང་ཡང་ཕན་ཐོག་གི་མ་རེད་སྙམ།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གོམ་གཤིས་ངན་པ་ཡིན་ནའང་འདྲ། སློབ་གསོའི་མ་འདང་བ་ཡིན་ནའང་འདྲ། ལག་ལེན་འགེལ་མི་ཐུབ་པས་ཡིན་ནའང་འདྲ། གང་ལྟར་དེ་ང་
    ཚོ་བོད་པའི་རྗེས་ལུས་རྣམ་པ་རེད།
    དེ་ལ་ལྟོས་ན་རྡ་སར་འདུ་འཛོམས་ག་ཚོད་ཆེ་ན་ཡང་གཙང་ཐག་ཆོད་རེད་འདུག

    Reply
  11. སྐར་མདའ། says:
    ལོ་ 15 སྔོན།

    ཆོས་གྲྭར་གད་སྙིགས་ཁེངས་ཀྱང་སེམས་ཁྲལ་མེད༎
    དེ་ནི་གཙང་དག་བཟོ་བར་ཧ་ཅང་སླ༎
    སེམས་པ་གད་སྙིགས་ཆགས་ན་ཤིན་ཏུ་སྐྱོ༎
    དེ་ལ་བཟོ་བཅོས་རྒྱགས་རྒྱུ་ཆེས་ཆེར་དཀའ༎

    Reply
  12. རྐང་གསུམ། says:
    ལོ་ 15 སྔོན།

    སྤྱིར་གད་སྙིགས་ཀྱི་ཆོས་རྭ་དང་གད་སྙིགས་ཀྱིས་ཁང་བའི་ཆོས་ར་གཉིས་ལ་ཁྱད་པར་ཡོད་རུང་། དེ་རིང་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་སྤེལ་བའི་གསར་འགྱུར་གྱི་ཁ་བྱང་འདི་གསར་འགྱུར་དེའི་དོན་ངོ་མ་སྟོན་ཐུབ་པའི་ཁ་བྱང་ཞིག་ཏུ་གྱུར་འདུག་ཡོད།

    Reply
  13. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་གསར་འགོད་པ་ལགས་
    སེར་སྨད་གྲྭ་ཚང་སྐོར་ཧ་ལམ་དུས་བབ་ཐོག་བཀོད་པ་ཐོག་མ་ཡིན་ཟེར་ན་ཧམ་བཤད་མིན་ཚོད་ཡིན།འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁྱེད་ཀྱི་སེར་སྨད་གྲྭ་ཚང་གི་གནས་ཚུལ་རྒྱུས་ལོན་བྱས་པ་འདི་ལས་མེད་ན།་ངོ་མ་གྲྭ་ཚང་སྨད་ཀྱི་བློ་ཕམ་དགོས་པ་ཞིག་ལས་མི་འདུག།

    Reply
  14. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ནམ་མཁའི་མཐོང་ན་མེད་པས་སྐར་ཚོགས་མིན༎
    བོད་ཡུལ་སྤང་ཐང་མིན་པས་དཀར་ཤ་མིན༎
    བོད་རིགས་དབང་ལ་འདུས་པའི་གནས་ཡིན་པས༎
    གད་སྙིགས་སྣ་དགུ་ཡིན་པར་ངང་གིས་འགྲུབ༎

    Reply
  15. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ང་ཚོའི་མང་ཚོགས་ཚོར་སློ་གསོ་ཉུང་དྲགས་སྐོར་ཤོད་མཁན་ཡོད་ཀྱང་། འཛམ་གླིང་གང་དུ་ཡང་མེད་པའི་སློབ་གསོ་བ་༸གོང་ས་ཡིད་བཞིན་ནོར་བུ་འདི་ལས་ལྷག་པའི་སློབ་གསོ་བ་ཞིག་སུ་ལ་དགོས། སྐད་ཆ་མདོར་བསྡུས་ནས་བཤད་ན། ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་གང་ལ་ཅི་དགོས་ཐམས་ཅད་མི་གཅིག་རང་གིས་འགན་ཁྱེར་ནས་བྱེད་བསྡད་པ་ཡིན་ཙང༌། ང་ཚོ་བོད་རིགས་འདི་དག་སྐྱིད་ལང་དུ་ཤོར་དྲགས་པ་ལས་གཞན་རྒྱུན་མཚན་གང་ཡང་མེད།
    གསར་འགྱུར་འགོད་པོ་རྣམས་ཀྱིས་ཀྱང་འགོ་བརྗོད་དང་རྩོམ་བྱང་འབྲི་སྐབས་གཟབ་ཙམ་གནང་ན་ཡག་པོ་འདུག

    Reply
  16. རྨོངས་བུ་སྨྱུག་འཛིན། says:
    ལོ་ 15 སྔོན།

    ང་ཚོ་ལ་སློབ་གསོས་མ་འདང་བའི་དཀའ་ངལ་མེད་ལ་སློབ་གསོ་ལ་འགན་ལེན་མ་
    ཐུབ་པས་ལན་པ་རེད་བསམ་སྙམ།

    Reply
  17. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ཨ་ཨ་ཨ་ཨ་་་་་་ང་སྐྲག་སོང་། ལམ་སེང་ཀློག་དུས་གད་སྙིགས་ཀྱི་ཆོས་རྭ་རེད་མི་འདུག་གཱ གད་སྙིགས་ཀྱིས་ཁེངས་པའི་ཁོར་ཡུག་དང་ཆོས་གྲྭའི་ཁོར་ཡུག་རེད་འདུག
    ཨ་རོ་་་་རྗེས་མ་ནས་ཏོག་ཙམ་གཟབ་གཟབ་བྱོས་དང་། གད་སྙིགས་ཀྱི་ཆོས་རྭ་དང་གད་སྙིགས་ཀྱིས་ཁེངས་པའི་ཆོས་རྭ་གཉིས་ལ་ཁྱད་པར་ཆེན་པོ་འདུག་ཡཱ།

    Reply
  18. རྨོངས་བུ་སྨྱུག་འཛིན། says:
    ལོ་ 15 སྔོན།

    ང་ཚོ་ལ་སློབ་གསོས་མ་འདང་བའི་དཀའ་ངལ་མེད་ལ་སློབ་གསོ་ལ་འགན་ལེན་མ་
    ཐུབ་པས་ལན་པ་རེད་བསམ་སྙམ།

    Reply
  19. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    (གད་སྙིགས་ཀྱི་ཆོས་རྭ་ཞིག ) གོ་དོན་གང་ཡིན་ནམ། གད་སྙིགས་ཀྱི་ཆོས་རྭ་ཟེར་བ་དེ་འདྲ་ཞིག་ཇི་ལྟར་བྱས་ཏེ་གྲུབ་པ་རེད། ངོ་མ་བསམ་དྲན་མེད་པའི་སྐད་ཆ་རང་རེད།

    Reply
  20. མིག་གསུམ་པ། says:
    ལོ་ 15 སྔོན།

    ཁོར་ཡུག་ལ་དོ་སྣང་མེད་པའི་རྒྱུ་རྐྱེན་གྱིས་དེ་རིང་གི་ཆོས་རྭའི་གད་སྙིགས་དག་མིག་མདུན་དུ་སླེབས་ཡོང་བ་རེད། འདི་དག་བོད་མི་ཚོའི་སེམས་ནང་ལ་རྒྱུན་འབྱམས་སུ་སོང་བའི་འདུ་ཤེས་ཤིག་རེད། མ་འོངས་པར་བཅོས་བསྒྱུར་ལ་འབད་ལ་འོས་པར་མཐོང་ངོ།

    Reply
  21. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས་ཀྱིས་སེར་སྨད་གྲྭ་ཚང་ཉིན་གཅིག་གི་ཕྱིའི་མཐོང་ཚུལ་ལ་མཐོང་སྣང་མ་མཛེས་པ་མཐོང་བ་ལས་ནང་གི་ཡོན་ཏན་གྱི་ཆ་ཙམ་ཡང་མེད་པ་ཁྱེད་ནས་ངོ་མ་སེར་སྨད་གྲྭ་ཚང་གྱ་བསྔོ་ལོ་འཕྱར་བ་རང་རེད། སྤྱིར་སྟངས་བོད་མི་གང་ཞིག་ཏུ་འདུ་འཛོམས་བྱས་རྗེས་དེ་ན་གད་སྙིགས་མེད་པ་ཞིག་མཐོང་མ་བྱུང་ལ་གང་ན་མི་འདུས་པ་དེར་གད་སྙིགས་ཡོད་པ་ཆོས་ཉིད་མ་རེད་པས། ད་རེས་ཁྱེད་ཀྱིས་སེར་སྨད་གྲྭ་ཚང་གི་ནང་གི་ཡོན་ཏན་གྱི་ཆ་གང་གླེང་སློང་མེད་པར་གད་སྙིགས་ཡོད་ཚུལ་བཤད་པ་ཁྱད་མཚར་རེད། ངོ་མ་ཁྱེད་གསར་འགོད་བྱ་རྒྱུ་རྫོགས་པ་རེད།

    Reply
  22. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི་མཐར་ཐུག་ན་མི་རེ་རེའི་ནམ་རྒྱུན་འཚོ་བའི་ཁྲོད་རང་ཉིད་ཀྱི་གད་སྙིགས་རང་ཉིད་གཙང་སྦྲ་བྱེད་པ་དེ་ལ་ཟེར།
    བོད་མི་ཚོར་གཙང་སྦྲ་འདུ་ཤེས་མེད་པ་འདི་ནི་དངོས་སྐྱོ་དགོས་པ་ཞིག་རེད།
    ཡང་གོང་ས་མཆོག་གི་གཅིག་གཅིག་གཉིས་གཉིས་བྱས་ནས་བཀའ་སློབ་ཅིག་མ་གསུང་ན་རང་འགུལ་ཟེར་བ་ཞིག་དུས་ནམ་ཞིག་ལ་སྐྱེས་སྲིད་ཨང་།

    Reply
  23. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    གད་སྙིགས་གད་སྙིགས་ཆགས་པར་ཡ་མཚན་མེད། །
    མི་སེམས་གད་སྙིགས་ཆགས་པར་ཡིད་རེ་སྐྱོ། །
    གད་སྙིགས་འགའ་རེ་རླུང་གིས་གནམ་ལ་ཁྱེར། །
    གད་སྙིགས་མང་པོས་ས་ནས་གོམ་བགྲོད་བྱེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese