མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་ལུགས་ཚང་མར་གཅིག་གྱུར་གྱི་ནུས་པ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

 འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཆོས་ལུགས་ཚང་མར་ནུས་པ་གཅིག་མཚུངས་ཡོད་པ་རེད།

བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་ཚོགས་ཆེན་ཐེངས་ ༣༣ པ་དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལའི་གྲོང་ཁྱེར་ཀོ་ཆི་ནང་འཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་དགོས་པའི་སྐོར་ལ་གསུངས་དོན། ཆོས་ལུགས་མི་འདྲ་བའི་བར་ལ་ལྟ་གྲུབ་མི་འདྲ་བའི་ཁྱད་པར་ཡོད་ལ། དཔེར་ན་ཧིན་རྡུ་དང་ཁ་ཆེ། ཡེ་ཤུ། ཇེན། ནང་པ། སིག་ཆོས་ལུགས་སོགས་ཀྱི་ཉམས་ལེན་བྱེད་ཕྱོགས་མི་འདྲ་ནའང་། ཆོས་ལུགས་དེ་དག་གི་དམིགས་ཡུལ་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེ་ཐབས་དང༌། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན་པས་ཆོས་ལུགས་ཚང་མར་བརྩི་བཀུར་དགོས་རྒྱུ་དང༌། ཆོས་ལུགས་ཅི་ཡིན་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་གཅིག་ཁོ་ན་ཉམས་ལེན་བྱ་དགོས་པར་མ་ཟད། གཞན་གྱི་ཆོས་ལུགས་ལའང་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་དང༌། ཡང་ཁོང་གིས་དུས་རབས་ ༢༡ པ་ནི་འགལ་ཟླ་ཚང་མ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་དུས་རབས་ཞིག་ཡིན་སྟབས་ཆོས་ལུགས་འཆམ་མཐུན་ཡར་རྒྱས་གཏོང་བར་གྲོས་མོལ་བྱ་རྒྱུུ་གལ་ཆེན་ཡིན།  དེང་སྐབས་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་དང་ཚན་རིག་པའི་ནང་དུའང་ནང་པའི་ཆོས་ལུགས་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་གིན་ཡོད་ཅེས་དང་། ཡང་འཛམ་གླིང་གང་སར་རང་བྱུང་ཐོན་ཁུངས་བསྔོགས་འདོན་ཚད་མེད་བྱས་པའི་རྐྱེན་གྱིས་འབྱུང་བའི་གནོད་འཚེ་ཚབས་ཆེན་བྱུང་ཡོད་ལ། པ་ཀི་སི་ཐན་དང་ཨ་ཧྥི་རི་ཁ། བོད། ལ་དྭགས། རྒྱ་ནག་སོགས་སུ་ཆུ་ལོག་དང་ཐན་པའི་དཀའ་ངལ་རིམ་པར་འཕྲད་ཡོད་སྟབས་གོ་ལ་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་འགན་འཁྲིའི་ལས་དོན་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་གནང་ཡང་ཡོད་འདུག ལྷོ་ཕྱོགས་ཀྱི་མཛད་འཆར་ལེགས་པར་གྲུབ་རྗེས་ཕྱི་ཚེས་༥ཉིན་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཕེབས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

༢༠༢༣/༠༩/༢༠
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩
Mobile App

ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གསུམ་པ་འཚོགས།

༢༠༢༣/༠༩/༡༩

མཆན། 3

  1. མདོ་ལའི་འཁྱམས་པོ། says:
    ལོ་ 13 སྔོན།

    ཁ་ཡར་གྲག་༧་གོང་ས་མཆོག་དང་ཁ་མར་གྲག་༧གོང་ས་མཆོག་ལས་མི་ཕན་པས། འདི་ནི་ནང་པ་ཡིན་ཚུན་ཆུད་ཀྱི་འོས་འགན་ཡིན་པས་སྤྱོད་པ་འཚེ་བ་མེད་པ་དང། ལྟ་བ་རྟེན་འབྱུང་གི་ཉམས་ལེན་མཐར་འཁྱོལ་བྱེད་དགོས་པ་དེ་རེད། དེ་ལྟར་མ་བྱུང་ནའང་གཞན་ལ་གནོད་པ་མི་བྱེད་པ་དེ་རྒྱུན་འཇགས་ཐུབ་དགོས་པ་དེ་འདོད།

    Reply
  2. མིག་གསུམ་པ། says:
    ལོ་ 13 སྔོན།

    སྐྱབས་མགོན་ཡེ་ཤེས་ནོར་བུའི་སྐུ་ཚེ་བརྟན་པར་སྨོན ཁོང་གི་མཛད་འཕྲིན་ཕྱོགས་བཅུར་རྒྱས་པར་ཤོག

    Reply
  3. གཅེན་པོ། says:
    ལོ་ 13 སྔོན།

    ཆོས་ལུགས་དང་རྒྱལ་ཁབ་ཚོགས་པ་མི་སྒེར་བཅས་ནས་སོ་སོ་རང་ཉིད་ཀྱི་ཁེ་ཕན་ལ་མི་བསམ་པར་སྤྱི་པའི་ལས་དོན་ལ་ཐུགས་སེམས་བསྐྱེད་ན་རང་བཞིན་གྱི་གོ་ལ་འདི་འཚེ་བ་མེད་པའི་གནས་མལ་བཟང་པོ་ཞིག་ཡོང་བར་ངེས།
    འདི་ནི་༧གོང་ས་མཆོག་གིས་དབུས་འཛམ་གླིང་དབུ་འཁྲིད་ཚང་མའི་འོས་འགན་དང་ཐུགས་སྨོན་ཞིག་ཀྱང་རེད།
    མི་སྒེར་གྱི་གུས་བསྐུར་དང་བརྩི་ཐོང་བྱེད་དགོས་པའི་བཀའ་སློབ་ཞིག་ཀྱང་རེད།
    འཛམ་གླིང་ཞི་བདེའི་དོན་ཆེན་འདིར་སྙིང་དབུས་ནས་དགའ་བསུ་དང་ཡིད་རང་བཀའ་དྲིན་ལ་རྗེས་དྲན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist