མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྒོ་ཁར་ཞི་བའི་ངོ་རྒོལ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཚོས་ད་ལོའི་ལས་ཞུགས་ས་མིག་བཀོད་སྒྲིག་བྱས་པ་དྲང་སྙོམས་མ་བྱུང་བའི་ཐད་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྒོ་ཁར་ཞི་བའི་ངོ་རྒོལ་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ ༡༠༠ ལྷག་གིས་འབོད་ཚིག་འཕྲེད་དར་ཕྱར་བ་དང་། ལག་ཏུ་རྒྱ་ནག་གི་རྒྱལ་དར་ཆུང་ངུ་རེ་བཟུང་སྟེ། ལས་ཞུགས་ས་མིག་བཀོད་སྒྲིག་དྲང་སྙོམས་མ་བྱུང་བའི་ཐད་མཉམ་རུབ་ཀྱིས་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་སྒོ་ཆེན་ཁར་ཞི་བའི་ངོ་རྒོལ་བྱས་འདུག་མོད། རྒྱ་ནག་གི་ཉེན་རྟོག་མི་སྣས་གནས་ཚུལ་དེ་སྤྱི་ཚོགས་སྟེང་རྒྱ་ཁྱབ་དུ་མི་འགྲོ་བའི་ཆེད་དུ། འཕྲལ་མར་སློབ་མ་ཚོའི་ལག་གི་འཕྲེད་དར་འཕྲོགས་ཤིང་། སློབ་མ་ཚོ་ས་གནས་སྲིད་གཞུང་གི་ཞུ་གཏུགས་ལས་སྒྲུབ་ཁང་དུ་ཁྲིད་ཡོད་པ་རེད།
ཟླ་སྔོན་མའི་ཚེས་ ༣༡ ཉིན། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་གཞུང་ཞབས་ལས་ཞུགས་རྒྱུགས་ལེན་ཐོ་འགོད་ཀྱི་གསལ་བསྒྲགས་སྤེལ་ཏེ། ཟླ་འདིའི་ཚེས་ ༥ ནས་ ༨ ཉིན་བར་རྒྱུགས་ཞུགས་མིང་ཐོ་འགོད་པ་དང་། ཚེས་ ༡༨ ཉིན་འབྲི་རྒྱུགས་ལེན་དགོས་པ་སྤྱི་བསྒྲགས་བྱས་ཡོད། ཐེངས་འདིར་ཁྱོན་བསྡོམས་ལས་ཞུགས་ས་མིག་ ༢༧༠༤ ཡོད་པའི་ཁྲོད་སྤྱི་ཚོགས་འཕྲོད་བསྟེན་ལས་རིགས་ཐད་ས་མིག་ ༥༦ མ་གཏོགས་སྤྲད་མེད་པ་རེད།
དེ་ནི་ཕྱི་ལོ་ ༢༠༠༩ ལོའི་ས་མིག་ ༡༠༠༠ དང་བསྡུར་ན་ལྡབ་ ༢༠ ཙམ་ཇེ་ཉུང་དུ་ཕྱིན་ཡོད་པར་བརྟེན། ཕྱི་ཚེས་ ༡ ཉིན་བོད་ལུགས་གསོ་རིག་མཐར་ཕྱིན་སློབ་མ་ཁག་ཅིག་མཉམ་རུབ་ཐོག་སློབ་གྲྭའི་འགོ་ཁྲིད་རིམ་པ་དང་། འབྲེལ་ཡོད་རྩ་འཛུགས་སྡེ་ཁག རང་སྐྱོང་ལྗོངས་འཕྲོད་བསྟེན་ལས་ཁུངས་བཅས་སུ་གནས་ཚུལ་དེའི་སྐོར་ཞུ་གཏུགས་བྱས་མོད། དོན་དམ་ལག་ལེན་གྱི་བསྒྱུར་བཅོས་གང་ཡང་མ་བྱུང་བར་བརྟེན། ཕྱི་ཚེས་ ༢ ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མ་ ༡༠༠ ལྷག་གིས་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་ཡོད།
སློབ་གྲྭ་འདིར་ད་ལོར་མཐར་ཕྱིན་སློབ་མ་ ༢༥༦ ཡོད་པ་དང་། འཕྲོད་བསྟེན་ལས་རིགས་ཀྱི་ས་མིག་ ༥༦ ཡོངས་རྫོགས་སློབ་གྲྭ་འདི་གའི་མཐར་ཕྱིན་སློབ་མ་ཁོ་ནར་ཐོབ་པའི་དབང་དུ་བཏང་ནའང་། ད་དུང་མཐར་ཕྱིན་སློབ་མའི་བརྒྱ་ཆ་ ༨༣ ལས་མེད་དུ་འདུག་དགོས་ཆགས་ཡོད།
གཞན་ཡང་། སློབ་གྲྭ་འདིའི་བསླབ་གཞི་དག་ནི་བོད་ལུགས་གསོ་རིག་གི་སྐོར་ཡིན་ལ། ལས་ཞུགས་རྒྱུགས་གཞི་ནི་ཆེད་ལས་བསླབ་གཞི་དང་འབྲེལ་མེད་དུ་གྱུར་ཞིང་རྒྱ་ཡིག་ཁོ་ན་ཡིན་པར་མ་ཟད། རྒྱུགས་ཞུགས་སྔོན་འགྲོའི་གཞི་རྩའི་ཆ་རྐྱེན་ལྔ་བཏོན་ཡོད་པའི་དང་པོ་ནི་ཁ་བྲལ་བར་ངོ་རྒོལ་དང་། ཏཱ་ལའི་བླ་མར་མཚང་འབྱིན་དགག་རྒྱག་བྱས་ཏེ་བསམ་པའི་འཁྱེར་སོ་དང་། ཆབ་སྲིད་ལྟ་བ། ལས་དོན་སྒྲུབ་སྟངས་ཡོད་ཚད་དམར་ཤོག་པའི་ལམ་ཕྱོགས་དང་སྲིད་ཇུས་ལྟར་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། དེར་བརྟེན། བོད་རིགས་སློབ་ཆེན་མཐར་ཕྱིན་སློབ་མ་དག་ལས་ཞུགས་བྱ་རྒྱུར་རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་དཀའ་ངལ་འཕར་མ་ཞིག་སྤྲད་ཡོད། 
ད་ལོའི་ལོ་སྟོད་ལ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་བསྒྲགས་བྱས་པའི་རིམ་པ་དང་པོའི་ལས་ཞུགས་རྒྱུགས་ལེན་བརྒྱུད་གཞུང་ཞབས་ལས་བྱེད་མི་གྲངས་ ༥༠ བསྡུས་ཡོད་པའི་ཁྲོད་མིང་ལ་མཁའ་འགྲོ་ཟེར་བའི་བོད་རིགས་གཅིག་མ་གཏོགས་ཚུད་མེད།
ཕྱི་ལོ་ ༢༠༠༩ ལོའི་རྩིས་ཐོ་ལྟར་ན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་ཁྱོན་བསྡོམས་སློབ་མ་ ༡༥༡༡ ཡོད་པ་དང་། བོད་ལུགས་གསོ་རིག་ཆེད་སྦྱོང་བྱ་མཁན་གྱི་སློབ་ཆེན་པ་རྣམས་གཙོས། བོད་ཀྱི་སྐད་ཡིག་རིག་གནས་ཆེད་སྦྱོང་བྱེད་མཁན་གྱི་བོད་རིགས་སློབ་ཆེན་པ་ཡོངས་ཀྱི་ལས་ཞུགས་ས་མིག་ནི་ལོ་རེ་ནས་ལོ་རེར་ཇེ་འཁེགས་སུ་འགྲོ་བཞིན་ཡོད་པ་རེད།
གཞན་ཡང་། ཕྱི་ཟླ་ ༧ པའི་ཚེས་ ༢༥ ཉིན། པེ་ཅིན་རྒྱ་ལུགས་གསོ་རིག་སློབ་ཆེན་དང་། ཅང་ཞི་རྒྱ་ལུགས་གསོ་རིག་སློབ་གླིང་གཉིས་ནས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕྱི་ལོ་ ༢༠༡༠ ལོའི་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལ་མིང་རྟགས་འགོད་པའི་ཚོགས་འདུ་ཞིག་བསྡུས་པ་དང་། ཕྱི་ཟླ་ ༨ ཚེས་ ༡༦ ཉིན་པེ་ཅིན་དང་ཅང་ཞི་ནས་ཡོང་བའི་བོད་སྐྱོར་ལས་བྱེད་མི་སྣ་ཡཱན་ཡུང་ཧུང་དང་། ལིས་ཧྥིན། ཁྲེ་ཧྲོ་ཧྭ། ཝན་ཡཱང་བཞི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སྡེ་ཚན་གྱི་འགོ་གཙོ་གཞོན་པ་དང་། བོད་ལུགས་གསོ་རིག་སྡེ་ཁག་གི་འགོ་གཙོ་གཞོན་པ། བ་གྲྭའི་སློབ་གསོ་ལས་དོན་ཁང་གི་འགོ་གཙོ་གཞོན་བཅས་སུ་ཐད་ཀར་སྐོ་འཇོག་བྱས་ཡོད་འདུག 
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༥ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

མཆན། 8

  1. མིག་གསུམ་པ། says:
    ལོ་ 16 སྔོན།

    དྲང་བདེན་མིན་ལས་དོན་ལ་ངོ་རྒོལ་བྱས་པར་ཧ་ཅང་གི་གཟི་བརྗིད་ཡིན་མོད། ཁོ་རང་ཚོའི་ཚེ་སྲོག་ལ་གནོད་སྐྱོན་འབྱུང་ན་ཐང་མོ། རྒྱ་འདི་བ་ཚང་ལ་བློ་གཏོད་མེད་ཡ

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཨ་རོགས། ཁོ་ཧྥེ་ད་ཁ་ཡག་གི་ལོག་མིན་འགྲོ། ཧ་ཧ་ཧ་་།
    ཉེན་རྟོག་པ་ནི་ཆེད་སྤྱོད་བརྡ་ཆད་ཅིག་རེད། དབྱིན་སྐད་དུ་པི་ལེ་སི་ཡི་དོན་རེད། ངས་འདིར་ཉེན་རྟོག་མི་སྣ་ཞེས་འགོད་དོན་ནི་ཉེན་རྟོག་གི་ལས་དོན་སྒྲུབ་མཁན་གྱི་མི་སྣ་སྤྱི་བམ་པ་ཞིག་སྟོན་གོ་ཅན་པོ་ཡིན། ལྭ་སེར་བོ་དང་སྔོན་པོ་གྱོན་མཁན་ཧ་ནི་བོ། ༼དེའི་ཁོག་ལ་མང་ང་ཞིག་བསྡུས་ཡོད་ཅན་པོ་ཡིན་ཡ། ཧ་ཧ་ཧ་་་༽

    Reply
  3. lyonhomme says:
    ལོ་ 16 སྔོན།

    ལྷ་སྲས་ལགས། ཆོས་སྲུང་ཡང་ང་ཚོ་དང་བོད་ཀྱི་བདག་པོ་ཡང་ང་ཚོ་རེད། དེ་བས་ལས་འགུལ་རྩོམ་དགོས་པ་ལས་ཆོས་སྲུང་ལ་ལས་བཅོལ་བྱས་ན་གང་ན་འགྲིགས་ང་ཚོའི་ཤུགས་ལ་བསྟན་ནས་བྱུང་དགོས་ནི་རེད་མ་གཏོགས་ང་ཚོ་སྐྱིད་ཉལ་རྒྱབ་ནས་ཆོས་སྲུང་གིས་ཡང་དམིགས་བསལ་ཅིག་བྱ་ནི་མ་རེད་

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ངོ་རྒོལ་བྱས་པ་འགྲིག་བསྡད་འདུག ང་བོད་ནང་གི་བོད་མི་ཚོས་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་ནས་འདི་ཐོབ་ཐང་རེ་རྩད་འོང་ན་འགྲིག་འདུག འོན་ཀྱང་ཡང་རྒྱ་རྒན་འདི་ཚང་གིས་ཆབ་སྲིད་ཀྱི་གནད་དོན་འདུག་ལབ་ནས་བཙོན་འཇུག་མི་བྱེད་པར་སྨོན།

    གཞན་གནས་ཚུལ་ཡག་པོ་བཀོད་འདུག ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཚེ་རིང་ལགས་ལ་བསམ་ཚུལ་ཞིག་བཀོད་ཆོག་པ་ཞུ། ༼ཉེན་རྟོག་པས་༽གནས་ཚུལ་ལ་ཞིབ་བཤེར་བྱས་རྗེས་སོགས་ཟེར་བ་ལས། ༼ཉེན་རྟོག་མི་སྣས༽ཞེས་ཚིག་ལྷག་དང་མིང་མི་མཛེས་པར་བྱས་པས་ཅི་ཕན། འདི་ཁྱོད་ལ་བཏོན་པའི་བསམ་ཚུལ་རང་ཡིན་དཱ། ཧེ་ཧེ་ཧེ། ཁོ་ཧྥེ་འཐུང་གི་ཤོག་དང་ངས་སྦྱིན་བདག་བྱེད་ཡ།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ང་ཡི་སྤུན་ཟླའི་ལས་དབང་འདི་འདྲའི་སྐྱོ་བ་ལ། ད་ཆོས་སྲུང་ཡོད་ན་དེ་དག་ལ་གྲོགས་ཤིག་གནང་རོགས།

    Reply
  6. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 16 སྔོན།

    ཆེད་ལས་བསླབ་གཞི་དང་འབྲེལ་མེད་དུ་གྱུར་བའི་ལས་ཞུགས་རྒྱུགས་གཞི་བཟོས་་བ་དང། རྒྱུགས་གཞིའི་སྔོན་འགྲོའི་ཆ་རྐྱེན་དུ་དམར་ཤོག་ལ་དགའ་བའི་བསམ་པའི་འཁྱེར་སོ་དང། ཆབ་སྲིད་ལྟ་བ། ལས་དོན་བསྒྲབ་སྟངས་བཏོན་པ་ནི་བོད་ཀྱི་ཐུན་མིན་རིག་གཞུང་དང་མི་རིགས་བཅས་པར་སྣང་ཆུང་ཁྱད་གསོད་དང། མཐོང་ཆུང་ཁྱད་བསོད་ཀྱིས་རྩ་མེད་བཟོ་རྒྱུའི་ངན་བྱུས་ཉག་གཅིག་ལས་མ་འདས་སོ།

    Reply
  7. རྐང་གསུམ། says:
    ལོ་ 16 སྔོན།

    འདི་ནི་དགྱ་ནག་གིས་བོད་ཀྱི་ཐོག་འཛིན་བཞིན་ཡོད་པའི་སྲིད་ཇུས་རྙིང་བ་ཞིག་རེད། དེའི་ཕྱིར་ཁོང་ཚང་གིས་ང་ཚོ་ལ་འདི་ལྟར་ལས་ཀ་བྱེད་བཞིན་ང་ཚོ་རྩ་མེད་བཟོ་བཞིན་ཡོད་པ་རེད།

    Reply
  8. ནགས་མཚོ says:
    ལོ་ 16 སྔོན།

    དེང་སྐབས་བོད་ལ་ཡོད་པའི་སློབ་མ་ཚོ་སློབ་སྦྱོང་ཡོད་ན་ཡང་ཏ་དགོ་དང་དཔེ་ཤག་མེད་ན་ལས་ཁ་རག་ཁག་པོ་ཡོད་པ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese