མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་སྒོར་ས་ཡ་ ༥༠༠ འོས་ཤོག་ཉོ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp
 
བལ་ཡུལ་མའོ་ཚོགས་པས་རྒྱ་སྒོར་གྱི་རྒྱབ་གཉེར་འཚོལ་སྒྲུབ་ལ་བརྟེན་ནས་སྲིད་བློན་གསར་པའི་འོས་ཤོག་ཉོ་རྩིས་འདུག་ཟེར།
གསར་འགྱུར་རྒྱུ་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་མའོ་ཚོགས་པའི་འཇབ་དམག་ཟུར་བ་ཞིག་གིས་རྒྱ་རིགས་ཤིག་བརྒྱུད་ནས་བལ་སྒོར་ས་ཡ་ ༥༠༠ རྒྱབ་གཉེར་འཚོལ་སྒྲུབ་བྱས་ཡོད་པའི་སྐོར་གྱི་སྒྲ་ཐག་ཅིག་གི་གསང་རྒྱ་ཤོར་བའི་གནས་ཚུལ་བྱུང་འདུག  བལ་སྒོར་ས་ཡ་ ༥༠༠ དེ་བསླེབ་ལ་ཉེ་བའི་བལ་ཡུལ་སྲིད་བློན་གསར་པའི་འོས་བསྡུའི་སྐབས་སུ་གྲོས་ཚོགས་ཚོགས་མིའི་འོས་ཤོག་འཐོབ་ཆེད། དངུལ་གྱིས་བསླུ་བྲིད་གཏོང་འཆར་ཡོད་ལུགས་བརྗོད་འདུག
གནས་ཚུལ་འདི་གཟའ་པ་སང་ཉིན་བལ་ཡུལ་དུ་ཡོད་པའི་རྒྱ་གར་གྱི་བརྙན་འཕྲིན་ཞིག་ཏུ་སྒྲ་ཐག་ནང་གི་གླེང་སློང་རྣམས་ཕྱིར་བསྒྲགས་བྱས་འདུག དུས་ཡུན་སྐར་མ་ ༢༠ ཙམ་ཡོད་པའི་སྒྲ་ཐག་དེའི་ནང་ཕན་ཚུན་གླེང་སློང་བྱེད་མཁན་གྱི་མི་སྣ་ནི།བལ་ཡུལ་མའོ་ཚོགས་པའི་ཕྱི་འབྲེལ་དང་དྲིལ་བསྒྲགས་བློན་ཆེན་ཟུར་པ་ཁུརེ་ཤི་ན་བྷ་ཧ་ཌོར་མ་ཧ་རཱ་ Krishna Bahadur Mahara དང་ཁ་པར་གཏོང་མཁན་ནི་གསལ་བོ་མི་ཤེས་རུང་། གཏམ་གླེང་ལས་ཕལ་ཆེར་རྒྱ་མི་དཀྱུས་མ་ཞིག་རེད་ཟེར།
སྒྲ་ཐག་ནང་དུ། རྒྱ་མི་དེས་སྐུ་ཞབས་མ་ཧ་རཱ་ལ་བལ་ཡུལ་ནང་གི་འོས་བསྡུ་གང་འདྲ་འགྲོ་གི་ཡོད་མེད་དང་། མའོ་ཚོགས་པར་གྲོས་ཚོགས་ནང་རྒྱབ་སྐྱོར་དང་རྐུབ་སྟེགས་ཇེ་མང་ཡོང་བར་རོགས་པ་གང་འདྲ་དགོས་མིན་སྐོར་ལ་སྐད་ཆ་དྲིས་པར། མ་ཧ་རཱས་ཁོ་ཚོས་གཟའ་ཉི་མའི་འོས་བསྡུའི་སྐབས་འོས་ཤོག་བཅུ་ནས་བཅོ་ལྔ་རེག་ཐབས་བྱས་ཡོད་རུང་། ད་དུང་འོས་གཞི་འཐོབ་པར་འོས་ཤོག་ ༥༠ ལྷག་དགོས་ཀྱི་ཡོད་སྐོར་དང་། ལྷོ་དབུས་ཁུལ་གྱི་གྲོས་ཚོགས་ཚོགས་མི་རྣམས་གཞན་གྱི་སྟངས་འཛིན་འོག་ཡོད་སྟབས་བར་བརྒལ་བྱེད་འཇུག་རྒྱུ་ལས་སླ་བོ་མིན་ཚུལ་བརྗོད་འདུག
རྒྱ་མི་དེས་མུ་མཐུད་བརྗོད་རྒྱུར། ཁོའི་གྲོགས་པོ་ཞིག་མ་ཧ་རཱ་ལར་ཐུག་སྟེ་རོགས་པ་བྱ་འདོད་ཡོད་ལུགས་དང་། བལ་ཡུལ་མ་ཡིན་པའི་ས་གནས་གཞན་ཞིག་ནས་ཐུག་འཕྲད་བྱ་རྒྱུའི་བསམ་ཚུལ་བཏོན་པར། རྒྱ་ཁབ་གཞན་ཞིག་ནས་ཐུག་འཕྲད་བྱས་ཚེ་ཁོའི་གྲོགས་པོ་ལ་དམིགས་གསལ་མཐོང་མཆན་ཞུ་དགོས་སྟབས། མི་གཞན་གྱིས་ཤེས་རྟོགས་འབྱུང་སྲིད་པས།ཧོང་ཀོང་ལ་མཐོང་མཆན་ཞུ་མི་དགོས་སྟབས་དེར་འཛོམས་རྒྱུ་བྱས་ན་ལེགས་ཚུལ་བརྗོད་ཡོད།
འོན་ཀྱང་། མ་ཧ་རཱ་ཡིས། ཁོ་རང་གཅིག་ནས་མའོ་ཚོགས་པའི་འགན་འཛིན་དང་། གཉིས་ནས་ད་ལྟའི་སྲིད་བློན་གྱི་འོས་གཞིར་ལངས་ཡོད་པས། ཧོང་ཀོང་དུ་སོང་ཚེ་དེར་བལ་ཡུལ་གྱི་མི་མང་པོ་ཡོད་སྟབས། གནས་ཚུལ་འདི་གསང་བ་བྱ་རྒྱུ་ཁག་པོ་ཡིན་པའི་བསམ་ཚུལ་བཏོན་འདུག
མ་ཧ་རཱ་ཡིས། རྒྱ་མི་གཞན་ཞིག་ལ་ཁ་པར་ལས་གླེང་སློང་མ་བྱས་གོང་མདོར་བསྡུས་ནས་བརྗོད་དོན། ཚོགས་མི་ ༥༠ ཁོའི་ཕྱོགས་སུ་ལངས་སླད་ཚོགས་མི་རེ་ལ་ཉུང་མཐར་བལ་སྒོར་ས་ཡ་ ༡༠ རེ་སྤྲོད་དགོས་ཚུལ་བཤད་ཡོད་འདུག
སྒྲ་ཐག་གི་གནས་ཚུལ་འདི་བལ་ཡུལ་མའོ་ཚོགས་པ་དང་རྒྱ་ནག་གཞུང་ཚབ་གཉིས་ཀྱི་ངོས་ནས་རྫུན་མ་དང་གཞི་འཛིན་ས་མེད་པའི་དཀྲོག་གཏམ་ཡིན་ཚུལ་བརྗོད་ཡོད་འདུག
 
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

སྐར་མ ༢༣ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༣ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 11

  1. སེར་ཆེན་ says:
    ལོ་ 16 སྔོན།

    བལ་སྒོར་རྒྱ་སྒོར་གཅིག་པ་རེད།།
    བལ་ཡུལ་རྒྱལ་ཁབ་སྐྱོ་ནི་རེད།།
    ཕྱུག་པོའི་སྒོར་མོས་ཉོ་རྒྱུ་རེད།།
    བལ་ཡུལ་བོད་མིས་དཀའ་རྒྱུ་རེད།།

    Reply
  2. དོན་འགྲུབ། says:
    ལོ་ 16 སྔོན།

    ང་ཚོ་ད་ལྟ་བལ་ཡུལ་ས་གནས་བོད་མི་ཚོ་ལ་ལྟ་བ་ཡང་མི་འདྲ་བ་མང་པོ་ཞིག་ཡོད་ལ། བལ་ཡུལ་གཞུང་སྒེར་གཉིས་ཀྱི་ངོས་ནས་ང་ཚོའི་སྟེང་ལ་འཛིན་སྟེང་ཡང་ཡག་པོ་ཞིག་རྩ་བ་ནས་མི་འདུག འདི་ལྟར་མགོ་མེད་འཇུག་མེད་བྱས་ནས་ཉི་མ་འཁྱོལ་ཐབས་བྱ་ན་མ་འོངས་པར་གྲུབ་འབྲས་གང་ཡང་ཡོད་ས་མ་རེད། བལ་ཡུལ་ས་ཆ་བཙན་བྱོལ་འདུག་སུའི་གནས་ཞིག་རྩ་བ་ནས་རེད་མི་འདུག ཐོབ་ཐང་གང་ཡང་མེད་པ་མ་ཟད་རྟན་ལྷང་ཡང་མི་འདུག བོད་མི་མཐོ་དམན་བར་གསུམ་ཚང་མའི་ད་ལྟ་བསམ་གཞིས་ཡག་པོ་ཞིག་བཏང་རྒྱུ་གལ་ཆེ།

    Reply
  3. ཀླུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།།
    དེ་རྒྱ་སྒོར་མ་རེད་བལ་སྒོར་རེད།།
    རྒྱ་གུང་ཁྲན་མའོ་ཡི་བལྟ་བ་རེད།།
    དངུལ་བལ་སྒོར་ཆར་བ་འབབ་རེད།།
    ད་བལ་ཡུལ་རྒྱལ་ཁབ་ཟ་རན་རེད།།

    Reply
  4. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 16 སྔོན།

    དོན་ལ་རྒྱ་སྒོར་ས་ཡ༥༠༠རེད་དམ། བལ་སྒོར་ས་ཡ་ལྔ་བརྒྱ་རེད། གསལ་བོ་ཞིག་བཟོ་རོགས

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མཛེས་མ་བསྟན་འཛིན་ཚེ་འཚོ་ལགས་་་་་འཛམ་གླིང་ཐོག་གི་མེ་ཤུགས་འཕུར་མདའ་རྣམས་མ་རྫོགས་བར་དུ་རྒྱ་ནག་དམར་ཕྱོགས་པའི་ཚེ་སྲོག་གི་རྒྱུན་ཐག་ཆད་མི་སྲིད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ད་ལྟ་བར་དུ་བཙན་བྱོལ་གཞུང་གིས་མཛད་གཙོ་རྣམ་པས་ལྟད་མོ་བལྟས་ནས་བསྡད་ཡོད། མ་འོང་བལ་ཡུལ་བོད་མིའི་ཚེ་སྲོག་ཤོར་བ་ཡང་ཁྱེད་རྣམ་པས་མཐོང་ངེས་ཡིན།

    Reply
  7. རིག་འཛིན། says:
    ལོ་ 16 སྔོན།

    འདི་འདྲ་རྐྱང་རྐྱངབྱས་ན་་་་་་རྒྱལ་ཁབ་ཚགས་ཚུད་ག་བར་ཡོངགིན་རེད།
    དངོས་གནས་སྐྱོ་དགོས་ཡ་རང་རེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=Ya0clkpvu-o

    འབྲེལ་ཐག་འདིའི་རིགས་ནི་ང་ཚོས་བལྟ་དགོས་པ་དང་ཤེས་དགོས་པའི་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་ཤིག་རེད། འདི་ནི་རང་དབང་གི་རྒྱལ་ཁབ་དུ་འབོད་པའི་བལ་ཡུལ།

    http://www.youtube.com/watch?v=b4BureEly8c&feature=related

    དམིགས་བསལ་གྱིས་སྤུན་ཟླ་དག དྲན་པར་གྱིས་ཤིག དེ་ནི་བོད་ཡུལ་མ་རེད། རྒྱ་འོག་མ་རེད། བལ་ཡུལ་རང་དབང་གི་ཡུལ་ནས་འདི་འདྲ་བྱུང་སྟངས་ལ་སོམས་ཤིག

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བལ་ཡུལ་འདི་མི་འགྱངས་པར་རྒྱ་ནག་གི་དམག་ས་གཉིས་པ་དེ། བོད་མི་ལ་བཙན་འཛུལ་དང་བརྙོས་བཅོས་གཏོང་ཡུལ་གཉིས་པ་དེ་ཆགས་རྒྱུར་ཐེ་ཚོམ་མི་འདུག བལ་ཡུལ་གནས་བསྡོད་བོད་མི་དག་གིས་རང་རང་ས་ནས་གནས་ཡུལ་ཡོད་པའི་ལས་ཤིག་ལ་སྤོར་རྒྱུའི་ཆོད་སེམས་སྔ་ས་ནས་ཡོད་ན་ཡག་པོ་རེད།

    Reply
  10. ཞག་སྒྲོན། says:
    ལོ་ 16 སྔོན།

    ད་མི་རིང་བར་བལ་ཡུལ་ཡང་རྒྱ་ཡི་ཁ་ལག་ཆགས་ས་རེད། འདོད་པ་ཟེར་བ་འདིས་མ་འོང་བ་སྒྲིབ་འདུག མི་ངན་འདིས་རིགས་ཀྱི་ཡབ་མེས་ཚོའི་བཞག་བའི་མི་རིགས་ཀྱི་བླ་སྲོག་འཆི་ལན་དུ་ཁྲིད་བཞིན་འདུག

    Reply
  11. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    དམར་པོའི་ལྟ་གྲུབ་ཀྱི་སྲོག་དབུགས་དེ་ཙམ་ལས་མེད། རྒྱ་ནག་གཙོའི་དམར་ཤོག་ཚོགས་པའི་ཚེ་སྲོག་གི་རྒྱུན་ཐག་ཆད་ལ་ཉེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese