མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་ལ་དགོངས་དག་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་པར་ནོར་ལྷ་ཛམ་བྷ་ལ་སོགས་ཡོད་ན་ཡང་བོད་པ་དངུལ་སྒོར་ས་ཡའི་བདག་པོ་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱ་མི་གུང་ཁྲན་ལ་ནོར་ལྷ་མེད་ཀྱང་ས་ཡ་བདག་པོ་མང་པོ་འདུག ཕྱི་རྒྱལ་བ་ཚོའང་དེ་བཞིན་རེད། ང་ཚོ་བོད་པ་ཚོར་ཛམ་བྷ་ལ་གྲོད་པ་ལུག་པ་དེ། ལྷ་ཁོང་རང་ས་ཡ་བདག་པོ་ཡིན་ན་མ་གཏོགས་ང་ཚོ་ས་ཡ་བདག་པོ་བཟོ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ལས་བརྒྱབ་ནས་དངུལ་བཟོ་དགོས་པ་རེད་མ་གཏོགས་ལྷ་གསོས་ནས་དངུལ་བཟོ་ཐུབ་ཀྱི་མེད་པས་ཁྱེད་རང་ཚོས་བྱེད་ཐུབ་ན་སྐྱག་རྫུན་དང་ཧམ་པ་མིན་པར་དྲང་པོ་དྲང་བཞག་ཐོག རང་ངོས་ནས་བཟོ་གྲྭ་དེ་འདྲ་བཙུགས་ཏེ་གང་ཐུབ་ཐུབ་ཀྱིས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་ཡག་པོ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་ལ། ཚོགས་འདུ་དེའི་སྟེང་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་པའི་ཁྱད་ལས་མི་སྣ་ ༨༠ ཙམ་མཉམ་ཞུགས་བྱས་ཡོད། ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་གིས་ཁྱད་ལས་མི་སྣར་དམིགས་བསལ་མཇལ་འཕྲད་དང་བཀའ་སློབ་གསུང་བཤད་གནང་ཡོད་ཅིང་། མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་ཆེད་ལས་མི་སྣ་རྣམས་ལ་གསུང་བཤད་གནང་དོན། ང་ཚོ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༤ བའི་ནང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཡོད།  སྐབས་དེར་མི་ལོ་ ༥༠ ཕྱིན་རྗེས་བཟོ་ལྟ་གང་འདྲ་ཆགས་གྲབས་ཡོད་མེད་སུ་གཅིག་གི་བསམ་བློའི་ནང་མེད། ཡིན་ནའང་། ང་ཚོར་བདེན་པ་ཡོད་སྟབས་བདེན་པའི་ནུས་པ་གསལ་ངེས་པའི་སེམས་ཤུགས་ཡོད་ལ། སེམས་ཤུགས་དེའི་ཐོག་ཨུ་ཚུགས་བརྒྱབ་པའི་དབང་གིས་མི་མང་པོ་ཞིག་གི་བསམ་བློའི་ནང་ལོ་འགའ་ཤས་ནང་འགྱུར་ཡོང་གི་རེད་བསམ་སྟེ་རེ་བ་རྒྱག་མཁན་མང་པོ་བྱུང་ཡོད། ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པའི་བསམ་ཚུལ་འཁྱེར་ཏེ་གཞིས་ཆགས་གསར་འཛུགས་བྱས་ཡོད། ལོ་ ༥༡ ཕྱིན་པའི་ད་ལྟ་བོད་པའི་གནས་སྟངས་ལ་ཕྱིར་བལྟས་བྱས་ན། ང་དགུ་ལོར་རྒྱ་གཞུང་གིས་བོད་ས་ཡོངས་དྲག་གནོན་བྱེད་སྐབས། ལོ་ལྔ་བཅུའི་རྗེས་སུ་བོད་པ་ཚོས་རྒྱ་ནག་གཞུང་ལ་མུ་མཐུད་སུན་པོ་བཟོ་གི་རེད་བསམ་པ་ཕལ་ཆེར་མེད། བོད་ཀྱི་གནད་དོན་ཡལ་འགྲོ་བའི་ཚོད་དཔག་བྱས་ཀྱང་ཡལ་མེད། དེ་ཡང་གཙོ་བོ་དེ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧ་ལས་པ་ཡོད་པའི་དབང་གི་རེད་ལ། རྒྱ་ཆེའི་མི་མང་ལ་སེམས་ཤུགས་དེ་འདྲ་ཡོད་པ་དེའང་རྒྱ་ནག་གཞུང་གི་བཀའ་དྲིན་རེད། བོད་པར་སྡུག་ཐག་ཆོད་བྱས་སྟབས་སོ་སོ་ལོ་རྒྱུས་དང་སྐད་ཡིག་ཡོད་པའི་མི་རིགས་ཤིག་དང་། སངས་རྒྱས་པའི་ལྟ་གྲུབ་ཟབ་ཤོས་བོད་ཡིག་ནང་ཡོད་པའི་མི་རིགས་ཤིག་ལ་རྒྱ་མིས་མཛུབ་མོ་གང་བསྟན་ཤར་རེད་ཟེར་ན་ཉན་གྱི་མ་རེད། དེར་བརྟེན། དྲག་གནོན་བྱེད་སྐབས་བོད་པའི་སེམས་ནང་ལ་ན་ཚ་གཏོང་གི་ཡོད། ང་ཚོ་བོད་པ་སེམས་ཤུགས་མཁྲེགས་པོ་ཡོང་བ་དེ་རྒྱ་མིའི་བཀའ་དྲིན་རེད། ཅེས་གསུངས་ཡོད།  

ཡང་༸གོང་ས་མཆོག་གིས།  ང་ཚོ་རྒྱ་གར་དུ་སླེབས་ཏེ་རང་དབང་ཞིག་ཐོབ་ཡོད་སྟབས། བོད་པའི་ཕྲུ་གུས་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་སྦྱོང་བྱེད་རྒྱུ་གཅིག་མཚུངས་སླེབས་ཐུབ་ཀྱི་ཡོད། ཆ་རྐྱེན་དང་མཐུན་རྐྱེན་འཛོམས་མིན་གྱི་ཁྱད་པར་ཕྲན་བུ་ཡོང་གི་རེད་མ་གཏོགས་བོད་པ་ཡག་ཐག་ཆོད་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་བོད་པ་ཧ་ལས་པ་རེད། སོ་སོའི་མི་རིགས་ཀྱི་ཞེན་ཁོག་སྙིང་སྟོབས་དང་དཀའ་ལས་རྒྱག་ཐུབ་མཁན་གྱི་རྣམ་དཔྱོད་ཡོད་མཁན་ཞིག་ཡིན་པ་ང་ཚོས་ཤེས་དགོས། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་བོད་པ་འགའ་རེས་བོད་པའི་གྱོན་གོས་གྱོན་རྒྱུར་ངོ་ཚ་མཁན་འདུག་ཟེར་མཁན་བྱུང་བ་རེད། བོད་པར་སྐྱེས་པ་དེས་གྱོང་རག་འདུག་ཟེར་མཁན་ཡང་བྱུང་བ་རེད། དུས་དེར་ང་ཚོས་འཛམ་གླིང་འདིའི་སྟེང་ཕར་དྲིལ་བསྒྲགས་བྱེད་ཐུབ་ཀྱི་མེད་ལ་བྱས་ཀྱང་མེད། འོན་ཀྱང་། འཛམ་གླིང་ཐོག་བློ་གཟུ་བོར་གནས་མཁན་མང་པོས་བོད་པ་ཞེས་བརྗོད་སྐབས་ཡ་རབས་དང་དྲང་པོ། སེམས་པ་བཟང་པོ་ཡིན་པ་ཞིག་ལ་ངོས་འཛིན་བྱས་པར་བརྟེན་བོད་པའི་སྤུས་ཚད་དང་ཆེ་མཐོང་ཇེ་ཆེར་ཕྱིན་ཡོད། ཡིན་ནའང་། དེང་སང་བོད་པ་སྐྱག་རྫུན་ཤོད་མཁན་མང་དུ་ཕྱིན་ཏེ་ཨ་རིའི་གཞུང་ཚབ་ཁང་གིས་མཐོང་མཆན་སྤྲོད་རྒྱུ་དེའང་དཀའ་ལས་ཁག་པོ་ཆགས་པ་དང་། ལྡི་ལི་དོན་གཅོད་ཀྱི་ངོས་སྦྱོར་ཡོད་ནའང་ངོས་ལེན་བྱེད་ཀྱི་མེད་ཚུལ་བརྗོད་ཀྱིན་འདུག  དོན་གཅོད་ཀྱིས་ངོས་སྦྱོར་བཏང་བའི་མི་འགའ་ཤས་ཨ་རིར་ཕྱིན་སྟེ་ཚུར་མ་ལོག་པར་བརྟེན་དོན་གཅོད་ལའང་ཡིད་ཆེས་བརླག་ཡོད་པ་རེད། ལོ་སྔོན་མར་ང་ཨ་རིའི་གཞུང་ཚབ་གསར་པ་དང་ཐུག་སྐབས་ངས་ཁོང་ལ་དེང་སང་བོད་པ་མགོ་སྐོར་གཏོང་མཁན་དེ་འདྲ་ཡོད་པ་འདྲ། དགོངས་དག་ཅེས་བརྗོད་པ་ཡིན་ལ། ངས་དགོངས་དག་ཞུ་དགོས་བྱུང་བ་རེད། དགོངས་དག་ཞུས་ན་ཡག་གི་རེད། བོད་པས་ཞབས་འདྲེན་ཞུས་ཡོད་པ་དངོས་ཡོད་གནས་ཚུལ་རེད།  དེར་བརྟེན། ང་ཚོའི་སྤུས་ག་ཏོག་ཙམ་སྡུག་ཏུ་འགྲོ་བཞིན་ཡོད་པ་ལྟ་བུ་འདུག ང་ཚོའི་བདེན་པའི་རྣམ་པ་དེ་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་དེ་བོད་མི་རིགས་ཀྱི་སྟོབས་ཤུགས་རེད། ཡིན་ནའང་། ཞབས་འདྲེན་ཞུ་མཁན་ཁ་ཤས་ཡོང་གི་ཡོད་པ་དེ་ཡང་ང་ཚོས་མཐོང་དགོས་པ་རེད། མ་འོངས་པར་ང་ཚོས་དེ་འདྲའི་རིགས་མ་ཡོང་བ་བྱ་དགོས། ཁྱེད་རང་ཚོས་བོད་པ་ཞབས་འདྲེན་ཞུ་མཁན་དེ་འདྲ་མི་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་གང་བྱེད་དགོས་པ་དེ་བྱ་དགོས་པ་རེད་ཅེས་ནན་གྱིས་གསུངས་ཡོད། 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཁྱེད་རང་ཚོས་ཆེད་ལས་པ་ཡིན་ཟེར་ཡང་དོན་དངོས་ཐོག་ཆེད་ལས་པ་མེད་པ་ལྟ་བུ་བྱུང་ན་ཡག་པོ་མེད།  དངོས་ནས་དྲང་པོ་དྲང་བཞག་དང་བདེན་པ་བདེན་གཏུགས་བྱེད་དགོས་པ་རེད། འཛམ་གླིང་སྟེང་དཔལ་འབྱོར་དཀའ་ངལ་དེ་དག་ཡོང་དགོས་པའི་རྒྱུ་རྐྱེན་གང་ཡིན་ངོས་ཀྱི་གྲོགས་པོ་ཚོར་དྲིས་པར། ཁོང་ཚོས་དངོས་ཡོད་གནས་ཚུལ་མ་ཤེས་པར་ཚོང་ཡོང་བའི་དོན་དུ་སྒྲོ་བཏགས་ཀྱི་སྐད་ཆ་བཤད་པ་དང་།  ཕྱོགས་ཡོངས་ཀྱི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་མི་ཤེས་པ་དེ་ཚོ་ཡིན་སྐོར་བརྗོད་ཀྱི་འདུག ང་ཆེད་ལས་པ་ཡིན་ཟེར་ནས་ལག་ཤེས་དང་སྦྱོང་བརྡར་ཞེ་དྲག་ཡག་པོ་ཡོད་ནའང་རྩ་བའི་ལྷག་བསམ་དང་ཕྱོགས་ཡོངས་ཀྱི་ལྟ་ཚུལ་དེ་འདྲ་མེད་པ་ཡིན་ན་གྱོང་རག་རྒྱུ་རེད།  ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཐུབ་པ་ཞིག་ཡོང་བར་སངས་རྒྱས་པའི་ལྟ་གྲུབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུང་ཡོད། ང་ཚོ་ནང་པ་སངས་རྒྱས་པ་ཚོས་ལོ་སྟོང་ཕྲག་རིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བ་དེ་ཤོད་ཀྱི་ཡོད། དེ་ང་ཚོ་མི་སུ་འདྲ་ཞིག་ལའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བ་དེ་ཤེས་ན་དེ་ཆོས་ཀྱི་སྐད་ཆ་ཙམ་མིན་པར་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས་ཁྱེད་ཚོས་དོ་སྣང་བྱ་དགོས། མདོར་ན། ངོས་ཀྱིས་ཁྱེད་ཚོར་བརྗོད་དོན་རིམ་པ་དང་པོ་དེ་བོད་པ་ཞིག་ཡིན་པའི་ངོས་ནས་སོ་སོར་སྤོབས་པ་བྱེད་དགོས་པ་ལས་ང་བོད་པ་སྐྱབས་མེད་མགོན་མེད་ཡིན་བསམ་ནས་ཞུམ་འདུག་རྒྱུ་མེད། བོད་པ་ཞེས་དུས་ཡུན་ལོ་སྟོང་ཕྲག་རིང་ནས་ལོ་རྒྱུས་ཡོད་པ། དངོས་གནས་དབུས་ཨེ་ཤ་ཡའི་བྱས་རྗེས་ཡོད་པའི་མི་རིགས་ཤིག་ཡིན་བསམ་པ། འདས་པའི་ལོ་ ༦༠ ནང་བོད་པའི་ཞབས་འདྲེན་ཞུས་མེད། བོད་པས་རང་ཚུགས་ཟིན་ནས་བསྡད་པ་དེ་ཤེས་པའི་ཐོག་ནས་སོ་སོར་སྤོབས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ནས་ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད། ང་ཚོར་རང་དབང་གི་གོ་སྐབས་ཡོད། རང་དབང་ཡོད་དུས་ལས་རིགས་གང་དང་གང་བྱས་ཀྱང་སོ་སོས་འཇོན་ན་གོ་སྐབས་ཡོད། ཁྱེད་རང་ཚོ་སྤྱི་ཚོགས་ཁྲོད་འབད་བརྩོན་དང་ལམ་ལྷོང་བཅས་ཕྱོགས་མང་པོའི་ཐོག་ནས་ཤེས་ཡོན་ཡོད་མཁན་གཏེ་པོའི་ནང་ནས་གཟུགས་བཟང་ཆགས་ཡོད། ཅི་ཙམ་གྱི་རང་ངོས་ནས་བྱེད་ཐུབ་པའི་གོ་སྐབས་ཡོད་པ་དེའི་ཚོད་ཀྱིས་ལས་འགན་ཞིག་ཆགས་ཀྱི་ཡོད། གཞིས་ཆགས་ནང་སྐྱོ་པོ་ཡིན་མཁན་ཚོར་ལྷག་བསམ་དང་སེམས་ཤུགས་ཡོད་ནའང་བྱ་རྒྱུ་གང་ཡང་མེད། ཁྱེད་རང་ཚོ་འགྲོ་སྟངས་གང་ལ་གང་འཚམ་ཆགས་ཏེ་ལས་ཀ་བྱེད་ཐུབ་པའི་སྐབས་འདིར་འགན་མ་བརྗེད་པ་བྱ་དགོས། ཞེས་གསུངས་བ་དང་། 

མཐའ་མར་༸གོང་ས་མཆོག་གིས། ཁྱེད་རང་ཚོས་སྤྱི་ཚོགས་ལ་ཕན་པ་བསྒྲུབ་པར་ངེས་པར་བཙན་བྱོལ་ནང་སྡོད་མི་དགོས་པར་འཛམ་གླིང་ས་ཆ་གང་སར་བོད་པའི་མིང་བཟོ་རྒྱུ་དང་མིང་ཐོན་པར་བྱ་རྒྱུ།  དེ་བཞིན་དཔལ་འབྱོར་གྱི་ཕྱོགས་ནས་ལས་ཀ་བྱ་ཐུབ་མཁན་ཡོད་ཚེ་ག་ལེར་བོད་པ་སྒོར་ས་ཡའི་བདག་པོ་དེ་འདྲ་ཡོང་དགོས་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དངུལ་མེད་ན་བྱ་རྒྱུ་གང་ཡང་མེད། ངོས་ཀྱིས་དུས་རྒྱུན་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། བོད་པར་ནོར་ལྷ་ཛམ་བྷ་ལ་སོགས་ཡོད་ན་ཡང་བོད་པ་དངུལ་སྒོར་ས་ཡའི་བདག་པོ་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱ་མི་གུང་ཁྲན་ལ་ནོར་ལྷ་མེད་ཀྱང་ས་ཡ་བདག་པོ་མང་པོ་འདུག ཕྱི་རྒྱལ་བ་ཚོའང་དེ་བཞིན་རེད། ང་ཚོ་བོད་པ་ཚོར་ཛམ་བྷ་ལ་གྲོད་པ་ལུག་པ་དེ། ལྷ་ཁོང་རང་ས་ཡ་བདག་པོ་ཡིན་ན་མ་གཏོགས་ང་ཚོ་ས་ཡ་བདག་པོ་བཟོ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ལས་བརྒྱབ་ནས་དངུལ་བཟོ་དགོས་པ་རེད་མ་གཏོགས་ལྷ་གསོས་ནས་དངུལ་བཟོ་ཐུབ་ཀྱི་མེད་པས་ཁྱེད་རང་ཚོས་བྱེད་ཐུབ་ན་སྐྱག་རྫུན་དང་ཧམ་པ་མིན་པར་དྲང་པོ་དྲང་བཞག་ཐོག རང་ངོས་ནས་བཟོ་གྲྭ་དེ་འདྲ་བཙུགས་ཏེ་གང་ཐུབ་ཐུབ་ཀྱིས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་ཡག་པོ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་བརྟན་པོ་ཆགས་རྒྱུ་དང་། ཤེས་ཡོན་ལ་མཚོན་ནའང་གཞི་རྩ་ཡག་ཐག་ཆོད་བཙུགས་ཡོད། ད་དུང་དཔལ་འབྱོར་དང་ཤེས་ཡོན་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་སྟབས་ང་ཚོ་ཕྱར་གྲུ་མཉམ་འདེགས་དང་ཁུར་མཉམ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་འདུག་ལ།  ཁྱེད་ཚོ་ས་ཆ་གང་དུ་སོང་ཡང་བོད་པ་ཟེར་བའི་མིང་ཞིག་ཡོད་སྟབས། དེ་དང་འབྲེལ་བའི་བོད་པའི་ཡ་རབས་ཀྱི་གཤིས་ཀ་དེ་སྟོན་ཐུབ་དགོས། ཞེས་ལམ་སྟོན་བཀའ་སློབ་གནང་ཡོད།

སྐུ་སྒེར་དྲ་བ་ལས་བསྡུ་སྒྲིག་བྱས། གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 20

  1. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཡཡ་ད་སྒྲ་དགའ་རྙན་སྡུག་བྱེད་ནས་སྡོད་ཀྱི་ཡིན་ནམ

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཡ་དེ་རིང་གིས་པས་བྲིས་འདོད་པ་ནི་ ཧམ་པ་དང་སྐྱ་རྫོན་རི་རབ་ཙམ་ཁྱེར་ནས་གོང་༸་ས་མཆོག་དང་བོད་གཞུང་དབུ་སྐོར་གཏོང་ཁན་ ཡོལ་རབ་དང་ཨ་རིའི་གནས་སྡོད་སེར་སྐྱ་རྒན་གཞོན་རྣམས་ལ་ཆེད་ཞུ་།
    ཁྱེད་ཚོའི་གོང་༸་མཆོག་གིས་གཞུང་ཚབ་ཁང་ལ་དགོངས་དག་ཞུ་པ་གོ་ཨེ་སོང་ ད་དུང་ཁྱེད་ཚོའི་གོང་༸་ས་དང་བོད་གཞུང་ལ་དགོངས་དག་མ་ཞུ་ སྒྲ་དགའ་རྙན་སྡུག་བྱེད་ནས་སྡོད་ཀྱི་ཡིན་ནམ་།།

    Reply
  3. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    ཆེད་ལས་པ་བོད་སྐད་ཡིག་མི་ཤེས་དེ་ཚོ་བརྒྱ་བཤད་སྟོང་བཤད་ག་རི་བྱས་ཕན་ཐོག་གང་ཡང་མེད་རེད།

    Reply
  4. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་དང་གསར་འགོད་པ་ལགས།
    ངས་འདིའི་སྐོར་སྔར་མཆན་བཏབ་པ་ཚང་མ་བཀག་སོང། ད་ལན་གྱི་འདི་མ་འགོག་རོགས། ངའི་མཆན་རྣམས་དེ་གའི་སྒྲིག་ཁྲིམས་དང་ཟུར་ཙམ་ཡང་འགལ་མེད།
    ངས་༸གོང་ས་མཆོག་གིས་དགོངས་དག་ཞུས་པ་འདིའི་སྐོར་དེ་གའི་དྲ་ཐོག་ཏུ་འགོད་རྒྱུའི་རྩོམ་ཐུང་ཞིག་གསར་འགྱུར་འདི་མ་བཏོན་གོང་ཉི་མ་གསུམ་གྱི་སྔོན་ནས་དེ་གར་བསྐུར་ཡོད་པ་དྲ་ཐོག་འདིར་གཏན་ནས་བཀོད་མ་སོང། འོན་ཀྱང་དེའི་བར་ནས་ཁྱེད་ཚོས་གསར་འགྱུར་འདི་ངའི་རྩོམ་བྱང་དེ་དང་འབྲེལ་ནས་བཀོད་སོང། དེའི་རྗེས་ནས་ངས་འདིའི་སྐོར་ཁྱེད་ཚོར་དྲི་བ་དང་འབྲེལ་མཆན་ཁ་ཤས་བཏབ་པའང་ཚང་མ་བཀག་སོང། ངའི་རྩོམ་དང་མཆན་ཚང་མ་དེ་ལྟར་འགོག་དགོས་པའི་རྒྱུ་མཚན་གང་ཡིན་ངས་གཏན་ནས་ཤེས་མ་སོང། གསལ་བཤད་ཅིག་བཀའ་དྲིན་ཆེ།

    Reply
  5. འཇམ་གྲགས says:
    ལོ་ 15 སྔོན།

    ཨ་རི་ལ་ཐབས་ཤེས་འདྲ་མིན་བྱེད་ནས་འགྲོ་མཁན་བོད་པ་ཅིག་པུ་མ་རེད། དེ་ཚོ་སུས་ཀྱང་དགོངས་དག་ཞུ་མཁན་བྱུང་མྱོང་མེད། གོང་ས་མཆོག་ནས་ནང་མོལ་ཚུལ་དུ་གསུངས་པའི་ཚིག་འདི་ལ་འུར་ཞེ་དྲག་མ་བསླང་ན་བཟང་།

    Reply
  6. kalsang says:
    ལོ་ 15 སྔོན།

    ཁ་རུ་ཁ་ཐུག་གི་བཤད་ན་༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་མི་ལོ་དྲུག་ཅུ་ལ་བུ་ཕྲུག་མང་པོ་ཞིག་གསོ་སྐྱོང་བྱས་བ་རེད།ཡིན་ནའང་སློབ་མ་ཚོས་སློབ་ཆེན་འགྲིམ་དུས་སྤྱོད་པ་སྡུག་ཏུ་སྡུག་ཏུ་ཕྱིན་ནས་རྗེས་སུ་ཕ་མ་ཚོས་སྒོར་མོ་འབུམ་ཕྲག་ཁ་ཤས་སྤྲད་དེ་ཕྱི་རྒྱལ་དུ་བཏང་།
    ཕྱི་རྒྱལ་དུ་སླེབས་ཚེ་ཁོ་ཚོའི་སྣང་བ་ལ་ལྷ་ཡུལ་དུ་སླེབས་པ་ནང་ལྟར་ཚོར་སྣང་ཞིག་བྱུང་ཚོར་སྣང་དེ་དབང་གིས་སློབ་སྦྱོང་མ་བྱས་པར་སྒྲོ་ལོའི་བྲན་གཡོག་ཏུ་ཚུད་མི་ཁ་ཤས་ཀྱིས་ས་དེ་གར་ཁྲིམས་འགལ་གྱི་བྱ་ངན་ཡང་མང་པོ་བསགས་འདུག།
    ༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་ལོ་ངོ་དྲུག་ཅུ་རིང་ལ་སོ་སྐྱོང་བྱས་བའི་སློབ་བུ་མང་པོའི་ཁྲོད་ན་སྔོན་མ་བོད་པའི་སྤྱི་ཚོགས་སུ་བྱུང་མྱོང་མེད་པའི་སྨྱག་མ་བཞིན་འབུར་དུ་ཐོན་པ་དང་འབུམ་རམས་པའི་ཕྱག་འཁྱེར་ཐོབ་མཁན་ངེས་དོན་གྱི་མཁས་དབང་ཆེན་པོ་བློ་བཟང་སེངྒེ་གཅིག་པུ་ཡིན་པ་ང་ཚོའི་མིག་ལམ་དུ་དངོས་སུ་མཐོང་ཐུབ་པ་དེ་རེད།འོ་ད་ཁོང་འབྱུང་འགྱུར་བཀའ་ཁྲིར་མི་གདམ་ན་སུ་གདམ།།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དུས་བབ་དྲ་ཐོག་ཏུ་བསམ་འཆར་བཤད་མཁན་ཚོས་ངོས་ནས་ཀུན་སློང་བོད་མི་ཐག་ཚོའི་བདེ་སྡུག་ལ་ཕན་ཞིག་ཐོགས་ན་བསམ་ཀུན་སློང་ཁུར་ནས་ཕེབས་ཞུ་རྒྱུ་ཡིན།

    བོད་མི་ཉམ་ཐག་ཚོའི་བདེ་སྡུག་ལ་ཕན་ན་༧གོང་ས་མཆོག་གི་དགོངས་པ་སྒྲུབ་པ་རེད་འདོད། བོད་མི་ཉམ་ཐག་ཚོའི་མགོ་རྡུང་བྱེད་མཁན་ཕེབས་ན་༧གོང་ས་མཆོག་གི་དགོངས་པ་དཀྲུགས་པ་རེད། ཤེས་སོང་ངམ། སྐུ་ངོ་མི་ཉག་བཙན་པོ་དང་དེའི་རིགས་མཐུག་དག
    ༧གོང་ས་མཆོག་གི་གསུངས་འདི་ལྷོ་ཕྱོགས་སུ་ཕེབས་སྐབས་གསུངས་པ་རེད། འདིར་གཅིག་ཀློག་རོགས་བྱོས་དང་བསམ་གཞི་མེད་པའི་མི་ཁྱེད་ཚོ་ལ་འགྱུར་འདྲ་འགྲོ་ཡ་ཡོད་ན་ཅིག་འགྲོ་མི་ཡོང་ངོ།

    མཇུག་ཏུ་༧གོང་ས་མཆོག་གིས་དགོན་པ་གྲྭ་ཚང་རྒྱུ་འབྱོར་ཡོད་རིགས་ཚོས་ཉེ་འཁོར་གྱི་མང་ཚོགས་སྐྱོ་བོའི་རིགས་ལ་རོགས་རམ་གྱི་འགན་འཁྲུ་ཡོད་སྐོར་གསུངས་དོན། དེ་རིང་གི་སྐུ་མགྲོན་ཚོར་ཞུ་འདོད་པ་ཞིག་ལ། ཁྱེད་རང་ཚོ་འདིར་ཕེབས་ཏེ་དགོན་པ་ཁག་གི་འཛུགས་སྐྲུན་མཐོང་སྐབས། བོད་པ་ཚོ་ཕྱུགས་ཐག་ཆོད་འདུག་དྲན་སྲིད་པ་རེད། ངས་ནམ་རྒྱུན་དགོན་པ་གྲྭ་ཚང་ཁག་རྫིག་པོ་རྒྱག་པ་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་ཐབས་ཤེས་ཡོད་པ་མ་རེད། ཁོ་རང་ཚོར་སྦྱིན་བདག་རག་སྟེ་སྦྱིན་བདག་གིས་འགྲོ་སོང་བཏང་བ་རེད། ཁྱེད་ཅག་གིས་དགོན་པར་བལྟས་ཏེ་གཞིས་ཆགས་ཡོངས་ལ་དཔེ་འགེབས་བྱ་རྒྱུ་ཡོད་པ་མ་རེད། ས་ཆ་རེ་ཟུང་ནང་ཉམ་ཐག་སྐྱོ་བོ་མང་པོ་ཡོད། ང་གནམ་གྲུའི་ནང་ཡོང་སྐབས། དགོན་པ་གྲྭ་ཚང་ཁག་ཞེ་དྲག་གྲ་རྒྱས་པོ་འདུག་ཀྱང་། ཞིང་ཁའི་དཀྱིལ་རེ་ན་གནའ་སྔ་མོའི་ཁང་པ་རེ་ཟུང་མཐོང་རྒྱུ་འདུག གཞིས་མགོ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གིས་མི་ཚང་སྐྱོ་བོ་དག་ལ་ལྟ་རྟོགས་ཡག་པོ་མ་བྱས་ན་ཁྱོན་ནས་འགྲིག་གི་མི་འདུག ཕ་མ་བརྒས་གཅོང་དང་། བུ་ཕྲུག་དབང་བོ་སྐྱོན་ཅན་སོགས་ལྷག་ཡོད་རིགས་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ། ལྟ་རྟོགས་ཡག་པོ་མ་བྱས་བར་སྐྱབས་མེད་མགོན་མེད་དུ་ལྷག་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་བྱམས་པ་དང་སྙིང་རྗེའི་སྤྱི་ཚོགས་ཤིག་ཡིན་ཟེར་བ་དེ་དོན་ལ་མ་གནས་པ་རེད། ཁྱེད་ཅག་དགོན་པ་གྲྭ་ཚང་དངུལ་ཅུང་ཡོད་པ་དག་གིས་དཀའ་ངལ་ཅན་དག་་ལ་ལྟ་རྟོགས་བྱ་རྒྱུར་ལས་འགན་ཡོད་པ་རེད། དགོན་པ་འཛུགས་སྐྲུན་དང་ཆབས་ཅིག་སློབ་གཉེར་ལ་ཤུགས་རྒྱག་དགོས་པ་རེད། དེ་དང་མཉམ་དུ་ཉེ་འཁོར་གྱི་སྐྱོ་བོའི་རིགས་ལ་རོགས་རམ་བྱས་ན། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་གི་རེད། ཁྱེད་ཅག་དགོན་པ་གྲྭ་ཚང་ཁག་ལ་སྦྱིན་བདག་མང་པོ་འདུག ཁོང་ཚོར་འབོད་སྐུལ་ཞུས་ཏེ་མི་ཚང་སྐྱོ་བོའི་རིགས་ལ་རོགས་རམ་བྱ་རྒྱུར་འབོད་སྐུལ་ཞུ་དགོས། ཞེས་གསུངས་སོང་།

    ༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྐུ་ངོ་མི་ཉག་བཙན་པོ་མཆོག

    ང་ཅོ་རི་ཨ་རིའི་གཞུང་ཚབ་ཁང་དུ་འགྲོ་མ་མྱོང་བ་ལ་ངས་ཉེས་པ་ག་འདྲ་བསགས་པ་རེད་དམ། ངས་ཨ་རིའི་གཞུང་ཚབ་ཁང་དུ་ཕྱིན་ནས་ཉེས་པ་བསགས་ཡོད་ན་ཡིན་དང་ཡིན།
    ངས་ཉེས་པ་སྤུ་ཙམ་མ་བསགས་པར་དགོངས་དག་ག་འདྲ་ཞུ་དགོས་རེད་དམ།་ཧཧཧ

    སྐུ་ངོ་སྐུ་ངོ་་་་་ཧམ་པ་རང་རེད། ཨ་རིའི་གཞུང་ཁང་ཟེར་བ་དེར་མིག་གིས་མཐོང་མ་མྱོང་་་་་་ཤེས་སོང་ངམ།

    དེ་ལས་གཞན་པ་ནག་ཉེས་འདྲ་སྐལ་ཡ་ཡོད་པས། ་ཧཧཧཧ

    Reply
  9. གསར་འབྱོར says:
    ལོ་ 15 སྔོན།

    དངོས་གནས་ཨ་ཁུ་ཁྲོ་ཐུང་གི་སྐད་ཆ་དེར་བདེན་བདེན་པ་རེད། བོད་མི་འགྲོ་མཁན་རྣམས་ལ་ལབ་ཡ་ག་རེ་ཡོད་རེད། གཙོ་བོ་མི་བཏོང་མཁན་ཚོ་རེད།
    ཅིག་ཅིག་ཚོགས་པའི་ཐོག་ཕྱི་རྒྱལ་ཕྱིན་པ་རེད་ཟེར་ཡ་མུག་མུག་ཆོས་ཚོགས་ཐོག་ནས་ཕྱི་རྒྱལ་བཏང་བ་རེད་ཟེར་མང་ཙམ་གོ་རྒྱུ་ཡོད།འགྲོ་མཁན་ཚོས་དངུལ་སྤྲོད་ཀྱི་ཡོད་རེད། བཏང་མཁན་ཚོས་བཏང་གི་ཡོད་རེད། དོན་གཅོད་ཁག་གི་ལས་ཤོག་དེ་ཚོ་བདག་པོ་ཡག་རྒྱག་ན་དེ་གལ་རེད་བ། གཞན་ཕྱི་རྒྱལ་ཕྱིན་པའི་བོད་མི་ཚོའི་ཐོག་ཏུ་དབྱུགས་པས་ལེབ་རྡུང་བྱས་ན་མི་སེམས་ལ་རྨྲ་ཁ་བཟོ་རོགས་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ཉག་བཙན་པོ་ལགས།
    དང་པོ་ཁྱེད་རང་ངོ་སྤྲོད་གསལ་པོ་ཞིག་བྱོས་དང་དེ་ནས་ང་རང་གཉིས་སྐད་ཆ་བཤད་ཆོག
    དེ་མིན་ཁྱེད་རང་མིང་ལྷག་ཞིག་གི་འོག་ནས་སྐད་རྒྱག་བསྡད་ན་ཕན་ཐོག་ཡོད་ལེ་མ་རེད། ང་ཅོ་རི་དུས་བབ་དྲ་ཐོག་ཏུ་ཕྱི་གསལ་ནང་གསལ་ཡིན།

    ཁྱེད་ཀྱིས་ཀྱང་༧གོང་ས་མཆོག་ཁ་ལ་ཁྱེར་ནས་བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་རྫིག་རྫིག་བཏང་ཤེས་པ་འདྲ། དེ་ལ་བལྟས་ན་མི་ཚོང་རྒྱག་མཁན་ཞིག་ཡིན་འདྲ།
    ཁ་གཏད་མི་དེ་དང་རྩོད་རྒྱབ་པར་རང་ཉིད་མདུན་དུ་ཡོང་ནུབ་དགོས་པ་རེད། དེ་མིན་ངས་ཁྱེད་ལ་སྔོན་ནས་གསལ་བཤད་མང་ཙམ་བྱས་ཟིན། ཧཧཧཧཧ

    Reply
  11. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་གཙོ་བོ་བྱས་པའི་ཕྱི་རྒྱལ་ཁག་ནང་ཁྲིམས་འགལ་དང་སྐྱག་རྫུན་བཤད་ནས་འགྲོ་
    མཁན་ཚོས་ངེས་པར་དུ་༸གོང་ས་མཆོག་ལ་དགོངས་དག་ཐུགས་བདེ་ཞུ་དགོས་པ་ཡིན།
    མི་ཁྱེད་རང་ཚོའི་ཆེད་དུ་༸་གོང་ས་མཆོག་ནས་ཨ་རི་གཞུང་ཚབ་ལ་དགོངས་དག་ཞུ་དགོས་
    བྱུང་བ་ནི་ཁྱོད་རང་ཚོས་བཞག་པའི་བྱས་རྗེ་རེད།༸་གོ་ང་ས་མཆོག་གི་བཀའ་དྲིན་སེམས་བཅངས་ནས་བཀའ་སློབ་རྣམས་ཀློག་རོགས་ཞུ།

    Reply
  12. ཨ་ཁུ་ཁྲོ་ཐུང། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་མཁན་དང་༧གོང་ས་མཆོག་གིས་དགོངས་དག་ཞུ་དགོས་པ་ཞིག་བཟོ་མཁན་ཚོ་ནི་མི་བཏང་མཁན་ཚོ་ཡིན་པ་ལས་འགྲོ་ནས་ཕྱིར་མ་ལོག་པ་རྣམས་མ་རེད།
    དོན་གཅོད་ཀྱི་ཡིག་ཆ་ཚོང་ལ་བསྒྱུར་ན་ཨ་རི་གཞུང་ཚབ་ཁང་གིས་ངེས་ལེན་ག་ནས་ཡོང། རང་བཙན་ལག་དེབ་ཡང་ཚོང་རྫས་ཤིག་ལ་བསྒྱུར་བཙན་བྱོལ་གཞུང་གི་ཡིག་ཆ་གང་མང་མང་ཞིག་ཚོང་རྫས་ཆགས་ཡོད་པ་དེར་༧གོང་ས་མཆོག་གིས་མཁྱེན་གྱི་མ་རེད།

    ང་བཀའ་བློན་ཟེར་མཁན་ང་སྤྱི་འཐུས་ཡིན་ཟེར་མཁན་ང་དོན་གཅོད་ཡིན་ཟེར་ཚོས་དངུལ་གྱི་ཆེད་དུ་མི་ཚོང་རྒྱབ་དུས་བཙན་བྱོལ་བོད་གཞུང་གི་ཡིག་ཆ་དང་དོན་གཅོད་ཁང་ཡིག་ཆ་བེད་སྤྱོད་བཏང་བ་མིན་ན་གང་རེད་དམ།

    བཙན་བྱོལ་བོད་མིའི་ལག་ནས་སྒོར་འབུམ་བཅུ་ཅོ་ལྔ་ལེན་མཁན་སུ་ཡིན་མཁྱེན་འདོད་ཡོད་ན་དཔལ་འབྱོར་ལས་ཁུངས་ནང་དུ་དངུལ་སུ་ཡིས་མང་བ་བཅོལ་འདུག་ལྟོས།

    སྒོར་མོ་ནག་པོ་འདི་ཚོ་བོད་མི་དམངས་རྒྱུ་རེད། ང་རང་ཚོ་ག་ལས་གཟིགས་ཆོག་གི་རེད།

    Reply
  13. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་གཙོ་བོ་བྱས་པའི་ཕྱི་རྒྱལ་ཁག་ནང་ཁྲིམས་འགལ་དང་སྐྱག་རྫུན་བཤད་ནས་འགྲོ་
    མཁན་ཚོས་ངེས་པར་དུ་༸གོང་ས་མཆོག་ལ་དགོངས་དག་ཐུགས་བདེ་ཞུ་དགོས་པ་ཡིན།
    མི་ཁྱེད་རང་ཚོའི་ཆེད་དུ་༸་གོང་ས་མཆོག་ནས་ཨ་རི་གཞུང་ཚབ་ལ་དགོངས་དག་ཞུ་དགོས་
    བྱུང་བ་ནི་ཁྱོད་རང་ཚོས་བཞག་པའི་བྱས་རྗེ་རེད།༸་གོ་ང་ས་མཆོག་གི་བཀའ་དྲིན་སེམས་བཅངས་ནས་བཀའ་སློབ་རྣམས་ཀློག་རོགས་ཞུ།

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་འདི་ཚང་མ་སྒོར་མ་གཏོགས་མི་དགོས་པ་ཨ་རི་མ་གཏོགས་བསམ་རྒྱུ་མེད་མཁན་ཚོའི་ང་ཚོ་བོད་པ་དག་ལ་གནང་པའི་ལེགས་སྐྱེས་རེད།
    གང་ལྟར་མི་ཚད་ལྡན་ཞིག་ཡིན་ཀྱང་ཨ་རིའི་གཞུང་ཚབ་སྒོར་སླེབ་ཚེ་ཆང་གི་ར་རོ་བའི་མི་ཞིག་དང་འདྲ་ཚོད་རེད་

    Reply
  15. ཨརྱ། says:
    ལོ་ 15 སྔོན།

    མགོ་བརྗོད་ལ་ཁྱད་མི་འདུག དོན་འདི་ཆུང་ཆུང་མ་རེད་འདི་ལ་ང་ཚོ་མི་རེ་ངོ་རེ་ནས་བསམ་བློ་མ་བཏང་ན་ངོ་མ་གཉེན་ཁ་རེད། བོད་པའི་མིང་དང་མཚན་མཐོང་བོར་ན་ཚར་བ་རེད།་དེ་ནས་ང་ཚོར་སུས་ཡིད་ཆེས་བྱེད་ཀྱི་རེད།་ཡིད་ཆེས་བྱེད་མཁན་མེད་ན་སུ་ལ་བདེན་དོན་བཤད་རྒྱུ། འདི་ལ་ལྷག་པར་དུ་ཚོང་བ་ཚོས་དུས་རྒྱུན་དུ་བསམ་ཤེས་བྱེད་རྒྱུ་གལ་ཆེན་རེད།

    Reply
  16. འཇམ་གྲགས says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། འགོ་བརྗོད་ཚིག་འདི་མཐོང་དུས་བོད་པས་ནོར་འཁྲུལ་ཚབ་ཆེན་ཅི་ཞིག་ཤོར་བ་ཡིན་ན་སྙམ་པའི་ཚོར་བ་ཞིག་སྐྱེ་ཡོང་གི་འདུག གོང་ས་མཆོག་གིས་སྔོན་མ་ཨ་རིའི་གཞུང་ཚབ་དང་བཀའ་མོལ་གནང་སྐབས་ཞོར་འཕྲོས་ཚུལ་དུ་གཞུང་ཚབ་པས་བོད་པ་ཁ་ཤས་ནས་འདི་འདྲ་བྱེད་ཀྱི་འདུག་ཞུས་པར་གོང་ས་མཆོག་ནས་དེ་ལ་དགོངས་དག་གསུངས་པ་ཡིན་ཚུལ་འདུག དེ་སྒེར་གྱི་བཀའ་མོལ་རེད། འགོ་བརྗོད་གི་ཚིག་འདི་ནི་གཞུང་འབྲེལ་ཐོག་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་དགོངས་དག་ཞུས་པའི་རྣམ་ཅིག་མཐོང་ཡོང་གི་འདུག རབ་བྱུང་ན་ཚིག་འདི་བཅོས་རོག་གནང་།

    Reply
  17. ནོར་བུ་གླིང་ཁ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་དགོངས་དག་ཞུས། ༧གོང་ས་མཆོག་གིས་རྒྱ་ནག་ལ་དགོངས་དག་ཞུས། ༧་གོང་ས་མཆོག་གིས་རྒྱ་གར་ལ་དགོངས་དག་ཞུས། ད་ཡིན་ན་ཉི་མ་ཞིག་ལ་༧གོང་ས་མཆོག་གིས་བོད་རིགས་ཚོར་དགོངས་དག་ཞུ་པ་ཡིན་ན་བོད་ཟེར་བ་འདི་ཚར་སོང་བ་འདྲ།

    Reply
  18. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་འདི་འདྲ་རིགས་འགོ་བརྗོད་ལ་མ་བྲིས་མ་རྟོགས་གང་མཚམས་ཞིག་ནས་ཡོ་རོབ་ལ་ཡང་དགོངས་དག་ཞུ་དགོས་ཆགས་ཡོང་།།
    འགོ་བརྗོད་དུ་ཚིག་བཅོས་མ་མ་བྲིས་བ་དེ་དོན་དག་གལ་ཆེན་ཡིན་ཡང་ཕྱོགས་གཞནཞིག་ནས་ཡང་བསམ་མནོ་བཏང་དགོས།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    གསར་འགོད་པ་དོན་གོ་ལགས།
    ཁོ་བོས་སྤྱི་ཚོགས་སྟེང་ལ་ལས་ཀ་དངོས་སུ་བྱེད་སྡོད་མཁན་མི་ལ་གཅིག་ཟེར་ཡ་འདི་དགའ་པོ་མེད་འོན་ཀྱང་ད་ལན་གསར་འགྱུར་གྱི་ཁ་བྱང་དེ་མི་བདེ་བ་ཞིག་འདུག་། ནུབ་ཕྱོགས་སུ་བཞུགས་པའི་བོད་རིགས་ཡོངས་ལ་མི་བདེ་བ་ཞིག་རེད་ མ་གཞི་གསར་འགྱུར་འདིའི བརྗོད་གཞི་གཙོ་བོ་རྒྱལ་སྤྱིའི་བོད་མིའི་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་སྐབས་རེད་འདུག་

    Reply
  20. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་ལ་དགོངས་དག་ཞུས། ཞེས་པ་གསར་འགོད་པས་ཧམ་པ་ཆེ་དྲག་འདུག འདི་མཐོང་བ་དང་སེམས་ནང་མི་བདེ་པ་ཆེན་པོ་ཞིག་བཟོ་ཡི་འདུག ཧ་ལམ་༸གོང་ས་མཆོག་གིས་ནོར་འཁྲུལ་ཆེན་པོ་ཞིག་གནང་ནས་དགོངས་དག་ཞུས་པ་འཚོར་གྱི་འདུག
    དོན་དངོས་ཐོག་གནས་ཚུལ་ཆུང་ཆུང་ཞིག་རེད་འདུག ཨ་རིར་ཕྱིན་སྟེ་ཚུར་མ་ལོག་མཁན་ང་ཚོ་བོད་པ་གཅིག་པུ་མ་རེད་མི་རིགས་འདྲ་མིན་ཡོད་པ་རེད། ༸མགོན་པོ་མཆོག་སྤྱིར་བྱང་ཆུབ་སེམས་དཔའ་ཡིན་པའི་དབང་གིས་དང་ཡང་སྒོས་ང་ཚོ་བོད་མི་རྣམས་ཀྱི་མདུན་ལམ་ཆེད་དུ་གསུངས་པ་ཙམ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese