མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཞོན་གྱིས་དགོངས་དག་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp
བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སེ་ར་སྨད་གྲྭ་ཚང་ལ་དགོངས་དག་ཞུས་པ།
ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འཚོགས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས། གདན་ས་ཆེན་མོ་སེ་ར་དགོན་དང་རྣམ་གྲོལ་གླིང་གཙོས་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཡོད་སྟབས། འདི་ལོའི་མང་གཙོའི་དུས་དྲན་ཉིན་དང་སྟབས་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་གོང་གསལ་དགོན་པ་གྲྭ་ཚང་ཁག་དང་འབྲེལ་ཡོད་ས་གནས་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་མོད།  ཚོགས་གཞོན་མཆོག་གིས་སྐབས་དེར་ཁོང་གི་ཐུགས་རྗེ་ཆེ་ཞུའི་ལས་དོན་སྐབས། སེ་ར་སྨད་གྲྭ་ཚང་ཐུགས་རྗེ་ཆེ་ཞུའི་ལས་དོན་ནང་ལྷག་འདུག་པས་དགོངས་དག་ཞུས་པ་ཡིན་ཟེར།
དེ་རིང་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སྤྱི་འཐུས་གྲོས་ཚོགས་སུ་གསུངས་དོན། ཉེ་ཆར་ལྷོ་ཕྱོགས་སུ་མང་གཙོའི་དུས་དྲན་ཉིན་བོད་གཞུང་མང་ཚོགས་ཆེན་ཐེངས་དང་པོར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་དོན་སྐབས། སེམས་སུ་སེ་ར་གྲྭ་ཚང་ ༼ དགོན་ ༽ དྲན་ཡོད་ནའང་། ཁ་ནས་སེ་ར་བྱེས་གྲྭ་ཚང་ཞེས་ཤོར་འདུག དེར་བརྟེན་སེ་ར་སྨད་གྲྭ་ཚང་ཐུགས་རྗེ་ཆེ་ཞུའི་ལས་དོན་ནང་ལྷག་འདུག་ལ། གོ་སྐབས་འདི་བརྒྱུད་ནས་དགོངས་དག་ཞུས་པ་ཡིན་ཞེས་སྐབས་དེར་ཁོང་གིས་ཐུགས་རྗེ་ཆེ་ཞུའི་ལས་དོན་ནང་སེ་ར་སྨད་ལྷག་པར་འདུག་པར་དགོངས་དག་ཞུས་ཡོད།
 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    འདིའི་བར་རྒྱུད་རུམ་དང་འཆར་གཏམ་མང་པོ་ཞིག་ལོས་ཡོད་།་འོན་ཀྱང་དེ་ཙམ་བྱེད་
    དགོངས་དག་ཞུས་པ་དོན་མེད་རེད་ལ་ཞུ་དགོས་པ་ཡང་མེད
    གང་ལྟར་འཕངས་པའི་མདའ་སོང་ཟིན་པ་རེད།
    ངའི་ཞུ་འདོད་པ་ཞིག་ལ སེར་སྨད་གྲྭ་ཚང་གིས་་དེས་སྐབས་ཀྱི་བྱེད་སྒོ་ཁག་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གང་་ནུས་ཅི་ལྕོག་གིས་གཞུང་གི་བྱེད་སྒོ་ཁག་ལ་ཞབས་འདེགས་ཞུས་ཡོད་ལ་ཞུ་ཡང་དགོས་པ་རེད
    དེ་མ་གཏོགས་འགའ་ཞིག་ལ་སྤྲེལ་ལད་དང་ངོ་སོའི་ཆེད་དུ་གཏད་ནས་མིན།
    དེས་ན་ཕྱི་གསལ་ནང་གསལ་གྱི་ཉམས་ཆུང་བའི་གྲྭ་ཚང་སྨད་གྱི་འདས་མ་ད་གསུམ་ལ་རྒྱལ་བ་དགྱེས་པའི་མཆོད་པ་མ་གཏོགས་ངོ་རྒྱབ་མི་མཐུན་པ་བྱེད་མྱོང་མེད་པའི་གཞན་ལ་ངོ་གནོང་དགོས་པ་དང་ཡང་ན་དུས་ཐོག་ཆར་འབེབས་མིན་པའི་ཐུགས་རྗེ་ལེགས་གསོལ་སོགས་གང་ཡང་དགོས་དོན་མི་འདུག་ཞུ་རྒྱུ་ཡིན།་གསལ་བཤད་ཞུ་རྒྱུ་ཞིག་ལ་་་་་ངའི་འདི་ནས་རང་གིའི་བསམ་ཚུལ་ཙམ་ལས་་་་་་སེར་སྨད་གྲྭ་ཚང་ངམ་སེར་སྨད་གྲྭ་བའི་བསམ་ཚུལ་མཚོན་མི་ཐུབ།་་

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 16 སྔོན།

    དེ་རིང་བསམ་ཚུལ་ནི་་་་སྔོན་མ་སྤྱི་འཐུས་འོས་འདེམས་སྐབས་རྒྱ་རི་སྒྲོལ་མས་ལྡན་ས་ཁག་གིས་ཁང་ཚན་འགའ་ཞིག་ལ་་་་ང་འོས་ཀླུག་དང་སྒོར་འབུམ་གཉིས་གསུམ་རེ་སྤྲོད་ཆོག་ཟེར་ནས་་་་མི་མང་གི་རང་དབང་དངུལ་གྱི་སླུ་འཕྲེད་བྱེད་ནས་་འོས་ཁ་རྒྱུར་ཐབ་བྱེད་པ་གོ་ཐོས་བྱུང་་་་་་ད་ལྟར་ཡང་བཀའ་ཁྲི་ཐབ་ཆེད་དེ་འདྲ་བྱེད་ཀྱི་ཡོད་པའི་བསམ་ཚུལ་མང་དག་གོ་རྒྱུ་ཡོད་པས་་་་དོག་ཟབ་གནང་རོགས་

    Reply
  3. བསྟན་འཛིན་འཕགས་པ། says:
    ལོ་ 16 སྔོན།

    དེ་རིང་ཉི་མ་ནུབ་ནས་ཤར་པ་འདྲ་་་་་རྒྱ་རི་ཨ་མས་ཡ་དགོངས་དག་་་་མ་དགོངས་དག་ཞེས་ཟེར་གྱི་འདུག་་་་་སེར་བྱེས་གྲཱ་ཚང་ལ་གྲཱ་པ་མང་བའི་ཅན་གྱིས་གོང་༸་ས་མཆོག་གིས་འདུན་དུ་སྟོད་པ་མང་དུ་འཕུལ་ན་་་བཀའ་ཁྲི་རྒྱབ་སྐྱོར་མང་དག་རག་ཡོང་བསམ་པའི་རེ་བ་ཆེ་ནས་་་་་སེར་སྨད་རྗེད་པ་ཡིན་ནོ་།

    Reply
  4. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་ཁྱིམ་ཚང་ཆེན་མོ་སྐྱོང་རྒྱུ་ནི་གལ་ཆེ་ཞིང་སྐྱོང་ཐབས་ཀྱང་མང་པོ་ཡོད། འོན་ཏང་བོད་སྤྱི་པའི་ལས་ཀ་དང་པོ་བཞག་ནས་ཁྱིམ་ཚང་གི་ལས་དོན་གཉིས་པར་བཞག་དགོས་པས་ལས་ཁྱིམ་ཚང་གི་ཆེད་དུ་སྤྱི་དོན་བེད་སྤྱོད་བྱེད་རྒྱུ་ག་ལ་ཡོད། བྱས་ཙང་ང་ཚོ་ཚང་མ་གཡོ་འོག་ཏུ་མ་ཚུད་པར་བྱས་ནས་དྲང་བདེན་གྱིས་འོས་ཤོག་བླུག་དགོས། སྤྱིར་གུས་པས་ཚོགས་གཞོན་མཆོག་ལ་གུས་བཀུར་དང་བསྔགས་བརྗོད་ཞུ་ཡི་ཡོད་ལ། རྒྱབ་སྐྱོར་དང་རམ་འདེགས་ཞུ་ཡི་ཡོད་ཀྱང་ཕྱི་ནང་གི་གནས་ཚུལ་གང་ལ་གཞིག་ཀྱང་འབྱུང་འགྱུར་གྱི་བཀའ་ཁྲི་ལ་མཁས་དབང་བློ་བཟང་སེང་གེ་ཉིད་འོས་ཤོས་སུ་འདུག་པས་མི་མང་ཚང་མས་རང་དབང་ཐོག་ནས་འོས་ཤོག་བླུག་རོགས

    Reply
  5. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    རྒྱ་རིས་ད་སྟེང་སེར་སྨད་གྲྭ་ཚང་ལ་དགོངས་དག་ཞུ་དགོས་པ མོ་རང་བཀའ་ཁྲིའི་འོས་ནང་དྭངས་ཞུགས་ཡིན་སྟབས་འོས་བླུག་མིན་གྱི་ཐད་བསམ་བཞེས་བྱས་པ་ལས་དོན་དུ་གྲྭ་ཚང་ལ་ཐུགས་རྗེ་ཆེ་ཞུ་ལྷག་པར་བློ་འཕམས་དང་འགྱོད་པས་དེ་ལྟར་དགོངས་དག་ཞུ་པ་ཡིན་རྒྱུ་མ་རེད། གང་ལྟར་ཀྱང་གླེན་པ་ལུག་འདྲ་བའི་མི་ཞིག་མིན་ཕྱིན་རྒྱ་རི་བཀའ་ཁྲིར་འོས་འདེམས་ཞུ་བའི་ཆ་རྐྱེན་ཅང་མ་མཆིས།

    Reply
  6. དོན་འགྲུབ། says:
    ལོ་ 16 སྔོན།

    གསར་འགྱུར། བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཉིན་གཉིས་རིང་ལ་མི་གྲངས་༤༠༠ལྷག་ལ་ནང་ཆོས་དང་ཚན་རིག་གཉིས་ལྟ་གྲུབ་དབར་ཟབ་སྦྱོང་དང་སྒྲོ་གླེངས་བྱས་སོང་། ཚོགས་ཞུགས་པ་ཚུལ་བཟང་ནས་བྲིས།
    བོད་རྒྱལ་ལོ་༢༡༣༧ བོད་ཟླ་༨་ཚེས་༧་སྤྱི་ལོ་༢༠༡༠ཟླ་༩ཚེས་༡༤་རེས་གཟའ་མིག་དམར་ཉིན་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་འདི་ལོའི་ལས་འཆར་གྱི་ཆ་ཤས་ནང་གསལ་ལྟར་ནང་ཆོས་ཚན་རིག་གི་ལྟ་གྲུབ་དང་རིག་གསར་ཚན་རིག་གི་ལྟ་གྲུབ་འབྲེལ་ལམ་སྐོར་ལ་ཟབ་སྦྱོང་ཚོགས་ཆེན་ཞིག་འདི་ལོའི་༧སྤྱི་ནོར་༧་གོང་ས་༧་སྐྱབས་ཆེན་པོ་མཆོག་དགུང་གྲངས་༧༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཆ་ཤས་ཞིག་ཕྱག་ཚོད་༩་ཐོག་ལ་དབུ་འཛུགས་ཏེ་སྐུ་མགྲོན་གཙོ་བོ་བལ་ཡུལ་ས་གནས་དོན་གཅོད་སྐུ་ངོ་མཆོག་གིས་༧སྐྱབས་མགོན་ཐམས་ཅད་མཁྱེན་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་ལ་མར་མེ་འདེགས་འབུལ་དང་མཇལ་དར་མན ཏལའབུལ་རྗེས་གསོལ་ཇ་དང་འབྲས་སུལ་འབུལ་ནས་མཛད་སྒོ་ལེགས་གྲུབ་བྱུང་། ཕྱག་ཚོད་༡༠ཐོག་ལ་དུས་རབ་ཉེར་གཅིག་པའི་ནང་ཆོས་ཀྱི་དགོས་མཁོའི་ཟབ་སྦྱོང་དབུ་འཛུགས་ཀྱི་ཐོག་མར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་མཆོག་གི་ཚོགས་པ་འདིར་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་མགྲོན་གཙོ་བོ་རྣམས་པ་དང་། རེས་སུ་མ་ཆད་པའི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་བོན་པོ་ཇོ་ནང་བཅས་ཀྱི་དགོན་སྡེ་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་རྣམས་པ་དང་ཚོགས་ཞུགས་པ་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་ཚོགས་པ་དེའི་དམིགས་ཡུལ་དང་། འགྲིག་འཛུག དགོས་པ་རྒྱུ་མཚན་སོགས་ངོ་སྤྲོད་ཟབ་རྒྱས་གནང་སོང་། དེའི་རྗེས་བལ་ཡུལ་དོན་གཅོད་སྐུ་ངོ་མཆོག་གི་ཚོགས་མི་ཡོངས་ལ་ཟབ་སྦྱོང་དེའི་སྐོར་བཀའ་སློབ་གསུངས་བཤད་གྲུབ་རྗེས། དགེ་བཤེས་ལྷ་རྡོར་ལགས་ཀྱི་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་ལྟ་གྲུབ་དང་འབྲེལ་བའི་གསུངས་བཤད་དང་སྒྲོ་གླེང་ལྷུག་པོར་བྱས་ཡོད་པ་རེད། ཕྱག་ཚོད་༡༢. ༣༠ཐོག་སྐུ་མགྲོན་རྣམས་དང་ཚོགས་ཞུགས་པ་རྣམས་ལ་གསོལ་ཚིགས་གྲུབ་རྗེས། ཉིན་རྒྱབ་ཕྱག་ཚོད་༡.༣༠ཐོག་དངོས་ཁམས་ཚན་རིག་དང་ཕྱི་སྣོད་ཀྱི་འཇིགས་རྟེན་སྐོར་གྱི་ཟབ་སྦྱོང་བྱས་སོང་། ཉིན་གཉིས་པར་ཉིན་རྒྱབ་༡. ༣༠ཐོག་དགེ་བཤེས་ལྷ་རྡོར་ལ་དང་མཁས་དབང་ཀརྨ་རྣམས་གཉིས་ཀྱི་སེམས་ཁམས་ཚན་རིག་དང་སྐྱེ་དངོས་ཚན་རིག་ཀླད་ཚད་བཅས་ཟབ་སྦྱོང་གྲུབ་རྗེས་སློབ་བསྟོན་པ་ཆུ་བཟང་རིན་པོ་ཆེའི་མཇུག་བསྡུས་བཀའ་སློབ་ལ་ང་ཚོ་བོད་དོན་དང་ཞི་བདེའི་ཆེད་དུ་འཛམ་གླིང་གི་ས་སྒེང་ཧྲིལ་བོ་འདིའི་སྟེང་ལ་དཀའ་ལས་རྒྱབ་མཁན་༧གོང་ས་༧་སྐྱབས་མགོན་ཐམས་ཅད་མཁྱེན་པ་ལྟ་བུ་ང་ཚོ་ལ་མེད་མེད་པ་མ་ཟད་སུ་ལ་ཡང་ཡོད་པ་མ་རེད་ཁོང་གི་ཐུགས་ཀྱི་དགོངས་པ་ཟབ་ཅིང་རྒྱ་ཆེ་བའི་ཆ་ཤེས་ཙམ་གྱི་དྲིན་ལན་འཇལ་ཕྱིར་དུ་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་ཕྱོགས་ཀྱི་ཆེད་དུ་འཆར་གཞི་ཡང་ངེས་ཅན་ཞིག་གི་སྒོ་ནས་ང་ཚོའི་ལས་རིམ་འདི་མི་མཐུད་དུ་འགྲོ་ཐུབ་རྒྱུའི་རེ་བ་ཡོད། ཕྱི་ལོ་༡༩༦༠ནང་ནས་རྡོག་རྩ་གཅིག་སྒྲིལ་ཐོག་ཆོས་ལུག་ཕན་ཚུན་བར་ལ་གུས་ཞབས་བྱས་ནས་ད་བར་ཏུ་གཟི་བརྗིད་ལྡན་པ་ཞིག་འགྲོ་བཞིན་པ་དེ་རེད། ད་ལྟ་ཡང་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་བཞིན་བལ་ཡུལ་རྒྱལ་ཁབ་འདིར་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་བོན་པོ་ཇོ་ནང་བཅས་རེས་སུ་མ་ཆད་པའི་ཆོས་བརྒྱུད་འཛིན་མཁན་རྣམས་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་ལས་གཞི་འདི་ལེགས་འགྲུབ་བྱུང་བར་བརྟེན་མ་འོངས་པར་བོད་ཀྱི་བདེ་མཐའ་མྱུར་ཏུ་སེལ་བ་དང་བསྟན་པ་འདི་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་ཚིག་དང་བཅས་༧གོང་ས་ཐམས་ཅད་མཁྱེན་པའི་གསུངས་བའི་རེས་མེད་བསྟན་པ་རྒྱས་པའི་སྨོན་ལམ་གྱི་མཐའ་བརྒྱན་ཏེ་རྒྱལ་ཁའི་ངང་ཚོགས་འདུས་མཇུག་གྲོལ་ལོ།།

    Reply
  7. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 16 སྔོན།

    དགོངས་དག་ཞུས་པ་ཡག་པོ་རེད། ཡིན་ཡང་ཚོགས་གཞོན་མཆོག་ནས་གསུངས་དོན་་་་་་སེམས་སུ་སེ་ར་གྲྭ་ཚང་ ༼ དགོན་ ༽ དྲན་ཡོད་ནའང་། ཁ་ནས་སེ་ར་བྱེས་གྲྭ་ཚང་ཞེས་ཤོར་འདུག་་་་ ཟེར་བ་དེ་ སེ་ར་གྲྭ་ཚང་དགོན་ལ་ཐུགས་རྗེ་ཆེ་ཞུ་ཡོད་ན་ཡང་སེ་ར་སྨད་ལ་ཐུགས་རྗེ་ཆེ་ཞུ་ཡོད་པ་མ་རེད། གང་ཡིན་ཟེར་ན་སེ་ར་གྲྭ་ཚང་དགོན་ཟེར་ན་གྲྭ་ཚང་བྱེས་མ་རེད་ལ་གྲྭ་ཚང་སྨད་ཡང་མ་རེད།།

    Reply
  8. བསོད་རྡོར། says:
    ལོ་ 16 སྔོན།

    ཚོག་གཞོན་འདིས་ཅི་བཤད་བསྡད་ཀྱི་ཡོ་རེད། མི་ངོ་ལ་བལྟས་ནས་སྐད་ཆ་མང་པོ་བཤད་བསྡད་གི་འདུག ཡག་པོ་མི་འདུག ལྷོ་ཕྱོགས་ན་མི་མང་པོ་ཁོང་ཀྲོ་ཟ་འདུག བྱེད་སྟངས་ཡག་པོ་མ་རེད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དེ་ཡང་ཆབ་སྲིད་པས་བཀའ་མོལ་གསུང་སྟངས་ཤིག་རེད། ཡིན་ནའང་ད་དུང་དགོངས་དག་ཞུ་དགོས་ས་རེད། དེ་སྔོན་སེམས་སུ་སེ་ར་དགོན་པ་དྲན་ཡང་ཁ་ནས་སེར་བྱེས་ལ་ཐུགས་རྗེ་ཆེ་ཞེས་ཤོར་བ་དང་། ད་ལྟ་སེམས་སུ་སེ་ར་དགོན་པ་དྲན་བཞིན་དུ་ཁ་ནས་སེ་ར་སྨད་གྲྭ་ཚང་ལ་ཐུགས་རྗེ་ཞེས་བརྗོད་། མ་འོངས་པར་ཡང་བསྐྱར་སེམས་སུ་སེ་ར་སྨད་དྲན་བཞིན་དུ་ཁ་ནས་སེར་སྨད་ལ་ཐུགས་རྗེ་ཆེ་ཞུ་དགོས་ས་རེད།
    ཆབ་སྲིད་ནི་ཆབ་སྲིད་རང་རེད།།

    Reply
  10. ཐུབ་བསྟན་ལེགས་བཤད། says:
    ལོ་ 16 སྔོན།

    མོས་བརྗེད་ག་ལ་སྲིད། སེར་བྱེས་གྲྭ་ཚང་ལ་གྲྭ་པ་མང་བ་ཡོད་པར་སྐབས་དེར་སྤྲེལ་ལད་འཁྲབ་ཆེད་༸གོང་ས་མཆོག་གི་སྐུ་མདུན་ལ་ཆེད་དུ་བཤད་པ་རེད། ད་གྲོས་ཚོགས་སུ་བཤད་ཀྱང་༸གོང་ས་མཆོག་གིས་མཁྱེན་མདོག་ཁ་པོ་མ་རེད། ཁ་སང་སེ་ར་ནས་བཏོན་པའི་བཀའ་ཁྲིའི་འོས་མིའི་ནང་མོ་རང་མ་སླེབས་པར་བརྟེན་དེ་རིང་ཡང་འཁྲབ་བཞག་པ་ཞིག་རེད། སེ་ར་གྲྭ་ཚང་ཟེར་བ་དེ་རིང་མ་གཏོགས་གོ་མ་མྱོང་། མོས་འཁྲབ་སྟངས་ཚང་མ་དེ་འདྲ་རེད།

    Reply
  11. གཅེན་པོ། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཧ་ཧ་
    འདི་ཅི་ཟེར་བ་རེད་དམ། ༼ སེ་ར་སྨད་ལྷག་པར་འདུག་པར་དགོངས་དག་ཞུས་ཡོད། ༽ ལྷག་པར་འདུག་པར་འདི་ལ་གོ་རྒྱུ་ག་རེ་འདུག
    དགོངས་དག་ཞུས་པ་ཟེར་བའི་གསར་འགྱུར་འདི་ལ་སྙིང་པོ་གང་ཡང་མི་འདུག
    སླད་ཕྱིན་གསར་འགྱུར་འདི་འདྲའི་རིགས་མ་བཀོད་ན་བཟང་།

    Reply
  12. རྐང་གསུམ། says:
    ལོ་ 16 སྔོན།

    རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་འདི་ལྟར་ནོར་ས་ནས་དགོངས་དག་དང་ངོས་ལེན་བྱས་པ་འདི་ནི་མང་གཙོའི་ལམ་ལུགས་ཡོད་པའི་རྒྱལ་ཁབ་ཅིག་གི་འགྲོ་སྟངས་རེད། ཚོགས་གཞོན་མཆོག་ལ་བཀའ་དྲིན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese