མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོཊ་བཅར་མ་ཐུབ་པའི་སྤྱི་འཐུས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp
བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བཞི་བའི་ཚོགས་དུས་བཅུ་བ་མཇུག་སྒྲིལ་བ།
ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་མགོ་བཙུགས་པའི་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བཅུ་བ་དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་མཇུག་སྒྲིལ་ཡོད།
སྤྱི་འཐུས་ཚོགས་དྲུང་གིས་གསལ་བསྒྲགས་བསྐྱངས་པ་ལྟར་ན། ཐེངས་འདིའི་ཚོགས་རྒྱུན་ཧྲིལ་བོར་ཚོགས་བཅར་མ་ཐུབ་པར་དགོངས་པ་ཞུས་ཡོད་པའི་སྤྱི་འཐུས་ ༣ བྱུང་ཡོད་པ་དང་། དེ་དག་ནི་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན། སྤྱི་འཐུས་སྒྲོལ་མ་མཚོ་མོ། སྤྱི་འཐུས་རྒྱལ་ནོར་ཚེ་དབང་གསུམ་ཡིན་འདུག་ལ། སྤྱི་འཐུས་བདེ་བ་ཚང་རྡོ་རྗེ་དབང་འདུས་དང་བསོད་ནམས་སྟོབས་རྒྱལ། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་བཅས་ཀྱིས་ཕྱི་ཚེས་ ༡༣ ཉིན་ནས་ ༡༧ བར་དགོངས་པ་ཞུས་ཡོད་འདུག 
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་མཇུག་སྡོམ་སྟེང་། གྲོས་ཚོགས་ཚོགས་དུས་བཅུ་བའི་ཉིན་དང་པོར་སྤྱི་འཐུས་ ༡༠ ཚང་མེད་པ་དང་། དེ་རིང་མཇུག་སྡོམ་སྟེང་སྤྱི་འཐུས་ ༧ ཚང་མེད་སྟབས། སྐབས་རྗེས་མའི་ཚོགས་དུས་བཅུ་གཅིག་པ་ནི། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་མཐའ་མ་ཡིན་སྟབས། སྤྱི་འཐུས་ཚང་མ་མཉམ་འཛོམས་གནང་ཐུབ་པའི་རེ་བསྐུལ་ཞུས་སོང་། 
ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཚང་མེད་སྟབས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་པར་ཆུ་ཚོད་ ༣ དང་སྐར་མ་བཅོ་ལྔའི་བར་ཕྱིར་འགྱང་བྱ་དགོས་བྱུང་ཡོད་ཅིང་། སྐབས་དེར་སྤྱི་འཐུས་ ༡༦ ཙམ་ཕེབས་ཡོད་མི་འདུག 
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 17

  1. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ད་ནི་མི་མང་གི་ངོས་ནས་མ་འོངས་པར་སྤྱི་འཐུས་ཚོས་ཅི་བཤད་ལ་མི་ཉན་པར་ཅི་བྱེད་ལ་བལྟས་ཏེ་ལྷག་བསམ་དང་རྣམ་དཔྱོད་གཉིས་ལྡན་ཞིག་གདམས་ཐུབ་པ་བྱ་གལ།

    Reply
  2. ཨ་མའི་བུ་ཆུང་། says:
    ལོ་ 16 སྔོན།

    གདོང་དམར་བོད་པ་ཚང་གི་སྤྱི་འཐུས་ཚོས་ད་བར་ཞབས་འདྲེན་དང་།
    བོད་མི་མང་གིས་རེ་འདོད་ཆུད་ཟོས་སུ་བཏང་བ་ཐེངས་གཅིག་ཙམ་ག་ལ་ཡིན། སྤྱི་འཐུས་ཚོགས་གཙོ་མཆོག་གཞུང་འབྲེལ་གྱི་ལས་དོན་གཞན་ཞིག་གི་ཆེད་ཕྱོགས་བསྐྱོད་བྱས་པ་ཡིན་མིན་ང་ཚོས་ཞིབ་འཇུག་བྱེད་དགོས་པ་གལ་ཆེ།དེ་མིན་ཡོད་ཚད་ལ་ལོག་འགྲེལ་ཁོ་ན་བྱས་ན་ལན་པོ་ཡོད་པ་མ་རེད། གཅིག་བྱས་ན་སྐུ་ངོ་མཆོག་གིས་ཨ་རག་ཏོག་ཙམ་བཞེས་ཏེ་ཚོགས་འདུ་ཡོད་པ་བརྗེད་མིན་འགྲོ་ཧཧཧཧཧཧཧ
    འགྲོ་སྟངས་འདི་ཡང་བོད་པ་ཚང་གི་བྱུང་རབ་ཀྱི་ལོ་རྒྱུས་སུ་བྱུང་ཡོད།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ཚོགས་གཙོ་ཡང་མ་ཕེབས་དུས་གཞན་ཨ་ཅང་ཅང།
    ད་དུང་ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་ནང་འདུག་ག
    ཚོགས་གཙོ་ལགས་རྐུབ་བཀྱག་རང་གི་ཆེད་དུ་སྐུ་ངལ་བསྐྱོན་གྱི་ཡོད་པ་འདྲ།
    གྲོས་ཚོགས་ཐོག་ཕེབས་མ་ཐུབ་པའི་མཛད་བྲེལ་ཆེན་པོ་བྱུང་།

    Reply
  4. kalsang says:
    ལོ་ 16 སྔོན།

    ལྟས་ངན་དེ་ཚོ་ཡིན་ན་་་་
    ནམ་རྒྱན་ལྷག་གསམ་མེད་ནའི་ལྷག་གསམ་ཡོད་འདོག་འདོག་་་བྱས་རྗེས་མེད་ནའི་བྱས་རྗེས་ཡོད་འདོག་འདོག་་་་་་་ད་མི་དམངས་རྣམས་གཟིགས་དང་ཁོང་ཚོའི་བྱས་རྗེས་དང་ལྷག་གསམ་ལ་་་་་་་་་་ལོ་གཅིག་གི་ནང་གྲོལ་ཚོགས་ཐེངས་གཉིས་པོ་དེར་ཡོང་མི་ཐུབ་པར་མི་དམངས་ཀྱི་སྐུ་ཚབ་གང་འདྲ་བྱས་ནས་མཚོན་ཐུབ་བམ?
    མི་དམངས་ཀྱི་མ་འོང་པར་ད་ལྟའི་སྤྱི་མཐུས་འདྲ་བ་ཞིག་མ་ཡོང་བའི་ཐུགས་གསམ་གཞེས་རོག་གནང་།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གང་ལྟར་དགོངས་པ་ཞུས་པ་དང་མ་ཕེབས་མཁན་གཉིས་ཀ་སྤྱི་བའི་ལས་དོན་ཁུར་དུ་མ་བླང་བ་གཅིག་པ་རེད།

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དགེ་བཤེས་སྨོན་ལམ་འཐར་ཕྱིན་ལགས་ཀྱིས་གསལ་འགྲེལ་མཛད་པ་ཡག་བྱུང་། ཡིན་ནའང་། ཁ་སང་ཚོགས་དྲུང་གིས་འདི་གར་གནང་བའི་དགོངས་ཞུའི་སྐོར་གྱི་ཤོག་བུའི་ནང་དེ་ལྟར་གསལ་འདུག་སྟབས་འགོད་ནོར་ཐེབས་པ་རེད། འབྲེལ་ཡོད་སྤྱི་འཐུས་གང་དེར་དགོངས་དག་ཞུའོ། །

    Reply
  7. ནགས་མཚོ says:
    ལོ་ 16 སྔོན།

    ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་ཆེད་ཕེབས་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ཉིན་ མ་ཕེབས་པ་དེ་ལས་དོན་གང་ཡོད་གསར་པོ་གནང་རོག་ཞུ།     ཁྱེད་རྣམས་ལྷག་བསམ་དང་སེམས་ཤུག་ཡོད་པའི་མི་ཞིག་ཡིན་ནམ་་་་་་་་་་་་་་་མུ་འཐུད་ལས་ཀ་བྱེད་འདོད་ཡོད་དམ????????????????????????????????????

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    རྟ་མགྲིན་ལགས། སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་། སྒྲོལ་མ་མཚོ་མོ། རྒྱལ་ནོར་ཚེ་དབང་གསུམ་གྲོས་ཚོགས་འདིའི་ཚོགས་དུས་ཆ་ཚང་ལ་དགོངས་ཞུ་ཕུལ་ཡོད་རེད།
    ཡིན་ནའང་གསར་འགོད་པས་སྤྱི་འཐུས་བདེ་བ་ཚང་རྡོ་རྗེ་དབང་འདུས་ཕྱི་ཚེས་ ༡༣ ནས་ ༡༧ བར་དགོངས་པ་ཞུ་མཁན་གྲས་སུ་བཞག་པ་དེ་བདེན་པ་མ་རེད། རྡོ་རྗེ་དབང་འདུས་ཕྱི་ཚེས་ ༡༧ ཉིན་གྲོས་ཚོགས་སུ་ཕེབས་ཡོད་རེད།
    ཚོགས་འདུ་ཐོག་མར་དབུ་འཛུགས་སྐབས་ཕེབས་མེད་པའི་སྤྱི་འཐུས་ ༡༠ ནི། ༡ རྒྱ་རི་བུ་ཕྲུག་དང་། ༢ བསོད་ནམས་བསྟན་འཕེལ། ༣ གཡུང་དྲུང་རྒྱལ་མཚན། ༤ རྒྱལ་ནོར་ཚེ་དབང་། ༥ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༦ ཚུལ་ཁྲིམས་བསྟན་འཛིན། ༧ བདེ་བ་ཚང་རྡོ་རྗེ་དབང་འདུས། ༨ དབུ་དཀར་གཡུ་སྒྲོན། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་ཡིན་པ་དང་། ཚོགས་ཐེངས་གཉིས་པ་ནས་ཚུལ་ཁྲིམས་བསྟན་འཛིན་ཕེབས་ཡོད་རེད།
    ཚོགས་འདུའི་མཇུག་བསྡོམས་ཉིན་གྲོས་ཚོགས་སུ་ཕེབས་མེད་པའི་སྤྱི་འཐུས་ ༧ ནི། ༡ བེ་རི་འཇིགས་མེད། ༢ གཡུང་དྲུང་རྒྱལ་མཚན། ༣ རྒྱལ་ནོར་ཚེ་དབང་། ༤ བསོད་ནམས་སྟོབས་རྒྱལ། ༥ སྒྲོལ་མ་མཚོ་མོ། ༦ བསྟན་འཛིན་མཁས་གྲུབ། ༧ བསོད་ནམས་ཚེ་རིང་ཕར་སི་བཅས་རེད་འདུག

    Reply
  9. རྟ་མགྲིན། says:
    ལོ་ 16 སྔོན།

    དགོངས་དག
    གཡུང་དྲུང་རྒྱལ་མཚན་དེ་སྨོན་ལམ་ཐར་ཕྱིན་ལ་བསྒྱུར་རོགས།

    Reply
  10. རྟ་མགྲིན། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    གོང་གསལ་གསར་འགྱུར་འདི་གསར་འགོད་པའམ། ཡང་ན་ཚོགས་དྲུང་གང་རུང་ཞིག་གིས་འགོད་ནོར་རམ་བཤད་ནོར་ཤོར་མེད་དམ།ཐེངས་འདིའི་ཚོགས་རྒྱུན་ཧྲིལ་བོར་ཚོགས་བཅར་མ་ཐུབ་པ་ཞེས་པའི་སྤྱི་འཐུས་དེ་གསུམ་གཡུང་དྲུང་རྒྱལ་མཚན་གྱིས་ཕྱི་ཚེས་༡༦ཉིན་ཕེབས་མི་འདུག་ཟེར་བ་ལས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཚོགས་རྒྱུན་ཧྲིལ་བོར་མ་ཕེབས་པར་གསུངས་མི་འདུགའདིའི་སྐོར་ལ་གསལ་བཤད་ཅིག་ཡོད་ན་མ་གཏོགས་མི་དཀར་ལ་ཞྭ་ནག་གཡོགས་པ་ཞིག་མ་རེད་དམ།

    Reply
  11. དྲ་འབུ། says:
    ལོ་ 16 སྔོན།

    རྗེས་ཕྱོགས་འོས་བསྡུའི་སྐབས་ཁོང་ཚོར་འོས་འཕེན་རྒྱུ་མིན།

    Reply
  12. རྫ་སེར་དཀོན། says:
    ལོ་ 16 སྔོན།

    སྤྱི་འཐུས་ཁག་ཅིག་གིས་དམ་འབུལ་བྱས་པ་དེ་ཚོ་ཁ་ཙམ་ཡིན་ས་རེད།
    དོན་དངོས་ལ་བསམ་བློ་བཏང་ན་ཁོང་ཚོ་སྤྱི་མི་ཚད་ལྡན་བྱེད་རྒྱུ་ཕར་བཞག་སྤྱི་བའི་ལས་དོན་ཐོས་ཤོར་གཏོང་མཁན་དང་དགྲ་དགའ་གཉེན་སྡུག་གི་བྱ་བ་སྒྲིབ་མཁན་དངོས་གནས་རང་རེད་འདུག་བསམ་གྱི་ཡོད། འབྱུང་གྱུར་སྐབས་བཅོ་ལྔ་པའི་སྤྱི་འཐུས་གསར་འདེམས་བྱེད་སྐབས་ང་ཚོ་རྒྱ་ཆེའི་མི་མང་གི་ངོས་ནས་སྤྱི་འཐུས་ཉི་ཤུ་ཙམ་ཞིག་ལོགས་སུ་གསར་འདེབས་བྱས་ཏེ་སྒུག་བསྡད་ན་ཡག་ས་རེད། ཡང་སྐབས་བཅོ་ལྔ་པའི་གྲོས་ཚོགས་དུས་དང་པོ་ནས་མཐའ་མ་བར་སྐབས་བཅུ་བཞི་པའི་སྤྱི་འཐུས་ཚོ་ནང་བཞིན་གྲུབ་ཆ་མི་ཚང་བར་གྲོལ་དགོས་བྱུང་བ་དང་། གྲུབ་ཆ་ཚང་ཡང་ནད་རྙིང་ངན་པ་དེ་འདྲ་འཕེལ་ཏེ་གྲོས་ཚོགས་ར་བའི་ནང་ང་རྒོད་ཁོང་དཔའ་སོགས་ཀྱི་དཔུང་བ་བསྡར་བཞིན་ཚོགས་ཐོག་ནས་ཕྱིར་རུ་ཐོན་འགྲོ་མཁན་ཚོའི་ཚབ་ཏུ་བསྐོས་བཞག་བྱེད་ཆོག་ཆོག་མ་རེད་པས། དེ་ཚོ་ང་ཚོའི་ངོས་ནས་རེ་བ་བཟང་སར་བརྒྱབ་ཏེ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་རྒྱུ་རེད་བསམ་གྱི་ཡོད།

    Reply
  13. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    སྐུ་མཁྱེན་རྣམ་པས་ཚོགས་གཅར་ཐུབ་ཀྱི་མེད་ན། སྔོན་འགྲོའི་འོས་གཞི་མ་བླུག་གོང་ནས་དགོངས་པ་ཞུས་ན། གཉིས་ཕན་འབྱུང་གིན་རེད།

    Reply
  14. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་ཚོགས་ཆད་སྤྱི་འཐུས་ཚོར་བཀའ་སྐྱོན་མ་གནང་རོགས། ཁོང་ཚོ་ཁ་ཤས་ནི་སོ་སོའི་སྐྱེ་དམན་དྲན་ཏེ་བཟོད་སྒོམ་མ་ཐུབ་པར་ཐུགས་འཕྲད་ཕྱིན་པ་དང་། ཁ་ཤས་རྒྱན་རྩེད་རིགས་ལ་གཡེང་བ། ཁ་ཤས་ནི་ཟུར་ཟའི་སྙིང་སྡུག་དང་ལྷན་དུ་སྐྱིད་ལ་རོལ་དགོས་སྟབས་དུས་ཐོག་སོ་སོའི་རྐུབ་སྟེགས་སྟེང་སླེབ་ཐུབ་ཀྱི་མེད་པ་རེད། བྱས་ཙང་དྲ་གྲོགས་ཚོས་ཁོང་རྣམས་ལ་ཐུགས་བསམ་བཞེས་རོགས་ནམ་ཡང་ཁོང་ཚོ་ནི་རྣམ་གཡེང་ལས་ཁོ་ནར་འཇུག་ཏེ་གཞུང་ལས་ཉིན་བརྒྱངས་བཞག་བརྒྱངས་བྱེད་མཁན་ཕལ་ཆེ་བ་རེད། བྱས་ཙང་ངས་དགོངས་པ་བཞེས་རོགས་ཟེར་བ་ནི་ཡོང་རྒྱུའི་སྐབས་ བཅོ་ལྔའི་པའི་སྤྱི་འཐུས་སྐོར་རེད།

    Reply
  15. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སྐབས་བཅུ་བཞི་པའི་སྤྱི་མཐུས་རྣམ་པས་ཞབས་འདྲེན་གཅིག་མིན་གཉིས་མིན་ཞུ་སོང་དེའི་འགན་ནི་ང་ཚོ་རྒྱ་ཆེའི་མི་མང་རྣམས་ལ་ཡོད་པ་ལས་ཚོགས་བཞུགས་སྤྱི་མཐུས་རྣམས་ལ་ལེན་འདའ་ཅི་ཞིག་ཡོད། དེ་ནི་ང་རང་ནས་གཙོས་མི་མང་རྣམས་ནས་འོས་ཤོག་བླུག་སྐབས་ཟབ་ནན་མ་བྱས་པའི་སྐྱོན་ཁོ་ན་ཡིན་པས། སྐབས་བཅོ་ལྔ་སྤྱི་མཐུས་ཀྱི་འོས་ཤོག་སླེབ་ལ་ཉེ་བས་འགན་འཁྱེར་མི་ཐུབ་པའམ་འགན་རྩ་བ་ནས་མི་འཁྱེར་བའི་སྐབས་བཅུ་བཞི་པའི་སྤྱི་མཐུས་འདི་རྣམས་རང་འཇགས་སྤྱི་མཐུས་སུ་བསྐོ་བའམ་ཡང་ན་མི་རབ་གསར་པའི་སྤྱི་མཐུས་བོད་གཞི་བྱེས་གཉིས་དང་བོད་ཀྱི་ཆོས་དང་རིགས་གཞུང་རྒྱུད་འཛིན་གནང་མཁན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་འོག་དཔུང་འདེགས་བྱ་ཐུབ་མཁན་ཞིག་བསྐོ་མི་མང་གིས་ཕྱག་ཏུ་ཡོད་པས་རྒྱ་ཆེ་མི་མང་ཚང་མས་འདས་པའི་ཀྱག་ཀྱོག་གི་ལམ་དེར་གཟིགས་ནས་མ་འོངས་པའི་དབུ་འཁྲིད་དེ་མ་ནོར་བ་ཞིག་འདེམས་ཐུབ་པའི་གྲ་སྒྲིག་གང་ཟབ་གནང་རོགས།

    Reply
  16. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    གསར་འགྱུར་མགྱོགས་མྱུར་ངང་འགྲེལ་བརྗོད་གནང་བར་ཐུགས་རྗེ་ཆེ། ངོ་མ་སྤྱི་འཐུས་མང་པོ་ཞིག་གིས་ཡག་པོ་གནང་གི་མི་འདུག སྤྱི་འཐུས་ཤེས་ཡོན་ལྷག་བསམ་གྱི་ཕྱུག་པའི་མི་སྣ་ཞིག་ཡོང་རྒྱུར་ང་ཚོ་མི་དམངས་རྣམས་ཀྱིས་ཀྱང་འབད་བརྩོན་བྱེད་དགོས།

    Reply
  17. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་ཟིན་བྲིས་ལས་བཤུས ༽
    ༢༠༠༩།༩།༡༦ ཉིན་གྱི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་གྲོས་ཚོགས་སུ་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ དགོས་ངེས་ཀྱི་གྲུབ་ཆ་མ་ལོན་ནས་ཚོུད་ ༣།༡༥ བར་ཚོགས་གསེང་གནང་དགོས་ཆགས་སྐབས་གྲོས་ཚོགས་སུ་ཕེབས་གནང་མེད་པའི་སྤྱི་འཐུས་རྣམས་ཀྱི་མིང་གཞུང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོད་ཚོད་འདུག་པ་ལྟར་སྐབས་དེར་གྲོས་ཚོགས་སུ་སྤྱི་འཐུས་ ༢༧ ཕེབས་ཡོད་པ་དང་། མ་ཕེབས་མཁན་ ༡༦ ནི་གཤམ་གསལ་ལྟར་རེད། ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༨ བསོད་ནམས་སྟོབས་རྒྱལ། ༩ བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༠ དབུ་དཀར་གཡུ་སྒྲོན། ༡༡ སྒྲོལ་མ་མཚོ་མོ། ༡༢ བསྟན་འཛིན་མཁས་གྲུབ། ༡༣ ཆབ་བྲག་ལྷ་མོ་སྐྱབས། ༡༤ ཡེ་ཤེས་སྒྲོལ་མ། ༡༥ བསོད་ནམས་ཚེ་རིང་ཕར་སི། ༡༦ བསྟན་འཛིན་ཆོས་ལྡན་བཅས་རེད། ཁག་ཅིག་སྔ་དྲོ་གྲོས་ཚོགས་སུ་ཡོད་ཀྱང་གུང་ཚིགས་བར་གསེང་སྐབས་དུས་ཐོག་མ་འབྱོར་བ་ལས་རྗེས་སུ་ཚོུད་༣།༡༥ ཐོག་འབྱོར་མཁན་ཡང་བྱུང་ཡོད་པ་རེད།

    གཞན་ ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་ཆེད་ཕེབས་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ ཞོགས་པ་ནས་གྲོགས་ཚོགས་སུ་ཕེབས་མི་འདུག་པ་བཅས་མཁྱེན་འདོད་མཁན་རྣམས་ལ་ཕན་ཕྱིར་བཀོད་པའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese