མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བཀའ་ཁྲིར་ལངས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp
དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་མི་མང་ལ་གདམ་ཀ་མང་དུ་ཡོང་ཕྱིར་ཁོང་ཡང་བཀའ་ཁྲིའི་འོས་མིར་ལངས་པ་ཡིན་ཟེར།
ཁ་སང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་སྐབས་དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་དུས་ཚོད་སྟོང་པ་ཞིག་བེད་སྤྱད་དེ། ཁོང་ཡང་བཀའ་ཁྲིའི་འོས་མིར་ལངས་པ་ཡིན་ཞེས་བརྗོད་ཡོད་ལ། ཁོང་གིས་སྐབས་དེར་ཁོང་བཀའ་ཁྲིར་ལངས་དགོས་པའི་རྒྱུ་མཚན་གཉིས་གསུངས་པ་ལས། རྒྱུ་མཚན་དང་པོ་དཔེ་འཇོག་གི་སྒོ་ནས་གསུངས་དོན། བཙན་བྱོལ་བོད་མི་རྣམས་རླངས་འཁོར་ཞིག་ཏུ་འགྲོ་བཞིན་ཡོད་ཚེ་བཀའ་བློན་ཁྲི་པ་ནི་རླངས་འཁོར་དེ་གཏོང་མཁན་གྱི་ཁ་བ་ལོ་ལྟ་བུ་རེད་ལ། ད་ལྟ་ང་ཚོས་མ་འོངས་པའི་རླངས་འཁོར་འདི་གཏོང་མཁན་གདམ་དགོས་ཀྱི་ཡོད། གལ་སྲིད་ང་ཚོས་ལོ་བཅོ་ལྔ་ཉི་ཤུའི་རིང་རླངས་འཁོར་གཏོང་མྱོང་བའི་ཁ་ལོ་བ་རྙིང་པ་ཞིག་གི་ལག་ཏུ་ལྡེ་མིག་བཞག་ཚེ་ང་ཚོ་གང་དུ་བསྐྱོད་ཀྱིན་པའི་ས་དེར་བསླེབ་ཐུབ་པར་ཡིད་ཆེས་བྱེད་ཆོག
ཡིན་ནའང་། ད་ལྟ་རླངས་འཁོར་འདི་གཏོང་མཁན་གྱི་མི་རབས་རྒན་པ་དང་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་མང་བོ་ཕྱིར་འཐེན་བྱས་པ་དང་། རླངས་འཁོར་གཏོང་སྦྱོང་ཙམ་བྱས་པ་ལས་བཏང་བའི་ཉམས་མྱོང་མེད་མཁན་དེ་ལྟ་བུར་འོས་བླུགས་ཚེ་ང་ཚོ་བསླེབ་དགོས་སར་མ་ཐོན་པའི་གོང་དུ། ཚང་མ་སྡེབ་གཅིག་ལ་ཁ་ལོ་སྒོར་བར་དོགས་པས་ཡིན་ཞེས་གསུངས།
ཡང་ཁོང་གིས་རྒྱུ་མཚན་གཉིས་པ་གསུངས་དོན། ད་ལྟ་རྒན་རབས་པ་མང་བོས་དགོངས་པ་ཞུས་སྟབས་མང་ཚོགས་ལ་གདམ་ཀ་མི་འདུག མང་ཚོགས་ལ་རླངས་འཁོར་འདི་གཏོང་མཁན་གྱི་ཁ་ལོ་བ་ཚད་ལྡན་མ་རེག་པའི་དཀའ་ངལ་འདུག དེར་བརྟེན་ཉིན་དེ་རིང་ནས་བཟུང་ང་ཡང་བཀའ་ཁྲིའི་འོས་མིར་ལངས་པ་ཡིན་ལ། ཇི་ལྟར་བཤད་རུང་ངས་མི་ལོ་ ༣༠ ཙམ་ལ་བོད་གཞུང་མང་ལ་ཞབས་འདེགས་ཞུས་མྱོང་ཡོད་ཅེས་གསུངས།
དེ་ནི་དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་ཁོང་བཀའ་བློན་ཁྲི་པར་བཞེངས་དགོས་པའི་རྒྱུ་མཚན་རེད་ལ། ཚོགས་ཐུན་དེ་གྲོལ་རྗེས་འདི་གའི་གསར་འགོད་པ་ཁོང་དང་ཐུག་འཕྲད་ཀྱིས་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ངས་གྲོས་ཚོགས་ར་བའི་ནང་བརྗོད་པ་ལྟར། མ་འོངས་པའི་བཀའ་བློན་ཁྲི་པ་དེ་༧གོང་ས་མཆོག་གི་དབུ་ཁྲིད་འོག བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མ་མཉམ་དུ་ཁྲིད་ཐུབ་པའི་འགན་ཁྱེར་མཁན་ཞིག་ཡིན་དགོས་སྟབས། ང་ཚོར་དགོས་པའི་བཀའ་ཁྲི་ནི་བོད་ཀྱི་སྤྱི་ཚོགས་ནང་དུ་དཀའ་ལས་བརྒྱབས་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མྱོང་བ་མ་ཟད། སྣེ་ཁྲིད་པ་དེ་ཡང་ལོ་རྒྱུས་དང་ལྡན་པ་ཞིག་ཡོད་ཚེ་མི་མང་ལའང་། མི་འདིས་མི་མང་མཉམ་དུ་སྣེ་ཁྲིད་ན་དཀའ་ལས་རྒྱག་གི་རེད་ལ། མི་མང་མཉམ་དུ་བསླེབ་དགོས་ས་ཞིག་ཏུ་བསླེབ་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་བཅོལ་ཆོག
ཡིན་ནའང་། ད་ལྟའི་དུས་འདིར་རྒན་རབས་པ་མང་བོ་ཞིག་ཕྱིར་འཐེན་བརྒྱབས་པ་དང་རང་ཉིད་ཀྱིས་འོས་ལྡུག་གི་ཡིན་བསམ་པའི་འོས་མི་ཚོ་མ་བསླེབ་དུས། ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ཞིག་འཕྲད་ཡོང་གི་འདུག དེར་བརྟེན་རྒན་རབས་པ་རྣམས་ལ་འབོད་སྐུལ་ཞུས་ཏེ་བོད་སྤྱི་པའི་འགན་དེ་ཚང་མར་ཡོད་ཅིང་། གལ་སྲིད་གཞུག་ཕྱོགས་དཀའ་ངལ་འཕྲད་ཚེ་དགོངས་པ་ཞུ་མཁན་གྱི་རྒན་རབས་ཁྱེད་ཚོར་ཡང་འགན་ཡོད་པ་རེད་ལ། འགན་དེ་ཁྱེད་ཚོས་བཞེས་དགོས་པ་རེད་ཅེས་བརྗོད་ཀྱིན་ཡོད་ཟེར།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

སྐར་མ ༢༥ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠

མཆན། 37

  1. སྐར་མདའ། says:
    ལོ་ 15 སྔོན།

    ཐོག་མར་གངས་ཆབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གང་ཡིན་ཟེར་ན་ཁོང་གིས་གསུངས་པ་དེ་ཚོ་རྨད་དུ་བྱུང་པའི་ལེགས་བཤད་རང་རེད་འདུག དེ་མིན་དྲ་གྲོགས་གཞན་པ་ཚང་མས་གསུངས་པ་གཅིག་མཐུན་རེད། བདེན་པའི་རྒྱབ་སྐྱོར་ལས་ཞུ་ཡ་གཞན་ལྷག་མ་སོང་།

    Reply
  2. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ཨ་རི་ནང་ལ་ཨོ་བྷ་མ་ལ་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་པ་དེ་ནོར་སོང་ཟེར་ནས་ཁ་གཏང་འཁན་མང་རུ་འགྲོ་གི་འདུག་མ་ཏོག་འཚན་སྙན་ཆེ་རུ་འགྲོ་གི་མི་འདུག་

    Reply
  3. གངས་ཆབ། says:
    ལོ་ 15 སྔོན།

    ཧ་ཧ་ཚེ་བརྟན་ནོར་བུ།ཁྱེད་རང་གིས་བཀའ་ཁྲི་བྱེད་ཀྱི་ཡིན་ཟེར་ན་བོད་མི་མང་ཚང་མས་བཀའ་ཁྲི་བྱ་ཐུབ་ངེས་རེད།ཁྱེད་རང་ལ་འཇོན་ཐང་དང་ཤེས་ཡོན།བློ་རྒྱ་ག་ཚོད་ཡོན་མེད་ང་ཙམ་མ་ཟད་མི་མང་ཕལ་ཆེར་བའི་ཧ་གོ་དོན་གསལ་རེད།
    དེ་འདྲ་སོང་ཙམ་གཞན་ལ་དཔེ་འཇོག་དང་ཟུར་ཟ་ཐོག་རང་ལ་ཉམས་མྱོང་ཡོད་རབ་ཀྱི་གཏམ་གླིང་མ་བྱེད་ན་དགའ་གི་རེད།
    ད་དུང་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་འགན་མི་འཁུར་མཁན་བཀྲས་མཐོང་ལྟ་བུའི་མི་སྣ་ཞིག་ང་ཚོ་བཙན་བྱོལ་མི་མང་ལ་བཀའ་ཁྲི་ཞིག་གཏན་ནས་མི་དགོས།
    རྒྱུ་མཚན་ནི་དེ་སྔོན་བཀའ་ཁྲི་ལས་ཐོག་སྐབས་སུ་ནང་མི་བུ་ཕྲུག་ཆེད་དུ་རྩ་དགོངས་ཞུས་ཨ་རིས་ཡུལ་དུ་བསྐྱོད་པ་དང་ད་དུང་ཡང་མ་འོངས་པ་ལ་དཀའ་ངལ་དེ་དང་དེ་འདྲ་བའི་རིགས་བྱུང་བ་ཡིན་ཁོང་གི་ནང་མི་བུ་ཕྲུག་ཆེད་དུ་རྩ་དགོང་ཞུ་རྒྱུ་ཡིན་ཟེར་བ་ནི་དངོས་གནས་བོད་མི་མང་ལག་རྩེད་དང་མཐོང་ཆུང་བྱེད་པ་མ་ཡིན་ནམ།བོད་ཕྱི་ནང་གཉིས་ནས་བོད་མི་རིགས་དང་བོད་སྤྱི་པའི་རྩ་དོན་ཆེད་དུ་རང་སྲོག་གློས་བཏང་བ་དང་གཏང་དང་གཏང་བཞིན་པ་རེད།མ་ཚད་ད་དུང་ཡང་གཏོང་ངེས་རེད།དེ་འདྲ་སོང་ཙམ་ང་ཚོ་ལ་དགོས་པའི་བཀའ་ཁྲི་ནི་བོད་མི་རིགས་གི་དོན་དུ་རང་སྲོག་གློས་གཏོང་མ་ཐུབ་ཀྱང་བོད་མི་རིགས་དང་སྤྱི་པའི་རྩ་དོན་གལ་གནད་ཆེ་བ་ལས་ནང་མི་བུ་ཕྲུག་གལ་གནད་ཆེ་བ་མི་འཛིན་མཁན་ཞིག་ངེས་པར་དུ་དགོས།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ཡ་ཡ་ཡང་རྒད་པོ་ཞིག་གཉིད་ཡོང་གི་མེད་པ་འདྲ།

    Reply
  5. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    ད་བཀའ་ཁྲི་བྱེད་འདོད་ཡོད་མཁན་མང་རུ་འགྲོ་ཡི་འདུག འཆར་གཞི་ཉུང་རུ་འགྲོ་ཡི་འདུག བོད་དོན་ཛ་དྲག་གི་སྐབས་འདི་ལ་ད་དུང་བཀའ་བློན་ཁྲི་བ་ཚོ་ལ་འཆར་གཞི་མེད་ན་སེམས་ཕམ་ཡ་རང་རེད།

    Reply
  6. lobsang says:
    ལོ་ 15 སྔོན།

    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་མཁན་མང་ལ། བོད་མི་མང་སྤྱི་འཐུས་ལ་ལངས་པ་ཡིན་ཞེས་འུད་སྒྲོག་བྱེད་མཁན་མང། ད་ཡང་དམངས་གཙོ་དང་མང་གཙོ་གཉིས་ཀྱི་དོན་དག་ལ་བསྐྱར་འདང་རེ་རྒྱག་དགོས་པར་མཐོང། མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ལ་མཚོན་ལ་སྲིད་འཛིན་དང་སྲིད་བློན་གང་ལ་ཡིན་ལ་སྐུབ་སྟེགས་དེར་འདུག་འདོད་ཡོད་ཡོད་ཐམས་ཅད་འུར་ཞོག་རྒྱག་རྒྱུ་ཞིག་གཏན་ནས་མིན། འོན་ཀྱང་དེང་སྐབས་བོད་བཙན་བྱོལ་སྤྱི་ཚོགས་ནང་གང་དྲན་དྲན་བྱེད་བཞིན་པ་འདིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མ་ཤེས་པ་མིན་ནམ།

    Reply
  7. kunsal says:
    ལོ་ 15 སྔོན།

    རླངས་འཁོར་ཐོན་གསར་ཁ་ལོ་སྒྱུར་རྒྱུ་ན་གཞོན་རྣམས་བྱང་ཆ་ཆེ་ན་ཡང་། ལོ་མང་རྒྱ་ལམ་དུ་ཡར་རྒྱུག་མར་རྒྱུག་བྱས་པའི་ཉམས་མྱོང་དེ་ཙམ་མེད་སྟབས་གློག་དམར་པོར་ཡང་བཏང་ནས་ཉེས་པ་ཕོག་པ་མང་། དེ་བས་ཉམས་མྱོང་དགོས་པའང་ཤིན་ཏུ་གལ་ཆེ། ལྷག་པར་སྤྱི་ཚོགས་ག་འདྲ་ཞིག་གི་དབུ་ཁྲིད་ཡིན་རུང་དེའི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་མ་བྱུང་ན་ནང་ཁུལ་གྱི་ལས་དོན་ལའང་སྐད་སྒྱུར་དགོས་པ་བྱུང་ན་ཇི་ལྟར་ལས་དོན་བསྒྲུབ་ཐུབ། ཕྱིའི་ཆ་རྒྱེན་ཚང་བ་ཚོས་ཀྱང་ནང་གི་ཆ་རྐྱེན་ཚང་ཐབས་གནང་གལ།

    Reply
  8. ཕྱོགས་གླང། says:
    ལོ་ 15 སྔོན།

    བོད་དོན་བདེན་པའི་ཉི་མ་མྱུར་དུ་འཆར་བའི་རེ་བ་བྱུང་ཡང་། ད་སྤྲིན་པ་ནག་པོ་ཆེན་པོ་ཞིག་འཁོར་སོང་། ཨ་ཁ་ཁ། བོད་པའི་ལས་ངན་ད་ལྟ་ཡང་ཟད་ཡོད་ས་མ་རེད། དཀོན་མཆོག་གིས་མཁྱེན།

    Reply
  9. ཁྲག་མིག says:
    ལོ་ 15 སྔོན།

    བཟང་གི་ཨ་རོ་ལངས་ནོ་བཀའ་དྲིན་ཆེ་ཞུ་ཡ།
    ཐོབ་རྒྱུ་ད་དཀའ་རྒྱུ་རེད།

    Reply
  10. གདོང་ཕྲུག says:
    ལོ་ 15 སྔོན།

    ༽ སྟོང་ལོ་འདིའི་ནང་འཛམ་གླིང་ན་མདུན་བསྐྱོད་ཀྱི་མཚན་སྙན་བླ་ན་འབར་བའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་སློབ་གྲྭ་གཅིག་ནས་སློབ་མཐར་ཕྱིན་མཁན་ཞིག་ཡིན་པས་ཨ་རིས་མཚོན་པའི་རྒྱལ་སྤྱིའི་ཐོག་ཏུ་མཚན་མཐོང་དང་སྙན་གྲགས་གདེངས་འཇོག་རྣམས་གཞན་ལས་ཆེ་བ་ཡོད།

    Reply
  11. བཙན་པོའི་བུ། says:
    ལོ་ 15 སྔོན།

    གལ་ཏེ་རླངས་འཁོར་རྙིང་པ་གཏོང་མཁན་ཞིག་གིས་རླངས་འཁོར་གསར་པ་ཞིག་བཏང་བ་ཡིན་ན། རླངས་འཁོར་དེའི་མ་ལག་ཚང་མ་གསར་པ་ཡིན་སྟབས། ཁ་ལོ་བ་དེར་གཏོང་མི་བདེ་བ་དང་གཏོང་སྟངས་མི་ཤེས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་མ་ཟད། རླངས་འཁོར་དུ་འགྲུལ་བཞུད་བྱེད་མཁན་དག་ལ་ཡང་བསུན་པོ་དང་འཇིགས་སྣང་སྣ་ཚོགས་ཤིག་སྟེར་ངེས། རྒྱུ་མཚན་ནི་ཁོང་ཚོའི་ཚེ་སྲོག་ལ་ཉན་ཁ་ཡོད་པས་ཡིན། དེ་མིན་རླངས་འཁོར་གསར་པ་ཡིན་པ་གང་ཞིག་ལ་ཁ་ལོ་བ་ཡང་རླངས་འཁོར་དེར་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ། ཁ་ལོ་བ་དེས་རླངས་འཁོར་དེའི་ཤུགས་ཚད་དང་མཐུན་པའི་ཁ་ལོ་བ་བྱེད་ཐུབ་ལ། དེ་བཞིན་རླངས་འཁོར་གསར་པ་དེའི་བཞུད་ལམ་ཡང་ན་ནོར་བ་ཞིག་འདེམས་ངེས། ལྷག་པར་དུ་རླངས་འཁོར་དེའི་ནང་དུ་འགྲུལ་བཞུད་པ་དེ་དག་གི་བློ་ཡང་བདེ་ལ་སེམས་ཀྱང་སྐྱིད། རྒྱུ་མཚན་ནི། ཁ་ལོ་བ་དེས་རླངས་འཁོར་གསར་པ་དེ་གཏོང་སྟངས་ཤེས་པ་མ་ཟད་འགྲུལ་པ་དག་གི་ཚེ་སྲོག་ལ་ཡང་ཉན་ཁ་མེད་པས་ཡིན། འདི་ནི་དཔེ་མཚོན་ཙམ་ལས་སྐྱོན་བརྗོད་བྱས་པ་མིན།

    Reply
  12. བཙན་པོའི་བུ། says:
    ལོ་ 15 སྔོན།

    གལ་ཏེ་རླངས་འཁོར་རྙིང་པ་གཏོང་མཁན་ཞིག་གིས་རླངས་འཁོར་གསར་པ་ཞིག་བཏང་བ་ཡིན་ན། རླངས་འཁོར་དེའི་མ་ལག་ཚང་མ་གསར་པ་ཡིན་སྟབས། ཁ་ལོ་བ་དེར་གཏོང་མི་བདེ་བ་དང་གཏོང་སྟངས་མི་ཤེས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་མ་ཟད། རླངས་འཁོར་དུ་འགྲུལ་བཞུད་བྱེད་མཁན་དག་ལ་ཡང་བསུན་པོ་དང་འཇིགས་སྣང་སྣ་ཚོགས་ཤིག་སྟེར་ངེས། རྒྱུ་མཚན་ནི་ཁོང་ཚོའི་ཚེ་སྲོག་ལ་ཉན་ཁ་ཡོད་པས་ཡིན། དེ་མིན་རླངས་འཁོར་གསར་པ་ཡིན་པ་གང་ཞིག་ལ་ཁ་ལོ་བ་ཡང་རླངས་འཁོར་དེར་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ། ཁ་ལོ་བ་དེས་རླངས་འཁོར་དེའི་ཤུགས་ཚད་དང་མཐུན་པའི་ཁ་ལོ་བ་བྱེད་ཐུབ་ལ། དེ་བཞིན་རླངས་འཁོར་གསར་པ་དེའི་བཞུད་ལམ་ཡང་ན་ནོར་བ་ཞིག་འདེམས་ངེས། ལྷག་པར་དུ་རླངས་འཁོར་དེའི་ནང་དུ་འགྲུལ་བཞུད་པ་དེ་དག་གི་བློ་ཡང་བདེ་ལ་སེམས་ཀྱང་སྐྱིད། རྒྱུ་མཚན་ནི། ཁ་ལོ་བ་དེས་རླངས་འཁོར་གསར་པ་དེ་གཏོང་སྟངས་ཤེས་པ་མ་ཟད་འགྲུལ་པ་དག་གི་ཚེ་སྲོག་ལ་ཡང་ཉན་ཁ་མེད་པས་ཡིན། འདི་ནི་དཔེ་མཚོན་ཙམ་ལས་སྐྱོན་བརྗོད་བྱས་པ་མིན།

    Reply
  13. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    ད་ངོ་མ་མང་གི་ཡ། བཙན་བྱོལ་གཞུང་གི་འོས་ཤོག་ཁ་འཐོར་དགུ་འཐོར་དུ་འགྱུར་ས་རེད། འོས་ཤོག་གི་ཚད་གཞི་ལོངས་དགོས་ན་རྒྱན་དཀྲུགས་པ་ལས་ཐབས་ཡོད་ས་མ་རེད།

    Reply
  14. lobsang says:
    ལོ་ 15 སྔོན།

    ང་ཚོས་རྒན་རབས་དང་གཞོན་རབས་རྩོད་དགོས་དོན་མེད། མི་འགྱང་བར་བློ་བཟང་སེང་གེའི་ཟིལ་རྔམས་དང་། སྙིང་སྟོབས། ཁྱད་ཡོན་སོགས་མཐོང་ལ་ཉེ་དེ་དུས་ལྟ་ཆོག ཁྱེད་ཚོའི་སྐད་ཆའི་རྒྱབ་ལོག་ན་གཅིག་རང་གཅིག་ཡོད་པ་ནི་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་མི་ཡོང་བ་དང། འཐོར་ཞིག་འགྲོ་རྒྱུའི་དམིགས་ཡུལ་གཅིག་རང་གཅིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན། ཡིན་ན་ཡང་ད་དུང་བློ་བཟང་སེང་གེ་སྟོད་རྒྱུ་མ་སྔ།

    Reply
  15. བརྩེ་ཀུན་ཁྱབ། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུ་ལགས་རང་ཉིད་ཀྱིས་རང་ཉིད་བཀའ་ཁྲིའི་འོས་ཤོག་ལ་འདེམས་པ་ངོ་མཚར་ཆེ། ཡིན་ན་ཡང་ངས་ལྟས་ཚོད་ལ་སྔོ་མོ་ནས་རླང་འཁོར་གཏོང་མཁན་རྙིང་པ་ཞིག་ཡིན་ན་ཡང་ནད་རྙིང་ཡོད་མཁན་ཞིག་ཡིན་པ་མ་ཟད་ད་དུང་ར་བཟི་བའི་རྒན་འཁོགས་ཞིག་གི་ལག་དུ་ཤོར་ན་ད་ང་ཚོའི་རླང་འཁོར་འདི་ལ་ལམ་འགྲོ་དེ་བས་ཀྱང་ཡོད་རྒྱུ་མ་རེད། དཔེར་ན་སྐུ་ཉིད་ལྟ་བུ་རེད།

    Reply
  16. སོག་ནག་ཚང་། says:
    ལོ་ 15 སྔོན།

    བཀུར་འོས་བོད་མི་དམངས་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས། མི་ལོ་བཅོ་ལྔ་ཉི་ཤུའི་རིང་ལ་རླངས་འཁོར་བཏང་བའི་ཉམས་མྱོང་ཡོད་མཁན་གྱི་མི་རྒན་དེ་ཚོ་དེའི་དུས་སྐབས་ཀྱི་རླངས་འཁོར་རྙིང་གོག་དེ་ཚོ་བཏང་བའི་ཉམས་མྱོང་ཡོད་དུ་ཆུག་ཀྱང་། དེང་རབས་འཕྲུལ་གསར་དུས་སྐབས་ཀྱི་རླངས་འཁོར་གསར་བ་དག་ནི་སྔོན་མའི་རླངས་འཁོར་གོག་ཧྲུལ་དེ་ཚོའི་གཏོང་སྟངས་དང་མི་འདྲ་བར། དེང་རབས་ཀྱི་རླངས་འཁོར་གསར་བ་དག་གཏོང་བ་ལ་དེང་དུས་ཀྱི་ཉམས་མྱོང་གིས་ཕྱུག་པའི་མི་རབས་གསར་བ་ཚོའི་རྣམ་དཔྱོད་དང་སྙིང་སྟོབས་ལ་བརྟེན་ནས་ཚད་ལྡན་གྱི་རླངས་འཁོར་གཏོང་དགོས་པ་ལས། བསྐལ་བ་ཡ་ཐོག་གི་རླངས་འཁོར་རྙིང་ཧྲུལ་དེ་ཚོ་དང་དེ་དག་གཏོང་མཁན་གྱི་མི་རྒན་ཟུངས་ཟད་དེ་ཚོའི་དུས་ཚོད་ཡོལ་ཚར་བ་རེད། སྐུ་ཉིད་ཀྱང་དེའི་གྲས་ཀྱི་གཅིག་ཡིན་པས་འཕྲུལ་གསར་གྱི་བཞེངས་པའི་ང་ཚོའི་རླངས་འཁོར་གསར་བ་འདི་ཁྱེད་དང་ཁྱེད་འདྲ་བ་ཞིག་གིས་གཏོང་ཐུབ་པའི་ཡིད་ཆེས་གཏན་ནས་མེད།
    ལྷག་པར་སྐུ་ཉིད་ནས་ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་གནང་སྐབས། ཁྱེད་ཀྱིས་ཚིག་ཐག་ཆོད་པོའི་ངང་ནས་དེང་སང་བཀའ་ཁྲིའི་འོས་གཞིར་ལངས་པའི་མི་འདི་ཚོའི་གྲས་ན་བཀའ་ཁྲིར་འོས་བའི་མི་རྐང་གཅིག་ཀྱང་མི་འདུག ཅེས་རྒྱུགས་པ་ལེབ་བརྡུང་གིས་ཚུལ་ཏུ་གཞོན་རབས་ཚོ་གཙོ་བྱས་པའི་མི་བུ་མང་དག་ཅིག་ནི་གང་ཡང་མི་འཇོན་ཞིང་ཅི་ཡང་མི་ཐུབ་པས་ཁྱུ་ཚོགས་ཤིག་ཏུ་ངོས་འཛིན་གྱིས་གཏམ་བཤད་རྫིག་པོ་ཞིག་གནང་ནས་ཉིན་གཅིག་ལས་མ་འགོར་བར། ཁྱེད་རང་བཀའ་ཁྲིའི་འོས་གཞིར་ལངས་རྒྱུའི་རྨི་ལམ་སྐྱིད་པོ་ཞིག་རྨིས་འདུག རྨི་ལམ་འདིའི་རྒྱབ་ལྗོངས་ན་བཙལ་བྱོལ་ནང་དུ་ང་གཅིག་བུ་ལས་བཀའ་ཁྲིར་འོས་པ་མི་འདུག་ཅེས་པའི་བརྡ་དོན་ཡིན་ཡང་། རླངས་འཁོར་རྙིང་གོག་དེ་ལོ་ངོ་༣༠རིང་གར་ས་གང་དུ་ཐེངས་མང་བརྡབ་མྱོང་ཡོད་པའི་ཁ་ལོ་བ་རྒན་ཁོག་ཁྱེད་ལྟ་བུས་ད་དུང་ཨུ་ཚུགས་ཀྱིས་རླངས་འཁོར་གསར་བ་གཏོང་འདོད་ཀྱི་རྨི་ལམ་དེ་གང་ནས་བྱུང་།

    Reply
  17. kunsal says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུ་ལགས་བཀའ་ཁྲིའི་འོས་མིར་བཞེངས་པར་བཀྲ་ཤིས་བདེ་ལེགས་ཞུ། ཇི་ཙམ་འོས་མི་མང་ཡང་ལེགས་བའི་རང་བཞིན་རེད། གཙོ་བོ་རྒྱ་ཆེའི་མི་མང་གི་རྒྱབ་སྐྱོར་ལ་རག་ལུས་པ་རེད། ད་ལྟའི་ཕྱི་སྡོད་བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་དུས་དང་གཏན་ནས་མི་འདྲ་བའི་ཤེས་ཡོན་གང་ཙམ་ཡོད་པ་ཕལ་ཆེ་བ་ཡིན་པས་འཕྱུག་མི་སྲིད། དྲྭ་གྲོགས་འགའ་ཞིག་གིས་འོལ་ཚོད་ཀྱིས་འགྲེལ་བཤད་མང་པོ་གསུངས་འདུག ལྷག་པར་ཆོལ་ཁ་ཆོས་ལུགས་སྐོར་གསུངས་པ་དེ་ཏག་ཏག་ཅིག་མ་མཐོང་། ཚེ་བརྟན་ནོར་བུ་ལགས་ཀྱིས་ཉམས་མྱོང་ཡོད་མེད་སྐོར་གསུངས་པ་དོན་ལ་གནས་ཤིང་མང་ཚོགས་ནས་ཀྱང་ཉམས་མྱོང་ཡོད་པ་ཞིག་བཀའ་ཁྲིར་ཕེབས་ཐུབ་ན་བློ་བདེ་བ་བྱེད་པ་དངོས་ཡོད་གནས་སྟངས་རེད། དེས་ན་མཁྱེན་ཡོན་ཅན་གྱི་ན་གཞོན་ཚོས་ཀྱང་དྲུང་ཆེ་བཀའ་བློན་སྐུ་ཚབ་སྤྱི་འཐུས་སོགས་ཐེག་པ་རིམ་འཛེག་གནང་ནས་ཕེབས་ཐུབ་ན་དགེ་མཚན་ཆེ་སྙམ།།

    Reply
  18. ཇ་མ་ says:
    ལོ་ 15 སྔོན།

    དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས།
    ཁྱེད་རང་བཀའ་ཁྲིར་ལངས་པ་ལས་མར་བབས་ན་ཡག་གི་འདུག གང་ལ་ཟེར་ན། ཁྱོད་ཀྱི་གོང་གི་དཔེ་བཞིན་རླང་འཁོར་དེ་ཁྱོད་ཀྱིས་བཏང་ན་ཉེན་ཁ་འདུག ཁྱོད་ལོ་ན་མཐོ་བ་དང་གཅིག བོད་ཀྱི་རླང་འཁོར་རྙིང་པ་ཡིན་པ་དང་གཉིས་སོ།།
    གཙོ་བོ་མི་རང་གི་ཤེས་ཡོན་འགྱོན་ཐང་ལ་རགས་ལས་པ་ལས་མཉམ་མྱོང་དང་ཁྱིམ་རྒྱུད། དཔུང་ཤུགས་དང་དཔོན་རྒྱུད་སོགས་ཕན་ཐོག་མེད། དཔེར་ན་ཨོ་པ་མ་བཞིན་ནོ།།

    Reply
  19. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུའི་བཀའ་ཁྲི་ཡོང་མདོག་ཁ་པོ་ཞིག་ཁྱོན་ནས་མི་འདུག
    འོན་ཀྱང་ཁོང་གིས་བཤད་པ་བཞིན་བློ་བཟང་སེང་གེ་ལྟ་བུ་ཞིག་བཀའ་ཁྲིར་བཞག་པ་ཡིན་ན། དཔེ་མཚོན་ལོ་ངོ་གཅིག་གཉིས་ནང་ཉམས་དམས་སུ་གྱུར་བའི་སྲིད་འཛིན་ཨོ་བྷ་མ་དང་གཅིག་མཚུངས་རེད་

    Reply
  20. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུ་བཀའ་ཁྲིར་ལངས་པ་འདི་་་་་ བློ་བཟང་སེངྒེ་དང་སྤེན་པ་ཚེ་རིང་གཉིས་ལ་རེ་བ་བྱེད་མཁན་ཚོར་མཚོན་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད། ཚེ་བརྟན་ནོར་བུས་གོང་དུ་སྐད་ཆ་ཇི་ལྟར་བཤད་ཡོད་ཀྱང་རུང་། ཁོ་རང་བཀའ་ཁྲིར་ལངས་པ་ཙམ་གྱིས་བློ་སེང་དང་སྤེན་ཚེ་གཉིས་ལ་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

    བཀའ་ཁྲི་དང་སྤྱི་འཐུས་སོགས་སུ་འདྲ་ཞིག་ཡིན་རུང་། འོས་བླུགས་མཁན་ཚོས་རང་རང་གི་འདོད་མོས་ཡོད་པའི་མི་ཞིག་འདེམས་ངེས་པ་དང་། དེ་ནི་མང་གཙོའི་ཁེ་དབང་ངོ་མ་དེ་རེད། འདི་མང་གཙོའི་འགྲོ་སྟངས་རེད། དེ་བས། སུ་ལ་འོས་བླུག་མིན་དེ་དོ་བདག་རང་ངོས་ནས་ཐག་གིས་གཅོད་དགོས་པ་དང་། དེ་ལ་གཞན་གྱིས་་་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་སོགས་སུ་བསྙད་ན་བསྙད་མཁན་རང་ཉིད་ལ་མང་གཙོའི་གོ་རྟོགས་ཆུང་བའི་རྟགས་སུ་འགྱུར་རྒྱུ་རེད། འདི་གསལ་བཤད་ཙམ་ཡིན།

    ད་དེ་ནས། ད་ལྟའི་བར་དུ་ཆོལ་ཁའི་ཕྱོགས་ནས་བཤད་ན། དབུས་གཙང་གི་ཁུངས་ནས་བཀའ་ཁྲིར་ལངས་མཁན་བཀྲས་མཐོང་དང་ཕུར་བུ་རྡོ་རྗེ་གཉིས་ལས་མེད་པ་དང་། དབུས་གཙང་གི་མི་འབོར་ནི་བཙན་བྱོལ་ནང་གི་མི་འབོར་ཆེ་ཤོས་རེད། འོས་མི་ཁོ་གཉིས་ལས་བཀྲས་མཐོང་ལ་ཕྱོགས་གང་ནས་བལྟས་ཀྱང་བཀའ་ཁྲིའི་འོས་བབ་དེ་ཡོད་པ་དང་། མི་མང་གིས་ཀྱང་ཁོ་ལ་བལྟས་ནས་བསྡད་ཡོད་པ་རེད།

    དེ་ནས་མདོ་སྟོད་ནས་འོས་མི་བཞི་ཙམ་ཡོད་པ་སྟེ། བློ་བཟང་སེངྒེ་དང་། རྒྱ་རི་སྒྲོལ་མ། བློ་བཟང་སྦྱིན་པ། རྟ་བོ་བློ་བཟང་དཔལ་ལྡན་སོགས་རེད། མདོ་སྟོད་ཀྱི་མི་འབོར་ནི་བཙན་བྱོལ་ནང་གི་མི་འབོར་ཨང་གཉིས་པ་དེ་རེད། བློ་བཟང་སེངྒེ་ལ་ཆོལ་ཁ་གསུམ་གྱི་གཞོན་སྐྱེས་མང་དག་ཅིག་གིས་རྒྱབ་སྐྱོར་ཡོད་པ་མོད། རང་ཉིད་གཏོགས་པའི་ཆོལ་ཁའི་ནང་གི་འོས་ཤོག་ནི་འདི་ལྟར་མི་བཞི་ཙམ་ལ་ཁ་འཐོར་ཡོད་པ་རེད།

    དེ་ནས་མདོ་སྨད་ཀྱི་ཁུངས་ནས་སྤེན་པ་ཚེ་རིང་གཅིག་བུ་རེད། འོན་ཀྱང་བཙན་བྱོལ་ནང་གི་མི་འབོར་ཉུང་ཤོས་ཀྱང་མདོ་སྨད་རེད། དེ་ལྟར་ཡང་སྤེན་པ་ཚེ་རིང་གིས་ལོ་མང་རིང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དུ་ལས་ཀ་བྱས་རིང་ཆོལ་ཁ་གསུམ་གྱི་གཞོན་སྐྱེས་མང་དག་གི་བརྒྱུད་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་མ་ཟད། སྤྱི་འཐུས་དང་སྤྱི་ཐུས་ཚོགས་གཙོ་སོགས་ཀྱི་འགན་འཁུར་མྱོང་བས་སྤྱི་ཚོགས་ཁྱོན་དུ་ཡང་བག་ཆགས་ཡག་པོ་ཡོད་པ་རེད།

    ད་ཆ་འོས་གཞིར་ལངས་མཁན་ག་ཚོད་ཡོད་རུང་། དེ་དག་ལས་ཆེས་འབུར་དུ་ཐོན་པ་གསུམ་རང་ཡོད་པ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བློ་བཟང་སེངྒེ་། སྤེན་པ་ཚེ་རིང་གསུམ་པོ་རེད།

    ཚེ་བརྟན་ནོར་བུ་བཀའ་ཁྲིར་ལངས་པ་འདིས་་་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་འོས་ཤོག་ཁ་འཐོར་གཏོང་ངེས་པ་དང་། དེས་བློ་སེང་དང་སྤེན་ཚེ་གཉིས་ལ་ཐད་ཀར་མ་ཡིན་པའི་སྒོ་ནས་རྒྱབ་སྐྱོར་བྱས་པ་རེད།

    བཀྲ་ཤིས་དབང་འདུས་ལགས་དབུས་གཙང་ཡིན་ཚེ་དེ་བས་ཀྱང་བཀྲས་མཐོང་གི་འོས་ཤོག་ཁ་གཏོང་བ་དང་། གལ་སྲིད་བཀྲ་ཤིས་དབང་འདུས་ལགས་མདོ་སྟོད་ནས་ཡིན་ན་ཡང་བློ་བཟང་སེངྒེའི་འོས་ཤོག་ལ་ཉམས་ཉེས་འབྱུང་གི་རེད།

    འདི་ནི་སྤྱིར་བཏང་གི་ཚོད་དཔག་ཙམ་ཡིན། ང་རང་ཉིད་ཀྱི་འདོད་མོས་ནི་་་་་ བཀྲས་མཐོང་དང་། སྤེན་ཚེ། བློ་སེང་གསུམ་པོ་གང་རུང་ཞིག་ཡིན་ལ། ཁོང་གསུམ་ལས་སུར་ཐོབ་ཀྱང་གཞན་གཉིས་བཀའ་བློན་ལས་རོགས་སུ་བླངས་པ་ཡིན་ན་དེ་ནི་སྤྱི་དོན་ལ་སྨན་པའི་ལས་སུ་མཐོང་གིན་ཡོད། དེ་ཙམ་ཡིན།

    Reply
  21. དཔོན་སྟེང་འཕྲིན་དོན། says:
    ལོ་ 15 སྔོན།

    དཔེ་མཚོན་སྙན། དོགས་པ་ཡང་ཆེ། ད་དུང་མི་རབས་གསར་པ་བཞག་ནས་རྙིང་པ་རྐྱང་རྐྱང་ལུ་གུ་བརྒྱུད་འབྲེལ་གྱིས་རྙིང་དྲི་ཁ་བཅུག་ཡག་རེད་འདུག་། འཚང་ཀ་མ་རྒྱག་ད་ནི་འགྲིག་སོང། ང་ཚོའི་སེམས་པ་དཀྲུགས་མི་ཐུབ། ང་ནི་རྟག་ཏུ་འགྱུར་བ་མེད་པར་དཀའ་སྡུག་ཁྲོད་ནས་གཟི་བརྗིད་འབར་བའི་བོད་ཀྱི་ཨོ་བྷ་མ་མཁས་དབང་བློ་བཟང་སེང་གེ་ལགས་ཡིན།།། བློ་བཟང་སེང་གེ་ལགས་རྒྱལ་གྱུར་ཅིག།།།

    Reply
  22. གླག་སྨྱོན། says:
    ལོ་ 15 སྔོན།

    མཐའ་སྟུགས་ནས་བཤད་ན་ཆབ་སྲིད་པ་དེ་ཚོས་བོད་དོན་འདི་རྩེད་མོ་རྩེ་སྤྱད་ཞིག་བྱེད་ཀྱིན་པའི་ཚོར་སྣང་ཞིག་རང་ཤུགས་ཀྱིས་སྤྲད་ཀྱིན་འདུག

    Reply
  23. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གཞེན་སྐུལ་ཞུ་རྒྱུར། དྲ་གྲོགས་ལྷོ་ཕྲུག་སྣ་བོ་ཆེའི་གསུངས་པ་ལྟར་རེད། ངོ་མ་ཆབ་སྲིད་པའི་སྐད་ཆ་དེ་ཚོ་སྣང་གནས་མཐུན་པ་ཞིག་རྩ་བ་ནས་མི་འདུག ང་ཚོ་རྒྱ་ཆེ་མི་མང་རྣམས་ཀྱིས་ཆབ་སྲིད་ཀྱི་གཡོ་བྱུས་སུ་མ་ཚུད་པར་དངོས་ཤུགས་བརྒྱུད་གསུམ་གྱིས་རྟག་དཔྱད་ནན་པོ་གནང་སྟེ་འདེམས་སྒྲུག་བྱ་རྒྱུ་གལ་ཆེ།
    མཇུག་ཏུ་བསམ་ཚུལ་ཞུ་རྒྱུར། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་མི་རབས་གསར་པ་ཞིག་ལ་བཀའ་བློན་ཁྲི་པའི་ཐུགས་འགན་དེ་ལྟ་ཚོད་ཅིག་གནང་ཐུབ་ན་ཡག་པོ་འདུག འབྱུང་འགྱུར་རྒན་རབས་པ་རྣམས་རིམ་གྱིས་བྱོན་ཏེ་གློ་བུར་དུ་གཞོན་སྐྱེས་ཚོར་འགན་དེ་བསླེབ་ན་བློ་ཡུལ་ལས་འདས་པའི་སྐུ་ངལ་འཕྲད་སྲིད།
    དེར་བརྟེན་མི་རབས་རྒན་པ་རྣམས་ཀྱིས་སློབ་སྟོན་འོག་མི་རབས་གསར་པ་ཞིག་བསྐོ་གཞག་གནང་ཐུབ་ན་ཡག་པོ་འདུག་སྙམ།།

    Reply
  24. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    ལོ་ངོ་བཅུ་ཕྲག་མང་པོར་སྔོན་གྱི་གྲོང་གསེབ་ནས་རླངས་འཁོར་བཏང་མྱོང་བ་རྒྱུ་མཚན་དུ་བྱས་ནས། དེང་གི་གྲོང་ཁྱེར་གསར་བའི་རླངས་འཁོར་གྱི་ཁ་ལོ་བ་བྱས་ན། བསླེབ་དགོས་སར་མ་ཐོན་པའི་གོང་དུ། ཚང་མ་སྡེབ་གཅིག་ལ་ཁ་ལོ་སྒོར་བར་དོགས་པ་དེ་བས་ཆེ། ཐུགས་གཟབ་ཞིབ་མོ་གནང་རོགས།
    གུས་ཁྱེད་ལ་རྒྱུས་མེད་ཀྱང་ཁྱེད་ཀྱིས་གསུང་བའི་ཚིག་གིས་ཚོར་བ་བཟང་པོ་ཞིག་གནང་མ་སོང་བས་འདི་ལྟར་འབྲི་ཤོར་སོང་། དགོངས་དག་ཞུ།

    Reply
  25. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུ་ལགས་བཀའ་ཁྲི་འོས་ལངས་པ་ཡག་པོ་རེད་། ཡིན་ཡང་ང་ཚང་མི་རབས་གསར་པ་རྣམས་ལ་དགོས་པའི་བཀའ་ཁྲི་ནི་བློ་བཟང་སེང་གེ་ལྟ་བུ་ཞིག་དགོས་།

    བློ་གྲོས་མཐའ་ཡས་ནས་

    བློ་བཟང་སེང་གེ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ན་བཀའ་ཁྲིའི་འོས་གཞི་གཞན་རྣམས་ལ་མེད་པའི་ཁྱད་ཆོས་གང་མང་ཞིག་ཡོད། &nb sp; དཔེར་མཚོན་ཁ་ཤས་ཤིག་བཀོད་ན།

    ༡༽ སྟོང་ལོ་འདིའི་ནང་འཛམ་གླིང་ན་མདུན་བསྐྱོད་ཀྱི་མཚན་སྙན་བླ་ན་འབར་བའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་སློབ་གྲྭ་གཅིག་ནས་སློབ་མཐར་ཕྱིན་མཁན་ཞིག་ཡིན་པས་ཨ་རིས་མཚོན་པའི་རྒྱལ་སྤྱིའི་ཐོག་ཏུ་མཚན་མཐོང་དང་སྙན་གྲགས་གདེངས་འཇོག་རྣམས་གཞན་ལས་ཆེ་བ་ཡོད།

    ༢༽ རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་འདི་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་སྐུ་དྲག་ཁག་ཅིག་གི་རྙོག་དྲ་ཡིན་པ་དང་། སྐུ་དྲག་དེ་ཚོ་ཞི་བར་གཟིམ་ཚར་ན་བོད་དོན་ཡང་ཞི་བར་གཟིམ་རྒྱུ་ཡིན་ཚུལ་ཤོད་བཞིན་པར་ཁ་ཆུ་འཐོར་བའི་འགྲམ་ལྕགས་ཆེན་པོ་ཞིག་རྒྱག་ཐུབ།

    ༣༽ རྒྱ་ནག་གཞུང་དང་བོད་ཕྱི་ནང་གང་སར་བཙན་བྱོལ་བོད་གཞུང་འདི་སྐུ་དྲག་གི་ཁྱིམ་ཚང་ཆེན་པོ་གསུམ་གྱིས་གྲུབ་པར་ངོས་འཛིན་བྱེད་བཞིན་པའི་བག་ཆགས་ངན་པ་དེ་གཙང་མར་བཀྲུ་ཐུབ།

    ༤༽ གལ་སྲིད་བློ་བཟང་སེང་གེ་ཕམ་ན་བོད་ཕྱི་ནང་གི་གཞོན་སྐྱེས་རྣམས་སེམས་ཤུགས་ཆགས་སྲིད་པ་དང་། བོད་དོན་ལ་དོ་སྣང་བྱེད་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། བློ་བཟང་སེང་གེ་བཀའ་ཁྲིར་སླེབ་ན་མི་རབས་གསར་བའི་གཞོན་སྐྱེས་ཚོའི་སེམས་ཤུགས་འཕར་ནས་བོད་དོན་ལ་སྔར་ལས་ལྷག་མེད།

    Reply
  26. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    གང་ཟག་འདི་པའི་བཀའ་མོལ་དེ་ཧོབ་ཏེ་བལྟ་དུས་སྙན་མདོག་ཁ་པོ་ཞིག་ཡོད་ཀྱང་། བཤད་སྟངས་དང་བསམ་སྟངས་འདི་རིགས་ཀྱི་རྒྱབ་ལྗོངས་ལ་གཞིགས་པ་ཡིན་ན་ཉན་ཏེ་ཐོས་པ་ནང་བཞིན་ཞིག་གཏན་ནས་མེད།

    འདི་པས་ཉེ་སྔོན་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་ད་ལྟའི་བཀའ་ཁྲིའི་འོས་མིའི་ནང་བཀའ་ཁྲིའི་ཁྱད་ཆོས་ཚང་མཁན་ཞིག་ཅི་ཡང་མི་འདུག་ཅེས་བཤད། དོན་དངོས་དེ་ལྟར་ཨེ་ཡིན།

    ངའི་ངོ་ཤེས་ཡིག་རྨོངས་པའི་རྒན་མོ་ལོ་ངོ་གྱ་དྲུག་ཏུ་སོན་པ་ཞིག་གིས་ཀྱང་མི་རབས་གསར་པ་ཞིག་དང་གཞོན་སྐྱེས་གོ་ཆོད་ཅིག་ད་ལྟའི་བཀའ་ཁྲིའི་སྲིད་སྟེགས་སུ་བསླེབས་དགོས་པའི་གནད་འགག་དེ་ཤེས་ཀྱི་འདུག

    འོན་ཀྱང་མི་སྣ་འདིའི་རིགས་སུ་གཏོགས་པ་མང་དག་ཅིག་ད་དུང་ཡང་རྒན་རབས་པ་དང་། བགྲེས་སྲོང་བ། ལོ་ངོ་མང་པོར་གཞུང་ཞབས་བྱས་པའི་རྒྱུས་མྱོང་ཅན་ཟེར་བ་ལྟ་བུའི་ཐ་སྙད་དག་ཁ་ལ་འཁྱེར་ནས་སྤྱི་ཚོགས་ཁྲོད་ཐོན་བཞིན་ཡོད།

    ཁོང་ཚོའི་སྐད་ཆའི་རྒྱབ་ལོགས་ན་གཞན་གང་ཡང་མེད་དེ། གནས་ཚུལ་གཅིག་རང་ཡོད་པ་ནི་བློ་བཟང་སེང་གེའི་ཟིལ་རྔམས་དང་སྙིང་སྟོབས། ཁྱད་ཡོན་སོགས་ལ་མི་བཟོད་པའི་བློ་དོག་ཙམ་ཞིག་ཡིན།

    ད་ལྟ་སྐབས་གསུམ་པའི་བཀའ་ཁྲིའི་འོས་རི་འཐོར་ལུང་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དུས་ཚོད་འདིར་གཅིག་ཤོར་གཉིས་ཤོར་བྱས་ནས་ཐོན་མ་ཡོང་རོགས།
    ཁྱེད་ཅག་གིས་བསྒྲུབ་ཐུབ་པའི་ལས་དོན་གཞན་དག་མང་དག་འདུག
    སྐུ་མཁྱེན། སེམས་གཏིང་གི་རེ་བ་ཡིན།

    Reply
  27. སེར་ཆེན་ says:
    ལོ་ 15 སྔོན།

    བཀའ་ཁྲིར་ལངས་མཁན་མང་དྲག་སོང།ད་ཡིན་ན་ཆོག་ཁ་དང་ལུང་ཚན་སོགས་ཀྱི་རྙོག་དྲ་འབྱུང་མི་སྲིད་པ་མིན་པས་ཚང་མའི་ཡིད་གཟབ་གནང་དགོས།བདག་གི་བཀའ་ཁྲི་ནི་ནམ་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་ལས་གཞན་མ་འདས་སོ།

    Reply
  28. ཐུབ་བསྟན་ལེགས་བཤད། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུས་ཁ་སང་གྲོས་ཚོགས་ཀྱི་གླེང་སྟེགས་བེད་སྤྱད་ནས་བཀའ་ཁྲི་ཁྱབ་བསྒྲགས་བྱས་པ་དེར་ཚོགས་གཙོ་དེ་ཧ་ལས་སོང་ཟེར་ནས་མཇུག་བསྡོམས་གཏམ་བཤད་ནང་བཤད་སོང་། ད་ཉིན་ཤས་སྔོན་ཚོགས་གཙོ་གཞོན་པས་གྲོས་ཚོགས་ཀྱི་རྐུབ་བཀྱགས་བེད་སྤྱོད་བཏང་ནས་བཤད་དགོས་ཚད་བཤད། ཁ་སེང་ཚེ་བརྟན་ནོར་བུས་བེད་སྤྱོད་བཏང་། ད་དུང༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

    Reply
  29. ཕྱོགས་གླང། says:
    ལོ་ 15 སྔོན།

    ང་ཚོས་འདས་པའི་མི་ལོ་ལྔ་བཅུའི་རིང་གཞོན་སྐྱེས་ཚོ་ང་ཚོའི་མ་རྩའམ་སོན་རྩ་ཡིན་ཞེས་ང་ཚོ་ཚང་མས་བཤད་བསྡད་པ་ཙམ་དུ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་གཞུང་གིས་ཁོང་ཚོར་དམིགས་བསལ་བདག་གཅེས་དང་། ཤེས་ཡོན་གྱི་གོ་སྐབས་བསྐྲུན་རྒྱུ་སོགས་ལ་ཐུགས་འཁུར་ཆེན་པོ་བཞེད་པའི་བཀའ་དྲིན་དང་། གང་ཟག་སྒེར་སོ་སོས་འབད་བརྩོན་བྱས་པའི་གྲུབ་འབྲས་སུ་ད་ཆ་འཛམ་གླིང་རྒྱལ་ཁབ་གཞན་གྱི་ཤེས་ཡོན་པ་དང་དཔུང་པ་མཉམ་བཤིབས་ཐུབ་པའི་ང་ཚོའི་གཞོན་སྐྱེས་ལས་དོན་འཕེར་ངེས་མང་པོ་ཐོན་དང་། འདོན་བཞིན་པར་སོང་ཁོང་ཚོའི་གྲས་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་ཆེད་དུ་ལས་འགུལ་ནང་ཞུགས་འདོད་ཡོད་པ་ཚོ་བཀའ་སྤྱིའི་འོས་གཞིར་སླེབས་པ་ཡིན་གྱི་རེད། བྱས་ཙང་བཀའ་སྤྱིའི་འོས་གཞིར་ཆ་རྐྱེན་ཚང་བའི་སེར་སྐྱ་ཕོ་མོ་རྒན་གཞོན་སུ་ཡང་ཕེབས་འདོད་ཡོད་ན་རང་དབང་རེད་མ་གཏོགས་རྒན་པ་དགོས་ཡོད། གཞོན་པ་དགོས་ཡོད་ཅེས་རང་འདོད་ཨུ་ཚུགས་རྒྱབ་ནི་ཕན་ཐོག་ཨེ་ཡོད། མཐའ་མའི་ཐག་གཅོད་ནི་རྒྱ་ཆེའི་མང་ཚོགས་ཀྱིས་གནང་གི་རེད།

    Reply
  30. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཚེ་བརྟན་ནོར་བུ་ལགས་ད་དུང་ཡང་གང་མང་མང་ཡོང་རྒྱུ་རེ་བ་ཡོད།

    Reply
  31. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    སྐུ་ཉིད་བཀའ་བློན་ཁྲིའི་པའི་འོས་མིར་བཞེངས་པར་གུས་སེར་གཙང་འཇམ་དབྱངས་པས་
    ལག་གཉིས་ཀྱི་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀྲ་ཤིས་བདེ་ལེགས་ཞུ། དོན་ངོ་མ་ང་ཅག་བོད་པ་ཚང་གི་བཀའ་བློན་དེ་སུ་ཞིག་འོས་སམ་
    དཔེ་དོན་སྙན་པོ་འདུག་ཡིན་ཡང་དོག་པ་ཡོད།།

    Reply
  32. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཁོང་གིས་བཙན་བྱོལ་འདི་རླངས་འཁོར་རྙིང་བ་ཞིག་ལ་དཔེ་བཞག་པ་ཤིན་ཏུ་མ་ལེགས། གོང་དུ་དྲ་གྲོགས་ཤིག་གིས་གསུང་བ་བཞིན་བློ་བཟང་སེང་གེ་ལ་ཁ་ཐུག་གིས་མདའ་འཕངས་པ་མིན་ནའང་མི་ཕོག་པའི་ངེས་པ་མི་འདུག གྲོས་ཚོགས་ཀྱི་འཐུས་མི་རྙིང་བ་ཞིག་གིས་སྐད་ཆ་བཤད་མ་ཤེས་པ་ནི་ཡིན་མི་སྲིད།
    གང་ལྟར་སྐད་ཆ་དེ་ནི་ཅུང་ཐལ་དྲགས་སོང་།

    Reply
  33. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ད་ང་ཚོར་བཀའ་ཁྲིའི་འོས་མི་མང་བའི་སྐྱོན་འབྱུང་གི་འདུག རྒྱུ་མཚན་ཡོད་མེད་གང་ལྟར་མི་མང་བོ་ཞིག་བཀའ་ཁྲི་གཅིག་ལངས་གཉིས་ལངས་བྱས་ན། ཏན་ཏན་དཀའ་ངལ་ཞིག་ལ་འཕྲད་ངེས་རེད་སྙམ་ནས་བདག་ལ་སེམས་ཁྲལ་ཏོག་ཙམ་འདུག སྐད་ཆ་འདི་ངས་ཚེ་བརྟན་ནོར་བུ་ལ་བཤད་པ་མིན།

    བཀའ་ཁྲི་གཅིག་ལངས་གཉིས་ལངས་ཀྱི་རྣམ་པ་འདི་ཕྱོགས་གཅིག་ནས་བཟང་ལས་ངན་དུ་མི་འགྱུར་བ་ཡིན་སྲིད་ཀྱང་། འོས་མི་འོས་ཚང་མ་ལངས་ན། འདིའི་རྗེས་སུ་ཆོས་བརྒྱུད་ཆོས་ལུགས་དང་ཆོལ་ཁ་ལུང་ཚན་གྱི་ཆུ་མཛོད་ཁ་ཤོར་རྒྱུའི་ཉེན་ཁ་ཞིག་མཐོང་གི་འདུག འདི་བསམ་བློ་མང་བོ་བཏང་བའི་སྐད་ཆ་ཞིག་ཡིན།

    བཙན་བྱོལ་ནང་གི་མི་ཁ་ཤས་ཤིག་གི་དབུ་ཁྲིད་ཅིག་བྱེད་རྒྱུར་དགའ་མདོག་ལ་ཨང་།

    Reply
  34. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་དཔེ་སྙན་པོ་ཞིག་རེད།་ དོན་ལ་ཡང་མཐུན་གྱིན་འདུག
    ཡག་པོ་འདུག ཁོང་གིས་འདས་མ་ད་གསུམ་ཅི་འདྲ་ཞིག་ཡིན་ནམ

    Reply
  35. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    ཚེ་བརྟན་ནོར་བུའི་མི་ཚེའི་ལོ་རྒྱུས་དང་། ཁོང་གི་རང་རེའི་སྤྱི་ཚོགས་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས་ཀྱང་མིག་ཡོད་ཀྱི་རི་ལ་བལྟས་པ་ལྟར་གསལ་གསལ་ཐིང་ཐིང་མཐོང་ཐུབ་པ་ཞིག དཔེར་ན། ༼ད་ལྟ་རླངས་འཁོར་འདི་གཏོང་མཁན་གྱི་མི་རབས་རྒན་པ་དང་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་མང་བོ་ཕྱིར་འཐེན་བྱས་པ་དང་། རླངས་འཁོར་གཏོང་སྦྱོང་ཙམ་བྱས་པ་ལས་བཏང་བའི་ཉམས་མྱོང་མེད་མཁན་དེ་ལྟ་བུར་འོས་བླུགས་ཚེ་ང་ཚོ་བསླེབ་དགོས་སར་མ་ཐོན་པའི་གོང་དུ། ཚང་མ་སྡེབ་གཅིག་ལ་ཁ་ལོ་སྒོར་བར་དོགས་པས་ཡིན༽ ཟེར་བ་འདིས་ཅི་ཞིག་སྟོན་ཁུལ་བྱས་པ་རེད་ཟེར་ན། བློ་བཟང་སེང་གེ་བཀའ་ཁྲིར་འོས་བླུག་རྒྱུ་ཡོད་པ་མ་རེད་ཅེས་བརྗོད་ཡོད་པ་དང་། དངོས་གནས་རིགས་པ་རྒྱུ་མཚན་ལྡན་ན་དེ་ལྟར་བརྗོད་ཀྱང་མ་ཆོག་པ་གང་མི་འདུག་མོད། འདི་ལས་ཚོར་ཐུབ་པ་ནི་བློ་སེང་བཀའ་ཁྲིར་སླེབས་ན་མི་དགའ་བའི་ཁོག་དོགས་བློ་ཆུང་གི་སྣང་ཚུལ་ཞིག་ལས་ཅི་ཡང་མཐོང་མི་ཐུབ། བསྟན་ཀྱང་མེད། ཁག་བཞག་ས་ཉག་གཅིག་ཡོད་པ་ནི་ཡུན་རིང་ལས་ཀ་ལས་པའི་ཉམས་མྱོང་མེད་པ་ཟེར་བ་ཙམ་རེད། ལོ་སུམ་ཅུར་ལས་ཀ་བྱས་པའི་ཅི་ཕན། སྔར་གྱི་བྱུང་རབས་ནང་ཚེ་བརྟན་ནོར་བུས་ལས་ཀ་ཅི་བྱས་གསལ་བོར་ཤེས་པ་མ་ཟད། ཚོགས་ཆུང་ཁག་བགོས་ཀྱི་ལས་འགན་ནང་ཁོ་རང་ཞུགས་པའི་མཇུག་འབྲས་དང་། གྲུབ་དོན་མང་པོ་ཞིག་ཀྱང་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། འདི་ལྟར་མདོག་ངན་ཞིང་བྱེད་སྟངས་རྡུགས་པ་འདི་འདྲ་བྱས་ན། དྲ་ལམ་ཙམ་མིན་པར་སྤྱི་ཚོགས་ཁྱོན་དུ་ནུས་མེད་ཁོག་ཆུང་གི་མི་འདི་ཚོའི་བྱ་སྤྱོད་རེ་རེ་བཞིན་གསལ་བསྒྲགས་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ལ་དོན་དངོས་ཀྱི་གསར་བརྗེ་མི་སློང་ཐབས་མེད་ཡིན་སྟབས། ད་ནས་བཟུང་གཞན་ལ་ཁོག་ཆུང་བྱེད་པའི་ལས་ངན་རྡུགས་པོ་འདི་འདྲ་མ་བྱས་ན་བཟང་སྙམ། རྒྱུ་མཚན་ནི་རང་ཅག་ད་ལྟ་ཉེན་ཁའི་གནས་སུ་ལྷཧུང་ཡོད་སྟབས། ལུང་ཚན་གྱི་དབྱེ་འབྱེད་སྡུག་ཐུག་པོ་དེ་འདྲ་མི་བྱེད་པར། ཚང་མས་ ་་བོད་་་་་་་་ཅེས་པའི་ཚིག་འདི་ལ་གཅེས་སེམས་སྤུངས་དགོས་པས་སོ། །

    Reply
  36. རྐང་གསུམ། says:
    ལོ་ 15 སྔོན།

    ཁྱེད་ཉིད་བཀའ་ཁྲིའི་འོས་འདེམ་ཁྲོད་ཡར་བཞེང་བ་ལ་བཀྲ་ཤིས་བདེ་ལགས་ཡོད། དེ་མིན་སྐུ་ཉིད་ཀྱི་དཔེ་འཇོག་གི་ཐོག་ནས་སྐད་ཆ་ཡང་ཡག་པོ་ཞིག་བཤད་འདུག་་་་་་་་་་ཁྱེད་ལ་དགའ་བསུ་ཡོད། བཀྲ་ཤིས་བདེ་ལགས།

    Reply
  37. དྲ་འབུ་ནག་པོ། says:
    ལོ་ 15 སྔོན།

    ཡང་བཀའ་བློན་ཞིག་སླེབས་ཐལ། ངོ་མ་མི་བུ་སུ་འདྲ་ཞིག་ང་ཚོའི་བཀའ་བློན་ཁྲི་བར་འོས་སམ། མང་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese