མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་ཚོཊ་ཆེན་གླེང་བ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གླེང་བ།

ཁང་གསར་རྡོ་རྗེ།

༅༅།། ༢༠༠༨ ལོར་བཅའ་ཁྲིམས་དགོངས་དོན་གྱི་དམིགས་བསལ་ཚོགས་ཆེན་དང་པོ་དེ་འཚོགས། དེ་ནི་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་འཚོགས་པ་ཞིག་རེད། ཚོགས་འདུ་མ་འཚོགས་གོང་། བཀའ་ཤག་གིས། ཚོགས་འདུ་འདི་ནི་བསམ་འཆར་བསྡུ་ལེན་ཙམ་ལས་སྲིད་ཇུས་ལ་འགྱུར་བ་གཏོང་བའི་ཚོགས་འདུ་མིན་ཞེས་བསྒྲགས། དམིགས་བསལ་ཚོགས་ཆེན་གྱིས་སླར་ཡང་། ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འགྲོ་རྒྱུའི་སྤྱི་མོས་རྒྱབ་གཉེར་བྱེད་སྐབས། བཀའ་ཤག་གིས་ཚོགས་ཆེན་དེའི་རྒྱབ་གཉེར་དེ་ཧ་ཅང་གིས་ཤུགས་ཆེན་པོས་གླེང་འགོ་ཚུགས། གླེང་སྟངས་ལ་བལྟས་ན། དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་དེ་ཆེས་མཐོ་བའི་གྲོས་ཆོད་ཅིག་ཏུ་བརྩིས་པ་ལྟ་བུར་མངོན།

 

ང་ལ་མཚོན་ན། དམིགས་བསལ་ཚོགས་ཆེན་དང་པོ་དེས། གནད་དོན་གཉིས་གསལ་བཤད་བྱས། དེ་ཡང་ ༡༽ བོད་མི་ཚོས་ཀླད་པ་ག་ཚོད་དཀྲུག་ནའང་ད་ལྟའི་ཆར་ཡེ་ཤེས་དབྱིངས་དཔྱད་ལས་ལྷག་པའི་ལམ་གཞན་ཞིག་གི་ཐོག་ཏུ་འབབ་ཐུབ་ཐབས་མེད་པ་དང་། ༢༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཀྱི་སྐུ་ཚབ་ཡིན་ཡང་། འདིས་བོད་མི་དམངས་ཀྱི་སྐུ་ཚབ་བྱེད་ཐུབ་ཀི་མེད་པ་དེ་རེད། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས། ༸གོང་ས་མཆོག་གིས། དམིགས་བསལ་ཚོགས་ཆེན་འདྲ་བོ་ཞིག་ཡང་ཡང་འཚོགས་ན་ལེགས་པའི་ལམ་སྟོན་བསྩལ་ཅིང་། ལམ་སྟོན་བསྩལ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༦ ནས་ ༣༡ བར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་པོ་ཞེས་པ་འདི་སྐོང་འཚོགས་གནང་གི་ཡོད་རེད། ཡིན་ནའང་། ཚོགས་ཆེན་གྱི་ཚོགས་བཅར་བ་དང་གྲོས་གཞི། དུས་ཚོད། ངོ་བོ་སོགས་ལ་ཞིབ་ཏུ་བསམས་ན། འདིས་དམིགས་བསལ་ཕན་ཐོགས་དེ་ཙམ་ཡོང་བཟོ་མ་མངོན།

 

དང་པོ། ཐེངས་འདིའི་ཚོགས་བཅར་བ་ནི། བཙན་བྱོལ་བོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་དང་། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་ཁག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ་གཉིས་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཉིས་རེ། ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་དྲུག་རེ། བོད་སློབ་འཛིན་ཚོགས་དང། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་དང་སམ་བྷོ་ཊ་བཅས་ཀྱི་མདུན་ལམ་སློབ་སྟོན་པའི་སྐུ་ཚབ་རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ་གཉིས་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་ཁུར་ལས་འགུལ་སྤེལ་མཁན་དང། མཁས་དབང། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ཁུལ་ནས་གྲངས་༢༥ དེ་མིན་ནས་གྲངས་༢༥ བཅས་ཡིན་པ་རེད།

 

ཚོགས་བཅར་བའི་གནས་སྟངས་འདི་ལ་གཟིགས་ན། ཆེད་མངགས་ཡོང་མ་བཅུག་པ་དང་ཆེད་མངགས་ཡོང་བཅུག་པའི་རིགས་གཉིས་ཡོད། དེ་ཡང་ཆེད་མངགས་ཡོང་མ་བཅུག་པའི་རིགས་ནི། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཕྱི་རྒྱལ་དོན་གཅོད་ཁག བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གིས་དྲུང་ཆེས་མཚོན་པའི་གཞུང་ཞབས་དང་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། དགེ་ཆེ། བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན། སྨན་ཁང་ཁག་གི་འགན་འཛིན་སོགས་རེད། ཏག་ཏག་ཡོང་མ་བཅུག་པའི་མི་སྣ་འདི་དག་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་དོན་དངོས་ཀྱི་ཉམས་མྱོང་དང་ཤེས་ཚད། འཆར་སྣང་བཅས་ཆ་ཚང་ཡོད་པ་ཤ་སྟག་རེད་ལ། འཛིན་སྐྱོང་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་རིག་སོགས་གཞུང་འབྲེལ་ལས་དོན་ཅི་འདྲ་ཞིག་ཡིན་ཡང་དངོས་སུ་ལག་བསྟར་གྱི་དབང་ལྡན་མི་སྣ་དང་ལས་དོན་ལེགས་སྒྲུབ་ཡོང་མིན་གྱི་རྩ་བའི་གནད་འགག་ཀྱང་རེད། འོན་ཀྱང་བཀའ་ཤག་གིས་ཚོགས་ཆེན་འདིའི་ནང་གལ་གནད་ཆེ་བའི་མི་སྣ་འདི་དག་ཆེད་མངགས་ཡོང་བཅུག་མེད་ལ། གྲོས་ཚོགས་ཀྱིས་ཀྱང་དེའི་ཐད་བཀའ་ཤག་ལ་གནོན་ཤུགས་སྤྲོད་ཐུབ་མེད།

 

ཆེད་མངགས་ཡོང་བཅུག་བའི་སྡེ་ཚན་ནང་། ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་སོ་སོའི་སྐུ་ཚབ་གཅིག་གཉིས་ཀྱིས་མི་འགྲིག་པར་སྐུ་ཚབ་གྲངས་དྲུག་རེ་གདན་ཞུ་བྱས་པ་དང་། དེ་ཡང་ངེས་པར་གྲྭ་བཙུན་ཡིན་དགོས་པའི་གཏན་འབེབས་བྱས་ཡོད། ཡང་སློབ་གྲྭའི་སྡེ་ཚན་ནས་མགྲོན་འབོད་བྱེད་དགོས་པའི་དབང་ལྡན་འགན་འཛིན་སུ་ཡང་ཚོགས་བཅར་བའི་ཁོངས་སུ་མ་བཅུག་པར། དབང་ཚད་ཅི་ཡང་མེད་པའི་མདུན་ལམ་སློབ་སྟོན་པ་ཟེར་བའི་སྐུ་ཚབ་རེ་མགྲོན་འབོད་བྱས་ཡོད། ཚོགས་བཅར་བའི་གྲུབ་ཆ་འདིའི་ཐོག་ནས། ཚོགས་འདུ་འདིས་དངོས་ཡོད་ལག་ལེན་ལ་ཕན་པའི་བསམ་འཆར་ཡོང་བའི་རེ་བ་ཆུང་ཞིང་། བསམ་འཆར་ཡག་པོ་དེ་འདྲ་བྱུང་བའི་དབང་དུ་བཏང་རུང་། དངོས་སུ་ལག་ལེན་བསྟར་མཁན་དང་ཐད་ཀའི་འབྲེལ་བ་མེད་པས། ལམ་དུ་འགྲོ་དཀའ་བའི་ས་བོན་བསྐྲུན་འདུག

 

 

གཉིས་པ། ཚོགས་འདུའི་དུས་ཚོད་ནི། ཏག་ཏག་ད་ལྟའི་བཀའ་ཤག་གི་ལས་ཡུན་རྫོགས་པར་ད་དུང་དུས་ཚོད་ཕྲན་བུ་ཡོད་ཅིང་། བཀའ་ཤག་གསར་བ་སླེབས་པར་དེ་མཚུངས་ཀྱི་དུས་ཚོད་ཡོད་པའི་བར་མཚམས་ཤིག་ལ་སྐོང་འཚོགས་བྱས་པ་རེད། དེར་བརྟེན། ཚོགས་ཆེན་འདིའི་རྒྱབ་གཉེར་བསམ་ཚུལ་རྣམས་ད་ལྟའི་བཀའ་ཤག་གི་དུས་ཚོད་ཡོལ་ལ་ཉེ་བའི་ཆ་ནས་རང་གི་ལས་འཆར་ནང་གསར་དུ་འཇུག་པ་མི་སྲིད་ཅིང་། འབྱུང་ཉེའི་བཀའ་ཤག་གསར་བས། བཀའ་ཤག་རྙིང་པའི་སྐབས་སུ་བསྐངས་པའི་ཚོགས་འདུའི་བསམ་འཆར་ཞིག་རང་གི་ལས་འཆར་ཁོངས་སུ་འཁྱེར་དཀའ་བ་ཡིན། ལྷག་པར་དུ་ད་ལྟ་ཚོགས་ཆེན་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་བསལ་གྱི་རྒྱུ་མཚན་ཞེ་དྲག་ཡོད་མ་རེད། དངོས་གནས་བྱས་ན། བཀའ་ཤག་གསར་བ་བདམས་ཚར་བ་དང་ཚོགས་ཆེན་འདི་འདྲ་ཞིག་བསྐངས་ཐུབ་ན། གཅིག་ནས་མང་ཚོགས་ཀྱི་བསམ་ཚུལ་སོས་པ་མང་པོ་ཞིག་བསྡུ་ལེན་ཐུབ་པ་དང་གཉིས་ནས་བཀའ་ཤག་གསར་བའི་བསམ་ཚུལ་དང་འཆར་གཞི་རྣམས་གསལ་བཤད་ཐུབ་པའི་དགེ་མཚན་ཡོད།

 

གསུམ་པ། ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། ཚོགས་བཅར་བ་བྱིངས་ཀྱིས་ཤེས་རྟོགས་དང་ཉམས་མྱོང་ཧ་ལམ་མེད་པའི་དོན་གནད་དཔེར་ན། ཆབ་སྲིད་དང་། མང་གཙོ་འཕེལ་རྒྱས། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས་སོགས་ཀྱི་སྐོར་རེད། གྲོས་བསྡུར་ནང་བཀའ་ཤག་དང་ཁྲིམས་ཞིབ་པས་ཆ་ཤས་ལེན་དཀའ་བས། ཚོགས་འདུའི་རྒྱབ་གཉེར་བསམ་འཆར་དེ་ཚོ། འདི་བྱེད་དགོས་རེད། ཕ་གི་བྱེད་དགོས་རེད། ཨ་རི་ལ་དཔེ་ལྟ་དགོས་ཚུལ་སོགས་མང་ལ། ཇི་ལྟར་བྱེད་དགོས་པ་ཧ་ཅང་ཉུང་བ་ཞིག་དང་། དོན་གྱི་སྤྱི་ཁོག་བརླག་སྟེ་དོན་དག་ཆུང་ཆུང་ཁ་ཤས་ཞིབ་ཚགས་ཀྱིས་བཤད་པ་ཞིག་ཆགས་ཉེན་ཡོད།

ད་ལྟའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་དབང་གིས། ཆབ་སྲིད་དང་མང་གཙོ་འཕེལ་རྒྱས་ཟེར་བའི་གྲོས་གཞིའི་ཁོངས་མང་ཆེ་བས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་འདེམས་གླེང་ངེས་རེད་ལ། འགའ་ཤས་ཀྱིས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིའམ་སྤྱི་འཐུས་སུ་ཕེབས་དགོས་པའང་བཤད་སྲིད། འོན་ཀྱང་ཚོགས་ཆེན་འདི་ནི། བཀའ་བློན་ཁྲི་པ་དང་སྤྱི་འཐུས་བྱེད་འདོད་ཡོད་པའི་མི་ཚོར་གོ་སྐབས་ཧ་ཅང་གི་བཟང་པོ་ཞིག་རེད། དེར་བརྟེན་ཚོགས་ཆེན་འདིའི་ནང་འཁྲུག་ཆ་ཆེ་ཤོས་ནི། བཀའ་བློན་ཁྲི་པའི་འོས་གཞི་ཚོ་དང་སྤྱི་འཐུས་བྱེད་འདོད་ཡོད་པ་ཚོ་ཆགས་རྒྱུ་རེད། ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་མདུན་ལ་མཐོང་ཚུལ་བཟང་པོ་བསྐྲུན་ཐབས་བྱེད་ངེས་རེད། ལྷག་པར་དུ་སྔོན་མ་གྲོས་ཚོགས་ནང་སྟག་ངར་ངར་ངར་ཏེ་གྲོས་ཚོགས་འཐོར་འཇུག་མཁན་སྤྱི་འཐུས་དེ་ཚོས། ད་རེས་ལྷག་བསམ་དང་སྤྱི་སེམས་ཆེ་མདོག་གི་ཟློས་གར་འཁྲབ་ངེས་རེད།

 

གོང་གསལ་རྒྱུ་མཚན་རྣམས་དང་ཚོགས་འདུ་མ་འཚོགས་གོང་ནས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཚོགས་ཆེན་འདི་ལ་རྒྱབ་གཉེར་བསམ་འཆར་འབུལ་བའི་དབང་ཚད་མ་གཏོགས། ཐག་གཅོད་ཀྱི་དབང་ཚད་མེད་ཚུལ་གསལ་བཤད་གནང་ཡོད་པས། ཚོགས་ཆེན་འདིས་བོད་ཀྱི་ལོ་རྒྱུས་ནང་འཁོད་ཡོད་པའི་འགྱུར་བ་ཆེན་པོ་གང་ཡང་གཏོང་ཐུབ་རྒྱུ་མ་རེད། འོན་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཡོངས་ཀྱི་སྐུ་ཚབ་གང་འཚམ་སླེབས་ཡོད་པས། དེ་ཚོས་གཞུང་གི་ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ཐད་བསམ་འཆར་ཤུགས་ཆེ་ཙམ་གནང་སྲིད་པ་ཡིན་ལ། སྐྱོན་བརྗོད་བྱུང་བ་ཁག་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། དགག་ལན་ནམ་གསལ་བཤད་ས་རུབ་འགྲོ་བ་ཞིག་བསྐྱོན་ངེས་པ་ནི་བཤད་མི་དགོས་པ་ཞིག་རེད།

 

ཚོིགས་ཆེན་འདིའི་ངོ་བོ་དང་ཚོགས་བཅར་བ། ཐག་གཅོད་ཀྱི་དབང་ཚད་སོགས་ལ་བསམ་ན། བོད་ནང་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་ཆེན་གཟི་བརྗིད་ཁོག་སྟོང་ཞིག་ཡོད་པ་དེ་དང་གཅིག་པ་མ་ཆགས་པའི་ངེས་པ་མེད། འོན་ཀྱང་འདི་ལྟར་སྐྱོན་ཆ་ནས་བཤད་དུས་ལེགས་ཆ་རྩ་བ་ནས་མེད་པ་དེ་འདྲར་གོ་མི་ཉན། ཉུང་མཐར་ཡང་ཚོགས་ཆེན་འདིས་མང་ཚོགས་ལ་རང་གི་བསམ་ཚུལ་བཤད་སའི་སྡིངས་ཆ་ཞིག་བསྐྲུན་ཐུབ་ཡོད་ལ། ད་རེས་ཀྱི་ཚོགས་ཆེན་གྱི་ཉམས་མྱོང་ཐོག་ནས་འབྱུང་འགྱུར་ཚོགས་ཆེན་སྐོང་ཕྱོགས་ལ་ལེགས་བཅོས་མང་བོ་བྱས་ཆོག་པ་ཞིག་རེད།། །།

 

༼རྩོམ་འདི་བྲེལ་ཟིང་ཆེན་པོ་ཞིག་གི་ཁྲོད་ནས་དཔྱད་གཞི་ཧ་ཅང་ཉུང་ཉུང་ཞིག་གཞི་རྩར་བཟུང་སྟེ་བྲིས་པས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད། དེར་བརྟེན་ཀློག་མཁན་ཚོས་སྐྱོན་འདོན་ཡོ་བསྲང་བྱུང་ན་ངོས་ལེན་བྱ་རྒྱུར་གྲ་སྒྲིག་ཡོད།༽

 

རྩོམ་སྒྲིག་པའི་གསལ་བཤད།

( གོང་གི་རྩོམ་ཡིག་འདི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དབུ་འཛུགས་ཀྱི་སྔར་ཉིན་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་བསྐུར་འདུག་ཀྱང་། བར་ལམ་འདི་ག་རྩོམ་སྒྲིག་པའི་གློག་འཕྲིན་ཡིག་སྒམ་སྔོག་མ་ཐུབ་པའི་གནས་ཚུལ་འོག དུས་ཐོག་ལ་སྤེལ་མ་ཐུབ་པར་ཤིན་ཏུ་ཕངས་ཀྱང་། རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད། བརྗོད་རིམ་གང་ཐད་ནས་གནད་དུ་འཁེལ་ཞིང་དོན་ལ་གནས་པ་ཞིག་ཏུ་མཐོང་སྟེ་འདིར་བཀོད་པ་ཡིན། )

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༨ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༨ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 8

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རྐང་གསུམ་ལགས། ངའི་ཟ་འཕྲོ་ལས་ལྷག་པའི་ཟས་རེགས་ན་ངའི་ཟ་འཕྲོ་བཟའ་དགོས་དོན་ཡོད་ནི་མ་རེད། ངའི་ཟས་འཕྲོ་ཙམ་མ་ཟད་ཁོ་རང་གི་བཟའ་འཕྲོ་ཡང་དེ་ལྟར་རེད། བཀའ་ཤག་ཡང་དེ་ལས་མ་འདས། རྙིགས་དོར་བཅུད་ལེན་ཟེར་བ་འདི་ཡོད་ཚད་ཧྲིལ་གྱིས་འདོར་བ་ཞིག་མ་རེད་ལ་ཡོད་ཚད་ཧྲིལ་གྱིས་ལེན་པ་ཞིག་ཀྱང་མ་རེད། འདི་འུ་གཉིས་ལྟ་ཚུལ་མཐུན་པའི་གནད་དེ་རེད་ལ་ངའི་ཐོག་མའི་ལྟ་ཚུལ་ཡང་རེད།

    Reply
  2. རྐང་གསུམ། says:
    ལོ་ 15 སྔོན།

    ཡ་དྲྭ་རོགས་སྣང་རྒྱལ་ཤེར་དགེ་ལགས་ཁྱོད་ཀྱིས་བཤད་པ་ལྟར་ན་༼བཀའ་ཤག་རྙིང་པ་བརྗེས་པ་དང་ཡིག་ཆ་ཡོད་ཚད་བརྗེ་འགྲོ་བ་ཞིག་མ་རེད་ལ། བཀའ་ཤག་གསར་པ་སླེབས་པ་དང་ཡིག་ཆ་ཚང་མ་གསར་པར་འགྱུར་འགྲོ་བ་ཞིག་དེ་བས་ཀྱང་མ་རེད ༽དོན་ལ་གནས། ཡིན་ནའང་ཁྱོད་ཀྱིས་ཁ་ལག་ཟ་འཕྲོ་ཁྱོད་ཀྱི་གྲོགས་པོས་ཟ་གི་རེད་དམ། ངས་བལྟས་ན་ཁྱོད་ཀྱི་ཁ་ལག་ཟ་འཕྲོ་འདི་ཁྱོད་ཀྱི་གྲོགས་པོ་ཚོའི་ཁྲོད་ན་ཟ་མཁན་དང་མི་ཟ་མཁན་གཉིས་ཆ་ཡོད་ནི་རེད། དཔེ་དེ་བཞིན་བཀའ་ཤག་རྙིང་པས་ལས་འཕྲོ་རྣམས་བཀའ་ཤག་གསར་བས་ལས་འཕྲོ་འཛིན་རྒྱུའི་རིགས་དང་མི་འཛིན་རྒྱུའི་རིགས་གཉིས་ཡོང་གི་རེད་ལོ།

    Reply
  3. རྐང་གསུམ། says:
    ལོ་ 15 སྔོན།

    ངོ་མ་ཟིན་བྲིས་ཟེར་ནོ་རེད། དེ་རིང་མི་ཀློག་ཐུབ་མ་སོང་། རྩོམ་ཡིག་འདིའི་བརྗོད་བྱ་རྗོད་བྱེད། བརྗོད་ཐབས་སོགས་ཕྱོགས་ངོས་ཚང་མ་ལ་བལྟས་ནས་ལན་ཞིག་འདེབས་དགོས་བསམ་རུང་། གནད་འདིའི་ཐོག་ལ་བཤད་རྒྱུ་ཞིག་རག་མ་སོང་། བཀའ་དྲིན་ཆེ་ངོ་མ་དྲ་རོགས་ཁང་གསར་ལ་བཀྲ་ཤིས་བདེ་ལགས་ཡོད། དཔྱད་ཞིབ་ཟེར་ནོ་རེད། ཐུགས་རྗེ་ཆེ།

    Reply
  4. ཐིག says:
    ལོ་ 15 སྔོན།

    ངས་བསམ་པར་སྐུ་ཞབས་ཁང་གསར་ལགས་ཀྱིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་རྒྱུ་མཚན་གསལ་པོ་རྟོགས་ཡོད་ཙང་དེའི་སྔོན་མར་བསྒྲགས་གཏམ་དང་དངོས་སུ་ལག་བསྟར་གྱི་རྒྱུ་མཚན་དང་དེའི་ཕྱི་གསལ་མིན་པའི་དངོན་མེད་ཕན་ཡོན་དེ་གཉིས་ཀྱི་བར་འགལ་ལ་གནད་ཏུ་ཐུག་པའི་སྐོར་ང་ཚོ་ལ་བསམ་ཚུལ་བརྗེ་རེས་གྱིས་ཚུལ་ཏུ་གསུངས་པ་རེད་བསམ་འདུག། གལ་སྲིད་རྣམ་པ་ཚོར་དེ་དང་འདྲ་བ་མིན་པའི་དགོངས་འཆར་འདྲ་ཡོད་ན། དེའི་དུས་བབས་གྱི་གླེང་སྟེར་བཟང་པོ་འདི་བརྒྱུད་དེ་འབྲི་རོགས་གནང་ཞེས་ཞུ་རྒྱུ་ཡིན་ལ། དེ་མིན་མི་ཚོས་རང་ཉིད་ཀྱི་རྣམ་དཔྱོད་སྟོན་ཏེ་མི་དམངས་ལ་གོ་རྟོགས་སྤེལ་པ་དེ་ལ་ཁུངས་མེད་ཀྱི་དམའ་འབད་དང་ཁྱད་གསོད་བྱེད་ན་ཡག་རབས་ཀྱི་བྱེད་སྒོ་ཞིག་མ་རེད་སྙམ།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བཀའ་ཤག་རྙིང་པ་བརྗེས་པ་དང་ཡིག་ཆ་ཡོད་ཚད་བརྗེ་འགྲོ་བ་ཞིག་མ་རེད་ལ། བཀའ་ཤག་གསར་པ་སླེབས་པ་དང་ཡིག་ཆ་ཚང་མ་གསར་པར་འགྱུར་འགྲོ་བ་ཞིག་དེ་བས་ཀྱང་མ་རེད། གནད་ཀྱི་གཙོ་བོ་མི་མང་གི་བསམ་འཆར་རྣམས་བཀའ་ཤག་གསར་རྙིང་གང་ལའང་རྗེས་སུ་འགྲོ་ལྡོག་མི་བྱེད་པ་དེ་རེད། ཚོགས་འདུ་འདི་འདྲ་ཞིག་འཚོགས་པ་ལ་དེ་མ་ཐག་ནས་གྲུབ་འབྲས་རླབས་ཆེན་ཞིག་འབྱུང་ཐུབ་རྒྱུ་དཀའ་ལ་དེ་ལྟར་རེ་བ་བྱེད་པའང་ཐལ་དྲགས་པ་རེད།

    Reply
  6. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག ཡིན་ནའང་ཁྱེད་རང་གི་བསམ་ཚུལ་འདི་སྐུ་ངོ་བདེ་སྲུང་བཀའ་བློན་མཆོག་ལ་ཐད་ཀར་ཞུ་ཐུབ་ན་ཡག་པོ་ཡོང་ས་རེད། ཧ་ཧ་བརྡ་ཙམ་བཏོན་པ་ཡིན། གང་གསར་ལགས། ཨ་རི་ཕྱོགས་ནས་ལས་དོན་ཡག་ཡོང་གི་ཡོད་པའི་རེ་བ་ཡོད།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཁྱེད་ཀྱིས་གསུངས་པ་ལྟར་ཁོ་བོས་ཡང་དེ་ལྟར་འདོད་དོ།
    ༼ལྷག་པར་དུ་ད་ལྟ་ཚོགས་ཆེན་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་བསལ་གྱི་རྒྱུ་མཚན་ཞེ་དྲག་ཡོད་མ་རེད། དངོས་གནས་བྱས་ན། བཀའ་ཤག་གསར་བ་བདམས་ཚར་བ་དང་ཚོགས་ཆེན་འདི་འདྲ་ཞིག་བསྐངས་ཐུབ་ན། གཅིག་ནས་མང་ཚོགས་ཀྱི་བསམ་ཚུལ་སོས་པ་མང་པོ་ཞིག་བསྡུ་ལེན་ཐུབ་པ་དང་གཉིས་ནས་བཀའ་ཤག་གསར་བའི་བསམ་ཚུལ་དང་འཆར་གཞི་རྣམས་གསལ་བཤད་ཐུབ་པའི་དགེ་མཚན་ཡོད།༽

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་དགོས་པ་དང་རྒྱུ་མཚན་ད་དུང་ཁོ་བོས་གསལ་བོ་ཞིག་མ་རྟོགས་པར་སྡོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese