མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གསར་པ་ཕམ་པ་ཡིན། བློ་གྲོས་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་བ་ཕམ་པ་ཡིན།

བློ་གྲོས་མཐའ་ཡས།    

ཕྱི་ལོ་ ༢༠༠༨ལོར་ངའི་སློབ་མའི་གྲྭལ་དུ་མི་རིགས་ནག་པོའི་གཟའ་འཚོ་གཉིས་ཡོད།   ཕལ་ཆེར་ཁོང་གཉིས་ལོ་ཞི་བཅུ་ནས་ལྔ་བཅུ་བར་ཡིན་པ་འདྲ།    ཁོང་གཉིས་ཀྱིས་ཟེར་ན་ཏཱ་ལའི་བླ་མའི་ཀུན་སྤྱོད་ལ་སེམས་ཤོར་ནས་ནང་པའི་ཆོས་ཉམས་སུ་ལེན་འདོད་བྱུང་བ་ཡིན་ཟེར།    གང་ལྟར་ནུབ་ཕྱོགས་པའི་སློབ་སྦྱོང་གི་ཚད་གཞི་ཧ་ཅང་མཐོན་པོ་རེད།    མ་གཞི་མི་རིག ས་ནག་པོ་འདི་འདྲིས་སླ་པོ་དང་།    འདྲིས་ཚར་ན་བོད་པ་ལྟར་ཕན་ཚུན་སྙིང་གཏམ་ལྷུག་པོར་བཤད་མཁན་ཞིག་རེད།    ང་ཚོས་ཕན་ཚུན་སྙིང་གཏམ་མང་པོ་འཛེམས་མེད་དུ་བཤད་པའི་ཁྲོད་ནས་ངའི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ནི།      ཁོང་གཉིས་ཀྱིས་ད་རེས་ཀྱི་ཨ་རིའི་སྲིད་འཛིན་འགྲན་བསྡུར་ཐོག་ནས་བྷ་རག་ཨོ་བྷ་མ་ཕམ་ན་ཨ་རིའི་མི་རིགས་ནག་པོ་རྣམས་ཕམ་པ་དང་། & nbsp;མ་འོངས་པར་མི་རིགས་ནག་པོའི་མགོ་འགྱོག་རྒྱུ་ཧ་ཅང་དཀའ་བས་མ་ཚད།    ཡར་ལངས་རྒྱུ་མེད་པ་ལྟ་བུ་ཞིག་ཟེར།     ཁར་སང་ཁར་ཉིན་བལ་ཡུལ་ནས་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་ཀྱང་འདི་དང་གཅིག་མཚུངས་ཀྱི་སྐད་ཆ་བཤད་འདུག་པ་དོན་དངོས་དང་མཐུན་པའི་བདེན་གཏམ་ཉག་གཅིག་རེད། 

ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་འཚང་ཀར་ཞུགས་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་།      ཚོགས་གཙོ་སྤེན་པ་ཚེ་རིང་།    ཚོགས་གཞོན་རྒྱ་རི་སྒྲོལ་མ་སོགས་ཀྱིས་སྐུ་ཚེ་གང་པོར་༧གོང་ས་ཡིད་བཞིན་ནོར་བུ་ལ་ཕྱག་རོགས་རླབས་ཆེན་ཞུས་དེར་ང་ཚོས་ངོས་ནས་སྐུ་དྲིན་དྲན་འོས་པ་དང་།     མིག་དཔེར་བལྟ་འོས་པ།    ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་ཡིན་པ་སྨྲོས་ཅི་དགོས།     ཡིན་ན་ཡང་ ༢༠༡༡ ལོའི་བཀའ་ཁྲིའི་རྐུབ་སྟེགས་ཀྱི་ཆེད་དུ།     ད་སྐབས་ག་ས་གང་ནས་ཕྱོགས་ཁག་སྒྲིག་བཞིན་འདུག་པ་འདི་བོད་པའི་སྤྱི་དོན་གྱི་ཐོག་ལ་ཉེན་ཁ་ཤིན་ཏུ་ཆེན་པོ་ཞིག་རེད།      དཔེར་ན་ཉེ་ཆར་བལ་ཡུལ་ནས་མི་གྲངས་སྟོང་ཕྲག་གཉིས་ཡོད་པའི་སྐྱིད་སྡུག་ཚོིགས་པ་ཞིག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་རྒྱུར་ཐག་གཅོད་བྱུང་བའི་སྐད་ཆ་འདུག་པར་མ་ཟད།    ད་དུང་རྒྱ་གར་ལ་ཡང་འབྲེལ་བ་བྱས་ཟིན་པའི་སྐད་ཆ་བྱུང་བ་དང་།     དེ་བཞིན་རྒྱ་གར་གྱི་ཕྱི་ཚེས་༡༧ ཉིན་བཞུགས་སྒར་དུ་མི་ཁག་ཅིག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་འཚོལ་ཆེད་དྲ་རྒྱ་གསར་བ་ཞིག་སྒོ་འབྱེད་བྱས་པའི་སྟེང་།     སྐུ་མགྲོན་གཙོ་བོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་གཏམ་བཤད་བྱས་པར། ༼ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཁ་སང་འདིར་ཤོག་ལབ་དུས་མ་བདེ་བ་ཞིག་བྱུང་།     དེང་སང་སྤྱི་ཚོགས་ནང་དུ་སྐད་ཆ་མང་ཐག་ཆོད་ནས།    ཁོ་ཚོ་གཅིག་གིས་གཅིག་ལ་ངན་པ་ལག་སྦྲེལ་བྱེད་ཀྱི་འདུག    བཀའ་བློན་ཁྲི་ཟུར་ཞིག་གིས་བཀའ་བློན་ཁྲི་ཟུར་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག     ཁོ་ཚོ་མུ་མཐུད་དབང་འཛིན་པའི་ནང་ལག་བརྡང་སྦྲེལ་ནས་བྱེད་ཀྱི་འདུག་ཅེས་པའི་སྐད་ཆ་དེ་འདྲ་ང་ལ་ཡང་ལབ་མཁན་མང་པོ་བྱུང་།      དེར་བརྟེན་མ་བདེ་བ་ཞིག་བྱུང་།     བསམ་བློ་ཡག་པོ་གཏོང་དུས་དངོས་ཡོད་གནས་ཚུལ་ནི་དངོས་ཡོད་གནས་ཚུལ་རང་རེད།    སྐད་ཆ་སྙན་པོ་ཡོད་མེད་གང་ཞིག་སུས་ག་རེ་བཤད་པ་ཡིན་ཡང་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད།    དངོས་ཡོད་གནས་ཚུལ་རེད།༽ ཟེར། 

དེས་ན་དོན་ཚན་འདི་གཉིས་དཔེར་གཞག་ནས་གཅིག་བལྟས་ན།      དོན་ཚན་སྔོན་མ་དེའི་སྐྱིད་སྡུག་ཚོགས་པར་མི་སྟོང་ཕྲག་གཉིས་ཡོད་ན་སྟོང་ཕྲག་གཉིས་པོ་དེས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཀྲས་མཐོང་ལ་འོས་ཤོག་འཕེན་འདོད་བྱུང་བ་ཡིན་ནམ་ཟེར་ན་དེ་ནི་ཕལ་ཆེར་མི་སྲིད་པ་ཞིག་རེད།     ད་དུང་མི་གྲངས་སྟོང་ཕྲག་གཉིས་མཉམ་འཛོམས་ཀྱི་ཚོགས་འདུ་ཙམ་ཡང་བྱུང་ཡོད་དམ།     ཚོགས་གཙོ་དང་རྒྱུན་ལས་སོགས་ལས་བྱེད་སྐོར་ཞིག་གིས་གྲོས་བྱས་ནས་མར་བཀའ་བབ་རྒྱུ་རེད།    ང་ཚོའི་སྐྱིད་སྡུག་གི་མི་ཞིག་ཡིན་ན་བཀྲས་མཐོང་ལ་འོས་འཕེན་དགོས་ཟེར་ནས་བཙན་བཀའ་གཏོང་རྒྱུ་རེད།     མགོ་སྐོར་གཏོང་རྒྱུ་རེད།   དེས་ན་མང་གཙོའི་ལམ་སྲོལ་དང་མི་མང་གི་ཐོབ་ཐང་དང་ཡང་མཐུན་གྱི་མེད།    ད་དུང་རྒས་འཁོག་དང་སློབ་སྦྱོང་མེད་པའི་མི་ཕལ་ཆེ་བ་ལ་རང་ཚུགས་དང་ལྟ་གྲུབ་མེད་པས་འཛུབ་མོ་གར་བསྟན་ཤར་རེད།     

གཉིས་པ་ལ་བལྟས་ན་བསོད་ནམས་སྟོབས་རྒྱལ་གྱིས་བོད་པའི་ཕྱི་དོན་ལ་བསམ་བློ་གཏོང་གི་མི་འདུག     གང་ཟག་སྒེར་གྱི་གྲོགས་པོའི་འབྲེལ་བ་ལ་བསམ་བློ་བཏང་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག    དེ་ཡིན་པ་ཁོ་རང་གིས་ཁ་གསལ་གཏིང་གསལ་བྱས་ནས་བཤད་འདུག་པ་གོང་གི་དེ་རེད།    དེས་ན་འདི་ཚོས་གང་ཟག་སྒེར་བའི་ཐོབ་ཤོར་གཙོ་བོར་འཛིན་པ་ལས་བོད་ཀྱི་སྤྱི་དོན་གཙོ་བོར་འཛིན་གྱི་མི་འདུག་པ་ཆེས་བློ་ཕམ་དགོས་པ་ཞིག་རེད་ལ་བོད་ཀྱི་སྤྱི་དོན་ཐོག་ཏུ་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད།     སྔོན་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་སླེབས་སྐབས།    ༧གོང་ས་མཆོག་གིས།    ད་རེས་གཞོན་སྐྱེས་ཤིག་བཀའ་ཁྲིར་སླེབས་རྒྱུའི་རེ་བ་བྱས་ཀྱང་།     ཡང་བླ་རྒན་མགོ་དཀར་ཞིག་སླེབས་འདུག་ཅེས་ཀུ་རེ་དང་སྦྲགས་ནས་དོན་དམ་གྱི་གོ་བརྡ་སྤྲད་ཡོད།     མའོ་ཙེ་ཏུང་གིས།    འཛམ་གླིང་འདི་ང་ཚོའི་ རེད་དམ་ཡང་ན་ཁྱོད་ཚོའི་རེད།    མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར།     མ་འོངས་པའི་བོད་འདི་མི་རབས་གསར་བའི་གཞོན་སྐྱེས་ཚོའི་རེད་དམ་ཡང་ན་མི་ཚེ་ཕལ་ཆེར་རྫོགས་ཟིན་པའི་རྒས་འཁོག་ཚོའི་རེད།    མཐར་གཏུགས་ན་མི་རབས་གསར་བའི་གཞོན་སྐྱེས་ཚོའི་ཡིན་པ་སྨྲོས་མ་དགོས།     དེར་བརྟེན་༧གོང་ས་ཆེན་པོ་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་མི་རབས་གསར་བའི་གཞོན་སྐྱེས་རྣམས་ལ་གོ་སྐབས་སྤྲོད་དགོས་པ་དང་།      མ་མཐའ་ཡང་སྦྱོང་བརྡར་སྤྲོད་དགོས་པ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན།     འོ་ན་གཞོན་སྐྱེས་ཚོའི་ཕྱོགས་ནས་བཤད་ན་ད་སྐབས་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་གཅིག་ཀྱང་མེད་པས།     ཁོང་ལ་ ༢༠༡༡ ལོའི་བཀའ་ཁྲིའི་རྒྱལ་ཁ་ངེས་པར་དུ་ཐོབ་དགོས་པ་དང་།    གལ་སྲིད་ཁོང་ཕམ་པ་ཡིན་ན་མི་རབས་གསར་བའི་གཞོན་སྐྱེས་རྣམས་ཕམ་པ་དང་།    མཐར་གཏུགས་ན་བོད་པའི་སྤྱི་དོན་ཕམ་པ་ཡིན།     
         

བློ་བཟང་སེང་གེ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ན་བཀའ་ཁྲིའི་འོས་གཞི་གཞན་རྣམས་ལ་མེད་པའི་ཁྱད་ཆོས་གང་མང་ཞིག་ཡོད། &nb sp;   དཔེར་མཚོན་ཁ་ཤས་ཤིག་བཀོད་ན།     

༡༽    སྟོང་ལོ་འདིའི་ནང་འཛམ་གླིང་ན་མདུན་བསྐྱོད་ཀྱི་མཚན་སྙན་བླ་ན་འབར་བའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་སློབ་གྲྭ་གཅིག་ནས་སློབ་མཐར་ཕྱིན་མཁན་ཞིག་ཡིན་པས་ཨ་རིས་མཚོན་པའི་རྒྱལ་སྤྱིའི་ཐོག་ཏུ་མཚན་མཐོང་དང་སྙན་གྲགས་གདེངས་འཇོག་རྣམས་གཞན་ལས་ཆེ་བ་ཡོད།      

༢༽    རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་འདི་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་སྐུ་དྲག་ཁག་ཅིག་གི་རྙོག་དྲ་ཡིན་པ་དང་།     སྐུ་དྲག་དེ་ཚོ་ཞི་བར་གཟིམ་ཚར་ན་བོད་དོན་ཡང་ཞི་བར་གཟིམ་རྒྱུ་ཡིན་ཚུལ་ཤོད་བཞིན་པར་ཁ་ཆུ་འཐོར་བའི་འགྲམ་ལྕགས་ཆེན་པོ་ཞིག་རྒྱག་ཐུབ།    

༣༽    རྒྱ་ནག་གཞུང་དང་བོད་ཕྱི་ནང་གང་སར་བཙན་བྱོལ་བོད་གཞུང་འདི་སྐུ་དྲག་གི་ཁྱིམ་ཚང་ཆེན་པོ་གསུམ་གྱིས་གྲུབ་པར་ངོས་འཛིན་བྱེད་བཞིན་པའི་བག་ཆགས་ངན་པ་དེ་གཙང་མར་བཀྲུ་ཐུབ།    

༤༽   གལ་སྲིད་བློ་བཟང་སེང་གེ་ཕམ་ན་བོད་ཕྱི་ནང་གི་གཞོན་སྐྱེས་རྣམས་སེམས་ཤུགས་ཆགས་སྲིད་པ་དང་།    བོད་དོན་ལ་དོ་སྣང་བྱེད་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ།      བློ་བཟང་སེང་གེ་བཀའ་ཁྲིར་སླེབ་ན་མི་རབས་གསར་བའི་གཞོན་སྐྱེས་ཚོའི་སེམས་ཤུགས་འཕར་ནས་བོད་དོན་ལ་སྔར་ལས་ལྷག་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༩ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 24

  1. གངས་ཆབ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་དངོས་ཡོད་དང་འཚམ་པ་ཞིག་རེད་འདུག་མཁས་དབང་བློ་བཟང་སེང་གེ་ཕམ་པ་ཡིན་ན་མི་རབས་གསར་པ་ཕམ་པ་ལས་རྒྱལ་ཁ་ཐོབ་པ་ནི་ག་ལ་ཡིན།རྒྱུ་མཚན་ནི།བཀྲས་མཐོང་ནི་སྤྱི་ཚོགས་རྙིང་པའི་ཁྱིམ་རྒྱུད་ཀྱི་མིང་གྲགས་དང་གོ་གནས་ཡོད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གང་མང་ཞིག་ཡོད་པ་དང་།མཁས་དབང་བློ་བཟང་སེང་གེ་་ལ་དེང་དུས་ཀྱི་ཤེས་ཡོན་ཅན་དང་གཞོན་སྐྱེས་གང་མང་ཞིག་གི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་ཆ་ནས་བཀྲས་མཐོང་ལ་འོས་ཤོག་གྱི་རྒལ་ཕམ་འགྲན་ཟླ་ལྕོགས་ཐུབ་མཁན་དེང་དུས་ཀྱི་མཁས་དབང་བློ་བཟང་སེད་གེ་ལས་ལྷག་པའི་མི་སྣ་ཞིག་བཀའ་ཁྲིའི་འོས་གཞི་ཁག་ལ་མེད་པ་ནི་ཀུན་གྱིས་མཐོང་གསལ་རེད།འགའ་ཤས་ཀྱིས་་ཚོགས་གཙོ་སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ལ་ཤེས་ཡོན་དང་འཇོན་ཐང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་ཡོད་རབས་ཀྱི་འཆལ་གཏམ་མང་དག་ཞིག་བཀོད་སྟངས་ལ་བལྟས་པ་ཡིན་ན།ཕྱོགས་ལྷུང་གི་རྣམ་པ་དང་སྒྱུས་མངའ་མེད་པ་རང་རེད།དཔེ་མཚོན་ཆུང་ཆུང་ཞིག་གཞག་པ་ཡིན་ན།བློ་བཟང་སེང་གེ་ལ་ཨ་རིས་གཞུང་གིས་གནང་བའི་མཚན་མཐོང་དང་གོ་གནས་དེ་དང་འདྲ་བ་ཞིག་སྤེན་པ་དང་སྒྲོལ་མ་གཉིས་ལ་མི་ཚེ་འདི་ཙམ་མ་ཚད་སྐྱེ་བ་རྗེས་མ་ལ་ཡང་མི་རགས་པ་ནི་བརྒྱ་ཆ་བརྒྱ་ཐམས་པ་བརྗོད་ཆོག་པ་ཞིག་རེད།མ་ཟད་ཁོང་གཉིས་ཀྱི་འཇོན་ཐང་དང་ཤེས་ཡོན་ཀུན་སྤྱོད་ཆ་ཚང་ང་ཚོས་མ་ཤེས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད་ཚང་མས་ཧ་གོ་དོན་གསལ་རེད།དེ་འདྲ་སོང་ཙམ་དངོས་ཡོད་དང་བསྟུན་ནས་བཤད་དགོས་པ་ལས་ཕྱོགས་ལྷུང་དང་འཆལ་གཏམ་རིགས་སྤེལ་དགོས་དོན་གྱི་དགོས་པ་རྒྱུ་མཚན་གང་ཡང་མ་མཐོང་།དེ་དོན་མཁས་དབང་བློ་བཟང་སེང་གེ་ཕམ་ན་མི་རབས་གསར་པ་ཕམ་པ་རེད་ཟེར་བ་རྒྱུ་མཚན་དེ་དག་ལ་བརྟེན་ནས་བརྗོད་ཀྱི་ཡོད་རེད།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གྲོགས་པོ་ཚོའི་ཁེ་བཟང་ག་བ་ཡོད་མེད་ཤེས་མི་འདུག།ངས་བལྟས་ན་བློ་སེང་དང་སྤེན་ཚེ་གཉིས་ནི་རྒྱབ་དཔུང་དང་རྒྱུ་སྟོབས་མེད་པ་གཅིག་པ་ཡིན་ཙང་ལྷ་རང་མགོ་ཐོན་ན་འདྲེ་ཤ་ཐག་རང་རེད།བཀྲས་མཐོང་ནི་ལོ་ལྔ་རིང་བཀའ་ཁྲི་ཞབས་ཀྱག་གོང་དུ་སྐྱིད་ཉལ་བྱེད་བའི་ཞོར་དུ་ཕྱོགས་ཞེན་གྱི་འབྲུག་སྒྲ་ལས་གཞན་ང་ཚོ་ལ་ཁེ་བཟང་གང་ཡང་མི་སྤྲོད།
    ད་ཁྱེད་ཕྱི་རྒྱལ་འགྲོ་འདོད་ཡོད་ན་ཨ་ཅག་རྒྱ་སྒྲོལ་ལགས་འོས་བླུགས་དང་མོས་ཕྱི་རྒྱལ་གཏང་གིས་ཡིན་ཟེར་མ་སོང་ངམ།གསར་འབྱོར་གཞི་ཆགས་མེད་མཁན་ཚོར་ཁྱོད་ལ་གཞི་ཆགས་དགོས་ན་ཨ་ཅག་རྒྱལ་སྒྲོལ་ལགས་འོས་བླུགས་དང་གསར་འབྱོར་ཚོ་ལ་གཞི་ཆགས་ཐབས་ཤེས་བྱ་རྒྱུ་ཡིན་གསུངས་མ་སོང་ངམ།སྤྱི་འཐུས་བྱེད་སྐབས་གོ་རྒྱུ་ཚོ་རྒྱུ་མེད་པར་བཀའ་ཁྲི་ཕེབས་ན་དུས་ཐོགས་ཆར་བ་རང་ཡིན་པ་འདྲ།ད་ཡིན་ན་དགོད་མོ་ཆེན་པོ་ཞིག་དང་མཉམ་དུ་ཁེ་བཟང་ལེན་དུ་འགྲོ་ཧཧ་ཧཧཧཧཧཧ་་་་ཁེ་བཟང་་་་ཁེ་བཟང་་་་་་་

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ཕམ་ན་མི་རབས་གསར་བ་ཕམ་དགོས་དོན་གང་ཡང་མེད། བློ་བཟང་སེང་གེ་ལས་ལྷག་པའི་མི་རབས་གསར་བའི་འཐུས་ཚབ་མང་པོ་ཡོད། དཔེར་ན་ཚོགས་གཙོ་སྤེན་པ་ཚེ་རིང། རྒྱ་རི་སྒྲོལ་མ་སོགས་རེད། ལྷག་པར་དུ་གོང་ས་མཆོག་གི་དགོངས་པ་ལ་གཞི་འཇོག་དགོས་ན་བུད་མེད་ཅིག་སླེབས་ན་དེ་བས་བཟང་བ་ཡིན། མི་རབས་གསར་རྙིང་ཁ་ལ་འཁྱེར་ནས་འོས་གཞི་རྣམས་ཀྱི་རྒྱལ་ཕམ་གླེང་ན་མི་འགྲིག གཙོ་བོ་ནུས་པ་ཐོན་དགོས་བ་དེ་རེད། མའོ་ཙེ་ཏུང་གིས་སྐད་ཆ་དེ་ལྟར་བཤད་ཡོད་ན། ཏིན་ཞོ་ཕིན་གྱིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། ཞི་མི་དཀར་པོ་ཡིན་ན་ཡིན། ནག་པོ་ཡིན་ན་ཡིན། ཙི་ཙི་འཛིན་ཐུབ་ན་འགྲིག་གི་རེད་ཟེར་བ་དེ་རེད། གཙོ་ཆེ་ཤོས་ནི་མི་མང་གི་འདོད་པ་དང་བསྟུན་རྒྱུ་དང་ནུས་པ་ཐོན་རྒྱུ་དེ་རེད། གལ་སྲིད་མི་ཉིས་སྟོང་གིས་བཀྲས་མཐོང་བསྟན་འཛིན་ལ་རྒྱབ་སྐྱོར་བྱེད་རྒྱུ་བྱུང་ཚེ་དགའ་འོས་བ་ཞིག་རེད། ཁོང་ཚོས་ཀྱང་རང་གི་འདོད་པ་ལྟར་འོས་བླུགས་རྩིས་རེད། ང་ཚོས་མཐའ་གཅིག་ཏུ་རང་གིས་སུ་འདོད་པ་དེ་ཡིན་གཅིག་མིན་གཉིས་འོས་ཐོབ་སྟེ་རྒྱལ་ཁ་ལེན་དགོས་ཟེར་ཚུལ་ནི་ཅུང་ཡ་མཚན་པོ་ཞིག་རེད། མང་གཙོ་ནང་དུ་མི་དེ་རིགས་ནི་མི་མང་གི་མངོན་འདོད་དང་འཚམ་གྱི་མེད། གང་ལྟར་དོན་དག་རྡོག་རྡོག་ག་རེ་བཤད་འདོད་བྱུང་ཟེར་ན། རང་གི་གང་ལ་འོས་འཕེན་འདོད་ན་དེའི་ལོ་རྒྱུས་དང་ཤེས་འཇོན་གསལ་བསྒྲགས་བྱས་ཏེ་ལས་འགུལ་སྤེལ་ན་ལེགས་པ་ཡིན། དེ་མིན་མི་རབས་གསར་རྙིང་ཟེར་ནས་ཁ་མཆུ་རྩོད་པ་ལྟ་བུའི་བཤད་སྟངས་དེ་ཡག་པོ་མི་འདུག ལྷག་པར་རིག་གནས་གསར་བརྗེ་སྐབས་ཀྱི་སྐད་ཆ་དེ་ཚོ་ལ་ཡིད་ཆེས་རྩ་ནས་མེད་ལ། ལྷག་པར་མའོ་ཙེ་ཏུང་གི་སྐད་ཆ་དེར་དེ་བས་ཀྱང་རྒྱུ་མཚན་མི་འདུག མ་འོངས་པ་ནི་གཞོན་སྐྱེས་ཚོའི་ཡིན་ནའང་ད་སྐབས་ཀྱི་གནས་སྟངས་དངོས་ནི་མི་རབས་གསར་རྙིང་གཉིས་ཀྱི་ཡིན་པ་རེད། དེ་མིན་ཨོ་བྷ་མ་མི་ནག་པོ་ཡིན་པའི་རྒྱུ་མཚན་གྱི་ཨ་རི་སྲིད་འཛིན་ལ་སླེབས་དགོས་པའི་འདོད་ཚུལ་དེ་ཏག་ཏག་ཅིག་བསྡད་མེད། གཙོ་བོ་ཨོ་བྷ་མ་ཨ་རིའི་སྲིད་འཛིན་ལ་སླེབས་ནས་ཨ་རིའི་དཔལ་འབྱོར་ཉམས་ཉེས་སླར་གསོ་ཐུབ་མིན་དང། ཨ་རིའི་མཚན་མཐོང་འཛམ་གླིང་ནང་བསྐྱར་གསོ་ཐུབ་མིན་ལ་བརྟེན་ནས་མ་མང་གིས་འདེམས་པ་རེད་ལ། དེ་ནི་ཁོང་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པའི་རྐྱེན་གཙོ་བོ་རེད། དཔེར་ན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་མི་རིགས་དཀར་པོ་གནད་འགག་ཅན་མང་པོ་བྱུང་བས་རེད། དེ་མིན་མི་དཀར་ནག་གཉིས་དབར་ལ་ཤ་མདོག་རྩད་ནས་ཨོ་བྷ་མ་ཨ་རིའི་སྲིད་འཛིན་སླེབས་དགོས་བྱུང་ན་རྩ་བ་ནས་སླེབས་ཐུབ་ཀྱི་མིན་པ་གསལ་བོ་རེད། དེར་བརྟེན་མི་རབས་གསར་རྙིང་ཟེར་བ་དང། རྩོམ་རིགས་གསར་རྙིང་ཟེར་བ། གསར་འབྱོར་རྙིང་འབྱོར་ཟེར་བ། སྐུ་དག་དང་མི་དྲག་ཟེར་བ་སོགས་ཀྱི་སྐད་ཆ་འདི་དག་ནི་ཕན་ཐོགས་ཅི་ཡང་མེད་པ་ཞིག་རེད། འདི་དག་གིས་ནུས་བ་ཅི་ཡང་ཐོན་རྒྱུ་མ་རེད།

    Reply
  4. གཅེན་པོ། says:
    ལོ་ 15 སྔོན།

    ལྷག་བསམ་དང་ཤེས་འཇོན་གང་ཡོད་པའི་མི་བུ་ཞིག་བཀའ་ཁྲིར་འཁོད་ན་དེ་ནི་བོད་མི་རིགས་ཀྱི་བདེ་སྐྱིད་རེད་ལ།
    ལ་རྒྱ་དང་ཤེས་འཇོན་མེད་པའི་མི་ཞིག་བཀའ་ཁྲིར་སླེབས་ན་དེ་བོད་མི་རིགས་ཀྱི་གྱོང་གུན་རེད།
    མི་རབས་གསར་པ་ཕམ་སོང་མི་རབས་རྙིང་པ་ཐོབ་སོང་།
    ངའི་འོས་མི་ཕམ་སོང་ཁོང་གི་འོས་མི་ཐོབ་སོང་ཞེས་སྤྱི་དོན་ལ་བསམ་བློ་མ་བཏང་བར་སྒེར་གྱི་ཁེ་སྙན་ཆེད་དུ་ཕུ་དཀྲུགས་མདའ་དཀྲུགས་བཟོ་བའི་གཏམ་དེ་དག་ནི་བོད་མི་རིགས་ལ་ཕན་པ་ལས་གནོད་པ་མང་བར་སྣང་།
    དགོངས་འགལ་མེད་པ་གཅིག

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཧ་ཧ་ཧ་ཕམ་སྲིད་པ་མང་པོ་ཞིག་ཕམ་སྲིད་པ་ནི་ཆོས་ཉིད་གཅིག་ཡིན་པ་ལས་ཕམ་མཁན་གཅིག་ཀྱང་མེད་ན་རྒྱལ་ཁ་ཐོབ་མ་ཐོབ་ཀྱི་ཐ་སྙད་ཇི་ལྟར་འཇུག
    ཕམ་རྒྱུ་སྔོན་དཔོག་ཐུབ་ན་སྡུག་སྐད་རྒྱབ་པས་ཅི་ཕན། དེ་ལས་ཕྱི་འཐེན་བྱས་ན་མི་བཟང་ངམ། སྤྱིར་བོད་ཀྱི་གཏམ་དཔེར་འགོ་བཞུགས་ལོག་ནས་བལྟས་ན། འགོ་བཞུགས་སང་སང་ལོག་ནས་མཐོང་ཟེར་བ་བཞིན་རང་རང་སོ་སོའི་བལྟ་ཚུལ་ཞིག་ཡིན་ཀྱང་བདེན་པ་ཡིན་མིན་བསྲེགས་བཅད་བསྡར་ནས་དཔྱད་དགོས། བློ་སེང་ཕམ་ན་བོད་ཀྱི་གཞོན་སྐྱེས་ཕམ་པ་འདོད་པ་ནི་རང་གི་ལག་པ་ཤུགས་ཡོད་པར་སྟོན་བྱེད་དུ་རྡོ་ཆེན་པོ་ཞིག་བཏེགས་ནས་རང་གི་རྐང་པའི་སྟེང་འཕེན་པའི་བླུན་པོ་ཞིག་གི་བྱ་སྤྱོད་ལས་མ་འདས། བསྟོད་མི་ཤེས་པའི་བསྟོད་ཞིག་ཏུ་འགྱུར་འདུག་པར་སེམས་སོ།

    Reply
  6. kunsal says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ཕམ་ན་མི་རབས་གསར་པ་ཕམ་པ་ཡིན་ཟེར་བ་ནི་གུ་དོག་གི་བསམ་བློ་ལས་མ་འདས། བློ་སེང་ལགས་སུ་གཞོན་སྐྱེས་དང་ཚོགས་པ་སྐྱིད་སྡུག་མང་པོས་རྒྱབ་སྐྱོར་ཡོད་པས་རྒྱལ་ཁ་ལོན་པའི་རེ་བ་ཆེ། གལ་སྲིད་རྒྱལ་ཁ་མ་ལོན་ཡང་བློ་སེང་ལགས་མི་ཤེས་ཡོན་དང་བློ་རྒྱ་ཆེན་པོ་ཧ་ལས་དགོས་པ་ཞིག་རེད། དགའ་སྡུག་སྲང་མདའི་མཐོ་དམའ་ལྟར་གནང་མཁན་ཞིག་རྩ་བ་ནས་མིན། ཁོང་གིས་ང་བཀའ་ཁྲིར་འོས་ཐོབ་མིན་ལ་མ་ལྟོས་པར་མི་ཚེ་འདི་བོད་གཞུང་དང་མི་མང་གི་ཆེད་དུ་གཏོང་རྒྱུར་ཕ་དམ་པའི་ཞལ་ཆེམས་ལྟར་སེམས་ཐག་གཙང་བཅད་ཡིན་ཞེས་ཡོངས་གྲགས་བྱས་ནས་གསུངས་སོང་། དེ་ནི་རླབས་ཆེན་གྱི་བཀའ་མོལ་རེད། རྗེས་སུ་ཡི་རང་ཡོད།

    Reply
  7. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས། ཁྱོད་ཀྱི་ལམ་ཕྱོགས་དེ་མ་ནོར་བ་གྱིས་ཤིག
    བསམ་བློ་སྔོན་ལ་གཏང་ན་མཁས་པ་ཡིན།
    མགྱོད་པ་འཇུག་ལ་སྐྱེས་ན་བླུན་པོ་ཡིན། ཟེར་བའི་གཏམ་དཔེ་སེམས་ལ་ཞོག

    Reply
  8. རིག་འཛིན། says:
    ལོ་ 15 སྔོན།

    དྲྭ་གྲོགས་བློ་གྲོས་མཐའ་ཡས་ལགས།
    མ་ནོར་བའི་བཀའ་ཁྲི་འདིར་ངེས་པ་དུ་རྒྱབ་སྐྱོར་དང་ཐོབ་ཐབས་བྱེད་དགོས།
    འདི་ནི་གསར་སྟོད་དང་མདུན་བསྐྱོད་འདོད་པའི་གཞོན་སྐྱེས་ཚོས་ནམ་ཡང་།
    འདོར་མི་ཕོད་པའི་འགན་འཁྲི་གཙོ་བོ་ཞིག་རེད་ལ།
    ཕྱོགས་ལྷུང་དང་ཞེན་ཁོག་གི་དབང་དུ་མ་སོང་པར་དྲང་བདེན་དང་།
    གཟུར་གནས་ཀྱི་ལས་རིམ་ཞིག་ཀྱང་རེད་སྙམ།
    དེས་ན།
    སྒོ་ཀུན་ནས་འབད་དེ།
    བཀའ་ཁྲིར་འདི་བདོམས་ཤིག
    འོས་ཤོག་འདིར་འཕངས་ཤིག
    གཞོན་སྐྱེས་འདི་རྒྱལ་ལོ།
    ཕོ་རབ་འདི་རྒྱལ་ལོ།
    མཁས་དབང་འདི་རྒྱལ་ལོ།
    རྒྱལ་ལོ་རྒྱལ་ལོ་བློ་བཟང་སེང་གེ་རྒྱལ་ལོ།

    Reply
  9. བྱམས་རྒྱལ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་ཁྱེད་བདེན་ ད་ཁག་པོ་འདུག་ མི་རིགས་འདི་་ནམ་ཡང་ལངམི་ཐུབ་ རང་རང་གི་མདུན་ལམ་འཚོལ་ དེ་དགའ་ས་རེད་ བློ་མ་ཕམ་

    Reply
  10. གླག་སྨྱོན། says:
    ལོ་ 15 སྔོན།

    གོ་བ་མེད་པ་འདི་ཚོར་བརྡ་ལན་ཇི་ཙམ་སྤྲད་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་མི་འདུག ༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་བ་ཕམ་པ་ཡིན༽ཟེར་བ་དེ་ཁོང་ལས་གཞན་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་མེད་པ་གཏན་ནས་བཤད་ཀྱིན་མེད། ཁོང་ནི་དེང་སོང་མི་རབ་གསར་པའི་བསམ་བློའི་ཚབ་མཚོན་པ་མང་པོ་ཞིག་སོམས་ཁོང་ན་ཐོལ་གྱིས་མཆེད་པའི་རི་ཞིག་ཡིན་པས་ཆ་ནས་རེད།

    Reply
  11. བོད་པ་ says:
    ལོ་ 15 སྔོན།

    འདི་ནི་བཀྲས་མཐོང་དང་བློ་སེང་སོགས་ཀྱི་བར་གི་རྒྱལ་ཕམ་མ་རེད། འདི་ནི་ཐབས་བཅོས་སམ་ཆབ་སྲིད་ལངས་ཕྱོགས་མི་འདྲ་བའི་བར་གྱི་རྒྱལ་ཕམ་རེད། ལངས་ཕྱོགས་མི་འདྲ་བ་ཚོས་ཕྱོགས་སོ་སོ་ནས་རང་རང་དགའ་སའི་འོས་མི་དེ་དྲིལ་བསྒྲགས་དང་དེའི་ཆེད་ལས་འགུལ་སྤེལ་ནས་རྒྱལ་ཁ་ཐོབ་པར་བྱེད་དགོས། སུ་ལ་རྒྱལ་ཁ་ཐོབ་ན་དེ་ནི་ཐབས་བཅོས་དང་ལས་འགུལ་སྤེལ་མཁས་པ་དང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ལ་སེམས་ཤུགས་ཡོད་པའི་་རྟགས་རེད། མི་དེའི་སྤྱི་དོན་ལས་ན་ཡང་དེ་ལྟར་ཡོང་གི་རེད།དེ་ལ་རྒྱལ་ཁ་ཐོབ་འོས་ཞིག་ཡང་རེད་། ཕམ་མཁན་དེ་ལ་ཐབས་བཅོས་དང་ལས་འགུལ་གྱི་ནུས་་པ་དང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནུས་པའི་་མ་འདངས་་པའི་རྐྱེན་རེད་ལ། ཕམ་དགོས་པ་ཞིག་ཡང་རེད། ཁོས་ལས་དཀའ་ཡང་དེ་ལྟར་ཡོང་སྲིད་གི་རེད། དེང་སྐབས་ཁ་ཤས་ཀྱིས་རང་གི་འོས་མིའི་ཕྱོགས་ལ་ལས་འགུལ་མི་སྤེལ་བར་ང་ཚོ་ཕམ་སོང་ཟེར་ནས་གཞན་ལ་ཚིག་རྩུབ་རེ་བརྗོད་ནས་འདུག་མཁན་ཚོ་ཕམ་གི་རེད་ལ་།ཕམ་དགོས་པ་ཞིག་ཡང་རེད། ཁོ་ཚོ་ནམ་རྒྱུན་ཁ་གསོན་པོ་དང་ལག་ཤི་རོ་ཡིན་མཁན་ཚོ་རེད། མདོར་ན་འོས་བསྡུ་འདི་ནི་ལངས་ཕྱོགས་མི་འདྲ་བའི་བར་གྱི་སེམས་ཤུགས་སུ་ཆེ་དང་ལས་འགུལ་དང་དྲིལ་བསྒྲགས་ལ་སུ་མཁས་འགྲན་ས་ཞིག་རེད།

    Reply
  12. Jigme says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་བཀའ་ཁྲིར་ཕེབས་ཐུབ་ཀྱི་མེད་པ་ཕལ་ཆེར་གཏན་འཁེལ་བ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཁུལ་གྱི་མི་སྐོར་ཞིག་ནས་འོས་གཞི་གཞན་ལ་བརྙས་འཛུགས་སྣ་ཚོགས་བྱེད་བཞིན་པ་ནི་དགོད་བྲོ་བ་ཞིག་རེད།
    བཀའ་ཁྲི་དངོས་གཞིའི་འགྲན་རྩོད་བཀྲས་མཐོང་དང་སྤེན་ཚེ་གཉིས་ཀྱི་རྩོད་རྒྱུ་ཡིན་པ་འདྲ། སུ་ཐོབ་ཀྱང་དགའ་བསུ་ཡོད། བློ་སེང་ཐོབ་ཀྱང་དགའ་བསུ་ཡོད།

    Reply
  13. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བློ་བཟང་སེང་གེས་བོད་ཀྱི་ན་གཞོན་ཡོད་ཚད་ཀྱི་ཚབ་མཚོན་མི་ཐུབ་ལ་དུས་རབས་དང་མཐུན་པའི་ལྟ་བ་འཁྱེར་སྟངས་ཐད་ལའང་ཁོང་དང་མི་མཐུན་པའི་གཞོན་སྐྱེས་མང་པོ་ཡོད། ལོ་ཚོད་ཀྱི་གཞོན་སྐྱེས་ཡིན་ནའང་འདྲ་བསམ་བློའི་གཞོནསྐྱེས་ཡིན་ནའང་འདྲ། ཁོང་གི་ལྟ་བ་ལས་གཞན་པའི་དེང་རབས་ཀྱི་ལྟ་བ་འཛིན་མཁན་ཤིན་ཏུ་མང་། ཧ་ཝརཌི་སློབ་ཆེན་གྱི་ནང་དུ་སློབ་སྦྱོང་བྱེད་བཞིན་པའམ་བྱེད་མྱོང་བའི་སློབ་མ་དང་མཁས་དབང་ཡོད་ཚད་ལྟ་བ་དང་བསམ་བློ་གཅིག་མཚུངས་རེད་ཅེས་བཤད་མི་ཐུབ་པ་དང་འདྲ། དེའི་ཕྱིར། བློ་བཟང་སེང་གེ་ཕམ་པའི་མི་ཚད་ཡར་ལང་རྒྱུ་མེད་པར་གྱུར་ཀྱང་བོད་ཀྱི་གཞོན་སྐྱེས་ཚོ་ནི་ད་དུང་གསོན་ཤུགས་དང་ང་རྒྱལ་གྱིས་འཚོ་ཐུབ་ལ། གདེངས་སྤོབས་དང་བརྩོན་འགྲུས་ཀྱིས་ལང་ཐུབ།

    Reply
  14. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་རེད་མི་འདུག བློ་གྲོས་གཏན་མེད་རེད་འདུག ཁྱོད་ཀྱིས་བློ་བཟང་སེང་གེ་མ་ཡིན་པའི་བོད་མི་ན་གཞོན་མི་རབས་གསར་པའི་ནང་བཀའ་ཁྲིར་འོས་པ་མི་འདུག་བསམ་པ་དེ་རང་གི་མི་རིགས་ལ་མཐོང་ཆུང་དང་། རང་ཉིད་ཁྲོན་པའི་ནང་གི་སྦལ་པ་ཞིག་ཡིན་ཟེར་བ་དང་མཚུངས།

    Reply
  15. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དྲྭ་འབུ་ནག་པོས་གཞུང་ལུགས་གང་ལ་ཡང་མི་གཏོགས་པའི་གཞོན་སྐྱེས་ཤིག་འདོད་
    བཞིན་འདུག
    འགྲོ་བ་མིའི་སྐྱེ་རུམ་ནས་འཆི་བའི་པར་གྱིས་མངལ་གྱི་གནས་སྐབས་ལྔ་དང་སྐྱེས་པའི་གནས་སྐབས་ལྔ་སོགས་གང་གིས་ཁུངས་སུ་མི་གཏོགས་མིའི་འཕེལ་རུམ་ཞིག་བཤད་ཀྱིན་འདུག
    དྲྭ་འབུ་ལགས་ཁྱོད་ལྟར་ལ་རྒན་མགོ་དཀར་ལ་ཡང་གཞོན་སྐྱེས་ཤིག་འདོད་དགོས་ན་་་་ཁུངས་ལུང་ཅི་ཞིག་ཡོད

    Reply
  16. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དྲྭ་འབུ་ནག་པོས་གཞུང་ལུགས་གང་ལ་ཡང་མི་གཏོགས་པའི་གཞོན་སྐྱེས་ཤིག་འདོད་
    བཞིན་འདུག
    འགྲོ་བ་མིའི་སྐྱེ་རུམ་ནས་འཆི་བའི་པར་གྱིས་མངལ་གྱི་གནས་སྐབས་ལྔ་དང་སྐྱེས་པའི་གནས་སྐབས་ལྔ་སོགས་གང་གིས་ཁུངས་སུ་མི་གཏོགས་མིའི་འཕེལ་རུམ་ཞིག་བཤད་ཀྱིན་འདུག
    དྲྭ་འབུ་ལགས་ཁྱོད་ལྟར་ལ་རྒན་མགོ་དཀར་ལ་ཡང་གཞོན་སྐྱེས་ཤིག་འདོད་དགོས་ན་་་་ཁུངས་ལུང་ཅི་ཞིག་ཡོད

    Reply
  17. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་བ་ཕམ་པ་ཡིན་ཞེས་པར་མོས་མཐུན་སུ་ཞིག་གིས་བྱེད་ཐུབ། མཁས་དབང་བློ་བཟང་སེང་གེ་ཡིས་མི་རབས་གསར་པའི་རྗེས་སུ་འགྲོ་ལྡོག་ཇི་ལྟར་བྱེད། འོན་ཀྱང་བློ་བཟང་སེང་གེ་ལགས་བཀའ་ཁྲིའི་འོས་ཆོས་ལྡན་པའི་ཕུལ་བྱུང་མི་སྣ་ཞིག་ཡིན་སྟབས་འབྱུང་འགྱུར་བཀའ་བློན་ཁྲི་པར་འདེམས་སྒྲུག་གནང་ཐུབ་ན་ཡག་པོ་འདུག་སྙམ།།

    Reply
  18. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་་ཕམ་པ་ཡིན།༽ ཟེར་བའི་ཁ་བྱང་བཀླགས་པ་ཙམ་གྱིས་མི་རབས་གསར་པ་ལ་ཁོ་ལས་མེད་པར་སྟོན་པས་དྲྭ་གྲོགས་ཚོ་་་་་་་ཇི་ལྟར་སེམས། བོད་ཀྱི་མི་རབས་གསར་པ་ང་ཚོ་འདི་འདྲའི་ཐབས་སྡུག་ཨེ་ཡིན།

    Reply
  19. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་པ་ཕམ་པ་ཡིན།༽ ཟེར་བའི་ཁ་བྱང་དེ་བཀླགས་ཙམ་གྱིས་བོད་ཀྱི་མི་རབས་གསར་པ་ལ་ཁོ་ལས་གཞན་མེད་པར་གསལ་པོར་སྟོན་པས་དྲྭ་གྲོགས་ཚོ་་་་ཇི་ལྟར་སེམས། བོད་ཀྱི་མི་རབས་གསར་པ་ང་ཚོ་འདི་འདྲ་ཐབས་སྡུག་ཨེ་ཡིན།

    Reply
  20. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    འཆར་སྣང་རིང་ལུགས་པ་འགའ་ཞིག་གིས་དོན་དངོས་དང་མི་མཐུན་མིན་ལ་མི་ལྟོས་པར་ག་དུས་ཡིན་ནའང་རང་ཉིད་ཀྱི་འཆར་བརྗོད་ཀྱིན་འདུག
    ཁྱེད་ཚོས་བསམ་བློ་རྣལ་དུ་ཕབ་ནས་ལྟོས་དང་འགའ་ཞིག་གིས་སྐས་འཛེག་མི་འཛེགས་པར་ཐོག་ཁར་འཛེག་འདོད་བྱེད་ཀྱིན་འདུག
    སྤྱི་འཐུས་ཀྱི་ཚོགས་གཙོ་ལས་ཐོག་པ་སྐུ་ངོ་སྤེན་པ་ཚེ་རིང་ལགས་དང་ཚོགས་ཟུར་པད་མ་འབྱུང་གནས་ལ་སོགས་པ་ཉམ་མྱོང་ཅན་དེ་གཞོན་སྐྱེས་མ་རེད་དམ་དམ་དམ།
    ཡང་ན་ཁྱོད་ཀྱི་མིག་ཤེལ་དམར་པོ་དེས་དམར་པོ་མ་གཏོགས་མཐོང་མི་ཐུབ་པ་རེད་དམ།

    Reply
  21. དྲ་འབུ་ནག་པོ། says:
    ལོ་ 15 སྔོན།

    བློ་གྲོས་མཐའ་ཡས་ལགས་ཀྱིས་གསུངས་པར་མངོན་པར་བསྟོད་དོ།། ཞོར་དུ་དྲ་གྲོགས་མཆན་འགོད་པ་གཉིས་པ་དང་དང་པོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད། ཁྱེད་རྣམ་པ་གཉིས་ཀྱི་དགོངས་ཚུལ་ལྟར་ན་གཞོན་སྐྱེས་ཞེས་པ་ལོ་ཚོད་གཅིག་པོའི་སྟེང་ནས་འཇོག་གིན་ཡོད་པ་ཞིག་མཐོང་སོང་། དེ་ལ་བདག་གཏན་ནས་མོས་མཐུན་མེད། ན་གཞོན་ཟེར་བ་ནི་སྤོབས་པ་དང་ང་རྒྱལ། དཔྱོད་ཤེས། དཀྱེལ་ཡངས་སོགས་དུས་རབས་ཀྱི་ན་གཞོན་དང་མཉམ་དུ་མདུན་ནས་མདུན་དུ་བསྐྱོད་ཐུབ་མཁན་ཞིག་ལ་གོ་བ་ལས་ན་སོ་གཅིག་པོས་ཇི་ལྟར་མཚོན། དེའི་ཕྱིར་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་བློ་བཟང་སེང་གེའི་བར་ལ་དུས་རབས་ལ་འཚམ་པའི་དཀྱེལ་ཡངས་ཀྱི་ལྟ་གྲུབ་དང་བསམ་བློ། མདུན་བསྐྱོད་ཀྱི་སྤོབས་པ་དང་ང་རྒྱལ། མ་འོངས་པའི་ཕུགས་འདུན་དང་རེ་སྨོན་སོགས་ཁོར་ཡུག་དང་ཆོས་ཉིད་ཀྱི་རྐྱེན་གྱིས་གནམ་ས་ལྟ་བུའི་ཧེ་བག་ཡོད་པ་མཁྱེན་པར་མཛད་ན་མི་ལེགས་སམ། དྲ་གྲོགས་རྣམ་པ་དེ་འདྲ་ཞིག་རེད་དམ།

    Reply
  22. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    བློ་སེང་བཀའ་ཁྲིར་སླེབས་ན་རྒྱ་ནག་ལ་བརྡ་ལན་གང་ཡང་སྤྲོད་ཐུབ་ཀྱི་མ་རེད་ལ། མི་རབས་གསར་པའི་ཕམ་ཁ་གང་ཡང་མ་རེད། སྤྱིར་བློ་སེང་དང་སྤེན་ཚེ་རྒྱ་སྒྲོན་གསུམ་གྱི་བར་ལོ་ཁ་ཤས་ཀྱི་ཁྱད་པར་ཙམ་རེད། ལྷག་པར་བློ་སེང་ད་ཐེངས་བཀའ་ཁྲིར་མ་སླེབས་ན་ལེགས་བསམ། ག་རི་ཡིན་ཟེར་ན། ཁོ་རང་ཉམས་མྱོང་མེད་ཅིང༌། བོད་ཡིག་ཡང་འབྲི་ཤེས་ཀྱི་མེད། དེ་འདྲ་སོང་ཙམ་ཁོ་རང་འོས་མཚམས་མི་འདུག

    Reply
  23. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་ངའི་དེ་ལྟར་མི་འདོད
    བློ་སེང་ཕམ་ན་གཞོན་སྐྱེས་ཚོ་ཅི་ལྟར་ཕབ་པ་རེད། འོ་ན་གཞོན་སྐྱེས་ཚཽའི་ནང་ན་ལྕེ་རིང་ལག་ཐུང་ཞིག་ལས་མེད་སོང་བ་རེད་དམ
    ད་མིང་པོ་བཤད་ནས་ཕན་པ་མེད། བཀའ་ཁྲིའི་གནས་བབ་ལ་ཞིག་ནས་བཤད་ན་སྤེན་པ་ཚེ་རིང་དང་རྒྱ་རི་བ་བློ་སེང་སོགས་གཞོན་སྐྱེས་འདྲ་ཉམས་རེད
    གཅིག་གིས་གཞོན་སྐྱེས་མཚོན་ཐུབ་ཀྱང་གཅིག་ཕམ་པའི་གཞོན་སྐྱེས་ཕམ་པ་མཚོན་ག་ལ་ཐུབ།

    Reply
  24. ལྷུན་འགྲུབ། says:
    ལོ་ 15 སྔོན།

    དུས་ལ་བབས་བཀའ་ཁྲི་དེ་ནི་བློ་བཟང་སེང་གེ་རེད་ བཀྲས་མཐོང་ལ་གོ་སྐབས་ཆ་ཚང་ཐུབ་ཟིན་པས། ད་ནི་གསར་པ་གང་ཡང་གནང་རྒྱུ་མེད་པ་ཐག་གིས་ཆོད།
    གཅིག་བྱེད་ན་ཡང་ཁོང་གིས་བྱུང་སོང་ཁ་མ་ཐུག་པ་ཞིག་བཟོ་བསམ་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese