མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཤད་རེས་ཉན་རེས། གོ་ཤེས་བསྟུན་ཤེས། ཨ་རིག་འགྱུར་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཉིན་བཅུའི་རིང་གི་སྤྱི་འཐུས་གྲོས་ཚོགས་རིང་བཀའ་སྤྱི་ཚོ་གྲོས་ཚོགས་ར་བར་ལྷན་དུ་འཛོམས་ནས་ཕན་ཚུན་ལ་བཤད་རེས་ཉན་རེས་དང་གོ་ཤེས་བསྟུན་ཤེས་བྱས་ཏེ་མཇུག་བསྒྲིལ། ཐེངས་འདིའི་གྲོས་ཚོགས་སྐབས་བཙན་བྱོལ་བོད་གཞུང་ལས་ཁུངས་ཁག་གིས་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་ཚོས་བཀའ་བློན་ཚོ་ཚ་འདེད་ཡང་འདེད་བྱས་ཏེ་རང་རང་གི་བློར་ཤར་བའི་དོགས་པ་རྣམ་རྟོག་རྣམས་གཙང་སེལ་བྱེད་དུ་བཅུག མཇུག་མཐར་ཚོགས་གཙོས་ཚོགས་དུས་སྐབས་གྲོས་ཚོགས་ནང་ལས་རིམ་བང་བསྒྲིགས་པ་རྣམས་ཆ་ཚང་གྲུབ་ཟིན་ཞེས་ཐེངས་འདིའི་གྲོས་ཚོགས་ཀྱི་རྒྱལ་ཁའི་ཕྱོགས་ཤིག་ཀྱང་གླེང་།

དེ་ལྟར་གྲོས་ཚོགས་ཀྱི་ཚོགས་དུས་བཅུ་བ་མཇུག་བསྒྲིལ་བ་དང་སྤྱི་འཐུས་ཚོ་རང་རང་གི་བཞུགས་གནས་སུ་ཕེབས་སོང་། ཁོང་རྣམ་པ་ཚོས་ཕན་ཚུན་ལ་ཕྱག་གཏོང་རེས་དང་གྱེས་ཕྱག་འབུལ་རེས་བྱས་ཤིང་། འཛུམ་དམུལ་དམུལ་ངང་ཟླ་དྲུག་གི་རྗེས་ནས་མཇལ་ཡོང་ཟེར། སྐབས་འདིར་ངས་བསྐྱར་དུ་གྲོས་ཚོགས་ར་བའི་བྱུང་བ་ཁག་ཅིག་ལ་ཕྱིར་འདང་བརྒྱབས། ཕྱིར་འདང་དེའི་ཁྲོད་ནས་སྐབས་རེར་ང་ལ་བློ་སྤོབས་སྐྱེས་ཤིང་ལན་རེར་བློ་ཕམ་བྱུང་། བློ་སྤོབས་སྐྱེས་པ་ནི་གྲོས་ཚོགས་ར་བའི་ནང་བཀའ་སྤྱི་ཚོ་ལྷན་དུ་འཛོམས་ནས་བོད་མི་རིགས་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་ཆེད་དུ་བཀའ་མོལ་གནང་བཞིན་པར་མ་ཟད། ཕན་ཚུན་ལ་འཛེམ་དོགས་དང་འཚེར་སྣང་མེད་པའི་སྒོ་ནས་བཤད་རེས་ཉན་རེས་དང་གོ་ཤེས་བསྟུན་ཤེས་བྱས་དུས་བློ་སྤོབས་སྐྱེས་ཤིང་། ལས་དོན་ཆེ་མ་ཆུང་གསུམ་གང་ཡིན་རུང་གྲོས་ཚོགས་ར་བ་བརྒྱུད་དཔྱད་ཞིབ་དང་གྲོས་བསྡུར་ཡང་དག་བྱས་པར་བློ་བདེ་བས་ཡིན། ཡང་སྐབས་རེར་རང་གི་བཤད་རེས་གལ་ཆེན་པོར་བརྩི་བ་ལས་གཞན་ལ་ཉན་རེས་གལ་ཆེན་དུ་མི་བརྩི་བ་དང་། གོ་ཤེས་བསྟུན་ཤེས་མེད་པར་དགོས་མེད་ཀྱི་ཚིག་དང་ཐ་སྙད་རེ་ཟུང་གི་ངོ་གདོང་ནས་ཕན་ཚུན་ཚིག་འཁྲི་བྱེད་རེས་དང་སྐྱོན་མཚང་འབྲུ་རེས་བྱས་དུས་བློ་ཕམ་བྱུང་། ཇི་ལྟར་བཤད་རུང་གྲོས་ཚོགས་ར་བར་བསླེབས་རྗེས་ཁྱོད་ཀྱིས་ཚིག་གཅིག་མི་གློད་ན་ངས་ཀྱང་ཚིག་རིས་ཤིག་མི་གཏོང་ཟེར་མཁན་མང་།
ད་དུང་གྲོས་ཚོགས་ནང་སློབ་དཔོན་ཐོན་མའི་དགོངས་པའང་དཀྲུག་གིན་འདུག ཁོང་ཚོས་བོད་ཀྱི་བརྡ་སྤྲོད་པའི་གཞུང་དུ་ཐོན་མིས་གང་གཏན་ལ་ཕབས་པའི་བོད་སྐད་ཡིག་གི་བརྡ་དག་གཞུང་ལུགས་ལ་གཞི་མི་བཅོལ་བར། ཡི་གེའི་དག་ཆའང་ཕྱག་བསྐྱངས་པ་མང་ཉུང་གིས་གཏན་འབེབས་གནང་།
དེའི་སྟེང་དུ་ང་ལ་བློ་ཕམ་ཆེན་པོ་ཞིག་བྱུང་། བློ་ཕམ་དེ་ཡང་གྲོས་ཚོགས་ཀྱི་འཐུས་མིའི་སྟེང་ནས་བྱུང་། སྐབས་བཅུ་བཞི་བའི་སྤྱི་འཐུས་ཀྱི་ལས་ཡུན་རྫོགས་རྒྱུར་ཟླ་དྲུག་ལས་མེད་པའི་སྐབས་འདིར་ཡང་། སྤྱི་འཐུས་ཁག་ཅིག་གིས་རང་ཚུགས་ཐུབ་གི་མི་འདུག ཁག་ཅིག་གང་དུའང་ཐེ་གི་མི་འདུག ཕལ་ཆེར་ས་མིག་མ་སྟོང་ཙམ་གྱིས་རང་གི་རྐུབ་སྟེགས་སྲུང་འདུག ཁོང་ཚོས་སྤྱི་དོན་དུ་ལས་ཤིག་སྒྲུབ་ཀྱིན་པ་ནི་གྲོས་ཆོད་གྲོས་འཆར་རེ་གཏན་འབེབས་གནང་སྐབས་ཕྱག་བསྐྱངས་ནས་རྒྱབ་སྐྱོར་གནང་མིན་ཙམ་རེད། གསུང་ཡང་ཞེ་དྲག་འཇོན་གི་མི་འདུག་ལ། ཕལ་ཆེར་རང་རང་ལ་རིག་པའི་རྣམ་དཔྱོད་བཏོན་ནས་གསུང་འབྱོན་རྒྱུ་ཡང་ཞེ་དྲག་ལྷག་མེད་པ་འདྲ།
དེའི་ག་ལ་ཚད། གྲོས་ཚོགས་ནང་བཀའ་ཁྲིའི་དབང་སྡུད་མངོན་གསལ་དོད་པོ་དང་ཤུགས་ཆེན་པོ་འདུག དོན་དག་གང་འདྲ་ཞིག་ཡིན་རུང་བཀའ་ཁྲི་ཁོང་གིས་གསེད་བཀྲོལ་གནང་རྗེས་སྤྱི་འཐུས་ཚོར་ཐག་གཅོད་སླ་བ་དང་ཕྱག་སྐྱོང་སླ་བ། གོ་ཤེས་བསྟུན་ཤེས་བརྒྱ་འགྱུར་དུ་སླ་རུ་གྱུར་འགྲོ  དེ་ནི་སྤྱི་འཐུས་མི་རེ་ངོ་རེའི་རང་ཚུགས་ཐུབ་མིན་གྱི་སྟེང་དུ་བབས་ཡོད།
གྲོས་ཚོགས་ར་བ་གཅིག་པུ་ག་ལ་ཡིན། ད་ལྟའི་བཀའ་ཁྲི་མཆོག་ནི་མཁས་པའི་དབང་བོ་ཕུལ་ཏུ་བྱུང་བ་ཞིག་ཡིན་པར་རྒན་མགོ་དཀར་ནས་གཞོན་སོ་དཀར་ཚུན་ཆད་དུ་ཡོངས་གྲགས་ཡིན་ལ། དོན་ལའང་དེ་ལྟར་ཡིན་མོད། སྤྱི་འཐུས་ཚོར་བལྟས་ཀྱིན་བལྟས་ཀྱིན་ཁོང་ཚོས་བཀའ་ཁྲིས་གསུངས་པའི་དོན་དག་གང་ཡིན་རུང་། ཡང་དག་པ་དང་དངོས་ཡོད། རྒྱུ་མཚན་ལྡན་པ་ལྟར་མཐོང་བ་ལས་རང་གིས་དེའི་ཕན་ནས་རིག་པའི་རྣམ་དཔྱོད་བེད་སྤྱོད་བཏང་། དཔྱད་ཞིབ་བྱས། མཇུག་མཐར་གོ་དོན་རྙེད་རྗེས་ད་གཟོད་ཕྱག་སྐྱོང་རྒྱུར་འབད་བརྩོན་མི་གནང་བར་རྗེས་སུ་འབྲངས་རྐྱང་བྱེད། དེ་ལྟར་སྐབས་བཅུ་བཞི་བའི་སྤྱི་འཐུས་ཀྱི་ལས་རྒྱུན་རྫོགས་ཉེར་ཡོད།

ཐེངས་འདིའི་གྲོས་ཚོགས་ར་བའི་ནང་བཀའ་ཁྲིས་ཀྱང་གྲོས་ཚོགས་ཀྱི་སྤུས་ཀ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྣང་ཚུལ་བྱུང་བ་དང་ཡིད་ཆད་བློ་ཕམ་བྱུང་སྐོར་གསུངས་ཡོད་ལ། དོན་ལའང་། དེ་ལྟ་བུའི་སྣང་ཚུལ་རེ་གཉིས་བྱུང་ཡོད། དེ་ལྟར་ན། སྐབས་རྗེས་མའི་སྤྱི་འཐུས་བཞི་བཅུ་ལྷག་གོ་མི་རེ་ངོ་རེ་བཞིན་རང་རང་གི་རྣམ་དཔྱོད་རྩལ་དུ་འདོན་ཐུབ་པ་དང་། རང་རང་གི་མིག་དང་རྣ། བློ་དང་རིག་པར་ཡིད་ཆེས་གཏོད་ཐུབ་པ། གྲོས་མི་ལ་འདྲི་ནའང་གྲོས་ཐག་རང་གིས་གཅོད་ཐུབ་པའི་ཚད་ལྡན་ཚུགས་ཐུབ་ཀྱི་འཐུས་མི་རེ་ཡིན་དགོས། མང་ཚོགས་ཀྱིས་ཀྱང་དེའི་ཕྱོགས་ལ་ད་ལྟ་ནས་གྲ་སྒྲིག་གནང་དགོས་པར་འདོད་དོ། །

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. སྤང་ཏོག says:
    ལོ་ 16 སྔོན།

    རྩོམ་ཡག་པོ་བྲིས་འདུག ཚང་མས་རྩོམ་གྱི་སྤྱི་ཁོག་ཧྲིལ་པོ་ནས་བསམ་གཞིགས་གཏོང་རྒྱུ་དང་ཤེས་རྒྱུ་མང་པོ་འདུག

    Reply
  2. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 16 སྔོན།

    སྤོབས་པ་སྐྱེ་འོས་པའི་གནས་ཚུལ་ཀློག་དུས་ཧ་ཅང་དགའ་པོ་བྱུང། ཡང་ཁ་ཤས་ཀྱིས་གསུངས་མ་བྱོན་པ་དེར་ཡང་ཐུགས་ཁག་མེད། ད་སྤྱི་འཐུས་ནང་ལོ་བཅུ་དང་ཡང་བཅུ་ཕྲག་གཉིས་གསུམ་བཞུགས་ཙང་གསུངས་ཡག་རྫོགས་པ་ཡིན་གྱི་རེད།

    Reply
  3. ནཱ་གྷཱ་རཀྵ། says:
    ལོ་ 16 སྔོན།

    ཁྱེད་རང་གིས་སྤྱི་འཐུས་སུས་གསུང་འབྱོན་མེད་ན་དེ་གསལ་བོ་བྱས་ནས་བཤད་ན་ཡག་པོ་འདུག གལ་སྲིད་སྤྱི་འཐུས་གསུང་མི་འབྱོན་མཁན་དང་རྐུབ་སྟེགས་སྲུང་མཁན་དེ་ཚོ་གསལ་བོ་བྱས་ནས་མི་མང་ལ་ངོ་སྤྲོད་བྱ་ཐུབ་ན། སྤྱི་འཐུས་རྗེས་མའི་སྤུས་ཀ་ཡག་རུ་འགྲོ་ཡ་རེ་བ་ཡོད་རེད་བསམ་གྱི་འདུག དེ་མིན་སྤྱི་ཡོངས་སྐྱོན་བརྗོད་བཙན་བྱོལ་སྤྱི་ཚོགས་ནང་ལ་མང་མེད་ན་ཉུང་མེད་ཚོད་རེད། ཡིན་ན་ཡང་ཐད་ཀར་སྐྱོན་བརྗོད་བྱེད་མ་ཐུབ་པས་རྐྱེན་གྱིས་སྤྱི་འཐུས་དང་སྒྲིག་འཛུགས་ཁག་གི་སྤུས་ཀ་ཡག་རུ་འགྲོ་ཐུབ་ཀྱི་མེད་པ་རེད། ལྷག་པར་དུ་གསར་འགོད་ལས་རིགས་གཉེར་མཁན་ཚོས་སྤྱི་འཐུས་ལྷན་ཚོགས་ཡིན་ན་སྤྱི་འཐུས་སྒེར་ཡིན་ན་དེ་ལ་ཐད་ཀར་སྐྱོན་བརྗོད་བྱེད་དགོས་པ་རེད། མང་གཙོའི་ཀ་བ་བཞི་བ་གསར་འགོད་ལས་རིགས་ཡིན་པས་རྒྱུ་མཚན་ཡང་དེ་ལ་ཐུག་པ་རེད་དྲན།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    མི་མང་བོ་ཞིག་གིས་སྤྱི་འཐུས་དང་བཀའ་ཁྲི་ང་ཚོས་འདེམས་པ་ཡིན་ཟེར་ནས་སྐད་རྒྱགས་རྒྱུར་གོམ་གཤིས་ཤིག་ཆགས་ཡོད་་པ་རེད། ངས་དེ་ཡི་སྐོར་ལ་བསམ་བློ་མང་བོ་ཞིག་གཏོང་ཁུལ་བྱས། དངོས་ནས་བཤད་ན་དེ་ནི་མི་མང་གི་འདེམས་ཀྱི་ཡོད་དམ། དགའ་ཉེ་སྤུན་མཆེད་དང་། ཕྱོགས་རུས་འཐེན་འཁྱེར་ལ་དགའ་བའི་གོམ་གཤིས་ངན་ལངས་དུ་ཤོར་བ་དག་གི་ནད་ཚ་མ་དྲགས་པར་ལུས་ཡོད་མེད་དེ་ཡི་མཚམས་ཤིག་རེད། དངོས་ནས་བཤད་ན། ང་ཚོས་རང་གི་མི་མང་འདི་གོ་རྟོགས་སད་ཡོད་མེད་དེ་ལ་བསམ་བློ་གཏོང་དགོས་ཀྱི་འདུག མི་མང་སད་མེད་དུས་ཤིག་ལ། བཀའ་བློན་དང་སྤྱི་འཐུས་རེ་ཟུང་ཞིག་གཉིད་ལས་སད་ཡོད་ཀྱང་དེ་ཙམ་རེད། མཐའ་མཇུག་དུ་ང་ཚོས་རང་གི་མི་མང་དེ་ང་རང་དང་ཁྱེད་ཅག་གི་འགན་གང་ཞིག་འཁུར་ཡོད་མེད་ཀྱི་སྐོར་ལ་བསམ་བློ་གཏོང་རན་རེད་འདུག འདི་ནི་དམིགས་བསལ་གྱིས་ཨ་རིག་འགྱུར་མེད་ལ་ཞུས་པ་མིན། རྩོམ་ཡིག་འདི་དང་འབྲེལ་བའི་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་ཞུས་པ་ཡིན།

    Reply
  5. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཡག་པོ་བྲིས་འདུག གྲོས་ཚོགས་ར་བའི་ཟུར་ཉན་པ་ཞིག་དང་གསར་འགོད་པ་ཞིག་གི་ཁྱད་ཆོས་ཀྱི་སྟེང་ནས་རྣ་བ་གསལ་ཤིང་མིག་དབང་རྣོན་པོས་གཟབ་ཉན་དང་གཟབ་ལྟ་བྱས་པར་གྲུབ་འབྲས་ལོན་འདུག

    འདི་ལྟར་ང་ཚོ་སུས་ཀྱང་རྣ་བ་སྲབ་སྲབ་དང་མིག་ཟུང་རིལ་རིལ་བྱེད་དགོས་ཀྱི་འདུག འདི་ལྟར་དཔྱད་ཞིབ་དང་དོགས་འཆར། བགྲོ་གླེང་བཅས་གནང་ཐུབ་དགོས་ཀྱི་འདུག

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྩོམ་གི་དངོས་གཞི་ལས་ཁ་བྱང་འདེམས་སྟངས་ཡག་གི

    Reply
  7. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    སྤྱི་འཐུས་འདེབས་མཁན་ཡང་མི་དམངས་ཡིན་ལ། ཤེས་འཇོན་མི་འདུག་གསུངས་མཁན་ཡང་མི་དམངས་ཡིན། འོ་ན་མི་དམངས་ཀྱི་གང་ཞིག་འགན་དུ་བླངས་ཡོད་པ་རེད་ལ། གང་ཞིག་འཐུས་ཤོར་དུ་བཏང་བ་རེད། འདི་མི་དམངས་ཀྱི་གྱོང་རེད་ལ་ནོར་འཁྲུལ་ཡང་ཡིན། སྤྱིར་མི་དམངས་རྣམས་ལ་རང་ཉིད་ཀྱི་འདོད་ཚུལ་དང་རྟོགས་ཞིབ། རྒྱུས་མངའ་སོགས་གང་ཡང་མེད་པར། མིའི་བཤད་རྗེས་ལ་ཤོར་འགྲོ་བའི་ཉེར་ལེན་ལས་འདི་ལྟར་བྱུང་བ་རེད། གྲོས་ཚོགས་ནང་དུ་བློ་གཟུར་བའི་ངང་ནས་བལྟས་ན་གང་ལ་གང་འཚམས་ཀྱི་འཐུས་མིའི་ཚོས་ཕྱག་ལས་གནང་ཡོད་པ་རེད། འོན་ཀྱང་ང་ཚོའི་འཐུས་མི་རྣམས་ལ་སྐྱོན་ཞིག་ཡོད་པ་ནི་གྲོས་ར་གྲོས་འདེབས་ཞེ་དྲག་མི་གནང་བར་རང་སྒེར་དང་། ཕྱོགས་ཞེན། འཐེན་འཁྱེར་གྱི་ངོ་བོ་ཤིན་ཏུ་ཆེ་ལ་རང་སྒེར་དང་། ཕྱོགས་འཐེན་རང་ལུགས་རྩོད་པ་ཤིན་ཏུ་དགའ་ཞིང་དེ་ནི་ཁོ་ཚོའི་འཇོན་ཐང་ཞིག་ལ་བློམ་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ནུས་ཤུགས་ཀྱང་སྤེལ་ཡོད་བསམ་པའི་འདུ་ཤེས་ཆེ། མི་དམངས་ཀྱིས་ཀྱང་དེ་འདྲ་ཞིག་ཡིན་བསམ་པའི་ཕྱོགས་གཉིས་ཀའི་ལྟ་བ་གཞི་གཅིག་ལ་སྣང་པའི་སྐྱོན་ཡོད། དེ་བས་དགྲ་ཕྱོགས་ལ་ལབ་གླེང་མེད་པར་ནང་རྩོད་དང་རང་ཕྱོགས་ཁོ་ནའི་ལམ་བུ་བརྒྱུད་བཞིན་པ་འདི་དག་དགའ་གཉེན་སྡུག་གི་གནས་སུ་མཆིས། བསམ་བློ་ཞིབ་ཏུ་བཏང་ན་འདི་འདྲའི་གོ་འཛོལ་ཞིག་དང་ཉེས་སྐྱོན་རྐྱང་གི་གྲོས་ཚོགས་ཤིག་འབྱུང་བཞིན་པ་ནི་འདི་ནང་དུ་བསམ་གཟས་ནས་དབྱེན་སྦྱོར་མཁན་རྒྱ་མིའི་གསང་ཉུལ་བ་ལོས་ཡོད་བསམ་པ་འདུག རེ་ཟུང་ལ་དོགས་གནས་ཀྱང་ཧ་ཅང་ཆེ།

    Reply
  8. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བདེན་དོན་ལ་བརྟེན་པའི་གནས་ལུགས་རིགས་པ་དང་རྒྱུ་མཚན་དུ་མའི་ལམ་ནས་ངོ་སྤྲོད་ཇི་ཙམ་ཞུས་ཀྱང་། མང་ཆེ་བ་ཞིག་ལ་ཧ་ཅང་གོ་བརྡ་འཕྲོད་དཀའ་བ་དང་། ཡང་གཞན་དག་མང་པོར་གོ་བརྡ་འཕྲོད་ཀྱང་དགོས་དབང་གིས་གོ་བརྡ་མ་འཕྲོད་པའི་ཚུལ་བཟུང་སྟེ་བཞུགས་པ་དང་། ཡང་འགའ་རེས་གོ་བརྡ་འཕྲོད་མིན་ལ་མི་ལྟོས་པར་སྙན་རྒྱབ་ཀྱི་ལྷགས་པ་ལྟ་བུར་སྣང་མེད་བཏང་སྙོམས་སུ་བཞག་པ་ལ་བརྟེན་ནས་བསམ་ཚུལ་སྨྲ་བརྗོད་ཐམས་ཅད་རང་བཞིན་ནུས་མེད་སོང་བའི་གནས་ཚུལ་ཞིག་བྱུང་།

    ཅེས་དང་། ཡང་།

    བཙན་བྱོལ་ནང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་དབྱེ་བ་མེད་སྟབས་ཚོགས་པ་འདི་གཉིས་ཀྱི་འགན་དེ་གྲོས་ཚོགས་ཀྱི་འཐུས་མི་ཚོས་འཁུར་དགོས་པ་ཡིན་མོད། འོན་ཀྱང་ད་ལྟ་བར་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཀའ་ཤག་གྲོགས་མེད་ཁེར་རྐྱང་དུ་བཞག་པའི་ཚོར་བ་ཤུགས་ཆེ་བྱུང་།
    ༼འདི་ཁོང་གི་བརྗོད་ཚིག་ཇི་བཞིན་མིན། དོན་དག་དེ་འདྲ་ཞིག་ཡིན་སྙམ་ཡོད། ནོར་ན་དགོངས་དག༽

    བཀའ་ཁྲི་མཆོག་གིས་འུ་ཐུག་གི་བཀའ་མོལ་འདི་འདྲ་གསུངས་པ་ཐེངས་གཅིག་གཉིས་མིན་བསམ་པ་ཡོད། འོན་ཀྱང་ད་ལན་གསར་འགོད་པས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཀའ་ཁྲིའི་ལན་འདེབས་དང་གསལ་བཤད་སོགས་ལ་རྒྱབ་སྐྱོར་བྱེད་རྐྱང་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་གསུགས་འདུག

    རྒྱུ་མཚན་རྡོ་ནང་བཞིན་གྱི་གཞོམ་མེད་མཁྲེགས་པོ་དེ་འདྲ་བཀོད་ཡོང་དུས་ཁོང་ཚོར་ལབ་རྒྱུ་གང་ཡང་མ་བྱུང་བས་ཡིན་འགྲོ་མ་གཏོགས་དེ་མིན་འཐུས་མི་འདི་ཚོས་ལས་སླ་པོར་མགོ་འཇོག་འཇོག་བྱེད་ཀྱི་མ་རེད། དམིགས་བསལ་འགའ་ཞིག་གི་བྱེད་སྟངས་ལ་བལྟ་དུས་བཀའ་ཤག་གི་ལན་འདེབས་དང་གསལ་བཤད། ལས་དོན་གྱི་བྱེད་ཕྱོགས་སོགས་ལ་རྒྱབ་སྐྱོར་དང་ལས་དོན་ལེགས་འགྲུབ་དོན་འཁྱོལ་ཡོང་བའི་ཆེད་རོགས་འདེགས་བྱ་རྒྱུའི་ཚབ་ལ་བརྒྱུད་རིམ་དེའི་ཁྲོད་ནས་སྐྱོན་འདོགས་བྱ་ས་ཞིག་ཇི་ལྟར་རྙེད་ཨེ་ཡོང་བསམ་བསམ་གྱི་རྔམས་སེམས་ཞིག་དང་དོ་སྣང་ཞིག་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གོ་མྱོང་རྐྱང་རྐྱང་བྲིས་འདུག་གཱ འུ་གཉིས་ཀྱི་བསམ་ཚུལ་གཅིག་པ་ཡིན་ས་རེད། ད་དུང་འུ་ཚོའི་བསམ་ཚུལ། ཧེ་ཧེ་ཧེ།
    རྩེད་མོ་ཡིན། བསུམ་ཚུལ་ཡག་ཐག་ཆོད་ཅིག་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese