གནས་ཚུལ་ཐོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་བཀའ་མངགས་ལྟར། ཉེ་ལམ་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་ཡོད་པའི་ལྷ་རྒྱ་རི་བོའི་ཕོ་བྲང་བསྐྱར་གསོ་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་འདུག་ལ། དེ་ནི་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་ལྷ་རྒྱ་རི་བོའི་ཕོ་བྲང་བསྐྱར་གསོ་བྱ་དགོས་པའི་ལས་གཞི་དེ། རིག་དངོས་སྲུང་སྐྱོབ་ལས་གཞིའི་གྲས་སུ་འཇོག་རྒྱུ་ཐག་གིས་བཅད་དེ་གོང་རིམ་ལ་སྙན་ཞུ་ཕུལ་དོན་ལྟར་ ༢༠༠༧ ལོའི་ཟླ་ ༡ པོའི་ནང་༼ བོད་རང་སྐྱོང་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གཅིག་པའི”འཆར་འགོད་རྣམ་གྲངས་སྐོར་གྱི་འཆར་ཇུས ༽ ཞེས་པའི་ནང་ཆོག་མཆན་སྤྲད་དེ། རྒྱ་སྒོར་བྱེ་བ་གཉིས་དང་འབུམ་ལྔ་ ༢༥༠༠༠༠༠ ཙམ་སྤྲད་དེ་ལྷ་རྒྱ་རི་བོའི་ཕོ་བྲང་བསྐྱར་གསོའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་ཞིག་ཡིན་འདུག
གོང་གི་གནས་ཚུལ་དེའི་སྐོར་བོད་ལྗོངས་ཆ་ཕྲིན་སོགས་བཀོད་པ་ལྟར་ན། ལྷ་རྒྱ་རི་བོའི་ཕོ་བྲང་གི་ཁང་པའི་བཀོད་པ་དང་སྒྲིག་གཞི་སོགས་སྔར་བཞིན་མ་འགྱུར་བར་བཞག་ཡོད་ཅིང་། ཁང་པ་དེ་ནི་རྒྱ་མི་རིགས་ཀྱི་ཁང་པའི་བཀོད་ལུགས་དང་བསྟུན་ཡོད་སྟབས། བོད་ཀྱི་རྒྱལ་པོའི་ཕོ་བྲང་གི་ནང་ནས་ཧ་ཅང་དཀོན་པའི་གནའ་བོའི་ཁང་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་ས་གནས་ལོ་རྒྱུས་དང་ཁང་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཞིག་གསོ་བྱེད་པའི་གོ་རིམ་ཁྲོད་དུ། རྙིང་པ་སོར་ཆུད་དུ་ཞིག་གསོ་བྱེད་པའི་གནའ་བོའི་ཁང་པ་ཞིག་གསོ་ཡི་རྩ་དོན་ནང་ལྟར། ཐོག་མར་རྒྱུ་སྤུས་ཀྱི་ཆ་ལ་དམ་འཛིན་བྱས་ཁར། སྲུང་སྐྱོབ་ཞིག་གསོ་བྱས་པའི་རིག་གནས་ཤུལ་བཞག་དེ་དག་གིས་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱས་ཏེ། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་བྱས་པ་ཡིན། ཞེས་བཀོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ཨ་ཁུ་ཁ་ནག་ལགས། ངས་རྒྱ་ནག་གི་སྲིད་འཛིན་ཧུའུ་གཅིན་འཐུང་ལ་གཅིག་ལབ་ཡོད་དེ་མགོ་གཡུག་ཙམ་གཡུག་ཙམ་བྱེད་ཀྱི་འདུག ཕལ་ཆེར་ཧུའུ་ཁོ་རང་གིས་གཅིན་འཐུང་ཡ་མང་དྲག་ནས་ཅུང་གཟི་ཡོད་པ་འདྲ།
ད་ཅི་བཤད་དགོས་རེད་ཨ།
བོད་ཀྱི་བཙན་པོའི་གདུང་རྒྱུད་ཀྱི་ཕོ་བྲང་ཉམས་གསོ་བྱེད་པ་འདི་ནི་རྟེན་འབྲེལ་བཟང་པོ་ཞིག་རེད་འདོད། དང་པོར་བཙན་པོའི་ཕོ་བྲང་ཉམས་གསོ་བྱས། དེ་ནས་བཙན་པོའི་གདུང་རྒྱུད་གདན་འདྲེན་ཞུས་ནས་བཙན་པོའི་མངའ་ཐང་སྐྱོང་དུ་བཅུག་ལ་ག་འདྲ་ལེགས་པོ་འདུག སྐད་འདི་སུས་གོ་ན་རྒྱ་ནག་གི་སྲིད་འཛིན་ཧུའུ་གཅིན་འཐུང་ལ་ལབ་རོགས་ཞུ།