མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་ཆེན་རིན་པོ་ཆེར་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ལས་གཞིའི་ཕུལ་བྱུང་གཟེངས་རྟགས་ཤིག་འབྲུག་པ་བཀའ་རྒྱུད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཝོ་ཁྲོ་ཧྤུ་ཨར་སི་ཁྲོ་རེ་ཞེས་པའི་མགྲོན་ཁང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼ སྟོང་ལོ་གསར་བའི་ཡར་རྒྱས་ལས་དོན་གྱི་གྲུབ་ཆ ༽ ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་ཅིང་། ཕྱི་ཚེས་ ༢༠ ཉིན་ ༢༠༠༠ ལོར་འཛམ་གླིང་གི་རྒྱལ་ཁབ་ ༡༨༩ གི་དབུ་ཁྲིད་དང་གནད་ཡོད་མི་སྣ་ལྷན་འཛོམས་ཐོག གྲོས་ཆོད་གཏན་འབེབས་གནང་བ་ལྟར། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་མི་སྒེར་ཁྲོད་འཛམ་གླིང་གི་ཡར་རྒྱས་འཛུགས་སྐྲུན་དང་དབུལ་ཕོངས་སེལ་ཐབས། དེ་བཞིན་ལོ་ཆུང་བྱིས་པར་ཤེས་ཡོན་སློབ་གསོའི་གོ་སྐབས་བསྐྲུན་པའི་ཕྱག་ལས་གནང་མཁན་གྱི་མི་སྣ་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། དེའི་ཁྲོད་འབྲུག་པ་བཀའ་རྒྱུད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་དུ་སྨན་ཁང་དང་སློབ་གྲྭ་གསར་འཛུགས། བུད་མེད་ཤེས་ཡོན་གོང་འཕེལ་གྱི་ལས་གཞི། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་རླབས་ཆེ་བའི་ཕྱག་ལས་གནང་བར་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

 

ཐེངས་འདིའི་ཚོགས་ཐོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་མཆོག་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཨ་ཀཱ་ས་ཀཱ་མཆོག་ཐེངས་འདིར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་ཐོན་རིགས་ལ་བྱ་དགའ་སྤྲོད་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་ཀྱི་གཏམ་བཤད་གནང་རྗེས་གཟེངས་རྟགས་དེ་དངོས་སུ་འབུལ་བཞེས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རི་རྒྱལ་ཁབ་གཞན་མང་པོ་ཞིག་གི་གནད་ཡོད་མི་སྣ་ཕེབས་ཡོད་པ་མ་ཟད། ཨ་རིའི་ནང་གི་འཁྲབ་སྟོན་པ་དང་རྩོམ་པ་པོ་སོགས་སྙན་གྲགས་ཅན་གྱི་མི་སྣ་མང་པོ་ཞིག་ཀྱང་འདུ་འཛོམས་བྱུང་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་བའི་ཡར་རྒྱས་ལས་དོན་གྱི་གྲུབ་ཆ་ཞེས་པའི་ལས་གཞི་འདི་ནི།  ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་གི་རྒྱལ་ཁབ་ ༡༩༠ ཙམ་གྱིས་མ་འོངས་ ༢༠༡༥ བར་གྱི་ལོ་ ༡༥ ནང་ཚུད་དུ་འཛམ་གླིང་ཡུལ་གྲུ་གང་སར་དབུ་ཕོངས་དང་བཀྲེས་སྐོམ་གྱི་དཀའ་ངལ་སེལ་ཐབས། ན་ཆུང་བྱིས་པར་ཟས་བཅུད་མི་འདང་བ་དང་བུད་མེད་སྦྲུམ་མའི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས། བུད་མེད་ཀྱི་ནུས་པ་སྤེལ་ཐབས། བྱིས་པ་ལོ་ཆུང་ཚོར་དམའ་རིམ་སློབ་སྦྱོང་སྤྲོད་ཐབས། ཁོར་ཡུག་སྲུང་སྐྱོབ། ཨེ་ཙི་ནད་གཞི་སྔོན་འགོག་སོགས་དོན་ཚན་བརྒྱད་ཀྱི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཉམ་ཐག་རིགས་ལ་རོགས་འདེགས་བྱ་རྒྱུར་དམིགས་པ་ཞིག་ཡིིན་འདུག་ལ།  ཐེངས་འདིར་ཨ་ཧྤུ་རི་ཀའི་མཱ་ལེ་ཝེ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་བྷང་ལ་ཌེ་ཤིའི་སྲིད་བློན་ལྕམ་སེ་ཁ་ཤེ་ནཱ། དེ་བཞིན་ཊམ་ཙལ་ནེ་ཡཱ། ཇོར་ཌན། མོ་ནཱ་ཀོལ་སོགས་རྒྱལ་ཁབ་སྐོར་ཞིག་གི་གཟེངས་ཐོན་མི་སྣར་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།

མཆན། 20

  1. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    འབྲུག་ཆེན་རིན་པོ་ཆེ་བོད་པ་ཡིན་པར་མ་ཟད། ཁམས་པ་རེད། ཁོང་གིས་ཤའི་ཁ་ཟས་དང་འབྲེལ་བའི་བཀའ་སློབ་ཞིག་ཏུ། གཞན་ང་ཤ་ལ་ཞེ་དྲགས་དགའ་བོ་ཡོད། ཁམས་པའི་ཕྲུ་གུ་རེད་པ། ཞེས་གསུངས་འདུག འདི་ནི་འབྲུག་ཆེན་རིན་པོ་ཆེས་བྷེལ་ཀོབ་རྒྱལ་བའི་ཕོ་བྲང་དུ་གནང་བའི་བཀའ་སློབ་ཞིག་རེད། བཀའ་སློབ་ཆ་ཚང་ངས་ལོ་གཅིག་གི་སྔོན་ལ་ཕབ་བཤུས་བྱས་ཡོད། གང་མགྱོགས་དྲ་ཐོགས་སུ་འཇོག་གི་ཡིན།

    Reply
  2. དྭགས་བསྟན། says:
    ལོ་ 15 སྔོན།

    ཨ་པོ་མཐུ་ཆེན་ལགས་ཀྱིས་གསུངས་པ་ལྟར་ན་འབྲུག་ཆེན་རིན་པོ་ཆེ་༸གོང་ས་མཆོག་ལ་དད་པ་བརྟན་ཅིང་ཁོང་གི་བཀའ་དགོངས་ཐོག་ཤར་བསྐྱོད་མཛད་མཁན་ཞིག་རེད་གསུངས་འདུག་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་ནམ་ཡང་གོ་མ་མྱོང།་མ་ཟད་༸གོང་ས་མཆོག་ས་གནས་གང་དུ་ཕེབས་ཀྱང་དེར་མ་ཕེབས་གོང་ནས་ཁོ་རང་ས་གནས་གཞན་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་འདུག་ཞིབ་ཕྲ་ཇི་ཡིན་དཔོག་དཀའ།

    Reply
  3. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    ཁོང་གི་མཚན་དངོས་གང་ཡིན་ན་དྲ་གྲོགས་རྣམས་མཁྱེན་ཚེ་དྲ་ཐོག་ལ་གནང་རོགས་ཞུ། དེ་ལ་བརྟེན་ནས་བརྟན་བཞུགས་གསོལ་འདེབས་རེ་ཕུལ་ཨེ་ཐུབ་སྙམ།།

    Reply
  4. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸ རྒྱལ་བ་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྟོང་ལོ་གསར་པའི་ལས་གཞིའི་ཆེད་བསྟོད་གཟེངས་རྟགས་ཐོབ་པར་སྙིང་དབུས་ནས་བཀྲིས་བདེ་ལེགས་གྲངས་མང་ཞུ། མུ་མཐུད་ནས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་གསོལ་འདེབས་ཞུ།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འགྲོ་དོན་ཁ་ཡིས་བཤད་ལ་མཁས་ན་ཡང་། ངེས་དོན་ལག་ཏུ་ལེན་པ་རེ་འགའ་ཙམ། གཏོང་ཕོད་ཁ་ཡིས་སྒྲོག་སཔ་མང་ན་ཡང་། སྦྱིན་ཕྱག་ཕྱོགས་མེད་ཡངས་བ་འདི་འདྲ་ཙམ། སྐུ་ཚེ་རིང་། མཛད་འཕྲིན་རྒྱས།

    Reply
  6. གངས་ཅན་པ། says:
    ལོ་ 15 སྔོན།

    སེམས་གཏིང་ནས་དགའ་བསུ་ཞུ་འོ།

    Reply
  7. འཇམ་གྲགས says:
    ལོ་ 15 སྔོན།

    འབྲུག་ཆེན་རིན་པོ་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. ཀུན་དགའ་བོ། says:
    ལོ་ 15 སྔོན།

    རིན་པོ་ཆེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  9. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ཚྭ་སྒང་ཕོ་ཉ་ལགས་ཀྱིས་གུས་པར་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ། ༸སྐྱབས་མགོན་འབྲུག་ཆེན་སྐུ་ཕྲེང་བཅུ་གཉིས་པ་འཇིགས་མེད་པདྨ་དབང་ཆེན་མཆོག་ནི། ཡབ་སྔ་འགྱུར་རྙིང་མའི་བླ་ཆེན་གཞི་ཆེན་བེེ་རོ་སྤྲུལ་སྐུ་ཕ་ཡུལ་ཁམས་སྡེ་དགེ་དང། ཡུམ་དཀོན་མཆོག་དཔལ་སྒྲོན་ཕ་ཡུལ་ལྷོ་བྲག་མངའ་བདག་ཉང་གི་སྐུ་བརྒྱུད་ཡིན་པ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༣ ལོའི་བོད་ཟླ་དང་པོའི་ཚེས་བཅུ་ཉིན་རྒྱ་གར་མཚོ་པདྨར་སྐུ་འཁྲུངས་པ་ཞིག་ཡིན། བོད་མི་གཙང་མ་ཡིན་པ་ལ་ནམ་ཡང་ཐུགས་དོགས་དགོས་དོན་མ་མཆིས། འདིའི་སྐོར་སྔོན་མ་ཁྱེད་ལ་བོད་རིགས་ཡིན་མིན་གྱི་ཐུགས་དོགས་ཡོད་པ་དེ་རིང་གསལ་པོ་ཡོང་རེ་དང་བཅས།

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ཚ་སྒང་ཕོ་ཉའི་དྲི་ལན།
    རྒྱལ་དབང་འབྲུག་པའི་ཡབ་ནི་ལོ་ཆེན་བེེ་རོའི་རྣམ་སྤྲུལ་མདོ་ཁམས་ཞེ་ཆེན་དགོན་པའི་སྤྲུལ་སྐུ་བེེ་རོ་མཆོག་ཡིན། ད་ལྟ་བལ་ཡུལ་དུ་བཞུགས། དགོན་པ་ཡང་ཆེ་རབས་གཅིག་འདུག
    ཁོང་གི་སྐྱེད་མ་ནི་ལྷོ་བྲག་ནས་ཡིན་པའི་དཀོན་མཆོག་དཔལ་སྒྲོན་ཞུ་བ་དེ་ཡིན། ཟེར་སྲོལ་ལ་མངའ་བདག་ཉང་གི་སྐུ་བརྒྱུད་ཡིན་ཟེར། དེ་ཡང་བལ་ཡུལ་དུ་བཞུགས་པར་གྲགས། ཞིབ་ཕྲ་མི་ཤེས།
    ངའི་བསམ་ཚོད་ལྟར་ན་བཙན་བྱོལ་དུ་འཁྲུངས་ཤིང་འཚར་བའི་སྤྲུལ་སྐུའི་ཁྲོད་ཉམས་རྟོགས་དང་ལུང་བསྟན་གཉིས་ཅར་གྱི་བརྟག་ཐུབ་པའི་སྐུ་ཡོན་ལྡན་པའི་སྤྲུལ་སྐུ་ཞིག་ལ་ཁོང་ཙམ་ཡིན་པར་སྙམ།
    གཅིག་བྱས་ན་ཁོང་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས། ཧོར་ཟླ་དང་པོའི་ཚེས་བཅུའི་ཉི་ཤར་གྱི་མཚམས། གུ་རུ་མཚན་བརྒྱད་ཀྱི་གར་འཆམ་དང་པོ་ཕེབས་པའི་དུས་སུ་གནས་ཆེན་མཚོ་པདྨར་འཁྲུངས་འདུག་པས་སློབ་དཔོན་པདྨའི་བྱིན་རླབས་སྙིང་ལ་བཞུགས་པས་མིན་ནམ།
    གང་ལྟར་རྟོགས་ལྡན་གྱི་བག་གཡའ་ཅུང་ཟད་མཆིས་ལ། ཆོས་དང་འབྲེལ་བའི་གསུང་རྩོམ་ཐོར་བུའི་རིགས་འགའ་ཞིག་འདུག་ཅིང་། དེ་དག་ལས་རེ་གཉིས་ཀྱི་སྙན་ཉམས་ནི་རང་གི་སྐུ་ཕྲེང་བཞི་པ་འབྲུག་པ་པད་དཀར་གྱི་སྙན་ཚིག་གི་འགྲོས་ལའང་བསྡུར་རུང་བ་ཙམ་དུ་སྣང་།

    Reply
  11. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ༧ སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་དོན་མཐུན་གྱི་མཚན་སྙན་གང་སར་ཁྱབ་པ་ངོ་མ་དགའ་པོ་བྱུང་ལ་གུས་ཕྱག་སྔོན་དུ་འགྲོ་བའི་སྒོ་ནས་འཚམས་དྲི་ཞུ་རྒྱུ་ཡིན། རིན་པོ་ཆེ་མཆོག་༧གོང་ས་མཆོག་ལ་དད་པ་བརྟན་ཅིང་ཁོང་གི་བཀའ་དགོངས་ཐོག་ཤར་བསྐྱོད་མཛད་མཁན་གྱི་བོད་ཀྱི་བླ་ཆེན་གྲས་རེད། རིན་པོ་ཆེས་༧ཀུན་མཁྱེན་པད་དཀར་གྱི་སྡོམ་རྒྱུན་ཡོད་བཞིན་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས་སྟབས་བཀའ་བརྒྱུད་པའི་བླ་མ་འགའི་ཐུགས་ལ་བབས་པོ་རང་བྱུང་མེད།

    Reply
  12. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ཉམས་ཐག་མི་སེར་ལ་རོག་སྐྱོར་བྱེད་མཁན་རིན་པོ་ཆེ་ཁོང་ལྟ་བུ་ལ་བྱ་དགའ་སྔགས་བརྗོད་ཐོབ་དགོས་ངེས་ཡིན། བཙན་བྱོལ་བོད་གཞུང་གྱི་ངོས་ནས་ཀྱང་བོད་མིའི་སྤྱི་ཚོགས་ཁྲོད་དེ་ལྟ་བུའི་གང་ཟག་ཡོད་སྲིད་པས་གོང་མཚུངས་ལྟར་བྱ་དགའ་བསྔགས་བརྗོད་གནང་དགོས་ངེས་ཞིག་རེད། དེ་མིན་རྒྱུ་ནོར་ལ་ཐོག་པ་མེད་པའི་འབྱོར་ཕྱུག་རྣམས་ཀྱིས་རྒྱུ་གོ་ཆོད་པ་ཞིག་བྱ་ཆེད་བཙན་བྱོལ་བོད་མིའི་ནང་ཤེས་ཡོན་ཆུ་ཚད་གང་ཙམ་ཡོད་ཀྱང་དཔལ་འབྱོར་དཀའ་ངལ་གྱིས་མཐོ་སློབ་དུ་འགྲོ་མི་ཐུབ་པའི་རིགས་ལ་རོག་ཕན་གང་ཐུབ་ཞིག་བྱེད་ཐུབ་ན། ནམ་ཞིག་ཁྱེད་ཉིད་ཀྱང་གོང་མཚུངས་ཀྱི་བྱ་དགའ་དང་བསྔགས་བརྗོད་ཐོབ་མི་སྲིད་པ་མ་ཡིན།

    Reply
  13. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ཐུབ་པ་སངས་རྒྱས་མཆོག་གི་རྗེས་འབྲང་ཞིག་གིས་མཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟེང་རྟགས་འདི་འདྲའི་སྙན་གྲགས་ཆེན་པོ་ཞིག་ཐོབ་པར་ང་ནང་པ་ཞིག་ཡིན་པའི་ཆ་ནས་སྤོབ་པ་དང་བཅས་མཚམས་འདྲི་ཞུ། བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་བོད་མི་ཞིག་ཡིན་པར་གསུངས་དུས་དེ་ནི་དངོས་གནས་དོག་པ་ཆེན་པོ་ཞིག་གི་སྣ་འདྲེན་ནས་དྲི་བ་ཞིག་མི་ཞུ་ཐུ་མེད་བྱུང་། ངས་སྔོན་ཆད་ཁོང་འབྲུག་པ་ཡིན་པའི་སྐད་ཆ་ཞིག་གོ་བྱུང་བས་ཐེང་འདི་བོད་མི་ཡིན་པར་ཡང་གོ་བས་དེ་གཉིས་ཀྱིས་བར་གནད་དོན་ཞིག་འདུག་སྙམ་བྱུང།༼ དྲི་བ་༽བསྟན་པ་ཡར་འཕེལ་ལགས་ཁོང་བོད་མི་ཡིན་ན་ཡིན་ཚུལ་དང་རྒྱུ་མཚན་ལོ་རྒྱུས་བཅས་གསལ་པོ་གསུང་དང་།

    Reply
  14. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    ངོ་མ་དགའ་ནི་ཞིག་རེད་རླབས་ཆེན་གྱི་བྱ་བཞག་བསྒྲུབས་མཁན་ཚོར་འདི་འདྲ་ཞིག་ལོས་འབབ་ཡ།

    Reply
  15. གདོང་ཕྲུག says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  16. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    འབྲུག་པ་བཀའ་བརྒྱུད་ཀྱི་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ལས་གཞིའི་ཕུལ་བྱུང་གཟེངས་རྟགས་ཐོབ་གནང་དེར་རྗེས་སུ་ཡི་རང་དང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  17. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་སངས་རྒྱས་ཀྱི་བསྟན་པའི་རྒྱན་ཞིག་ཡིན་ནོ།།

    Reply
  18. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    http://www.facebook.com/profile.php?id=100000444072144#!/Gyalwang.Drukpa?v=photos འདི་ནས་ཕེབས་དང་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐོར་གྱི་དཔར་རིས་མི་ཉུང་བ་ཞིག་གཟིགས་ཐུབ་ཀྱི་འདུག

    Reply
  19. ནད་པ says:
    ལོ་ 15 སྔོན།

    སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸ རྒྱལ་བ་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྟོང་ལོ་གསར་པའི་ལས་གཞིའི་ཆེད་བསྟོད་གཟེངས་རྟགས་ཐོབ་པར་སྙིང་དབུས་ནས་བཀྲིས་བདེ་ལེགས་གྲངས་མེད་ཞུ།
    རྗེ་མི་ལ་ཞབས་ཀྱིས། ཕྱི་ཡི་ཞིང་ས་བཟང་དང་གཅིག །གདམས་ངག་ས་བོན་ཐེབས་དང་གཉིས། །ཉམས་ལེན་མྱུ་གུ་སྨིན་དང་གསུམ། །སྐུ་གསུམ་འབྲས་བུ་སྨིན་དང་བཞི། །འདི་བཞི་འཛོམས་པའི་སོ་ནམ་ནི། །ནམ་ཞག་གཏན་གྱི་སོ་ནམ་ཡིན། །ཞེས་གསུངས་ལྟར་རོ།།

    Reply
  20. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ༸སྐྱབས་མགོན་འབྲུག་ཆེན་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་གི་མཛད་འཕྲིན་ལ་གུས་བཀུར་ཞུ། ད་རེས་ཀྱི་གཟེངས་རྟགས་དེ་ནི་བོད་མི་ཚང་མས་གུས་བཀུར་འོས་པ་ཞིག་ཏུ་མཐོང། གང་ཡིན་ཞེ་ན་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་ནི་སྤྱིར་བོད་མི་ཞིག་ཡིན་པ་དང། ཡང་སྒོས་བོད་ཀྱི་བླ་ཆེན་ཡོངས་གྲགས་ཤིག་ཡིན་པས་ཁོང་གི་མཛད་རྗེས་དེར་འཛམ་གླིང་རྒྱལ་སྤྱིས་མཐོང་ཆེན་གནང་ཡོང་དུས་ང་ཚོ་བོད་པས་ཀྱང་དམིགས་བསལ་ཞིག་མེད་ནའང་དགའ་བའི་རྣམ་འགྱུར་ཞིག་སྟོན་རྒྱུ་ཧ་ཅང་གལ་ཆེ་བར་སེམས། དེང་སྐབས་དྲྭ་ལམ་ནས་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་ཟེར་དུས་ཁག་ཅིག་ལ་དེ་ཙམ་རྒྱུས་མངའ་མེད་པ་ཡོད་སྲིད། དེས་ན་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས་ན། བོད་བརྒྱུད་ནང་བསྟན་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་མཆོག་གི་སྐྱེ་འཕྲེང་བཞི་པ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཀུན་མཁྱེན་པདྨ་དཀར་པོ་ཞེས་གྲགས་དཀར་གྱི་བ་དན་ཕྱོགས་མཐར་ཁྱབ་པ་དེ་ཉིད་ཡང་སྲིད་གཉིས་བྱོན་པ་ལས། བོད་ཡུལ་རང་དུ་གདན་ས་འཛིན་པ་རྒྱལ་བ་དཔག་བསམ་དབང་པོ་དང། འབྲུག་ཡུལ་དུ་ཕེབས་པ་རྗེ་ངག་དབང་རྣམ་རྒྱལ་ཏེ་གཉིས་སུ་གྱེས་པ་ལས་སྐབས་སུ་བབ་པ་དང་པོ་དཔག་བསམ་དབང་པོའི་སྐྱེ་ཕྲེང་དུ་གཏོགས་པ་ཞིག་རེད། ད་ལྟ་སྐུ་ཕྲེང་བཅུ་གཉིས་སུ་ཕེབས་ཤིང། དོན་བརྒྱུད་དཔལ་ལྡན་འབྲུག་པ་ཞེས་བྱ་རྒོད་པའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པ། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཆེན་པོ་དེའི་ཤིང་རྟའི་སྲོལ་འབྱེད་ཀྱི་གསེར་ཁྲི་འཛིན་མཁན་ནི་རྗེ་འདི་ཉིད་ཁོ་ནའོ།། འདི་ལས་གྱེས་པའི་བསྟན་པ་ལ་འབྲུག་པ་བཀའ་བརྒྱུད་ཅེས་གྲགས་པ་ཀུན་གྱི་མཁྱེན་གསལ་ལགས་པས་དེ་བཞིན་དགོངས་དབིངས་སུ་མངའ་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese