མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དང་བླངས་ཚོགས་པའི་སྤྱི་འཐུས་ས་བོན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་ཀྱི་གསོལ་འགྲོན་ཁང་དུ། མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མི་མང་སྤྱི་འཐུས་ཀྱི་ས་བོན་ཆེད་ཆོལ་ཁ་རེ་ནས་འཐུས་མི་བཅུ་རེ་འོས་སྦྱོར་བྱས་ཡོད།
ཚོགས་པ་དེས་འོས་སྦྱོར་བྱས་པའི་འོས་མི་རེ་རེ་བཞིན་སྐད་ཆ་དྲིས་ཏེ། སྤྱི་འཐུས་སུ་ལངས་རྒྱུའི་ཞལ་བཞེས་ཐོབ་མཁན་ཁག་ཅིག་ཡིན་འདུག་ལ། ཁོང་ཚོར་སྐད་ཆ་དྲིས་སྐབས་རེ་སྐུལ་གསུམ་ཞུས་ཡོད་ཟེར།
རེ་སྐུལ་གསུམ་ནི། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རྒྱུ་དང་། ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མི་གནང་རྒྱུ། བོད་ཀྱི་མང་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང་། ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རྒྱུ་བཅས་ཡིན་འདུག
མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས་བཏོན་པའི་དབུས་གཙང་སྤྱི་འཐུས་འོས་མི་ནི། སྤྱི་འཐུས་ཀརྨ་ཡེ་ཤེས། ངྷ་ས། སྤྱི་འཐུས་ཚེ་བརྟན་ནོར་བུ། བལ་ཡུལ། བོད་མིའི་སྒྱུ་རྩལ་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཨེ་ཤ་ཡའི་འགན་འཛིན་འཇམ་དབྱངས་རྡོ་རྗེ། བལ་ཡུལ། བུད་མེད་ཚོགས་གཙོ་ཟུར་བ་བུ་མོ་ཚེ་རིང་། ངྷ་ས། སྤྱི་ཚོགས་ཞབས་ཞུ་བ་བསོད་ནམས་བཟང་པོ། བལ་ཡུལ། གཞུང་ཞབས་ཟུར་པ་འཇིགས་མེད་འབྱུང་གནས། སྦེལ་ཀོབ། བུད་མེད་ཚོགས་པའི་དབུས་རྒྱུན་ཤར་གླིང་ཟླ་སྒྲོན། ངྷ་ས། སྤྱི་འཐུས་ཡེ་ཤེས་ཕུན་ཚོགས། ལྡི་ལི། དགེ་རྒན་ཚེ་བརྟན་དབང་ཕྱུག ལ་དྭགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད། ངྷ་ས། བཅས་ཡིན་པ་དང་།
མདོ་སྟོད་སྤྱི་འཐུས་འོས་མི། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ངྷ་ས། གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས། སྦེལ་ཀོབ། སྤྱི་འཐུས་འབབ་པ་སྐལ་བཟང་རྒྱལ་མཚན། ངྷ་ས། ས་འཐུས་ཚོགས་གཞོན་བསོད་ནམས་དཔལ་མོ། ཨོ་རི་ས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། ལྡི་ལི། གསར་འགོད་པ་ལི་ཐང་འཇམ་དབྱངས་བཟོད་པ། ངྷ་ས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག ལྡི་ལི། མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས། སྦེལ་ཀོབ། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། སྤིར། དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར། ངྷ་ས། བཅས་ཡིན།
མདོ་སྨད་སྤྱི་འཐུས་འོས་མི། ཤིང་བཟའ་རིན་པོ་ཆེ། སེ་ར། སློབ་དཔོན་བསོད་ནམས་རྒྱལ་མཚན། ས་རཱ། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། ཧུང་སོར། ནོར་གླིང་མཐོ་སློབ་ཀྱི་འགན་འཛིན་སྒྲོལ་དཀར་སྐྱབས། ངྷ་ས། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་། ངྷ་ས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། ངྷ་ས། སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས། སེ་ར། བོད་ཡུལ་ལྟ་ཞིབ་ཚོགས་མི་ཚེ་རིང་རྡོ་རྗེ། ངྷ་ས། སྙིང་རྗེ་ཚོགས་པའི་ལས་མི་འཇིགས་མེད་མཆོག་གྲུབ། ངྷ་ས། སྤྱི་འཐུས་བསྟན་འཛིན་མགོན་པོ། ངྷ་ས། བཅས་ཡིན།
མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས། ཟླ་སྔོན་མའི་ནང་བོད་གཞུང་ཟློ་གར་ཚོགས་ཁང་དུ་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ཁྲིམས་རྩོད་པ་བློ་བཟང་སེངྒེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ལ་བཀའ་བློན་ཁྲི་པའི་སྐོར་གྱི་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཏེ། ངྷ་ས་རུ་བགྲོ་གླེང་སྟེང་ཞུགས་པའི་མི་གྲངས་མང་ཤོས་དང་འཁྲུག་ཆ་དོད་ཤོས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་ཆགས་ཡོད་པར་མ་ཟད། དགོང་མོ་དེར་དྲ་རྒྱ་བརྒྱུད་མཉམ་ཞུགས་བྱེད་མཁན་བོད་མི་ལྔ་བརྒྱ་ལྷག་བྱུང་འདུག
ཚོགས་པ་དེས་སྤེལ་བའི་བསྒྲགས་གཏམ་དུ། བོད་མིའི་མང་གཙོ་ཡར་རྒྱས་ཆེད་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་མི་མང་གང་མང་མཉམ་ཞུགས་ཐུབ་ཆེད་ལས་འགུལ་ཁག་ཅིག་སྤེལ་ཟིན་པ་དང་། ཐེངས་འདིར་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་སྐོར་ལ་བགྲོ་གླེང་རིམ་པར་བྱས་ཏེ། གོང་གསལ་འོས་མི་དག་ཚོགས་མི་ནང་ཁུལ་དུ་མང་མོས་དང་སྤྱི་མོས་གང་རུང་ཐོག་བཏོན་ཡོད་ཅེས་གསལ་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    སྤྱི་མཐུས་ནི་ཆོལ་ཁ་དང་ཆོས་ལུགས་ནས་ཡོང་དགོས་དུས་རང་བཞིན་གྱིས་ཕྱོགས་ཞེན་དང་ཞེན་ཁོག་ཡོང་ངེས་ཡིན་པའི་དེས་ན་ང་ཚོ་ཚང་མའི་རིག་པར་བསྒྲིམ་ནས་བཀའ་བློན་ཁྲི་པ་དེ་ཡག་པོ་ཞིག་འདེམས་དགོས་པ་ནི་ཤིན་ཏུ་གལ་ཆེ་ཡིན།

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    ད་དུང་འཚོལ་དགོས་འདུག སྤྱི་འཐུས་ཀྱི་འོས་མི་འཚོལ་དགོས་འདུག ད་དུང་འཚོལ་དགོས་འདུག བཀའ་བློན་ཁྲི་པའི་ཕྱག་རོགས་འཚོལ་དགོས་འདུག ད་དུང་འཚོལ་དགོས་འདུག རང་ཉིད་ཀྱིས་རང་ཉིད་འཚོལ་དགོས་འདུག
    ད་དུང་འཚོལ་དགོས་འདུག མི་རབས་ནས་མི་རབས་བར་གྱི་ལོ་རྒྱུས་ཀྱི་བཞུད་ལམ་འཚོལ་དགོས་འདུག།
    ད་དུང་འཚོལ་དགོས་འདུག འོན་ཀྱང་། ཐོག་མར་རང་ཉིད་ཀྱིས་རང་ཉིད་བཙལ་ཏེ་རང་ཉིད་རྙེད་དགོས་འདུག །

    Reply
  3. Ngawang Norbu says:
    ལོ་ 16 སྔོན།

    ༄། །ར྄ྙོག་ཕྲ་ས྄ློང་མཁན་ས྄ྟེ་དཔོན་དེ་ར྄ྣམས་མི་འདུག་པས་གང་ལེགས་བྱུང་འདུག ཐུགས་ར྄ྗེ་ཆེ།

    Reply
  4. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ད་ནི་ང་སྤྱི་ཚོགས་འདིའི་སྣང་ཚུལ་དང་བྱེད་ལས་ཡོད་ཚད་ལ་སེམས་གཏིང་ནས་སུན་སོང་

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སྤྱིའི་ཆ་ནས་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

    འོན་ཀྱང་མ་བརྟགས་མ་དཔྱད་པའམ་ཤེས་བཞིན་དུག་འཐུང་ཡིན་མི་ཤེས་མོད
    འདིའི་ནང་དུ་ཡང་། རྙིང་ཞེན་ཅན་དང་བསམ་བློ་ནར་མ་སོན་པ་ཤན་སྟོབས་ཀྱིས་སླེབ་པ་འགའ་རེ་འདུག་ན་ གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པ་ལྟར་ཚང་མའི་ནན་ཏན་ངང་གཟབ་ནན་བྱོས།

    Reply
  6. དགྲ་འདུལ། says:
    ལོ་ 16 སྔོན།

    རེ་སྐུལ་གསུམ་ཡག་པོ་འདུག མུ་མཐུད་དུ་ཡིན་ད།

    Reply
  7. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    དང་བླང་ན་གཞོན་རུ་ཁག་ནས་ལྷག་བསམ་རྣམ་དག་གི་བོད་བསྟན་སྲིད་ལ་དགོངས་བསམ་བཞེས་ཏེ་སྤྱི་འཐུས་དྲག་འདེམས་ཀྱིས་མི་མང་ལ་ངོ་སྤྲོད་གནང་བར་སྙིང་དབུས་ཐུགས་ཆེ་ཞུ་རྒྱུུ་ཡིན་ན་ཡང་ཁྱེད་རྣམས་པའི་ལྷག་བསམ་ལ་སྐྱོན་ཡོད་མེད་དང་དགོངས་བསམ་ཇི་འདྲ་ཞིག་བཞེས་ཀྱིན་ཡོད་པ་ཤེས་དཀའ་ན་ཡང་། ད་རེས་ཀྱི་སྤྱི་འཐུས་ས་བོན་འདིའི་ནང་ཆེས་མི་འོས་པ་དང་། ཆ་རྐྱེན་མི་ལྡན་པའི་འོས་མི་འགའ་ཞིག་སྤྱི་འཐུས་ས་བོན་དུ་འདོན་གནང་འདུག་པ་ནི་ཕན་ལས་གནོད་ཆེ་བས་མི་ངོ་རེར་བརྟགས་དཔྱད་སྤྱིས་ཕྱིན་པ་ཞིག་གནང་མཐར་སྤྱི་འཐུས་ས་བོན་འོས་ཆོས་ཚང་མིན་ལ་ཞིག་ཏེ་འདོན་གནང་མཛད་དགོས་པ་ལས་གཞན་གྱི་ལས་བཟློས་ཙམ་གྱིས་བོད་བསྟན་སྲིད་ལ་ཕན་པ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese