མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་དང་ང་ཚོ། – རྡོ་རྗེ་རིན་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ལོ་རབས་དྲུག་ཅུའི་ནང་བོད་མིའི་དབུ་ཁྲིད་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་དབང་ལམ་ལུགས་དམངས་གཙོ་ཅན་དུ་བསྒྱུར་པ་ནས་ད་བར་མི་ལོ་ལྔ་བཅུ་ཕྱིན་པ་རེད། ཞིབ་འདང་ཞིག་བརྒྱབ་ཚེ་དེ་ནི་འདས་པའི་མི་ལོ་ལྔ་བཅུའི་སྔོན་དུ་རླབས་ཆེན་གྱི་དབུ་ཁྲིད་ཅིག་གིས་རང་གི་རྒྱལ་ཁབ་ཀྱི་སྲིད་དབང་དུས་བསྟུན་བཅོས་སྒྱུར་བྱས་པ་ཞིག་དང༌། གཞན་དུ་ན་ལོ་རྒྱུས་ཐོག་གི་རང་ཉིད་ཀྱི་བདག་དབང་ཞིག་རྐང་བཙུགས་ནས་མི་དམངས་ལ་གསོལ་རས་གནང་བ་ཞིག་ཀྱང་རེད། འདི་ལྟར་བལྟས་ཚེ་རང་རེའི་ཡུལ་ཁམས་དང་ས་འབྲེལ་རྒྱ་ནག་གཙོས་ཀོ་རི་ཡ་བྱང་མ་དང༌། འབར་མ་སོགས་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་དབུ་ཁྲིད་ཚོའི་མདུན་དུ་རང་རེའི་དབུ་ཁྲིད་མཆོག་ནི་ཇི་འདྲའི་རྒྱུ་སྐར་ཁྲོད་ཀྱི་ཉི་མ་ཞིག་ཨང༌།

 

ཡིན་ནའང་ཐབས་སྐྱོ་བ་ཞིག་ལ་འདས་པའི་མི་ལོ་ལྔ་བཅུ་དེའི་ཁྲོད་བཙན་བྱོལ་བོད་མིའི་སྤྱི་འབོར་མང་ཤོས་ཤིག་གིས། ད་དུང་དམངས་གཙོའི་གོ་རྟོགས་ཡང་དག་པ་ཞིག་དང་དེའི་རིན་ཐང་གསལ་བོ་ཞིག་རྙེད་ཀྱི་མེད་པ་ནི།  བོད་མིའི་སྤྱི་འབོར་མང་ཤོས་ཀྱིས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་གྱི་ཡོད་མེད་དེ་ཚད་འཇལ་གསལ་བོ་ཞིག་ཆགས་ཡོད། ཚུལ་དེ་འདས་པའི་ཆར་སྤྱི་འཐུས་ཚོགས་གཙོའི་བཀའ་ཁྲི་འོས་འདེམས་སྐོར་གྱི་གསུང་བཤད་དང༌། དེ་བཞིན་བློ་བཟང་སེང་གེའི་བཀའ་བློན་ཁྲི་བའི་འོས་བསྡུའི་བསྐྱར་བཅོས་ཞེས་པའི་རྩོམ་ཡིག་གཉིས་སུ་གསལ་བོར་སྣང་སྟབས་འདིར་བསྐྱར་བརྗོད་བྱེད་གལ་མ་མཆིས།

 

ད་ལྟ་ང་ཚོས་རང་རེའི་དབུ་ཁྲིད་ཀྱི་ངོས་དང་མི་དམངས་རང་ཉིད་ཀྱི་ངོས་ཏེ་ངོས་གཉིས་ནས་གཞིགས་ཚེ། དམངས་གཙོ་ཞེས་པའི་ཚིག་དོན་ངོ་མ་དེ་ངོས་གང་ཞིག་དང་འབྲེལ་ཐག་ཉེ་བ་ཡོད་པ་དང༌། ཡང་ན་ངོས་གང་དང་ས་འདྲེས་རྡོ་འདྲེས་སུ་འདུག་པའང་ཟུར་བསྟན་ལེབ་མཐོང་ཡིན་པ་རེད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ད་ལྟ་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་སྤྱི་ཚོགས་རྙིང་བ་རོ་ལངས་རྒྱག་གི་ཡོད་ཚུལ་བཤད་ལ། བཙན་བྱོལ་བོད་གཞུང་ཡང་ཁྲིམས་འགལ་ཡིན་ཚུལ་ཤོད་ཀྱིན་ཡོད།

 

ངོ་མ་ངུ་རྒྱུ་ཡོང་ལ་དགོད་རྒྱུ་ཡང་ཡོང་བ་ཞིག་ནི། རང་རེའི་དབུ་ཁྲིད་མཆོག་གིས་དམངས་གཙོའི་སྒོ་འཕར་ཡངས་པོར་ཕྱེས་ནས་མི་ལོ་ལྔ་བཅུ་ཙམ་ཕྱིན་ནའང༌། ང་ཚོ་མི་དམངས་ད་དུང་དམངས་གཙོའི་གནས་ལུགས་དང་ཐག་རིང་ས་ཞིག་ན་ཡོད་པ་དེས། སླར་ཡང་ཁོང་ལ་ཁ་རྡུང་གཏོང་བྱེད་ཀྱི་ལག་ཆ་འདི་དག་ཆགས་ཀྱི་ཡོད་པ་རེད། འདིས་ང་ཚོ་རང་ཉིད་ཀྱིས་རང་ཉིད་མེད་པ་བཟོ་བ་དང༌། དམངས་གཙོ་དང་ང་ཚོ། ང་ཚོ་དང་ང་ཚོའི་དབུ་ཁྲིད་བར་གྱི་རྒྱང་ཐག་ཀྱང་གསལ་བོ་ཞིག་བསྟན་ཡོད།

 

མཚམས་འདི་ནས་ཡིད་ལ་ཐོལ་གྱིས་འཁོར་ཡོང་བ་ཞིག་ནི་སྔོན་ཆད་ཕྱི་རྒྱལ་གྱི་ཡུལ་མི་ཞིག་གིས་བོད་མིའི་སྤྱི་ཚོགས་ཀྱི་གཟུགས་བརྙན་གསོན་པོར་བྲིས་པ་སྟེ། བོད་པ་རྣམས་འདམ་རྫབ་ཁྲོད་ཀྱི་ཤིང་རྟ་འཁོར་ལོ་ཞིག་གི་ནང་ལྷོད་པར་བཞུགས་པ་དང༌། ྋགོང་ས་མཆོག་གིས་གཅིག་པུས་ཤིང་རྟའི་ཡུ་བར་འཇུས་ཏེ་འདམ་རྫབ་ཁྲོད་ཀྱི་ཤིང་རྟ་དེ་ཡར་འདྲུད་བཞིན་པའི་དཔེ་རིས་དེ་ནི་ཇི་འདྲའི་དཔེ་མཚོན་ཡང་དག་ཅིག་ཨང༌། ལར་ནས་ང་ཚོ་འདི་མུར་ཕྱིན་ཚེ་ང་ཚོའི་སྣང་ཚུལ་འདིས་རྒྱ་གཞུང་གིས་ཏཱ་ལའི་བླ་མ་ཞལ་མ་བཞུགས་དུས་བོད་པའི་གནད་དོན་མཇུག་སྒྲིལ་བར་འདོད་པའི་རེ་བ་དེར་ཡང༌། ང་ཚོ་རང་ཉིད་ཀྱིས་རྒྱ་གཞུང་ལ་གསལ་འདེབས་སམ་བརྡ་ལན་ཞིག་ཅིས་མ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. རྡོ་རྗེ་རིན་ཆེན། says:
    ལོ་ 16 སྔོན།

    ཟླ་བ་ལྷ་མོ་ལགས། ཁྱེད་ཀྱི་དྲི་བ་དེ་དང་ཐོག་ངས་ང་རང་ལ་བཏང་བ་ཡིན།
    དྲང་མོར་ཞུ་ན།ངས་རྩོམ་ཡིག་ཕྱི་མའི་ཆེད་དུ་སྔ་མ་དེ་སྔོན་འགྲོའི་ཚུལ་དུ་འབྲི་དགོས་བྱུང༌།ཐུགས་ཕན་སོས་མིན་མི་ཤེས་ཀྱང་རྩོམ་ཡིག་ཕྱི་མ་ཞིག་རང་མིན་དུས་བབ་དྲ་ཚིགས་སུ་བསྐུར་ཆོག

    Reply
  2. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    རྡོ་རྗེ་རིན་ཆེན་ལགས།ཁྱེད་ཀྱིས་གསུང་བ་དེ་ཚོ་སྡོན་མ་ནས་ཐོས་མྱོང་ཡོད་ཁྱོད་ཀྱིས་བསམ་ན་ང་ཚོའི་་མང་ཚོགས་ལ་ལམ་སྟོན་ག་འདྲ་ཞིག་སྟོན་ན་བཟང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese