མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་ཕེབས་འཇུག་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp
འབྲས་ལྗོངས་མི་མང་གིས་ཀརྨ་པ་མཆོག་རུམ་བཏེགས་དགོན་དུ་ཕེབས་རྒྱུར་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་འདུག
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།ཀརྨ་པ་ཕེབས་བསུ་ཚོགས་པ་དང་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཚེས་༢༦ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཡུལ་དེའི་དགོན་སྡེ་ཁག་༦༥ ནས་ཕེབས་པའི་དགེ་འདུན་པ་༣༠༠༠དང་ས་གནས་མི་མང་བཅས་ཁྱོན་མི་ཁྲི་༤ ཙམ་འདུ་འཛོམས་ཐོག་རྒྱ་གར་གཞུང་ལ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་ཞིག་བྱས་ཡོད་ཅིང་།ཐེངས་འདིར་ངོ་རྒོལ་བྱེད་དོན་ནི་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བཙན་བྱོལ་དུ་ཕེབས་ཏེ་མི་ལོ་ཧྲིལ་པོ་༡༠ ལྷག་ཕྱིན་ཀྱང་ད་དུང་ཡང་རང་གི་གདན་སར་ཕེབས་ཐུབ་ཀྱི་མེད་སྟབས། མང་ཚོགས་ཀྱིས་དང་བླངས་ཐོག་ཀརྨ་མཆོག་འབྲས་ལྗོངས་རུམ་བཏེགས་དགོན་དུ་གདན་ཞུས་ཀྱིས་ཁྲི་འདོན་དགོས་པའི་འབོད་སྐུལ་ཞུས་པ་ཞིག་རེད།
ཉིན་དེར་གོ་སྒྲིག་ཚོགས་ཆུང་གིས་འབྲས་ལྗོངས་མངའ་སྡེ་བློན་ཆེན་གྱི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་པའི་ནང་དུ།མངའ་སྡེ་གཞུང་གི་སྐུ་ཚབ་ཚོགས་པ་ཞིག་སྲིད་བློན་དང་མཇལ་འཕྲད་ཀྱིས་ཕྱི་ལོ་༢༠༡༡ལོར་ཀརྨ་མཆོག་རུམ་བཏེགས་དགོན་དུ་གདན་འདྲེན་ཞུ་དགོས་ཞེས་བཀོད་ཡོད།ད་ཆར་ཀརྨ་པ་མཆོག་ངྷ་ས་བཞུགས་སྒར་ཉེ་འགྲམ་ཁུལ་གྱི་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཡོད་ལ།སྐུ་ཕྲེང་སྔོན་མའི་གདུལ་བྱ་གཙོ་བོ་ནི་ཨ་རི་དང་འབྲས་ལྗོངས།ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཡོད་འདུག
 
གསར་འགོད་པ།དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. འབྲོང་སར་ཚེ་ཉི། says:
    ལོ་ 16 སྔོན།

    བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་རྩ་བའི་རྩེ་མོ་གཙུག་གི་ནོར་བུ་༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་གང་ཉིད། རྗེ་གོང་མའི་བཞུགསགནས་འོག་མིན་ས་ལ་སྤྱོད་པའི་གདན་ས་ཆེན་མོ་༧ཀརྨའི་སྒར་ཆེན་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་དུ་ ཞབས་སོར་འཁོད་ནས་ཟབ་རྒྱས་ཆོས་ཀྱི་དབྱར་རྔ་གོ་ལ་ཧྲིལ་པོའི་ཁྱོན་ཀུན་དུ་རྒྱས་པའི་སྨོན་འདུན་རྕེ་གཅིག་ཏུ་ཞུ་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་དགོངས་བཞེད་མྱུར་དུ་འགྲུབ་པར་ཤོག

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    དད་ལྡན་མི་མང་གི་རེ་འདུན་བཞིན་དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཐུབ་པར་ང་ཚོས་ཀྱང་གསོལ་བ་སྨོན་ལམ་འདེབས་དགོས་པ་རེད།
    གདན་ས་རིམ་བཏེགས་ལ་ཆིབས་བསྒྱུར་གནང་ཐུབ་རྒྱུ་ནི་ཁོང་གི་གནས་སྐབས་ཀྱི་མཛད་འཕྲིན་གལ་ཆེ་ཤོས་དེ་རེད།
    ཁོང་དང་དད་ལྡན་མི་མང་གི་ཐུགས་རེ་འགྲུབ་པར་ང་ཚོས་ཀྱང་སྨོན་ལམ་ཞུ་དགོས་པ་རེད།

    Reply
  4. ཚ་སྒམ་ཡེ་བསམ། says:
    ལོ་ 16 སྔོན།

    ང་ཚོ་བཙན་བྱོལ་བོད་གཞུང་གིས་བོད་ནང་དུ་ཡོད་པའི་པཎ་ཆེན་རིན་པོ་ཆེན་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་བཙན་ལས་གྲོལ་ཐབས་ལྟ་ཅི། ཐ་ན་རང་དབང་ལུང་པ་ནང་ཡོད་པའི་རྐ་མ་པ་མཆོག་ལ་ཡང་རང་དབང་ཡོད་པ་ཞིག་བྱེད་ཐུབ་མེད། རྐ་མ་པ་མཆོག་ནི་རྒྱ་གར་དང་བོད་གཞུང་གཉིས་ཀྱི་བཟང་བཙོན་དང་ཁྱད་ཅི་ཡོད།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    འདི་ཨང་དཔུང་བ་མཉམ་གཤིབ་ཀྱི་རྣམ་པ་ཞིག་ཡིན་ལོས་ཆེ། འདོད་པའི་དོན་བཞིན་སྨིན་པའི་རེ་བ་ཡོད། འུ་ཚོར་དགོས་པ་ནི་ཆིག་སྒྲིལ་རེད། ཆོས་ལུགས་ཀྱི་ཆིག་སྒྲིལ། སྐད་ཡིག་གི་ཆིག་སྒྲིལ། འཐའ་འབྲེལ་གྱི་ཆིག་སྒྲིལ། ལོ་རྒྱུས་ཀྱི་ཆིག་སྒྲིལ། གང་དང་གང་ཡིན་ཡང་དགོས་ངེས་རེད།

    Reply
  6. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    གསལ་བཤད། ས་གནས་ཉེན་རྟོག་པས་རོབ་རྩིས་བརྒྱབ་ན་ཉིན་དེར་མི་ཁྲི་ ༢༌༥ ལྷག་འཛོམས་ཡོད་ཚུལ་བརྗོད་ཀྱང་། ཁུལ་དེར་གནས་སྡོད་ཡུལ་མི་ཞིག་གིས་བཤད་ན་འདུ་འཛོམས་བྱུང་བའི་གྲངས་འབོར་ནི་ཁྲི་ ༤ ལས་བརྒལ་ཡོད།

    Reply
  7. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    གཞིས་བྱས་གཉིས་སུ་ཡོད་པའི་བོད་མི་ཡོད་ཚད་པོའི་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་རེ་བ་དང་ཡིད་ཆེས་མང་པོ་ཞིག་བྱེད་བཞིན་ཡོད་དུས་ཁོང་ལ་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་དེ་ང་ཚོ་རྗེས་འཇུག་པ་ཚོའི་ཐུན་མོང་གི་ལས་འགན་ཞིག་ཡིན། རང་དབང་གི་ལུང་པ་འདི་ནས་ཁོང་ལ་འདི་འདྲའི་བཙན་བཀག་བྱས་པ་འདི་ནི་མ་འོངས་བོད་མི་རིགས་འདིས་གྱང་གུད་ཞིག་རེད་དེ་བས་ང་ཚོ་ཁོང་ལ་རང་དབང་དགོས་པའི་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་ན་དུས་ཐོག་ཏུ་ངེས་པ་ཅན་སྤེལ་དགོས།

    Reply
  8. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    གསལ་བསྒྲགས་འདི་ནས་ཁྱོན་མི་གྲང་ཁྲི་༤འདུ་འཛམ་བྱས་ཞེས་པ་དེ་ཅུང་ཟད་ནོར་འདུག་ཁྱོན་མི་གྲང་༢༠༠༠༠༠ལས་ལྷག་འདུག་ཟེར།

    Reply
  9. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    སྒྲུབ་རྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཕྲེང་སྔོན་མའི་འདུལ་བྱ་ཨ་རི་དང་། འབྲས་ལྗོངས། ཧི་མ་ལའི་ས་ཁུལ་ཁག་ཡིན་པའི་དབང་དུ་བཏང་ཡང་། སྐུ་ཕྲེང་འདིའི་འདུལ་བྱ་གཙོ་བོ་ང་ཚོ་བོད་གཞིས་གཉིས་ངེས་པར་ཆག་དགོས་པ་བོད་མི་ཡོངས་ནས་འབད་འབུངས་བྱ་དགོས།
    ཁོང་ནི་ང་ཚོའི་བོད་མིའི་མ་འོངས་པའི་རེ་བའི་མིག་ལྟོས་གྱེར་ས་གཙོ་བོ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese