མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ཕན་ཞིག་དངོས་གནས་འདུག་གམ། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

ངས་ཁ་སང་ཁེ་ཕན་ཞིག་ཡོང་སྲིད་དམ་ཞེས་པའི་རྩོམ་ཐུང་ཞིག་སྤེལ་བ་ཡིན། རྩོམ་འདིའི་རྒྱབ་ཏུ་གོ་བ་གཏིང་ཟབ་ཅིག་ཡོད་སྙམ། ལ་ལས་ང་༧གོང་ས་མཆོག་ལ་དད་པ་མེད་པ་དང་། བོད་ཀྱི་རྩ་དོན་ལ་གནོད་པ་བྱེད་མཁན་གྱི་ཉིན་སྒྲིབ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་འདུག དེ་ནི་གནས་ཚུལ་ཡོངས་རྫོགས་མ་ཤེས་པའི་རྟགས་མཚན་ཞིག་རེད།

བསམ་བློ་ཞིབ་མོ་གཏོང་ན་ངའི་སྐད་ཆ་རྒྱུ་མཚན་མེད་པ་ཞིག་མིན། ཡག་པོ་ཉོན་ཨ།

དུས་བབ་ཀྱི་ཀློག་པ་པོ་ཞིག་གིས་ང་ལ་བྱུང་སོང་གི་རྩིས་རྒྱག་སྟངས་ཤེས་ཀྱི་མེད་པ་རེད་ཅེས་བརྗོད་འདུག ཁོས་བརྗོད་གསལ་ལྟར་ན་ང་ཚོས་ཨ་རིར་ཨ་སྒོར་ཁྲི་ལྔ་སྤྲོད་ཀྱི་ཡོད་ནའང་ཚུར་ལ་ལོ་ ལྟར་ཨ་སྒོར་ས་ཡ་འགའ་ཤས་རེག་གི་ཡོད་རེད་ཅེས་བརྗོད་འདུག སྐད་ཆ་འདི་གློ་བུར་དུ་གོ་ཚེ་བདེན་པ་ཞིག་ཏུ་སྣང་སྲིད། ཡིན་ནའང་དངོས་ཡོད་གནས་ཚུལ་དེ་ལས་མགོ་རྙོག་པོ་ཞིག་རེད།

གང་ལྟར་ངས་བྱུང་སོང་གི་རྩིས་གཏིང་ཟབ་ཅིག་བརྒྱབ་སྟེ་རྩོམ་ཐུང་འདི་བྲིས་པ་ཡིན། ད་བར་༧གོང་ས་མཆོག་དང་བོད་མི་རིགས་ཀྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོར་ཕར་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ཞབས་འདེགས་ཚད་མེད་སྒྲུབ་ཡོད།

དཔེར་ན་བོད་ནང་དུ་ཡོད་པའི་རིན་ཆེན་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་གཏེར་ཁའི་ཚོང་བདག་ཕལ་མོ་ཆེ་ནུབ་ཕྱོགས་རྒྱལ་ཁབ་ནས་ཡིན་ཅིང་། ཁོང་ཚོས་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་བོད་ཀྱི་གཏེར་དངོས་ཡོངས་རྫོགས་བཏོན་ཏེ་དངུལ་ཨ་སྒོར་ཐེར་འབུམ་མང་པོ་བཟོ་གི་ཡོད་པ་རེད། དེ་བཞིན་ཕྱིའི་སྣོད་ཙམ་དུ་མ་ཟད་ནང་སེམས་ཀྱི་བཅུད་ཀྱང་དེ་འདྲ་རེད།

དཔེར་ ན་བོད་ཀྱི་ཆོས་དང་རིག་གཞུང་བེད་སྤྱོད་གཏོང་སྟེ་དངུལ་བཟོ་མཁན་གྱི་ཚོགས་པ་མང་དག་ཅིག་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད།  ཐ་ན་མི་སྒེར་ཞིག་ལ་མཚོན་ནའང་བོད་ཀྱི་རིག་གཞུང་བེད་སྤྱོད་གཏོང་སྟེ་དངུལ་བཟོ་ གི་ཡོད་པ་རེད། ཡིད་མི་ཆེས་ན་འབྲེལ་ཐག་འདིར་གཟིགས།

མདོར་ན་བོད་ཀྱི་སྣོད་དང་བཅུད་ བེད་སྤྱོད་གཏོང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞུང་སྒེར་ཚོས་དངུལ་ཕོན་ཆེ་བཟོ་བཞིན་པ་ནས་རྒྱ་མཚོའི་ཐིགས་པ་བཞིན་ང་ཚོར་ཆེས་ཉུང་ཤས་ཤིག་སྐྱོབས་གསོའི་མིང་བཏགས་ཏེ་སྤྲོད་ཀྱི་ཡོད་པ་རེད།

དེ་ལ་ང་ཚོས་ད་དུང་ངོམ་སོ་ཞེ་དྲག་བྱེད་ཀྱི་ཡོད་པ་རེད།

ནུབ་ ཕྱོགས་རྒྱལ་ཁབ་ཚོ་ནི་བཙན་རྒྱལ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་གཤིས་ཀ་གཏིང་ཟབ་ཡོད་སྟབས་བཤུ་གཞོག་གཏོང་རྐྱང་བྱེད་ཀྱི་ཡོད། ཧ་ལས་དགོས་པ་ཞིག་ལ་དེང་སང་ནེ་པ་ལི་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ནས་ དངུལ་བཟོ་གི་ཡོད་པ་རེད།

དཔེར་ན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཇེཀ་ སེན་ཧེཏ་ས་ཁུལ་དུ་ཟ་ཁང་ཞིག་ཡོད་ཅིང་། ཟ་ཁང་འདི་ནི་ས་ཁུལ་འདིའི་ནང་ནས་ཚོང་ཡག་ཤོས་ཕོག་མཁན་གྱི་ས་ཁང་ཞིག་རེད། ཟ་ཁང་གི་བདག་པོ་ནི་ཤར་པ་ཞིག་རེད། ཟ་ཁང་གི་མིང་ལ་ཧི་མ་ལ་ཡའི་ཟ་ཁང་ཞེས་འབོད་ཀྱི་ཡོད་མོད། ཟ་ཁང་ནང་གི་ཟ་མ་མང་ཆེ་བ་བོད་ཟས་རེད། དེ་བཞིན་ཟ་ཁང་ནང་༧གོང་ས་མཆོག་གི་སྐུ་དཔར་དང་། བོད་ཀྱི་སེམས་ཅན་གཡག་དང་། དེ་བཞིན་བོད་ཀྱི་དགོན་པ་སོགས་ཀྱི་འདྲ་དཔར་མང་པོ་སྦྱར་ཡོད་པ་རེད། ཡིན་ནའང་བོད་ཅེས་པའི་མིང་ཙམ་ཟ་ཁང་ནང་མཐོང་རྒྱུ་མེད་པ་རེད།

དཔེ་ གཞན་དག་ཅིག་འཇོག་ན། ང་ཚོའི་མཐོ་སློབ་ཏུ་ནེ་པ་ལིའམ་བལ་པོའི་སློབ་ཕྲུག་མཐུན་ཚོགས་ཤིག་ཡོད་པ་རེད། སློབ་ཕྲུག་དེ་ཚོའི་གདོང་རིས་ནི་རྒྱ་གར་བ་འདྲ་བོ་མ་གཏོགས་ཤར་པའམ་བོད་པ་འདྲ་ པོ་ཁྱོན་ནས་མེད། མིང་ཡང་ཧིན་དུའི་མིང་དང་ཆོས་ཀྱང་ཧིན་དུའི་ཆོས་རེད། ཁོང་ཚོ་ནི་བོད་པར་ཞེན་ཁོག་སོགས་དམིགས་བསལ་མེད། ཡིན་ནའང་མཐོ་སློབ་ཏུ་ལོ་རེར་ཁོང་ཚོས་ནེ་པ་ལིའི་དུས་སྟོན་ཞིག་སྲུང་བརྩི་ཞུ་གི་ཡོད་ལ། དུས་སྟོན་འདིའི་ཁྱབ་བསྒྲགས་ཆེད་བེད་སྤྱོད་གཏོང་བའི་སྦྱར་ཡིག་གི་འདྲ་དཔར་ནི་མཆོད་རྟེན་བྱ་རུང་ཁ་ཤོར་དང་བོད་ཀྱི་རླུང་རྟ་ཡིན་པར་མ་ཟད། དུས་སྟོན་སྐབས་མོག་མོག་བཟོས་ཏེ་འཚོང་གི་ཡོད་པ་རེད།

གང་ལྟར་བོད་མི་ རིགས་ཀྱིས་ལོ་ངོ་སྟོང་ཕྲག་མོང་པོ་ནས་དཀའ་ལས་བརྒྱབ་སྟེ་བཟོ་སྐྲུན་བྱས་པའི་ ཆོས་དང་རིག་གཞུང་བེད་སྤྱོད་གཏོང་སྟེ་ཕྱི་རྒྱལ་བ་ཚོས་དངུལ་གྲངས་མེད་བཟོ་གི་ཡོད་པ་དེ་ཤེས་དགོས། དེ་དག་ཤེས་པའི་ཐོག་ནས་ང་ཚོས་ད་དུང་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུར་ཞལ་འདེབས་སོགས་རྒྱག་གི་ཡོད་ན་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད།

ཕལ་ཆེར་རང་ལས་གཞན་གཅེས་ཞེས་པའི་ལྟ་བ་དེ་དངོས་སུ་ལག་ལེན་བསྟར་གྱི་ཡོད་སྲིད།

ཆོས་ཕྱོགས་ནས་འཆད་ན་ལྟ་བ་དེ་འདྲ་ཞིག་ལག་བསྟར་བྱེད་པ་ནི་དངོས་གནས་བྱང་ཆུབ་སེམས་པའི་ལས་ཤིག་ཡིན་སྲིད་མོད། འཇིག་རྟེན་ཆབ་སྲིད་བྱ་བཞག་གི་ཐོག་ནས་བརྗོད་ན་ནི་འདྲ་མཉམ་དང་དྲང་བདེན་ཞིག་ཨེ་ཡིན་སྙམ། རང་དང་གཞན་མཉམ་པ་དགོས་པ་མ་གཏོགས་རང་ལས་གཞན་གཅེས་པ་བྱེད་ན་ཡ་མཚན་ཞིག་མི་འདུག་གམ།།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 20

  1. Pema says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ནས་རང་གི་དད་ལྡན་རྣམ་པས་ཕུལ་བའི་དངུལ་ནས་རྒྱ་ཆ་ ༧༠ ལྷག་བོད་གཞུང་དང་མི་མ་ང་ཆེད་གནང་བ་དེ་ལས་བརྒྱ་ཆ་ ༣༠ འཛམ་གླིང་ཡུལ་གྲུ་དང་ཡུལ་མི་སུལ་གནང་ཀྱང་ཁོང་གི་ཐུགས་འདོད་རེད།

    མ་གཞི་ནས་ང་ཚོས་རྟག་པ་རོགས་རམ་ལ་བརྟེན་ན་ག་ལ་འགྲིག ཉིན་བྱེད་ལྟ་བུ་བཙན་བྱོལ་ནང་འཚར་ལོངས་བྱེད་པ་དང་བོད་ནས་སྔ་ས་ནས་རྒྱ་གར་དུ་ཕེབས་མཁན་ཚོ་འི་ལུས་པོའི་ཆ་ཆེན་པོ་ཞིག་ནི་ཕྱི་རྒྱལ་བས་བོད་གཞུང་ལ་རོགས་རམ་གནང་བའི་ཉེར་ལེན་ལས་བྱུང་ཞེས་བརྗོད་ཀྱང་ཆོག

    ད་ལན་༧གོང་ས་མཆོག་ནས་ཕྱི་རྒྱལ་བ་ཚོར་ཁྱེད་ཚོས་ང་ཚོ་བོད་མི་ཚོར་དཀའ་ངལ་ཆེ་བའི་དུས་སྐབས་སུ་རོགས་རམ་རླབས་ཆེན་བྱེད་པའི་དྲིན་བསམ་བཞིན་དྲིན་འཇལ་བའི་ཚུལ་མཚོན་པ་ཞིག་ཡིན་པ་བློ་དམན་ང་ལྟ་བུས་ཀྱང་དཔག་ཐུབ།

    Reply
  2. Pema says:
    ལོ་ 15 སྔོན།

    ངོ་ཚ་པོ་ཞེ་དྲག་རེད།

    དང་པོ་བསམ་བློ་མ་བཏང་བའི་སྨྱོ་གཏམ་ལུང་པ་གང་བཤད། དེ་ནས་དུས་བབ་དྲ་ཚིགས་ཀློག་པ་པོས་རྒྱ་ཆེན་པོས་སྐྱོན་བརྗོད་བྱེད་སྐབས་མཇུག་མ་རྐུབ་ནང་བསྡུ་རྒྱུ་དེ་ངོ་ཚ་པོ་རེད།

    མ་གཞི་ནས་དེང་སང་ན་གཞོན་མང་པོར་ཉིན་ལྔའི་རིང་མཁས་པའི་གོ་འཕང་འཐོབ་རྒྱུའི་མགྱོགས་ལམ་གཅིག་པོ་དེ་མུ་མཐུད་འཚོལ་བཞིན་ཡོད་འདུག དེ་ནི་རང་ཉིད་ནས་པེ་ཅིན་གཞུང་གི་༧གོང་ས་མཆོག་དང་བོད་མི་མང་ལ་སྐྱོན་བརྗོད་ཀྱི་དཔེ་དེབ་ནས་རིག་པ་རེ་གཉིས་བླངས་ཏེ། ༧གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་བླ་མ་སོགས་ཀྱི་བྱེད་སྟངས་མི་འགྲིག་པ་དང་མི་རན་པའི་སྨྱོ་གཏམ་མང་དག་ཅིག་བཤད་དེ། ཧ་ལམ་ནུབ་ཕྱོགས་པའི་སྲིད་དོན་ཚན་རིག་པ་ཀཱནཊ་དང་རོ་ཤུ་སོགས་ལས་མི་དམན་པའི་རྣམ་པ་ཞིག་བཏོན།

    གལ་ཏེ་བློ་གསར་ནུབ་ཕྱོགས་པའི་ལྟ་བ་བཟང་ཕྱོགས་མི་ཤེས་ཤིང་ཕྱི་རྒྱལ་གྱི་ཆེས་ཉེས་པའི་སྤྱོད་ལ་མོས་གུས་ཡི་རངས་མཁན་རྣམས་མགོ་བོ་འཁོར་ན་བསམ་དོན་གྲུབ་པ་དང་། ཤེས་ལྡན་རྣམས་ཀྱི་དྲ་ལམ་སོགས་བརྒྱུད་རང་གི་སྨྱོ་བཤད་རྣམས་ཐད་འདོན་ཞིབ་དཔྱོད་བརྒྱུད་ཕམ་པར་བྱེད་པའི་སྐབས་ཀློག་པ་པོའི་གོ་བ་ལོངས་མིན་བཤད་པ་ནི་སྐབས་འཚོལ་བ་ཚོས་བྱ་སྤྱོད་ཅིག་ལས་ཅང་མ་འདས།

    སླན་ཆད་ཉིན་བྱེད་ལྟ་བུས་འབྲི་བྱེད་དབྱིན་ཡིག་དང་བོད་ཡིག་ཤེས་ཀྱང་འབྲི་རྒྱུའི་འབྲུ་དོན་ལ་དོ་ནན་པོས་མནོ་བསམ་དང་བཅས་དྲ་སྟེང་དུ་འགོད་རྒྱུ་ཅི་ནས་ཀྱང་གལ་ཆེ་ཞེས་ནན་བསྐུལ་མ་རུ།

    Reply
  3. Dawai Shonu says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་འབྱེད་ཁྱེད་རང་བོད་མི་རིགས་ཀྱི་རིག་གཞུང་ཁྱད་ཆོས་ལ་ཐུགས་འཚབ་གནང་བ་དངོས་གནས་བསྔགས་བརྗོད་ཡོད།

    Reply
  4. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    འཇམ་དབྱངས་ནོར་བུ་དང་ཁྱེད་ཚོས་༸གོང་ས་མཆོག་གི་མཛད་འཕྲིན་འདི་རིགས་ཀྱི་ཁེ་ཕན་ནམ་ཡང་མཐོང་གི་མ་རེད། ཁྱེད་རང་ད་ལྟ་ཨ་རིར་སློབ་སྦྱོང་གི་གོ་སྐབས་རག་པ་འདི་ཡང་༸གོང་ས་མཆོག་གི་མཛད་འཕྲིན་ལས་བྱུང་བའི་ཁེ་ཕན་རེད། བོད་མིའི་ཁེ་ཕན་རེད་ལ་ལྷག་པར་ཁྱེད་ཀྱི་ཁེ་ཕན་རེད། འོན་ཀྱང་ཁྱེད་ཀྱི་བསམ་སྤྱོད་ལ་བལྟས་ན་ཁྱེད་ཀྱི་སློབ་སྦྱོང་དེ་བོད་མིའི་ཁེ་ཕན་དུ་འགྱུར་དཀའ་སེ་བ་འདུག ཁྱེད་ཀྱིས་༸གོང་ས་མཆོག་གི་སྐུ་དྲིན་དང་ཕྱག་དངུལ་དེ་དག་ཆུད་ཟོས་སུ་མ་གཏོང་རོགས། སོ་སོས་ཁེ་ཕན་ཐོབ་ཡོད་ཀྱིན་ཡོད་ཀྱིན་ལ་ད་དུང་ཁེ་ཕན་མེད་ཟེར། དངོས་གནས་བསམ་བློ་གཏོང་ཤེས་ཀྱི་ཡོད་ས་མ་རེད།

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ཀྱི་དོགས་སློང་འདི་ལ་ལྡོག་ཕྱོགས་ཁོ་ན་ནས་བལྟ་མི་རུང་།

    ང་ཚོ་གཞན་ནས་སློང་མོ་བྱེད་མཁན་གྱི་སྐྱབས་བཅོལ་བ་ཞིག་གིས་སྟོབས་ཆེན་ཨ་རིའི་སྡེ་ཚན་ཞིག་ལ་ཞལ་འདེབས་རྒྱབ་པ་རེད་ཟེར་ན། འཚམས་པོ་འདྲ་ཞིག་འདུག་གམ།

    ཞལ་འདེབས་འདི། བཙན་བྱོལ་བོད་མི་གཞན་ཞིག་གིས་བརྒྱབ་པ་ཡིན་ན། ག་རེ་དྲན་ས་རེད། གནད་དོན་མེད་པ་མ་རེད།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཧི་མ་ལ་ཡ་བས་མོ་མོ་བཙོང་བར་བདག་ཏུ་འཛིན་ག་ལ་རུང། མོ་མོ་ཞེས་པ་བོད་སྐད་ནམ། བོད་པ་ཁོ་ནའི་ཟས་རིགས་ཤིག་གམ། ཁྱེད་མི་རིགས་གཞན་ཞིག་གི་རིག་གནས་བྱང་ཆུབ་ཅིང་དེ་ཧི་ཅང་རྒྱུགས་པོ་བྱུང་ཡང་མི་བཙོང་ཁོ་ཐག་ཡིན་ནམ།

    Reply
  7. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་སོགས་ཀྱིས་གནས་ལུགས་ལྡན་པའི་རྡོ་ལོག་ཁ་ཤས་ཀྱིས་བསྟན་འཛིན་ཉིན་བྱེད་ཀྱི་ཁ་ནང་ལ་བཞུས་འདུག་པས་དགའ་སོང་། ངས་ཡང་གནས་ལུགས་ཡོད་མེད་ཅི་ལྟར་ཡང་བསྟན་འཛིན་ཉིན་བྱེད་ཀྱི་རྐུབ་ཤའི་ཐོག་ལ་ཐལ་ལྕག་ཁ་ཤས་མི་བཞུ་ཐབས་མེད་ཆགས་སོང་།
    བསྟན་འཛིན་ཉིན་བྱེད་ཀྱིས་འཇམ་ནོར་གྱི་རྗེས་སུ་རྒྱུགས་ནས་མང་གྲགས་ཤིག་ལེན་འདོད་པ་ཡིན་ནམ། ཡང་ན་བསྟན་འཛིན་ཉིན་བྱེད་སྐུ་སྒེར་གྱི་རྒྱུ་ནོར་ལ་ཧམ་པ་སྐྱེས་པ་ཡིན།
    ༧གོང་ས་མཆོག་གིས་རང་ལས་གཞན་སྐྱེས་ཀྱི་ལྟ་བ་ལག་ལེན་ལ་ལྟར་ནས་དགུང་ལོ་༧༥བཞེས་པ་རེད། དེ་ལ་ཡོད་སྲིད་པ་རེད་ཟེར་ནས་མ་དགའ་བའི་རྣམ་འགྱུར་སྟོན་དགོས་ཅི་ཡིན་ནམ། ཞལ་འདེབས་ཕུལ་ནས་བྱང་ཆུབ་སེམས་དཔའི་མཛད་པ་བསྐྱང་བ་ཡིན་ན་དེ་ཆབ་སྲིད་ཀྱི་ཐོག་ནས་མ་འགྲིག་པ་དང་འདྲ་མཉམ་མིན་པ་ག་རེ་འདུག་གམ། བསྟན་འཛིན་ཉིན་བྱེད་ཀྱི་ཆབ་སྲིད་དང་འདྲ་མཉམ་ཡིན་ན་སྐུ་སྒེར་གྱི་རྒྱུ་ནོར་ཚང་མ་ཁྱེད་ཚང་ལ་སྟེར་དགོས་པ་རེད་དམ།
    ༧གོང་ས་མཆོག་དང་བོད་གཞུང་གི་སྒང་ལ་བསམ་ཚུལ་བཏོན་ན་འགྲིག་པ་རེད་བསམ། ཡིན་ན་ཡང་༧གོང་ས་མཆོག་གིས་སྐུ་སྒེར་གྱི་རྒྱུ་ནོར་གཞན་ལ་ཕན་ཕྱིར་ཞལ་འདེབས་ཕུལ་པར་སྐྱོན་བརྗོད་བྱེད་པ་འདི་ཚད་ལས་བརྒལ་བ་རེད་བསམ། འདི་ལ་གཏམ་དཔེ་ཞིག་བཀོད་ན་འཛུབ་མོ་མི་ན་རྡོ་བར་དང་མགོ་མི་བཤོངས་སར་ལུས་ཞེས་པ་དང་མཚུངས།
    འདི་འདྲ་བྲིས་པའི་རྗེས་ལ་མ་བྲིས་ན་ཡང་བསམ་བྱུང་། གཅིག་བྱས་ན་བསྟན་འཛིན་ཉིན་བྱེད་ཟེར་མཁན་འདི་བྲག་ཕུག་ཁ་བྱང་འཁོར་ཞིག་ཡིན་སྲིད་པ་རེད།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ནམ་ཡིན་ཡང་ང་ང་ང་ང་། ངའི་ངའི་ངའི། ང་ལ་དགོས་ང་ལ་དགོས་ང་ལ་དགོས། འདི་འདྲ་བྱས་བསྡད་ན་གང་ཡང་འཇོན་གྱི་མ་རེད། ལོངས་སྤྱོད་ཧ་ཅང་སྤེལ་འདོད་ན༎ཅུང་ཙམ་སྦྱིན་པ་མན་ངག་ཡིན༎ས་སྐྱ་ལེགས་བཤད་ཀྱི་ཚིག་འདི་ཇི་བཞིན་མི་འདྲན་ཡང་དོན་དུ་འདི་འདྲ་ཞིག་གསུངས་ཡོད་པ་དེ་ལ་བསམ་གཞིག་རེ་གྱིས།

    Reply
  9. སྤང་ཏོག says:
    ལོ་ 15 སྔོན།

    འཇིག་རྟེན་ཁེ་བསྲང་དང་ཁེ་ཕན་མི་བསམ་མཁན་གཅིག་ཀྱང་ཡོད་པ་མ་རེད། འཛམ་གླིང་ཐོག་ཆེས་རིན་ཐང་ཆེ་བའི་རྡོ་རྗེ་ཕ་ལམ་སྟེ་Daimondཟེར་བའི་མི་ཕྱུག་པོ་ཚོས་མ་གཏོགས་ལོངས་སྤྱོད་བྱེད་མི་ཐུབ་པ་དེ་ཡོང་ས་གཙོ་བོ་ཆེས་དབུལ་ཕོངས་ཀྱིས་མནར་བའི་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་རེད་།དེར་ཇི་ལྟར་འགྲེལ་བཤད་རྒྱག་གམ། མཚམས་རང་གིས་གང་ཡང་མི་ནུས་པར་གཞན་སྐྱོན་རྐྱང་རྐྱང་བརྗོད་པ་ལས་། རང་ནུས་པ་བཏོན་ཤར་བ་སོགས་ལ་བོད་ཀྱི་མིང་ཐོབ་བྱེད་དུ་མ་བཅུག་པར་སོ་སོའི་ངོས་ནས་ཟ་ཁང་གཉེར་ན་རེད་ཚོང་ལས་གནང་ན་རེད་བྱེད་འོས་པ་མ་ཡིན་ནམ། ཁྱེད་ཀྱང་རང་དབང་ལུང་པ་ན་ཡོད་པས་ཕྱིར། ནམ་རྒྱུན་ཁ་རྒྱག་པ་ཁོ་ནའི་ཁྲོད་གཞན་སྐྱོན་རྐྱང་རྐྱང་ལབ་བསྡད་པ་དེ་ཚོར་དགའ་པོ་མེད།

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ཀྱིས་བཤད་སྟངས་འདིར་གནས་ལུགས་དང་རྒྱུ་མཚན་གཉིས་ཀ་ཆེར་མ་མཐོང་། ཁ་སྔོན་ཞིག་ལ་རྩོམ་ཡིག་གང་འཚམ་སྤེལ་སོང་བ་དེ་ཚོ་ནི་ལེགས་པར་མཐོང་སོང་། བསམ་བློའི་ཕུགས་གཏོད་ས་དེ་གོང་ས་མཆོག་ལ་དམའ་འབེབས་པ་ཞིག་ལ་ཤ་ཐང་དུ་འབད་སྟངས་འདིར་ཕངས་པོ་བྱུང་། མ་གཞི་ངས་ཁོང་རང་ངོ་ཡག་པོ་ཤེས་ཀྱི་ཡོད་དེ། འདི་འདྲ་ཁུངས་མི་འཁྱོལ་བ་བྱས་ནས་ཕེབས་སྟངས་འདིས། ཡིད་ཐང་རྦད་དེ་ཆད་བཅུག་སོང་། གྲོགས་པོ། ཕོག་ཐུག་སོང་ཡོད་ན།་དགོངས་དག སླད་ན་འདི་འདྲའི་རིགས་མི་སྤེལ་བའི་ཡིད་ཆེས་ཆེན་པོ་ཡོད་ཞུའོ།།

    Reply
  11. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    སྔོན་མར་ཨ་རི་ཕྱུག་པོ་ཞིག་ཡིན་སྲིད། ཡིན་ན་ཡང་དེ་རིང་ཨ་རི་ཕྱུག་པོ་ཞིག་རྩ་ནས་མིན་པར་རྒྱལ་ཁབ་སྐྱོ་བོ་སྐྱོ་ནག་ཅིག་རེད། ལོ་ནས་ལོ་བསྟུད་ནས་དམག་འཁྲུག་བརྒྱབ་ཅིང་ཚོང་གི་མ་རྩ་བརྡིབས་པས། དེང་སྐབས་ཨ་རི་ལ་དཔལ་འབྱོར་གྱི་མུ་གེ་ཆེན་པོ་ཞིག་བྱུང་འདུག མི་སྟོང་ཕྲག་ཁྲི་ཕྲག་ལམ་ཁ་ན་ཉལ་བསྡད་ཡོད་ལ། མི་ས་ཡ་དུ་མར་ལས་ཀ་མེད་པར་གཞུང་གི་སྐྱོབ་གསོ་ལེན་བཞིན་ཡོད། མི་སྟོང་ཕྲག་མང་པོར་ཉལ་སའི་ཁང་པ་མེད་པར་རས་གུར་ཕུབ་ནས་ཉལ་བསྡད་ཡོད། རྣ་བར་མི་འགྲོ་ན་ངས་འདྲ་པར་དང་བཅས་ངོ་སྤྲོད་བྱེད་ཆོག

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་ཨོ་ད་ཡིན་ན་ མགོ་ལ་ཅི་ཞིག་བྱས་སོང་ངམ་ཞེས་དྲིས་པར རྐུབ་ལ་ལུག་གིས་བརྡུང་སོང་ཞེས་ལན་བརྒྱབ་འདུག
    ཁྱོད་ཀྱི་བཤད་བཞིན་པ་དག་དང་རྒྱལ་པ་རིན་པོ་ཆེའི་ཨམ་ཁུག་བར་འབྲེལ་བ་ཆེར་མ་མཐོང་།
    ༧་གོང་ས་མཆོག་གིས་ཨམ་ཁུག་ལ་ཁྱེད་ཀྱི་འཛིན་སྐྱོང་བྱེད་རྒྱུ་གང་ཞིག་ནས་དྲན་སོང་།
    ངོ་མ་བཤད་ན་ ཁྱེད་ལ་ལས་དཀའ་མེད་ཐག་ཆོད་འདུག

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དངུལ་ཟེར་བའི་དོན་དུ་མི་འདི་ཚོས་ཕའི་མགོ་ཡིན་ན་ཡང་གཅད་ས་རེད།

    Reply
  14. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    འབྲུག་དང་ཤར་པ་སོགས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་བཤམ་དང་། གཡག་དང་དགོན་པ་སོགས་ཀྱི་འདྲ་པར་སྦྱར་བ་དེ་བོད་ཀྱི་རེད་ཟེར་བ་དེ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་སྐད་ཆ་རེད། ལོ་རྒྱུས་ཀྱི་ཐོག་ནས་ཁོང་ཚོ་བོད་ཡིན་པ་བདེན་ན་ཡང་། ད་ཆ་དེ་ལྟར་ལབ་མི་ཐུབ། རྫོང་ཁ་དེ་བོད་ཡིག་དང་ནོར་འགྲོ་བ་ལྟ་བུའམ་རྣམ་པ་འགྱུར་བའི་བོད་ཡིག་ཡིན་ན་ཡང་། ང་ཚོས་དེ་ཡང་བོད་ཡིག་ཡིན་ཞེས་ལབ་མི་ཐུབ། དེ་ལྟར་ན་རྒྱ་ཡིག་ཤེས་མཁན་ཞིག་གིས་འཇར་པན་གྱི་ཡི་གེར་བལྟས་ན་བརྒྱ་ཆ་བདུན་ཅུ་ངོས་ཟིན་ན་ཡང་། འཇར་ཡིག་རྒྱ་ཡིག་ཏུ་མི་འགྱུར། བལ་ཡིག་དང་རྒྱ་གར་གྱི་ཡི་གེའི་རྩ་བའི་ཁྱད་ཆོས་དང་ཐ་སྙད་ཅི་བས་མང་པ་ཞིག་ལ་བོད་ཡིག་དང་འབྲུག་ཡིག་ལྟ་བུའི་འབྲེལ་བ་ཡོད་ན་ཡང་། ད་ཆ་དེ་ལྟར་ལབ་ཏུ་མེད། ཐེ་ཝན་གྱི་སྐད་དེ་རྒྱ་སྐད་ཟུར་ཆག་པའི་ཚད་དེ་བོད་འབྲུག་གི་སྐད་དང་ཤིན་ཏུ་འདྲ་བ་ཡིན་ན་ཡང་། ད་ཆ་ཐེ་སྐད་རྒྱ་སྐད་རེད་ཅེས་ལབ་མཁན་མེད། ཐ་དད་ནས་གཅིག་ཏུ་དང་གཅིག་ནས་ཐ་དད་དུ་འགྱུར་བའི་སྐབས་ཀྱི་མི་རིགས་དང་སྐད་ཡིག་སོགས་ཀྱི་ཆོས་ཉིད་མང་པོ་ཞིག་རྟོགས་ན་གཞི་ནས་ང་ཚོས་དོན་མེད་པའི་ང་རྒྱལ་ཆུང་དུ་འགྲོ་སྲིད། ང་ཚོས་ཁྲ་བྱེའུ་ཐུབ་དང་བྱེའུ་འབུ་ཐུབ་ཀྱི་ལྟ་བ་མེད་པ་བྱེད་ཐུབ།

    Reply
  15. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཉིན་བྱེད་གདོན་གྱིས་སྨྱོས་པ་ཡིན་ནམ་ཆང་གིས་བཟི་བ་ཡིན་མི་ཤེས་ཏེ་འདི་འདྲའི་སྐད་ཆ་ཆོ་མེད་ཤོད་ཀྱིན་འདུག ནེ་ཕ་ལིའི་སློབ་མས་མཆོད་རྟེན་བྱ་རུང་ཁ་ཤོར་ཁྱབ་བསྒྲགས་ཤོག་བུའི་སྟེང་ལོས་དུ་ལོས་བཀོད། དེ་ཁོ་རང་ཚོའི་རེད། རླུང་རྟ་དར་ལྕོག་ཀྱང་དེ་བཞིན་རེད། འདི་བོད་པའི་དམིགས་བསལ་གྱི་ཅང་མ་རེད། ནེ་པ་ལིའི་མིས་བོད་ཀྱི་ཟ་མ་བཙོང་མི་ཆོག་དོན་ག་རེ་རེད། བོད་པ་ཟས་ཁང་གཉེར་མཁན་ཚོས་ཀྱང་ཟ་མ་འདྲ་མིན་བཟོས་ནས་འཚོང་གིན་ཡོད་རེད། དྲང་པོར་བཤད་ན་བོད་ཀྱི་སྒྱུ་རྩལ་ལག་ཤེས་ཡག་ཤོས་མང་པོའི་ཁུངས་ནེ་པ་ལི་ལ་ཐུག་ཡོད་པ་གསལ་པོ་རེད། ལྷ་སའི་ཇོ་བོ་ཟེར་བའི་རྩ་བ་ཆེན་པོ་དེ་ཡང་ཞིབ་ཏུ་བལྟས་ན་བལ་པོའི་ལི་སྐུ་ཞིག་ལས་ལྷག་པ་གང་ཡང་མ་རེད།
    བོད་ནང་གི་གཏེར་ཁ་སྔོགས་འདོན་བྱེད་མཁན་དེ་དང་རྒྱལ་བ་རིན་པོ་ཆེའི་ཞལ་འདེབས་ལེན་མཁན་གྱི་ཕྱི་རྒྱལ་བ་དེ་ཚོ་མི་གཅིག་མ་རེད། ཁ་ཁ་སོ་སོ་རེད། ནུབ་ཕྱོགས་པ་ཟེར་ནས་ཡོད་ཚད་ཚང་མ་དཀར་པོའི་ཕྱོགས་སུ་དེད་ན་འགྲིགས་གི་མ་རེད་ལ་ནག་པོའི་ཕྱོགས་སུ་དེད་ན་ཡང་འགྲིགས་གི་མ་རེད། བོད་ནང་གི་གཏེར་ཁ་སྔོགས་མཁན་དེ་ཚོས་རྒྱལ་བ་རིན་པོ་ཆེ་ལ་གསོལ་རས་ཞུ་མདོག་མ་རེད། འཕྱར་བ་ནག་པོ་འགེབས་རྐྱབ་བྱས་ན་འགྲིག་གི་མ་རེད།
    སྟོབས་ཆེན་རྒྱལ་ཁབ་ཡིན་ན་ཡང་ཞལ་འདེབས་རྒྱག་མི་རུང་བ་ཅི་ཡོད། ཡུལ་ལུང་དེ་ཚོར་ཡང་མི་སྐྱོ་བོ་མང་པོ་རེད། ཁྱིམ་མེད་མཁན་ག་ཚོད་མང་པོ་འདུག འཚོ་བ་ལ་དཀའ་ངལ་འཕྲད་མཁན་ག་ཚོད་མང་པོ་འདུག སྟོབས་ཆེན་རྒྱལ་ཁབ་ཀྱི་མི་ཚང་མ་སྟོབས་ཆེན་མ་རེད།
    བོད་པའི་ཆོས་དང་རིག་གཞུང་ཟེར་ན་ག་རེ་རེད། སངས་རྒྱས་ཆོས་ལུགས་ཟེར་བཞིན་ཡོད་དམ། འདི་ནེ་པ་ལའི་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལུགས་རེད། ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཚང་མའི་ཐུན་མོང་རེད། བོད་པས་བདག་ཏུ་འཛིན་ཆོག་ཆོག་ཅིག་མ་རེད། བདེན་པ་རེད། མི་སུ་ཡིན་ཡང་དངུལ་བཟོ་དུས་བཟོ་གི་རེད། སྤྲད་དུས་སྤྲད་ཀྱི་རེད། འདི་དངུལ་ཀྱི་བྱེད་ལས་རེད། མི་ཞིག་གིས་དངུལ་བཟོ་གིན་འདུག ཟེར་ནས་ཁྱོད་ཚིག་པ་ཟ་དགོས་དོན་མི་འདུག ཞལ་འདེབས་སྤྲད་པ་འདི་ཆོས་ཕྱོགས་ཀྱི་གནད་དོན་ཅང་མ་རེད། འཛམ་གླིང་གི་སྤྱི་ཚོགས་ཚང་མ་གཅིག་ལ་གཅིག་བརྟེན་རེད། ཞལ་འདེབས་རེ་གནང་རྒྱུ་ཡོད་ན་ལོས་གནང་།
    རྒྱལ་བ་རིན་པོ་ཆེ་ལ་ཇུས་གཏོགས་བྱ་ས་བརྒྱ་དང་སྟོང་གི་ནང་ནས་བསྟན་འཛིན་ཉིན་བྱེད་ཀྱིས་ཇུས་གཏོགས་བྱ་སྟངས་འདི་ལས་སྡུག་ཅིག་མཐོང་མ་སོང་།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གྲོགས་པོ་བསྟན་འཛིན་ཉིན་བྱེད་ལགས། ཁྱེད་ཀྱི་རྩོམ་རིག་གོ་བདེ་བོ་རྐྱང་རྐྱང་འབྲི་གིན་འདུག་པས་དགའ་ཡོད། མུ་མཐུད་དུ་དུས་བབ་མདུན་ངོས་སུ་ཆབ་སྲིད་སྐོར་གྱི་རྩོམ་ཡིག་རེ་སྤེལ་བར་འཚལ། ཁྱེད་ནི་ཆབ་སྲིད་ཕྱོགས་ལ་ཅུང་ཙམ་གོ་བ་རྙེད་མཁན་ཞིག་དང་། ངྷ་སའི་ལས་ཁུངས་དག་ལ་རྒྱུས་ཡོད་ནི་ཞིག་རེད་འདུག

    Reply
  17. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ངོ་མ་ཐལ་དྲག་འདུག ངས་སྐབས་རེར་༸གོང་ས་མཆོག་མིར་བཟུང་ནས་མི་བུའི་སྐྱོན་ཡོན་གྱི་རིན་ཐང་ལྟར་ཚད་གཞི་འཇལ་བ་དེ་འཇུག་པོ་ཞིག་ཏུ་མཐོང་གིན་ཡོད་ན་ཡང་། སྐབས་རེར་བཤད་སྟངས་ཁ་ཤས་སེམས་ཀྱི་གཏིང་ནས་མཇུ་ཐུབ་ཀྱི་མི་འདུག དེ་ནི་ཕལ་ཆེར་ང་རང་བློ་དོག་དྲགས་པ་ཡིན་སྲིད།
    གང་ལྟར་གོང་གི་རྩོམ་ཡིག་སྔ་ཕྱིར་༸གོང་ས་མཆོག་གི་ཞལ་འདེབས་གནང་བར་སྐྱོན་བརྗོད་དང་། དེ་ལས་ཀྱང་༼དེ་དག་ཤེས་པའི་ཐོག་ནས་ང་ཚོས་ད་དུང་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུར་ཞལ་འདེབས་སོགས་རྒྱག་གི་ཡོད་ན་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད། ༽ཅེས་པའི་ངར་ཤུགས་ཅན་གྱི་སྐད་ཆ་འདི་ཐོས་མ་ཐག་ངའི་སེམས་ལ་ཚ་ཤད་ཅིག་རྒྱུག་པ་ལྟ་བུའི་སྣང་བ་ཤར། མ་མཐའ་ཡང་ཕྲུ་གུ་ཞིག་གིས་ཚམ་ཚོམ་མེད་པར་རང་གི་ཨ་མར་བསྡིགས་དམོད་བྱེད་ཀྱིན་ཡོད་པ་ལྟ་བུའི་སྣང་བ་ཤར། ངས་ང་ཚོའི་ཕ་ཡབ་འདིའི་སེ་ཡོར་རེ་བའི་དབུ་ལོ་དང་། གཉེར་མས་ཁེངས་པའི་དགྲེས་ཉམས་ཀྱང་གསལ་ཇེ་གསལ་ལྟར་ཚོར། གསར་འགྱུར་སོགས་ལ་དོ་སྣང་ཁྱུག་ཙམ་བྱས་པ་ཡིན་ན་བཙན་བྱོལ་བོད་གཞུང་གི་ལོ་རེའི་འགྲོ་སོང་གི་སྤྱིའི་རྒྱ་ཆ་ཇི་ཙམ་ཞིག་༸སྐུ་མདུན་གྱི་ཡིག་ཚང་ནས་ཡོང་གིན་འདུག དེ་ཙམ་མ་རེད། མདོར་ན་ང་ཚོ་བོད་ཕྱི་ལོགས་ན་ཡོད་པ་ཚང་མ་ཚད་ངེས་ཅན་གྱི་ཐོག་ནས་༸གོང་ས་མཆོག་གི་གྲིབ་མའི་འོག་ཏུ་ངལ་གསོས་ནས་བསྡད་ཡོད། ད་དུང་སེམས་ཁ་མ་གང་བར་སྐུ་མདུན་གྱི་སྐུ་སྒེར་གྱིས་གཞན་ལ་ཞལ་འདེབས་གནང་སྟངས་ཙམ་ལ་ཡང་དེ་ཙམ་དུ་ཚུལ་མིན་གྱི་དཔྱད་བརྗོད་བྱེད་པ་ནི་ངོ་མ་ཚུལ་དང་མི་མཐུན་པ་ཞིག་རེད། དགོངས་དག་ཚིག་རྣོ་དྲག་པ་ཡོད་ན་དགོངས་འགལ་མེད་པ། ཁྱེད་ཀྱིས་མུ་མཐུད་འཁྲེགས་འཛིན་མི་གནང་རྒྱུའི་རེ་བ་ཡོད། འདི་ནི་སྐུ་ཉིད་ལ་ཕན་ཐོགས་ཡོད་པ་ཞིག་གཏན་ནས་མ་རེད།

    Reply
  18. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཚོགས་པ་ཁག་དང་མི་སྒེར་ལ་ཞལ་འདེབས་གནང་བ་ཐེངས་དང་པོ་མ་རེད། གྲངས་མེད་པ་ཞིག་ཡོད་རེད། དེ་ཡིན་དུས་དེར་ཁྱེད་ལ་འགྱོད་སེམས་དགོས་དོན་ཡོད་མ་རེད། གཞན་། ཨ་རི་ཕྱུག་པོ་ཡིན་པའི་རྒྱུ་མཚན་གྱིས་ཕར་ཞལ་འདེབས་སྤྲད་ན་ནོར་འདུག་ལབ་ན་ཏགཏག་ཅིག་བསྡད་མེད། ཕྱོགས་གཞན་ཞིག་ནས་བཤད་ན། གོང་ས་མཆོག་གི་ཞལ་འདེབས་གནང་བ་དེར་ཡང་དགོས་པ་རྒྱུ་མཚན་མང་དག་ཅིག་ཡོད་ཀྱི་རེད་མ་གཏོཊ་ཁོང་གིས་སྤྱན་གཉིས་བཙུམས་ནས་གནང་ཡོད་ཀྱི་མ་རེད། དེ་གཅིག་རེད། དེ་མིན་ནེའུ་ཡོག་ཤར་བའི་ཟ་ཁང་ཞིག་ཏུ་བོད་ཀྱི་མི་རིགས་དང་རིག་གཞུང་གི་མཚོན་དོན་དུ་གྱུར་བའི་ཅ་དངོས་མང་དག་ཅིག་བཤམས་ཡོད་པ་དེ་ཡག་པོ་ཞིག་རེད་མ་གཏོགས་དེར་མ་དགའ་བའི་རྣམ་འགྱུར་སྟོནདགོས་དོན་མེད། རིག་གཞུང་གི་ཁྱབ་ཁོངས་ཇི་ལྟར་ཆེ་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལའང་ཕན་ཐོགས་ཆེན་པོ་ཡོད། ཤར་བ་དང་རྟ་མང་། འབྲུག་པ། ལ་དྭགས་པ། ཁུ་ནུ་བ། འབྲས་ལྗོངས་པ། མོན་པ་སོགས་བོད་རང་རིག་གཞུང་གི་ངོ་བོ་གཅིག་ཏུ་འདྲེས་ཡོད་སྟབས་རིག་གཞུང་གི་ཆ་ནས་ཁྱོད་དང་ང་ཞེས་ཧ་ཅང་དགར་རྒྱུ་མང་དྲགས་ན་མི་རིགས་བར་གྱི་དམ་ཚིག་ལ་གནོད་ཀྱི་ཡོད། ལྷག་པར་ལོ་རྒྱུས་ཀྱི་ཆ་ནས་གོང་གི་མི་རིགས་དེ་དག་གི་འབྱུང་ཁུངས་བོད་ཡིན་པས་ན་དེ་ལུགས་ཀྱི་དགོངས་པ་བཞེས་དགོས་རྒྱུ་ལས་ཅོལ་ཆུང་གི་བརྟུལ་ཞུགས་ནམ་ཡང་འཛིན་མི་ཉན། ཐུགས་རྗེ་ཆེ།

    Reply
  19. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    གོ་སྐབས་དང་ཁེ་ཕན་ནི་ཕས་བུའི་སྟེང་ནས་ལེན་སྲིད་ལ་བུས་ཀྱང་ཕའི་སྟེང་ནས་ལེན་སྲིད། འཇིག་རྟེན་གྱི་རྣ་བ་ཡོད་ཚད་ཁེ་ཕན་གྱི་ཆེད་དུ་གདངས་ནས་ཡོད་ལ། འཇིག་རྟེན་གྱི་མིག་རིལ་ཡོད་ཚད་གོ་སྐབས་ཀྱི་ཆེད་དུ་བགྲད་ནས་ཡོད།

    ཨ་རིས་བོད་པའི་གོ་སྐབས་དང་ཁེ་ཕན་ལེན་གྱིན་ཡོད་ལ། བོད་པས་ཀྱང་ཨ་རིའི་གོ་སྐབས་དང་ཁེ་ཕན་ལེན་གྱིན་ཡོད། སུ་ལ་གོ་སྐབས་མང་བ་རག་ན་དེ་ཁོ་རང་གིས་འཇོན་པ་རེད་ལ། ཁོ་རང་གི་ལས་བསོད་རེད།
    བསྟན་འཛིན་ཉིན་བྱེད་ཁྱེད་རང་གིས་དཔྱད་ནས་བཤད་ཀྱིན་པར་དགའ་བསུ་ཡོད། འོན་ཀྱང་དགོས་ས་ལ་མ་ཕོག མི་དགོས་སར་ཕོག་གི་འདུག ད་དུང་དཔྱད་པ་བྱོས།

    ངས་བསམ་ན་ཌའི་བིཌ་སོན་ཁོ་རང་སྤྱིར་བཏང་གི་ཚན་རིག་པ་ཞིག་ཡིན་པ་ཙམ་མ་ཟད་ཝ་རེ་ལའི་རྗེས་ནས་བཤད་ན་༸གོང་ས་མཆོག་དང་ཐུགས་ཉེ་ཤོས་ཀྱི་ཚན་རིག་པ་ཞིག་རེད། ཁོང་གཉིས་ཀྱི་དབར་རིག་གཞུང་གཉིས་མཉམ་འབྲེལ་གྱི་དཔྱད་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་ཡོན་བརྗེ་ལེན་བྱེད་པའི་ཕྱོགས་ཆའི་འབྲེལ་བ་ཙམ་མིན་པར་ནང་བསམ་བློའི་བློ་ཉེ་དང་མཛའ་མཐུན་གནས་བབ་ཀྱི་སྟེང་ནས་ཀྱང་ཐུགས་སྣང་ཧ་ཅང་གཤིན་པོ་ཡོད་པ་ཞིག་ཏུ་མཇལ་གྱིན་ཡོད། དེར་བརྟེན་༸གོང་ས་མཆོག་ནས་རང་གི་མཛའ་གྲོགས་ཀྱི་རླབས་ཆེན་ལས་དོན་ལ་རྒྱབ་སྐྱོར་མཚོན་བྱེད་དུ་ལྷག་བསམ་རྣམ་དག་གི་དངུལ་སྒོར་ཞལ་འདེབས་སུ་གནང་བར་ང་ཚོས་འགྲིག་མིན་དབྱེ་ཞིབ་དགོས་དོན་ཞིག་ཀྱང་མེད།
    མ་ཟད་ལུས་སེམས་གཉིས་ཀྱི་འབྲེལ་བའི་དབར་དཔྱད་ཞིབ་བྱེད་པའི་ཚོགས་པ་དེ་ཌེ་བིཌ་སོན་ཁོང་སྒེར་གྱི་ཀུན་སློང་ཙམ་ལས་བསྒྲུབས་པ་མིན་པར་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་དང་བཀའ་བཀོད་ཡོད་པ་དེ་མངོན་གསལ་དོད་པོ་རེད། དེའི་ཆ་ནས་ཀྱང་ཁོང་གིས་འགན་འཁུར་ཡོད་པའི་ཐོག་ནས་ཞལ་འདེབས་འབུལ་རུང་བ་ཞིག་རེད།
    མ་ཟད་༸གོང་ས་མཆོག་ནས་འཇིག་རྟེན་འདིའི་ཐོག་གི་ཆོས་ལུགས་ལ་དད་ཞེན་ཡོད་མེད་ཀྱི་སྐྱེ་འགྲོ་སྤྱིའི་་བདེ་སྡུག་འདོར་ལེན་གྱི་ཐབས་ལམ་ཞིག་ལ་དགོངས་པ་ནན་ཏན་གྱིས་བཞེད་ཀྱིན་ཡོད་ཅིང་། ཚོགས་པ་འདིའི་ཞིབ་འཇུག་གི་དམིགས་ཡུལ་ནི་ཁོང་གི་དགོངས་གཞི་འདི་བསྒྲུབ་པའི་ཕྱོགས་སུ་གཏད་ཡོད་པ་རེད།

    ད་དུང་ཁོང་གཉིས་ཀྱི་དབར་བླ་སློབ་ཀྱི་འབྲེལ་བ་ཞིག་ཡོད་སྙམ་ཀྱི་རྟགས་མཚན་ཡང་དུ་མ་ཡོད་མོད། འདི་ཙམ་གྱིས་ཆོག་པར་བྱས་སོ།།

    མ་གཞི་༸གོང་ས་མཆོག་གི་སྐུ་སྒེར་གྱི་རྒྱུ་དངོས་རིགས་གང་དུ་ཕུལ་མིན་ཐད་ང་ཚོས་གླེང་སློང་མ་བྱས་ན་འཚམ་ཤོས་རེད། ང་ཚོའི་ཆེད་དུ་གཏོང་དགོས་པ་ཡོད་ཚད་བཏང་ཟིན་ཅིང་། ད་དུང་ཡང་གཏོང་བཞིན་ཡོད་ལ། མ་འོང་པར་ཁོང་སྦ་ཁུག་གཏོང་པ་མ་ཆགས་ཕྱིན་ང་ཚོའི་ཆེད་དུ་ནམ་ཡང་གཏོང་གི་རེད།

    Reply
  20. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སྙིང་ཉེ་བའི་དྲ་གྲོགས་ཚོ། བསྟན་འཛིན་ཉིན་བྱེད་ཟེར་བའི་རྒྱ་ཁོགས་ཤུགས་ཀྱི་གདོན་འདྲེ་འདིར་ཁ་ཡ་བྱེད་མི་ཉན། ཁོ་པའི་རྩོམ་འདིས་ཁོ་པ་མི་གང་འདྲ་ཞིག་ཡིན་པ་དང་ལས་འགན་གང་དག་ཡོད་པ་སོགས་ཁ་གསལ་གཏིང་གསལ་བཟོས་མི་འདུག ད་བར་༸རྒྱལ་བ་རིན་པོ་ཆེའི་ཐུགས་བརྗེ་བཀའ་དྲིན་གྱིས་གསོས་པ་མ་ཤེས་པར་ཁོང་ལ་ཁ་གཏད་དུ་ལངས་ནུས་མཁན་བོད་པ་མ་གཏོགས་སུ་ཡོད། ང་མ་ཡིད་སྐྱོ་དགོས་པ་རང་རེད། ད་ཡིན་ན་བོད་པ་ཚར་ལ་ཉེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese