མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱང་སྒྲོག་དཔྱད་རྩོམ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༩ ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་༼ མཚ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་ཡིག་དཔྱད་རྩོམ་ཕྱོགས་བསྒྲིགས༽ ཞེས་པའི་དཔེ་དེབ་དེ་དབུ་འབྱེད་མཛད་སྒོ་ཞིག་བསྡུས་ཡོད་ཅིང་། མཛད་སྒོ་དེའི་སྟེང་མཚོ་སྔོན་ཞིང་ཆེན་ཏང་གི་དྲིལ་སྒྲོག་མགོ་འཛིན་གཞོན་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་འགན་འཛིན་གཞོན་པ་དང་དགེ་རྒན་གཅིག་ལྕོགས་ཟླ་བ། ༼ སྦྲང་ཆར ༽ དུས་དེབ་ཀྱི་རྩོམ་སྒྲིག་པ་ཟླ་བ་བློ་གྲོས། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་འགན་འཛིན་ནམ་མཁའ་ཐར། དེ་བཞིན་ཐེངས་འདིའི་དཔེ་དེབ་ནང་གི་རྩོམ་པ་པོ་རྣམ་པ་བཅས་མཉམ་ཞུགས་གནང་སྟེ། དུས་རབས་གསར་པའི་བརྙན་འཕྲིན་དང་རླུང་འཕྲིན་སྟེང་གི་བོད་སྐད་རྒྱང་སྒྲོག་གི་ལས་དོན་འཕེལ་རྒྱས་སུ་གཏོང་ཕྱོགས་དང་། མི་རབས་གསར་པའི་གཞོན་སྐྱེས་ཚོ་བརྡ་འཕྲིན་དུས་རབས་ལ་ཁ་ཕྱོགས་ཏེ། བོད་སྐད་བོད་ཡིག་གི་ཐོག་ནས་གསར་འགྱུར་ལས་རིགས་ལ་སྤྲོ་བ་འཕེལ་ཐབས་བཅས་ཀྱི་སྒོར་ལ་གྲོས་བསྡུར་བྱས་ཡོད་འདུག  

དཔེ་དེབ་འདིའི་ནང་དུ་དུས་ཡུན་རིང་པོར་བོད་སྐད་རྒྱང་སྒྲོག་དང་བརྙན་འཕྲིན་སོགས་གསར་འགྱུར་ལས་རིགས་ཐོག་ཕྱག་གནས་གནང་མྱོང་མཁན་ ༣༠ ལྷག་གི་དཔྱད་རྩོམ་ཁག་ ༣༣ ཙམ་བསྡུ་བསྒྲིགས་བྱས་ཡོད་ཅིང་། བརྡ་འཕྲིན་དུས་རབས་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་ངང་བསྒུག་བྱས་ཡོད་པའི་དཔེ་དེབ་ཅིག་ཀྱང་ཆགས་ཡོད་འདུག དཔེ་དེབ་འདིའི་ནང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཙུགས་ཏེ། ད་ལྟའི་བར་ཆེས་ཐོག་མར་དཔར་སྐྲུན་བྱས་པའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་དང་འབྲེལ་བའི་བོད་ཡིག་རྐྱང་རྐྱང་ཐོག་བྲིས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཐོག་མ་དེ་ཆགས་ཡོད་ཅིང་། འདས་ཟིན་པའི་བོད་སྐད་རྒྱང་སྒྲོག་བྱ་བའི་འཕེལ་རིམ་དང་། མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་ལམ་སྟོན། དེ་བཞིན་རྒྱང་སྒྲོག་ལས་རིགས་ཐོག་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༧ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 3

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    ཧ་ཧྥུ་སློབ་ཆེན་གྱི་རླབས་ཆེན་སློབ་གསོ་ལས་བློ་བཟང་སེང་གེ་ལ་ལྟ་བ།
    བདག་གིས་སྔ་ཕྱིར་བློ་བཟང་སེང་གེ་སྐོར་ལ་བྲིས་རྩོམ་ཁ་ཤས་སྤེལ་བ་ལ་རྒྱུ་མཚན་ཆེན་པོ་མེད་ཀྱང་སྲིད་མོད། བདག་རང་ངོས་ནས་བལྟས་ན་དགོས་པ་མང་དུ་གདའ་སྟེ། བཀའ་ཁྲིའི་འགྲན་གླེང་གི་ཁྲོད་དུ་མིག་སྔའི་མི་རྣམས་ཀྱི་ཁྱབ་བསྒྲགས་ཀྱི་ཁ་ཕྱོགས་ནི་འདས་ཟིན་གྱི་ལོ་རྒྱུས་ཙམ་ལས་རྒྱབ་ལྗོངས་ཀྱི་རླབས་ཆེ་བ་དག་སྟོར་བ་དང་བསྐྱུད་པའི་རྣམ་པ་འདུག་ཕྱིར། བདག་གིས་ཆེད་དུ་བློ་བཟང་སེང་གེའི་རྒྱབ་ལྗོངས་ཀྱི་སློབ་གསོའི་གནས་བབ་ལས་བལྟས་ན་བསམ་པ་ཡིན། ཨ་རིའི་ཕུའུ་སི་ལིན་ཏོན་སློབ་གྲྭ་ཆེན་མོའི་(普林斯顿大学Princeton University)སློབ་དཔོན་ཆེན་མོ་ཞིག་གི་གཏམ་བཤད”ཨོ་པ་མར་ཅིའི་ཕྱིར་ཨ་རིའི་སྲིད་འཛིན་ཐོབ་པ་རེད” (奥巴马为什么能当美国总统?)ཅེས་པའི་ནང་དུ། “ཨོ་པ་མར་ད་དུང་སྐྱེས་སྟོབས་ཀྱི་ཤེས་རབ་ཡ་མཚར་བ་ཞིག་ཡོད་དེ། ཨོ་པ་མ་དང་འཛིན་གྲྭ་གཅིག་པའི་སློབ་བུ་གཉིས་ཀྱིས་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ‘ཧ་ཧྥུ་སློབ་ཆེན་དུ་སྐྱེས་སྟོབས་ཀྱི་ཤེས་རབ་མེ་འབར་བ་ནང་བཞིན་ཡིན་པ་ཤིན་ཏུ་ནས་མང་། ཨོ་པ་མའི་ཤེས་རབ་ནི་དེ་ལས་ད་དུང་འཕགས’ཅེས་བཤད་པ་ནི་དོན་དངོས་རེད། དེའི་སྟབས་ཀྱིས་ཨོ་པ་མར་ཨ ་རི་མི་མང་གི་བླ་ན་མེད་པའི་རྒྱབ་སྐྱོར་ཐོབ་པ་རེད”ཅེས་ཨ་རི་རང་ཉིད་ཀྱི་སློབ་གྲྭ་ཆེན་མོ་དག་གིས་ཀྱང་ཧ་ཧྥུ་སློབ་ཆེན་ལ་ཚད་མཐོ་བའི་གདེངས་འཇོག་བྱས་འདུག དེ་བས་བདག་གིས་ཧ་ཧྥུ་སློབ་ཆེན་གྱི་ལོ་རྒྱུས་ཉུང་བསྡུས་ཤིག་མཚམས་སྦྱར་ཏེ་བལྟས་ན་རྔོ་ཐོགས་པར་བསམས་ཏེ་དགོད་པར་བྱ་བ་ལ།

    ཧ་ཧྥུ་སློབ་གྲྭ་ཆེན་མོའི་ཐོག་མའི་མིང་ལ་ཧ་ཧྥུ་སློབ་གླིང་ཞེས་འབོད་ལ། སྤྱི་ལོ༡༩༣༦ལོའི་ཟླ་བ༡༠ཚེས༢༨ཉིན་ལ་གསར་དུ་བཙུགས། དབྱིན་ལན་གྱི་ཅན་ཆོ་སློབ་གྲྭ་ཆེན་མོ(剑桥大学)དང་མཚུངས་པའི་མཐོ་རིམ་སློབ་གྲྭ་ཞིག་གཟུག་རྒྱུར་ཐག་གིས་བཅད། འགྲོ་གྲོན་དབྱིན་སྒོར་ཁྲི་བཞི་བརྒྱ་བཏང་། སློབ་གླིང་འདི་ཆེས་ཐོག་མའི་གསར་གཏོད་པའི་གྲས་ཀྱི་མི་ཕལ་ཆེ་བ་ཅན་ཆོ་སློབ་གྲྭ་ཆེན་མོ(剑桥大学)དང་འབྲེལ་ཡོད་ཤ་སྟག་ཡིན་སྟབས་སློབ་གླིང་འདི་ཡང་ཅན་ཆོ་སློབ་གླིང་དང་མིང་དོན་མཚུངས་པའི་སློབ་གླིང་ཆེན་མོ་ཞིག་ཏུ་གྱུར། སྤྱི་ལོ༡༦༣༨ལོར་དངོས་སུ་དབུ་འཛུགས་བྱས། དེང་དུས་ཧ་ཧྥུ་སློབ་གླིང་གི་འཕེལ་རྒྱས་ཁྲོད་དུ་ཞིབ་འཇུག་སློབ་གླིང་བཅུ་དང་། སྡེ་ཁག་མི་འདྲ་བ་བཞི་བཅུ། དངོས་གཞིའི་ཚན་པ་དང་ཞིབ་འཇུག་ཚན་པའི་ཁྲོད་དུ་མི་སྣ་གྲགས་ཅན་དུ་བདམ་འོས་པའི་སློབ་མ་སྟོང་ཕྲག་བཅོ་བརྒྱད་དང་། དགེ་རྒན་དང་ལས་བཟོ་བ་སྟོང་ཕྲག་བཅུ་བཞིའི་ཁྲོད་དུ་སློབ་དཔོན་ཆེན་མོ་དང་དགེ་རྒན་ཉིས་སྟོང་། ཧ་ཧྥུ་སློབ་ཆེན་གྱིས་ཨ་རི་བའི་སློབ་མ་ཙམ་དུ་མ་ཟད་རྒྱལ་ཁབ་གཞན་དག་གི་ཕྱི་འགྲིམ་སློབ་མའང་བསྡུ་ལེན་བྱས་དང་བྱེད་བཞིན་ཡོད།

    ལོ་རྒྱུས་ཁྲོད་དུ་ཧ་ཧྥུ་སློབ་ཆེན་གྱིས་ཨ་རིའི་སྲིད་འཛིན་བདུན་སྐྱེད་སྲིང་བྱས་མྱོང་བ་སྟེ། ཨ་རིའི་སྲིད་འཛིན་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ། དྲུག་པ། སོ་ལྔ་བ། ཞེ་བཞི་དེང་དུས་ཀྱི་སྲིད་འཛིན་ལས་ཐོགས་པ་ཨོ་པ་མ་བཅས་རེད། ཧ་ཧྥུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དག་གི་ཁྲོད་དུ་ནོ་པེལ་གཟེངས་རྟགས་ཐོབ་མཁན་སུམ་ཅུ་སོ་བཞི་ཡོད། ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་གཞོན་ཤོས་དང་རླབས་ཆེ་ཤོས་ཡིན་པའི་ཁིན་ནི་ཏེའུ་དགོས་པ་ཆེན་པོ་ཞིག་གི་ཕྱིར་དུ་མཚམས་སྦྱར་བར་བྱ་སྟེ།

    རྒྱ་སྐད་དུ། 肯尼迪 དབྱིན་མིང་དུ། Kennedy 1917 ལོའི་ཟླ 5 ཚེས 29 སྐྱེས། 1961ལོའི་ཟླ1ཚེས22ཉིན་འདས། ཧ་ཧྥུ་སློབ་ཆེན་དུ་སློབ་མཐར་ཕྱིན། སྤྱི་ལོ1960ལོར་སྲིད་འཛིན་གྱི་འགན་བཞེས། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་ཆུ་མདེལ་འཕེན་བྱེད་ཀྱི་དམག་གྲུའི་བཀོད་འདོམས་པ་བྱས་ཏེ་ཉི་ཧོང་གི་མཚོ་དམག་ཉམས་དམས་སུ་བཏང་། ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་གཞོན་ཤོས་དང་། གནམ་བདག་ཆོས་ལུགས་པ་དད་མོས་བྱེད་མཁན་གཅིག་བུ་ཡང་རེད། “ལོ་རབས་དྲུག་ཅུ་བའི་དུས་ཀྱི་འགྱུར་ལྡོག་གཏོང་མཁན་གྱི་མི་སྣའི་གྲས” རྒྱ་སྐད་དུ(60年代风云人物)ཁོང་གི་ལེགས་བཤད་ནི། “ཨ་རི་བའི་སྤུན་ཟླ་རྣམ་པ། རྒྱལ་ཁབ་ཀྱིས་རང་ཉིད་ལ་ཅི་ཞིག་གི་ཁེ་ཕན་བསྐྲུན་ཡོད་པར་མ་ལྟ་ཞིག རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་ཅི་ཞིག་ཕུལ་ཡོད་པར་བསམ་པར་བྱོས་ཤིག” ( 我的美国同胞们,不要问你的国家能为你做些什么,而要问你能为你的国家做些什么。my fellow Americans, ask not what your country can do for you; ask what you can do for your country.)ལོ་རྒྱུས་འདི་དག་གི་རྒྱབ་ལྗོངས་ནས་བལྟས་ན་ཧ་ཧྥུ་སློབ་ཆེན་གྱིས་ཨ་རིའི་རྒྱལ་ཁབ་ལ་བཞག་པའི་མཛད་རྗེས་ཅི་ནས་ཀྱང་ཆེ་ལ། ཀྲུང་གོ་བ་རྣམས་ཀྱིས་པེ་ཅིན་སློབ་ཆེན་ལ་རྒྱ་ནག་གི་མགོན་སྐྱབས་ཞེས་འབོད་པ་བཞིན་ཨ་རི་བ་རྣམས་ཀྱིས་ཀྱང་ཧ་ཧྥུ་སློབ་ཆེན་ལ་བྱེ་ཐང་གི་རྒྱ་མཚོ་ཞེས་འབོད་སྐད། མིང་དང་དོན་ཇི་འདྲའི་མཚུངས་ཨང་། བོད་ཀྱི་གཏམ་དཔེ་ཞིག་ཏུའང་། ཕ་མ་བཟང་བོའི་བུ་ཕྲུག་དང་། དགེ་རྒན་བཟང་བོའི་དགེ་ཕྲུག་ཅེས་དགེ་རྒན་ལེགས་པོ་དགེ་ཕྲུག་རྨད་དུ་བྱུང་བ་འབྱུང་སྲིད་ན་སློབ་གླིང་གྲགས་ཆེན་དུ་སློབ་ཕྲུག་རླབས་ཆེན་འབྱུང་བའང་རྒྱུ་འབྲས་ཆོས་ཉིད་དང་མཐུན། བོད་ཀྱི་ལོ་རྒྱུས་ལས་བལྟས་ན་རྗེ་ཙོང་ཁ་བ་ཆེན་མོར་སྐད་གྲགས་ས་ཁྱབ་གནམ་ཁྱབ་ཡིན་པའི་སློབ་བུ་ཉིས་བརྒྱ་ཙམ་བྱུང་ཡོད་པས་ཀྱང་། མི་ཞིག་གི་རིན་ཐང་གཤའ་མ་དེ་རྒྱབ་ལྗོངས་ཀྱི་སློབ་གསོའི་གནས་བབ་ལ་བལྟ་རྒྱུ་དེ་ཡིན་པའི་རྒྱུ་མཚན་མཐོང་ཐུབ།

    ཨ་རིའི་ཕུའུ་སི་ལིན་ཏོན་སློབ་གྲྭ་ཆེན་མོའི་(普林斯顿大学Princeton University)སློབ་དཔོན་ཆེན་མོ་ཞིག་གི་གཏམ་བཤད”ཨོ་པ་མར་ཅིའི་ཕྱིར་ཨ་རིའི་སྲིད་འཛིན་ཐོབ་པ་རེད” (奥巴马为什么能当美国总统?)ཅེས་པའི་ནང་དུ། “ཨོ་པ་མར་ད་དུང་སྐྱེས་སྟོབས་ཀྱི་ཤེས་རབ་ཡ་མཚར་བ་ཞིག་ཡོད་དེ། ཨོ་པ་མ་དང་འཛིན་གྲྭ་གཅིག་པའི་སློབ་བུ་གཉིས་ཀྱིས་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ‘ཧ་ཧྥུ་སློབ་ཆེན་དུ་སྐྱེས་སྟོབས་ཀྱི་ཤེས་རབ་མེ་འབར་བ་ནང་བཞིན་ཡིན་པ་ཤིན་ཏུ་ནས་མང་། ཨོ་པ་མའི་ཤེས་རབ་ནི་དེ་ལས་ད་དུང་འཕགས’ཅེས་བཤད་པ་ནི་དོན་དངོས་རེད། དེའི་སྟབས་ཀྱིས་ཨོ་པ་མར་ཨ ་རི་མི་མང་གི་བླ་ན་མེད་པའི་རྒྱབ་སྐྱོར་ཐོབ་པ་རེད”ཅེས་ཨ་རི་རང་ཉིད་ཀྱི་སློབ་གྲྭ་ཆེན་མོ་དག་གིས་ཀྱང་ཧ་ཧྥུ་སློབ་ཆེན་ལ་ཚད་མཐོ་བའི་གདེངས་འཇོག་བྱས་འདུག གཏམ་བཤད་དེའི་ནང་དུ་ད་དུང“ཨ་རི་ན་ཐོ་མ་སི་པེན་གྱི་ལེགས་བཤད་ལ་ཡིད་ཆེས་བྱེད་མཁན་ཤིན་དུ་མང་། ཐོ་མ་སི་པེན་གྱིས་ཆེས་ལེགས་པའི་སྲིད་གཞུང་ལ་དོ་དམ་གྱི་བྱ་བ་ཆེས་ཉུང་ཞེས་པའི་གསུང་སྒྲོས་ལ་གཞིགས་ཏེ། ཨོ་པ་མས་ཀྱང་སྲིད་གཞུང་གི་ལས་དོན་ཉུང་ངུར་བྱ་བའི་སླད་དུ་ལས་དོན་མང་བོ་བསྒྲུབ་པའི་ཁས་འཆེས་པ་སྟེ། མི་རིགས་ཀྱི་དབྱེ་འབྱེད་ཀྱི་བསམ་བློ་བསལ་བར་བྱ་བ་དང་། མིག་སྔའི་དཔལ་འབྱོར་གྱི་ཉམས་དམས་སླར་གསོ་བྱ་རྒྱུ། སྤྱིར་ན་ཨ་རི་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་སྤྱི་མཐུན་ཚོགས་པ་དང་། དམངས་གཙོ་ཚོགས་པ་འདུམ་འགྲིག་བྱེད་པ། ཕོ་མོ་འདྲ་མཉམ་དང་མི་རིགས་དཀར་ནག་འདྲ་མཉམ། ཆོས་ལུགས་འདྲ་མཉམ་བཅས་བྱུང་ཚེ་གཞི་ནས་ཨ་རི་ནི་རྒྱལ་ཁབ་ཅིག་ཏུ་གྱུར་བའི་ཚུལ་ལ་ངེས་ཤེས་འདྲོངས་པ་རེད། དེ་དག་ནི་ཨོ་པ་མའི་འགན་འཁྲི་གཙོ་བོར་བརྩིས་པ་རེད་པས་གཞི་ནས་རྒྱབ་སྐྱོར་ཐོབ་སོང”ཞེས་བཤད་འདུག སློབ་དཔོན་ཆེན་མོ་དེའི་གཏམ་བཤད་ཧྲིལ་གྱིས་དྲིལ་ན་ཨོ་པ་མར་ཨ་རིའི་སྲིད་འཛིན་ཐོབ་པའི་རྒྱུ་མཚན་གསུམ་དེ། ཨ་རི་བ་རྣམས་ཀྱིས་ཧ་ཧྥུ་སློབ་ཆེན་ལ་མཐོང་ཆེན་བྱེད་པ། མི་རིགས་དཀར་ནག་གི་དབྱེ་བ་བསལ་བའི་སླད། དཔལ་འབྱོར་ཉམས་དམས་ཀྱི་ཁ་གཏད་འགྲེང་བའི་ཨོ་པ་མའི་སྙིང་སྟོབས་ལ་ཡི་རངས་པ་བཅས་སོ།། ཨོ་པ་མར་སྲིད་འཛིན་ཐོབ་པའི་རྒྱུ་མཚན་གྱི་ཕྱོགས་གཅིག་ཧ་ཧྥུ་སློབ་ཆེན་གྱི་མཚན་སྙན་ནམ་མཛད་རྗེས་དང་འབྲེལ་ཡོད་པའི་ངོས་ནས་བལྟས་ན། ང་ཚོས་ཀྱང་བཀའ་ཁྲིའི་འོས་ཆོས་ཀྱི་ཆ་གཅིག་རྒྱབ་ལྗོངས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་བལྟ་དགོས་པ་ནི་གལ་ཆེའོ།།
    མཚམས་སྦྱོར། ལྟ་ནག་སྐལ་བཟང་ལུང་རིག་གི་ཟིན་བྲིས་ལས་བཤུས།

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་དྲ་ངོས་ཀྱི་རིག་པ་འདོན་པ་ཞེས་པའི་གཤམ་དུ། “མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།”ཞེས་འཁོད་འདུག་ཀྱང་། དེ་རིང་དྲ་གྲོགས་གངས་ཕྲུག་བློ་བཟང་ངག་དབང་ཞུ་བས། བརྗོད་གཞི་དང་འབྲེལ་བ་མེད་པའི་བཀའ་བློན་ཁྲི་པའི་སྐོར་གྱི་མཆན་བུ་དེ་འདིར་འགོད་དོན་ཅི་ཡིན་ནམ། སྐབས་རེ། བརྗོད་གཞི་དང་འབྲེལ་བ་ཡོད་ཀྱང་དྲ་ངོས་སུ་མི་འགོད་པའི་རྒྱུ་མཚན་ཅི་ཡིན་ནམ།
    དྲི་བ་འདི་གཉིས་དྲ་ངོས་དོ་དམ་པའམ་རྩོམ་སྒྲིག་པར་ཞུ་གི་ཡོད་པ་ལས། དྲ་གྲོགས་བློ་བཟང་ངག་དབང་གིས་བཀའ་ཁྲི་ཟུར་པའི་མཛད་རྗེས་འདིར་བཀོད་པར་ནོར་འཁྲུལ་རེད་ཅེས་ཞུ་གིན་མེད། གསན་ཕྱོགས་མ་ནོར་བར་མཛོད། །

    Reply
  3. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།སྐུ་ཚེ་དེ་བོད་མི་རིགས་ལ་ཕུལ་ཞིངཕྱགས་རྗེ་དེ་བོད་སྤྱི་ཚོགས་ལ་འཐིམ་པས་མི་སྣརླབས་ཆེན་ཞིག་ཡིན།ཁོང་གིས་ཆུང་དུས་ནས་རྡོར་གླིང་དུ་སློབ་གྲྭར་འགྲིམས་ཞིང་བོད་དབྱིན་ཧིན་གསུམ་ལ་སྦྱང་བ་ཕུད་དུ་་ཕྱིན་པ་མཛད་།

    བཙན་བྱོལ་བོད་མིའི་སློབ་གྲ་ཐོག་མ་སྟེ། མ་སུ་རུ་དབུ་འཛུག་གནང་སྐབས་དབྱིན་ཡིག་དགེ་རྒན་དང་། ཕྱི་རྒྱལ་རོགས་སྐྱོར་ཚོགས་པ་ཁག་གིས་སྐད་བསྒྱུར་གནང་བ་སོགས། བསྟན་འཛིན་བཀྲས་མཐོང་ལགས་།རང་ལོ་༡༠་པས་ཐོག་ནས་བཟུང་མི་རིགས་འདིས་སྐྱིད་སྡུག་གི་ཁུར་བོ་མཉམ་ཁུར།
    ༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
    ༡༩༦༨ལོར་ཁོང་མི་གསུམ་གྱིས་མི་དམང་གི་གོ་རྟོགས་དང་ཤེས་ཡོན་འཕྲོད་བསྟེན་ཡར་རྒྱས་ལ་དགོང་ནས་། “ཤེས་བྱ་”ཞེས་དུས་དེབ་ཐོག་མར་བཏོན།
    ལོ་འགའ་རྗེས་སུ་དུས་དེབ་དེས་སྤྱི་ཚོགས་ལ་ཕན་ཐོན་མི་ཉུང་བ་ཞིག་ཡོང་གི་ཡོད་པར་བསྟེན། དུས་དེབ་དེ་གཞུང་འབྲེལ་གནང་བ་དང་།ཆབས་ཅིག་དབྱིན་ཇིས་གསར་ཤོག་”བོད་གནས་མཉམ་ཞིབས་”གྱི་་རྩོམ་སྒྲིག་པས་འགན་བཞེས།
    ༡༩༧༠བོད་མི་ཡོང་ཆོ་ཁའི་ཕྱོགས་ལྷུང་ཏུ་མ་སོང་བར་ལྡོག་རྩ་གཅིག་བསྒྲིལ་ལ་དགོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་ཏུ་བཙུག་པ་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌།
    ༡༩༧༣ ལོར་ཨ་རིའི་སྲིད་འཛིན་Nixon་རྒྱ་ནང་ལ་ཕེབས་ནས་། ཨ་རི་དང་རྒྱ་ནག་གཞུང་གི་འབྲེལ་ལམ་དམ་དུ་ཕྱིན་སྟབས། བོད་དོན་ནུས་མེད་དུ་གྱུར་བ་ཆབས་ཅིག་ཨ་རི་བོད་ཀྱི་དོན་གཅོད་ཁང་དེ་ཡང་སྒོ་རྒྱག་ལ་ཉེ་བ་སྐབས། ཨ་རི་བོད་ཀྱི་དོན་གཅོད་ལས་ཚབས་ཏུ་ཕེབས་ཏེ་། བོད་ཀྱི་ཐེབས་རྩ་དང་། པོ་ཏ་ལ་དཔར་སྐྲུན་ཁང་། ནེའུ་ཡོག་ཏུ་སུམ་དུས་དང་པོ་ཚུགས་པ།
    ལྷགས་པར་དུ་༡༩༧༩་ལོར་གོང་ས་མཆོག་ཨ་རིས་ནང་གདན་འདྲེན་ཞུས་ནས། ཆིབས་སྒྱུར་ཐོག་མར་གནང་དེས་། བོདབསྟན་པ་ཆབས་སྲིད་ཀྱི་མེ་རོ་སླར་ནས་གསོས་།
    ༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་འགན་བཞེས་ཐོག་བོད་དུ་ཕེབས། པེ་ཅིང་གི་མགོ་ཁྲིད་མི་སྣ་ཁག་མང་པོ་ཞིག་ལ་ཐུག་འཕྲད་དང་། ལྷགས་པར་པཎ་ཆེན་སྐུ་གོང་མར་འཇལ་འཕྲད་གནང་། སྐུ་ཚབས་དང་པོ་མ་ཕེབས་སའི་ས་གནས་ཁག་གང་མང་ཞིག་ལ་ཕེབས་ཏེ། གཞི་ལུས་བོད་རིགས་སྤུན་ཟླ་མི་དམངས་ལ་ཐུགས་འཕྲད་དང་། ཁོང་ཚོའི་སེམས་ནང་གི་དཀའ་སྡུག་ལ་རྒྱུས་ལོན་གནང་།
    ༡༩༨༧ ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིས་བོད་ཀྱི་རླུང་འཕྲིན་གསར་འཛུག་གནང་། དེ་དང་ཆབས་ཅིག། ཨ་མེ་རི་ཀར་བོད་པའི་ནང་མི་༡༠༠༠ ཞིག་སྐྱབས་བཅོལ་ཏུ་བླང་བ་སོགས།
    བྱང་ཨ་རི་ནང་བོད་ཀྱི་ལས་དོན་དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་།
    ༡༩༩༠ གོང་ས་མཆོག་གིས་ཐུགས་དགོང་ལྟར་། དམང་གཙོ་ཚད་ལྡན་གྱིས་སྒོ་ནས་མི་དམང་གིས། བཀའ་བློན་ཏུ་ཐད་ཀར་འོས་འདེམས་གནང་ཏེ་། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་དང་ནང་སྲིད་བཀའ་བློན་གནང་། དེ་དང་ཆབས་ཅིག་བཀའ་བློན་ཁྲི་བའི་ཐུགས་འགན་བཞེས་།
    ༡༩༩༥ ལོར་ཨ་རིར་གནས་སྤོས་གནང་དེ། སེ་ཊན་ཕོ་ཊི་གི་མཐོ་སློབ་ནང་བོད་ཀྱི་རྒྱལ་རབས་ དགེ་རྒན་ཆེན་མོའི་ཕྱགས་ལས་གནང་། བོད་ནང་ལོ་བདུན་གྱི་གློག་བརྙན་གྱི་སློབ་སྟོན་པ་དང་། ྋགོང་ས་མཆོག་གི་བཞེད་དོན་གསུམ་དར་ཁྱབས་གཙོ་བཟུང་ཐོགྋགོང་ས་མཆོག་གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས།
    སེ་ཊན་ཕོ་ཊི་མཐོ་སློབ་ནང་ཚན་རིགས་པས་ཀླད་པའི་དབང་རྩ་རྒྱུ་ཕྱོགས་དང་ནང་ཆོས་རིགས་པས་སེམས་ཀྱི་་མཉམ་ཞིབས་སྡེ་ཚན་གསར་འཛུགས་གནང་མཁན་དང་། འབྲེལ་འཐུད་པས་ཐུགས་འགན་གཞེས་བཞིན་པ་བཅས་སོ།།
    མཐའ་དོན་དུ་། ད་ནི་ང་ཚོ་རང་དབང་གི་ལུང་པར་ཡོད་པས་བོད་མི་སྤུན་ཟླ་དག་གིས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་འདས་ཟིན་པས་ཀྱག་ཀྱོག་གི་ལོ་རྒྱུས་ལ་ཕྱིར་མིག་ནན་པོ་ཞིག་ལྟོས་ནས་སང་ཉིན་གྱི་འདེམ་ཁ་དེ་མ་ནོར་བ་ཞིག་གནང་རྒྱུ་ནི། རང་ཉིད་བོད་རིགས་ཞིག་ཡིན་པས་སྤྱི་ལས་འགན་དང་།བོད་ནང་གི་ཕ་མ་སྤུན་ཆེད་དང་ཨ་ནེ་ཨ་ཁུ་དག་གིས་རེ་བས་མིག་ཟུང་ང་ཚོ་མི་རེ་རེ་ལ་གཏད་ཡོད་པས་སྒེར་གྱིས་འགན་དབང་ཞིག་ཡིན་པས་། རི་བོང་ཅལ་འགྲོག་གིས་སྒྲུང་ལ་མི་ཕེབས་རྒྱུ་ནི་ང་རང་མི་བུ་སྒེར་བ་ཞིག་གིས་རེ་བ་ཉག་གཅིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese