མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླེང་རྙོག་ཁྲོད་ཀྱི་རྩེད་འགྲན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༠ ལོའི་རྒྱལ་སྤྱིའི་རྩེད་འགྲན་ Commonwealth Games ཞེས་པ་དེ་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནའེ་རུ་རྩེད་ཐང་ཆེན་མོར་མགོ་འཛུགས་བྱས་ཡོད་ཅིང་། རྩེད་འགྲན་དེའི་སྟེང་རྒྱལ་ཁབ་ ༧༡ ཙམ་གྱི་རྩེད་འགྲན་པ་དང་། ལྟད་མོ་བ་དྲུག་ཁྲི་ ༦༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག དབྱིན་ཇིའི་རྒྱལ་སྲས་ཅཱལ་སི་ Charles ལགས་ཀྱིས་རྩེད་འགྲན་དབལ་འབར་དེ་སྤྱི་ལེ་ ༡༧༠༠༠༠ ཙམ་ལ་སྐོར་སྐྱོད་ཀྱིས་ལྡི་ལིར་འབྱོར་མཚམས་རྩེད་འགྲན་ཐེངས་ ༡༩ བ་དངོས་སུ་མགོ་འཛུགས་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། ཉིན་དང་པོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་གི་དབུ་འབྱེད་མཛད་སྒོའི་ཐོག རྒྱ་གར་གྱི་སློབ་ཕྲུག་གཙོས་འཁྲབ་སྟོན་པ་ ༧༠༠༠ ལྷག་གིས་རྒྱ་གར་རང་གི་ཁྱད་ཆོས་ལྡན་པའི་གནའ་དེང་གི་གཞས་དང་ཞབས་བྲོ། རོ་དབྱངས་སོགས་ཀྱིས་འཁྲབ་སྟོན་བྱས་ཡོད།

 

རྩེད་འགྲན་འདི་ཨེ་ཤ་ཡའི་ནང་ཚོགས་པ་ཐེངས་མ་གཉིས་པ་དང་། རྒྱ་གར་ལ་ཐེངས་དང་པོ་ཆགས་ཡོད། དེ་སྔོན་ནས་ཐེངས་འདིའི་རྩེད་འགྲན་ར་བའི་འཛུགས་སྐྲུན་འགྲུབ་མེད་པ་དང་། རྩེད་མོ་བ་རྣམས་ལ་སྡོད་གནས་ཀྱི་མཐུན་རྐྱེན་ཞན་པ། ཁོར་ཡུག་གཙང་སྦྲ་མེད་པ། ས་གནས་བདེ་འཇགས་ལ་ཁག་ཐེག་མེད་པ་བཅས་ཀྱི་རྙོག་གླེང་འོག རྩེད་འགྲན་པ་ཁག་ཅིག་ཕྱིར་འཐེན་བྱས་ཡོད་ཅིང་། རྒྱ་གར་གྱི་རྩེད་རིགས་ཚོགས་ཆུང་གི་ལས་བྱེད་ཅིག་ལ་འགོ་ནད་ཅིག་ཕོག་ཡོད་པ་དང་། གཞན་ཞིག་ལ་དུག་སྦྲང་གིས་རྐྱེན་པས་རུས་ནད་བྱུང་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་བ་སོགས་ཀྱིས་སྐུ་མགྲོན་མང་པོ་ཞིག་ལ་དོགས་འཚབ་བསླངས་ཡོད་འདུག

 

ཐེངས་འདིའི་རྩེད་འགྲན་གྱི་གོ་སྐབས་དང་བསྟུན་ཏེ། འཇིགས་སྐུལ་བ་ཚོས་གཏོར་རྒོལ་བྱ་སྲིད་པའི་ཉེན་ཁ་ཡོད་སྟབས། རྒྱ་གར་གཞུང་ཕྱོགས་ནས་རྩེད་འགྲན་གླིང་ག་གཙོས་པའི་ལྡི་ལི་གྲོང་ཁྱེར་གྱི་ས་ཚིགས་ཁག་ཏུ་དྲག་ཆས་ཉེན་རྟོག་པ་དང་དམག་མི་ ༡༠༠,༠༠༠ ཙམ་འགྲེམས་འཇོག་བྱས་ཤིང་། དམག་མིའི་ཐད་འཕུར་གནམ་གྲུ་དང་ MiG འཐབ་འཛིང་གནམ་གྲུ་སོགས་མཁའ་དབྱིངས་གང་སར་ལྡིང་སྐོར་གྱིས་སོ་བ་བྱེད་བཞིན་ཡོད་འདུག དེ་བཞིན། རཱ་ཇི་སི་ཐན་ནས་ཆེད་དུ་ཉེན་སྲུང་སྤྲ་རིགས་དང་། ཁྱི་སོགས་ཁྲུད་ཡོང་སྟེ་ཐེངས་འདིའི་རྩེད་འགྲན་གྱི་བདེ་འཇགས་ལ་སྲུང་སྐྱོབ་ནན་མོ་བྱས་ཡོད། ཐེངས་འདིའི་རྩེད་འགྲན་གོ་སྒྲིག་ཐད་ལྐོག་ཟ་རུལ་སུངས་ཀྱི་གླེང་རྙོག་ཤུགས་ཆེན་བྱུང་ཡོད་སྟབས། ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ལྕམ་ཤཱེ་ལེ་ཡ Shelia Dikshit ལགས་ཀྱིས། རྩེད་འགྲན་ཡོངས་སུ་མཇུག་བསྒྲིལ་རྗེས་གནད་དོན་དེའི་ཐད་ཞིབ་བཤེར་གཙང་མ་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 5

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེ་རིང་རྒྱ་གར་གྱི་མཐོ་རིམས་དཔོན་རིགས་དེ་དག་ལ་དཀའ་ངལ་ཆེན་པོ་སྤྲད་འདུག ། མིས་མ་འཇོན་པར་རཱ་ཇི་སི་ཐན་ནས་ཆེད་དུ་ཉེན་སྲུང་སྤྲ་རིགས་དང་། ཁྱི་སོགས་ལ་རེ་དགོས་བྱུང་འདུག།

    Reply
  2. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    རྒྱ་གར་གྱིས་ད་རེ་གྲ་སྒྲིག་ལེགས་པོ་བྱས་མ་ཐུབ་པ་འདིས་རྗེས་མ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རྩེད་འགྲན་གྱི་གོ་སྐབས་ཐོབ་དཀའ་གྱུར།

    Reply
  3. བློ་བཟང་མཐུ་སྟོབས། says:
    ལོ་ 16 སྔོན།

    རྒྱ་གར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  4. སྣང་གསལ། says:
    ལོ་ 16 སྔོན།

    ཧཧ་ད་ཡིན་ན་ལེགས་སོ་་་་གནས་ཚང་གིས་རྩེས་འགྲན་ཆེན་མོ་དབུ་འཛུག་གནང་འདུག་་་གུས་ནས་བཀྲ་ཤིས་དེ་ེལགས་ཡོད་་་་མི་རིག་མཐུན་སྒྲིལ་གོང་འཕེལ་ཤོག་
    གོང་ནས་གོང་དུ་འཕེལ་བར་ཤོག་།།
    འཚམས་དྲིན་བཀྲ་ཤིས་བདེ་ལེགས་།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྩེད་འགྲན་གྱི་དམིགས་ཡུལ་ལྟར། ལུས་བདེ་ལ་སེམས་འགྲིམས་པའི་ཐོག་ནས། མི་རིགས་ཀྱི་མཐུན་འབྲེལ་སྲིད་རྩེར་འགྲན་འགྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese