མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་སྒྲིག་པ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྔ་པ་ཇོ་ལེབས་སྡེ་བའི་ན་གཞོན་རྩོམ་པ་པོ་ཇོ་ལེབས་ཟླ་བ་ལགས། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་ཏེ། ད་ཆར་རྔ་པ་ཁུལ་ཁྲོ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཇོ་ལེབས་ཟླ་བ་ལགས་ནི་ ༼ དུས་རབས་ཀྱི་ང་། ༽ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན་ཞིང། ཁོང་ཐེངས་འདིར་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་དང་། ད་ལྟའི་གནས་སྟངས་སོགས་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། དེ་སྔོན་ཁོང་གི་རྩོམ་སྒྲིག་ལས་རོགས་གཉིས་འཛིན་བཟུང་བྱས་ཡོད་སྟབས། གནད་དོན་དེ་དང་འབྲེལ་བ་ཡོད་པ་ཞིག་ལ་ས་གནས་མང་ཚོགས་ཚོས་ཚོད་དཔག་བྱེད་ཀྱིན་ཡོད་འདུག ཁོའི་ཆུང་མས་རྔ་པ་རྫོང་ཐོག་ཏུ་དཔེ་ཚོང་ཁང་ཞིག་གཉེར་ཡོད་ཀྱང་།  ཁོང་འཛིན་བཟུང་བྱས་མ་ཐག་རྔ་པ་རྫོང་ཉེན་རྟོག་མི་སྣས་དཔེ་ཚོང་ཁང་དེ་སྔོག་བཤེར་བྱས་ཏེ་བཅའ་དངོས་མང་པོ་ཞིག་བཙན་འཁྱེར་བྱས་ཡོད་ཀྱང་། བཅའ་དངོས་དེ་དག་ག་རེ་ཡིན་མིན་གསལ་བོ་ཤེས་མི་འདུག

 

ཇོ་ལེབས་ཟླ་བ་ལགས་ལོ་ཤས་སྔོན་རྔ་པ་ནས་བག་རིགས་ཀྱི་རྒྱན་གོས་མེ་བསྲེགས་གཏོང་སྐབས་ཀྱི་ལས་འགུལ་སྣེ་ཁྲིད་པའི་དོགས་གཞིའི་འོག ཟླ་གཅིག་ཙམ་རིང་རྔ་པ་རྫོང་ནས་བཀག་ཉར་དང་། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཡང་དོགས་ཡོད་ཉེས་ཅན་དུ་རྩིས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཞོགས་པར་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟླ་ཤས་བཀག་ཉར་བྱས་ཡོད། རྩོམ་པ་པོ་ཇོ་ལེབས་ཟླ་བ་ལགས་ནི། རྔ་པ་རྫོང་གི་ཇོ་ལེབས་སྡེ་བའི་སྟག་ཀ་ཚང་ནས་ཡིན་ཞིང་། བཞག་ལྡོམ་བོད་ཡིག་སློབ་འབྲིང་དང་དར་རྩེ་མདོ་དགེ་འོས་སློབ་གྲྭ་བཅས་ནས་སློབ་མཐར་ཕྱིན་ཡོད་འདུག ཁོང་ད་ལྟ་རང་ལོ་ ༣༨ ཡིན་ཞིང་། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། རྔ་པའི་སློབ་གྲྭ་ཞིག་གི་དགེ་རྒན་བཅས་ཀྱི་ཕྱག་ལས་གནང་མུས་ཡིན་འདུག ད་ཆར་ཁོང་བཟའ་མི་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

གོང་གི་གནས་ཚུལ་དེ་མཁོ་སྤྲོད་བྱེད་མཁན། ཀིརྟི་གྲྭ་ཚང་གི་གྲྭ་ཚེ་རིང་ཡིན།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. རྐང་གསུམ། says:
    ལོ་ 15 སྔོན།

    སྔོན་མ་སྔོན་མ་ཞིག་ལ་ཅོ་ལེབ་ཟླ་བས་འདི་ལྟར་གླེང་གི། ང་ལ་རིང་ཐུང་གྲུ་གསུམ་གྱི་མཚན་ཉིད་མི་འབབ་ཀྱང་ངས་ཐེག་དགོས་པ་ནི་ཁ་བ་ཅན་པའི་འོས་འགན་ཡིན་དགོས་ལ། ངས་བརྗོད་འོས་པ་ནི་དུས་རབས་འདིའི་སྙིང་སྟོབས་ཡིན། དེའི་ཕྱིར་ངས་ནི་དུས་རབས་ཀྱི་གླུ་དབྱངས་རི་ལུང་ཀུན་ཏུ་གྱེར་དགོས། ཟེར་གི

    ད་རུང་ཁོས་འུ་ཅག་གི་མེས་པོ་ཚོ་དད་ཞེན་གླེང་འཛིན་གྱི་ཨུ་ཚུགས་འཛིན་རྒྱུ་དགའ་ཡང་། ང་ནི་དོགས་གཞི་དང་ཐེ་ཚོམ་སྟོན་རྒྱུར་དགའ་ལ། འུ་ཅག་གི་མེས་པོ་ཚོ་དྲང་བདེན་དང་ཡིད་ཆེས་བྱེད་རྒྱུར་དགའ་ཡང་། ང་ནི་བདེན་དོན་དང་གནས་ལུགས་འཚོལ་རྒྱུར་ལྷག་ཏུ་དགའ། དེའི་ཕྱིར་ངས་བདེན་པ་མ་ཡིན་པའི་གནས་ལུགས་རྣམས་སློག་དགོས་ལ། ངས་མ་རྙེད་པའི་ངོས་དག་ཅི་ནས་བཙལ་དགོས་ཟེར་གི་་་་་་་་་་་དྲྭ་རོགས་ཚོ།

    Reply
  2. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཅོབ་ལེབ་ཟླ་བ་ལགས་འཛིན་བཟུང་བྱས་པའི་གསར་འགྱུར་འདིས་སེམས་པ་མི་བདེ་བ་ཞིག་བཟོས་པ་མ་ཟད། སྐྲག་སྣང་འོག་གི་གྲོགས་པོ་རྩོམ་པ་པོ་གཞན་དག་རེ་ཡང་མིག་ལམ་དུ་ཤར་གི ད་ངོ་མ་འདུག་གི་མ་བཅུག་ཐ།

    སྐལ་བཟང་སྦྱིན་པ་དང་ཅོ་ལེབ་ཟླ་བ་གཉིས་ཀྱིས་དུས་རབས་ཀྱི་ང་ཐོག་མར་དབུ་འཛུགས་གནང་བའི་སྐབས། ང་དང་ངའི་གྲོགས་པོ་གཞན་ཞིག་དང་མཉམ་དུ་བླ་བྲང་གི་ཟ་ཁང་ཆུང་ཆུང་ཞིག་ནས་མཉམ་འཛོམས་བྱུང་མྱོང་ལ། སྐབས་དེ་དུས་རྩོམ་སྒྲིག་པ་ཁོང་གཉིས་ཀྱི་སེམས་ཤུགས་དང་ཆོད་སེམས། ཕུགས་འདུན་བཅས་གཞི་ནས་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། ད་ནི་གྲོགས་པོ་དེ་གཉིས་ཆ་རིམ་བཞིན་མུན་ནག་གི་འཇིག་རྟེན་དུ་ཁྲིད་ཚར་སོང་། དཀོན་མཆོག་མཁྱེན།

    Reply
  3. བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞབས་ཇོ་ལེབས་ཟླ་བ་ལགས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་འདོར་མི་ཐུབ་པའི་ལ་ཞེན་ཞིག་་ཡོད་རྒྱ་དམར་སྲིད་གཞུང་གིས་ཤེས་ཡོད་པ་གསལ་བོ་རེད། ད་ང་ཚོ་ལ་བྱེད་ཐུབ་པ་ག་རེ་འདུག ངས་ལྟས་ན་ཆིག་སྒྲིལ་གྱི་ནུས་པ་ཞིག་གཏོན་ཨེ་ཐུབ་ལྟ་རྒྱུ་གལ་ཆེན་པོ་རེད། བོད་མི་རེ་རེ་ནས་ནུས་པ་རེ་ཁྱེར་དགོས་པ་མ་གཏོགས་ཁོང་འཛིན་ཚར་བ་རེད་ཟེར་ནས་སྡད་པ་ཙམ་ལ་གྱིས་ཕན་ཐོག་ཅི་ཞིག་ཡོད། རང་ངོས་བྱེད་ཐུབ་གང་ཡོད་པ་དེ་དུས་ནས་དུས་སུ་བྱེད་དགོས་པ་གལ་ཆེན་པོ་རེད། ཕྱོགས་ཞེན་སྤོང་དང་།ཁོང་ལ་ རྒྱབ་སྐྱོར་ཡིན། ལ་རྒྱ་སྐྱོང་དང་གདུང་སེམས་མཉམ་སྐྱེལ་ཡིན་སྤུན་ཟླ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese