ཕྱི་ལོ་ ༡༩༠༣ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་སྐབས་ཀྱི་འདྲ་པར་ཁག་ཅིག་ཐེངས་དང་པོར་དབྱིན་ཡུལ་གྱི་པར་རིས་འགྲེམས་སྟོན་ཁང་ཞིག་ཏུ་ཐོན་འདུག
ཕྱི་ཚེས་ ༤ ཉིན་གྱི་དབྱིན་ཇིའི་ཉིན་རེ་གསར་ཤོག་སྟེང་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་དབྱིན་ཡུལ་གྱི་བྷོན་ཧམ་སཱི་ Bonhams ཟེར་བའི་འགྲེམས་སྟོན་ཁང་དུ། སྔར་ཕྱི་ལོ་ ༡༩༠༣ ལོར་དབྱིན་ཇིའི་བཙན་འཛུལ་དམག་དཔུང་བོད་དུ་བསྐྱོད་སྐབས་ཀྱི་ཆབ་སྲིད་ཇུས་ཀྱི་མི་སྣ་ཇོན་ཁུ་ལ་ཌི John Cluade White ཟེར་བ་ཞིག་གིས་སྐབས་དེར་བོད་ནང་ནས་བརྒྱབ་པའི་འདྲ་པར་ཁག་ཅིག ཐེངས་དང་པོར་འགྲེམས་སྟོན་བྱས་ཡོད་པ་མ་ཟད། འདྲ་པར་དེ་དག་འཚོང་སྒྱུར་བྱ་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་ཅིང་། འདྲ་པར་དེ་དག་ལ་རིན་གོང་དབྱིན་སྒོར་ ༡༠༠༠༠ ནས་ ༡༥༠༠༠ བར་བྱས་ཏེ་བཙོང་ཐུབ་རྒྱུར་སྔོན་དཔག་བྱས་ཡོད་འདུག
གོང་གི་འདྲ་པར་མང་ཆེ་བ་ཕྱི་ལོ་ ༡༩༠༣ ལོར་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱས་ཤིང་། ཕྱི་ལོ་ ༡༩༠༤ ཟླ་ ༨ པའི་ནང་རྒྱ་གར་དབྱིན་ཇིའི་གཞུང་དང་བོད་གཞུང་བར་ཆིངས་ཡིག་བཞག་རྗེས་དབྱིན་དམག་ལྷ་སར་འབྱོར་སྐབས་བརྒྱབ་པ་རྐྱང་ཡིན་ཞིང་། ཁྱོན་འདྲ་པར་གྲངས་ ༧༢ ཙམ་ཡོད་ཅིང་། འདྲ་པར་དེ་དག་གིས་བོད་ཀྱི་རང་བྱུང་ཡིད་འོངས་ཀྱི་ཁོར་ཡུག་དང་མཛེས་ལྗོངས། སྐབས་དེའི་དབྱིན་དམག་དང་བོད་དམག་གི་འཐབ་ར། བོད་མིའི་འཚོ་བ་སོགས་གསལ་པོར་བསྟན་ཡོད།
གྲོང་མི་ཁག་ཅིག་གི་འདྲ་པར།
དབྱིན་གཞུང་དང་གྲོས་མོལ་བྱེད་མཁན་༧གོང་ས་བཅུ་གསུམ་པའི་སྐུ་ཚབ་རྣམ་པ་བཞི།
གམ་པ་ལ་བཙན་རྫོང་གི་ཕྱི་ངོས་འདྲ་པར།
སྤ་རུ་བཙན་རྫོང་གི་དབྱིན་དམག་གི་སྒར།
རྒྱ་གར་བ་དང་དབྱིན་དམག་ལ་བོད་མི་ཞིག་གིས་ལམ་ཁྲིད་བྱས་པ།
བཀྲ་ཤིས་བླ་མ་དང་རྒྱ་ནག་གཞུང་ཚབ་བྷ་ཌོ་ལཱ།
བོད་སྡོད་འབྲུག་རྒྱལ་བོའི་སྐུ་ཚབ།
རྩོམ་སྒྲིག་པ་ལགས་སུ་ཞུ་གསོལ།
གོང་ནས་མར་རྩིས་པའི་པར་བཞི་པ་དེ་སྤ་རི་མིན་པར་”ཕ་རི་” རྫོང་གི་བཙན་རྫོང་མིན་ནམ་སྙམ།
ཁྱེད་དྲ་གྲོགས་ཚོར་དོགས་གཅོད་ཀྱི་གསལ་བཤད་འགའ་ཞུ་རྒྱུ་ཡིན།
1 འདྲ་པར་འདི་དག་ཆེད་དུ་ཕྱིར་བསྒྲགས་བྱ་ཆེད་ཡིན་སྟབས་བསྐྱར་འགོད་བྱེད་རྒྱུར་དམིགས་གསལ་ཆོག་མཆན་ཞུ་དགོས་བ་མ་རེད། སྤྱིར་འདྲ་པར་ ༧༢ ཡོད་པའི་ནང་གི་གྲངས་དགུ་ཙམ་དངོས་སུ་ཕྱིར་བསྒྲགས་སླད་དྲ་ཚིགས་སྟེང་བཀོད་པ་རེད།
2 གོང་གི་གསར་འགྱུར་དང་འདྲ་པར་འདི་ཚོ་ཕྱི་ཚེས་༤ ཉིན་གྱི་དབྱིན་ཇིའི་ཉིན་རེ་ཚགས་ཤོག་སྟེང་ཐོན་པའི་གནས་ཚུལ་ཐད་ཀར་དྲ་ཐོག་བརྒྱུད་རག་པ་ཞིག་ཡིན་པ་ལས། གཞན་གྱི་ཟིན་བྲིས་དང་དྲ་ཚིགས་ནས་བསྐྱར་འགོད་བྱས་པ་ཞིག་མིན། ངས་ད་ལྟའི་བར་དུ་རྒྱལ་སྤྱིའི་གསར་འགྱུར་རིགས་གང་འདྲ་ཞིག་ཡིན་རུང་ཐད་ཀར་རང་ཉིད་ཀྱི་ངོས་ནས་འཚོལ་བསྡུ་བྱེད་པ་ལས་གཞན་གྱི་བཀོད་ཟིན་པའི་རིགས་སོ་སོའི་ཡིན་ཁུལ་གྱིས་བསྐྱར་བཀོད་ནམ་ཡང་བྱས་མྱོང་མེད།
3 བདེན་པ་རེད། སྐབས་དེར་དབྱིན་དམག་དང་བོད་དམག་གི་འཐབ་འཁྲུག་བྱུང་ཡོད་པ་མ་ཟད། གུ་རུ་གྲོང་དུ་དབྱིན་དམག་གིས་དབྱིན་འགོག་དྲག་ཆས་ཐོགས་པའི་སེར་མོ་བ་གྲངས་ ༧༠༠ ཡས་མས་ཤིག་འཆི་ལམ་དུ་བཏང་ཡོད་ལུགས་བརྗོད་འདུག། འོན་ཀྱང་གནས་ཚུལ་འདི་ཕྱོགས་ངོས་གཅིག་ནས་བཤད་པ་ཞིག་རེད། འདིའི་ཐད་ལ་ལོ་རྒྱུས་བ་གཞན་གྱི་ངོས་ནས་རྐྱེན་ལམ་དུ་བཏང་བའི་སེར་མོ་བའི་གྲངས་ཚད་གོང་གི་དེ་དང་མཚུངས་མིན། དེ་བཞིན་ལོ་རྒྱུས་ཀྱི་ཕྱོགས་ངོས་མ་འདྲ་བ་ཞིག་ནས་འགྲེལ་བཤད་ཀྱང་ཡོད་སྲིད། གང་ལྟར་ང་རང་གསར་འགོད་པ་ཞིག་གི་ངོས་ནས། ངེས་ཆ་ཅན་གྱི་གནས་ཚུལ་རིགས་མཁོ་སྤྲོད་བྱ་དགོས་བ་དེ་རང་ཉིད་ཀྱི་བླང་བྱ་ཡིན། ཐེངས་འདིའི་གསར་འགྱུར་ལས། དུས་ཚིགས་གང་ཞིག་ཏུ་སུ་ཞིག་གིས་གནས་བབས་གང་འདྲ་ཞིག་གི་འོག་འདྲ་པར་འདི་དག་བརྒྱབ་ཡོད་པའི་གནས་ཚུལ་རྣམས་གཙོ་བོར་བཟུང་སྟེ་མཁོ་སྤྲོད་བྱས་ཡོད་པ་ལས། གླེང་རྙོག་ཡོད་པའི་རིགས་ཕྱོགས་ངོས་གཅིག་གི་གནས་ཚུལ་འདོན་སྤེལ་བྱས་ཚེ་གསར་འགོད་པའི་བླང་བྱ་དང་འགལ་བ་ཡིན་པས། ཐུགས་འཇགས་ཡོད་པར་འཚལ།
འདྲ་པར་ལ་རིན་ཐང་ལྡན་མིན་དང་། འདིས་རྒྱལ་སྤྱི་དང་བོད་ཀྱི་གནད་ལ་ཕན་མིན། དེ་འབྲེལ་གྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་སོགས་འབྲེལ་ཡོད་སོ་སོས་བྱ་དགོས་བ་ཞིན་རེད།
ཐུགས་རྗེ་ཆེ།
གནམ་ལྕགས་ལགས། གོང་གི་གསར་འགྱུར་ནང་གནས་ཚུལ་གྱི་འབྱུང་ཁུངས་༼དབྱིན་ཇིའི་ཉིན་རེར་གསར་ཤོག༽ཡིན་པ་གསལ་བོར་བཀོད་འདུག ཐ་ཧྭར་སྐལ་བཟང་ལགས་ཀྱི་ཟིན་བྲིས་ལས་བརྒྱུད་འགོད་བྱས་པའི་ཁྱབ་པ་མི་འདུག་སེམས། པར་རིས་གང་ནས་བརྒྱུད་འགོད་བྱས་པ་གསལ་བཤད་བྱེད་དགོས་པ་དེ་དངོས་བདེན་རེད། ཡིན་ཡང་། གསར་ལམ་ཁག་ཏུ་ཡོངས་ཁྱབ་ཏུ་གྱུར་བའི་པར་རིས་དག་ལ་པར་དབང་ཞུ་ས་ཞིག་ཡོད་པ་མ་རེད་ལ། ཞུ་དགོས་དོན་ཡང་མེད་པར་མཐོང་། བོད་པའི་གྲྭ་བཙུན་ ༧༠༠ བསད་པའི་གནས་ཚུལ་དེ་བཀོད་ན་ལེགས་ཚུལ་གྱི་ཐ་ཧྭར་སྐལ་བཟང་ལགས་ཀྱི་དགོངས་ཚུལ་དེ་ཡག་པོ་འདུག ད་དུང་པར་རིས་འདི་དག་དང་འབྲེལ་དེ་སྐབས་དེའི་དབྱིན་བོད་བར་བཞག་པའི་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ལོ་རྒྱུས་རིང་བཞིན་ལྡན་པའི་ཆིངས་ཡིག་དང་སྐབས་དེའི་དངོས་བྱུང་ལོ་རྒྱུས་སྐོར་ནས་འགྲེལ་བཤད་ཕྱོགས་བསྡུས་རེ་བྱ་ཐུབ་ན་ལེགས་པོ་འདུག་བསམ་གི།
གསར་འགོད་པ་ལགས། པར་འདི་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ང་ཚོའི་དྲ་ཐོག་ལ་ཐེངས་དང་བོར་འཁུར་འོང་མཁན་དང་ངོ་སྤྲོད་གནང་སུ་ཡིན་མིན་གསལ་བོ་ཞིག་བརྗོད་དགོས་པ་འདྲ། དེ་ནི་བཟང་སྤྱོད་ཀྱི་རྣམ་པ་ཞིག་རེད་བསམ། ཁ་སང་དུས་བབ་ཟིན་བྲིས་པ་ཐ་ཧར་སྐལ་བཟང་གིས་ཁོང་གི་ཟིན་བྲིས་སུ་ངོ་སྤྲོད་བྱས་འདུག་ལ། དེ་རིང་ཁྱེད་ཀྱིས་དེ་ལྟར་དུ་ངོ་སྤྲོད་གནང་བཞིན་ཁོང་གི་ཟིན་བྲིས་ལས་ཐོན་པ་ལྟ་བུ་ཙམ་ཡང་མ་བཤད་པ་བཟང་སྤྱོད་ལས་འདས་པ་ཞིག་ཏུ་མཐོང་སོང་། མ་གཞི་པར་དབང་སུ་ལ་ཞུ་དགོས་མིན་དང་སུ་ཡོད་མིན་མ་ངེས་ཀྱང་ཁྱེད་ཅག་གིས་ཟིན་བྲིས་པ་ཆེ་གེ་མོས་ངོ་སྤྲོད་གནང་བ་ལྟར་འདིར་དྲངས་པ་ཡིན་ལྟ་བུ་ངེས་པར་དུ་ཟེར་དགོས་སྙམ།
བནྡེ་སྐྱབས་ལ་ཞུ་རྒྱུར། ཁྱེད་རང་ལ་ཆོག་མཆན་ཡོད་མེད་གང་ལྟར་དཔར་འདི་ཚོ་དུས་བབས་དྲ་ཚིགས་ནས་ངོ་སྤྲོད་བྱས་པ་བཟང་འདུག ཁྱེད་རང་གིས་དཔར་འདི་ཚོ་ཡོང་ཁུངས་ཀྱི་དྲ་ཚིགས་ཀྱི་འབྲེལ་ཐག་གི་སྣེ་བསྟན་ཡོད་ན་བཟང་གི་སྒང་ལ་རྒྱན་རེད་བསམ། དཔར་ཞིག་གི་འགྲེལ་བཤད་ཀྱི་ནང་ལ་༡༩༠༣ལོར་ཡང་ཧ་སི་བྷན་སྒྲི་༼young husband ༽ཡིས་དམག་སྣ་དྲངས་ནས་གུ་རུ་ཟེར་བའི་གྲོང་ཚོ་ནས་བོད་ཀྱི་གྲྭ་བ་༧༠༠ཀྲོངས་པར་དྲིས་འདུག དེ་ཁྱོད་ཀྱིས་ལྷག་འདུག་ཀྱང་གལ་ཆེན་རེད་བསམ་ནས་ཁ་བསུབས་ཙམ་བྱས་པ་ཡིན།
དོན་དག་ཡོད་མེད་གང་ལྟར་ཡང་ཧ་སི་བྷན་སྒྲི་(young husband)ཟེར་བ་དེ་བོད་ལ་དམག་འདྲེན་པའི་དམག་དཔོན་ཡིན་པ་དང་ཁོ་རང་གི་ནང་མི་ཚོ་ཡང་བོད་དང་རྒྱ་གར་ལ་འབྲེལ་བ་ཧ་ཅང་ཡོད་ས་རེད། ཁོ་རང་གི་ཨ་ཞང་ཞིག་དེའི་བར་ལ་རྒྱ་གར་གྱི་ཧི་མ་ཅལ་ན་དཔོན་པོ་བྱེད་ཀྱི་ཡོད་པ་དང་དེང་སང་རྡ་སའི་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་ཀྱི་འོག་དེ་ན་མི་དེའི་ཁང་བ་ཡང་འདུག དེང་སང་ཁང་བ་དེ་འགྲོན་ཁང་ལ་བསྒྱུར་ཡོད་པ་དང་མིང་ལ་༼white haven ༽ཟེར་བ་རེད་བསམ་སོང་།
གྲོགས་པོ་གཞི་དྲང་པོ་ལགས་ངེད་གཉིས་ངོ་ཤེས་རྙིང་པ་ཞིག་ཡིན་ན་རྒྱུས་ཡོད་ཡིན་གྱི་རེད། ངས་ཁྱེད་ལ་འབྲེལ་བ་བྱ་ཡང་ཨ།
ཡུན་རིང་དྲ་ཐོག་ཏུ་འདྲེས་པའི་དྲ་གྲོགས་ཕུན་ཚོགས་ལགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་སྡོད་འདོད་ཡོད་པའི་མི་ཞིག་གིས་ངོས་ནས་བོད་རྒྱལ་ཁབ་འདིར་རྒྱ་ནག་དང་ཁ་བྲལ་འདོད་མེད་པ་རྩ་ཁྲིམས་ཀྱི་དགོངས་དོན་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ལེན་བྱས་མཁན་མི་དེར་དམར་པོའི་རྒྱལ་ཁབ་ཀྱི་མི་མ་རེད་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་མཁན་དང་རྩ་ཁྲིམས་དང་ལེན་བྱས་མཁན་ཚོས་བོད་རང་བཙན་འཕྲོག་པ་དང་རྒྱལ་བ་རིན་པོ་ཆེན་ས་མཐའ་ཕུད་པ་མ་རེད་པས།
པར་འདི་ཚོར་བལྟས་བརྗེས་བསམ་བློ་རྩེ་གཉིས་མ་ཞིག་འདུག དེ་ནི་སྐབས་དེར་ང་ཚོ་དབྱིན་ཇི་ཡིས་བཙན་བཟུང་བྱས་ཡོད་ན་ཕལ་ཆེར་རྒྱ་གར་ལ་རང་བཙན་སྤྲ་པ་དང་མཉམ་དུ་རང་བཙན་ཐོབ་མེད་དམ་སྙམ་པ་དེ་རེད། ད་དུང་འཕྲུལ་ཆས་ཀྱི་སྐོར་དེ་རྒྱ་གར་དང་གཅིག་པ་དར་ཡོད་ལས་ཆེ།
གྲོགས་མཆོག་ཅོག་རི་ཉི་མ་ལགས་ ང་གཉིས་ངོ་ཤེས་རྙིང་པ་ཞིག་རེད་བཞག་
གལ་སྲིད་ ཐུགས་འདོད་ཡོད་ན་ gyachoe@yahoo.com
0032 489 307 663
གསར་འགོད་པ་བནྡེ་སྐྱབས་ལགས་པར་རིས་འདི་དག་བཏོན་གནང་བ་ཐུགས ་རྗེ་ཆེ། ལོ་ངོ་བརྒྱ་དང་བདུན་སོང་ཟིན་པའི་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་སྐབས་འདྲ་པར་ཁག་གཅིག་ད་ལྟ་མཐོང་རྒྱུར་ཡོད་པ་དེ་བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཚོས་དེར་དོན་སྣང་དང་ཉམས་ཞིབ་བྱས་སྟེ་རྒྱ་ནག་གིས་དྲ་པོའི་བཙན་འཛུལ་མ་བྱས་གོང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཡིན་པ་པར་རིས་དེའི་ཐོག་ནས་ལོ་རྒྱུས་ཀྱི་བདེན་དཔང་མཚོན་ཐུབ།
འདིའི་ནང་དུ་ད་དུང་པར་རེ་ཟུང་བཀོད་མི་འདུག ཕ་ཡུལ་ནང་དུ་ཡང་པར་ཆ་ཚང་བ་བཀོད་མི་འདུག པར་རིས་འདི་དག་དང་འབྲེལ་བའི་རྩོམ་ཡིག་དེ་ཡང་བསྐྱུར་ཐུབ་ན་ཧ་ཅང་བཟང་།
རྩོམ་ཡིག་དང་པར་རིས་བཅས་དྲ་ཐག་འདི་ན་འདུག
http://www.dailymail.co.uk/news/article-1317360/Tibet-1903-photographs-secret-kingdom-auctioned-off.html?ITO=1490
ཟམ་གདོང་ལ་ཞུ་ཡ་གེ་མེད་རྒྱ་ནག་གཞུང་ལ་གནོད་ན་ཐང་ཡིན་ན་ཡང་ཤིག་རྒྱ་མའི་ཐོག་ལ་བཞག་ན་ཡང་རྒྱིད་ཨི་ཡོད་ན་
ལོ་རྒྱུས་རང་བཞིན་གྱི་འདྲ་པར་འདི་དག་གིས་བོད་ས་རང་དབང་རང་བདག་གི་མཚོན་བྱེད་ཅིག་ཡིན་པའི་དུས་སྐབས་སྟོན་གྱི་ཡོད་པ་མ་ཟད། རིན་གོང་དེ་ལྟར་མཐོ་དགོས་དོན་ཀྱང་འདྲ་པར་དེ་དག་སྔོན་ཆད་བེད་སྤྱོད་དུ་ཕྱིན་མ་མྱོང་བར་པར་ཚགས་སུ་ཉར་ཏེ། ཐེངས་དང་པོར་ཕྱིར་འགྲེམས་བྱས་པས་རེད་འདུག
ངོ་མ་ཕྱུག་པོ་ཞིག་བྱེད་ན་འདོད་ན་གནའ་རྫས་ཉོ་བཙོང་བྱེད་དགོས་ནི་རེད
དཔར་དང་པོ་དེ་གསར་དུ་ཐོན་པ་ཞིག་མ་རེད། ངས་འདི་སྔོན་ཆད་དེབ་ཅིག་གི་ཐོག་ནས་མཐོང་མྱོང་ལ་དེའི་འགྲེལ་བཤད་དུ་གྲོང་མི་ཁག་ཅིག་ཅེས་བཀོད་མེད་པར་ཡུག་ས་མ་ཁག་ཅིག་ཡིན་པའི་འགྲེལ་བཤད་བྱས་འདུག དེབ་དེའི་མིང་ད་ལྟ་ཡག་པོ་ཞིག་དྲན་གི་མི་འདུག་མོད། འོན་ཀྱང་དེབ་དེ་སྨན་རིའི་དཔེ་མཛོད་ཁང་དུ་ཡོད་པ་གསལ་པོ་དྲན་གི་འདུག ཁོམ་སྐབས་ཤིག་བྱུང་ན་དཔེ་མཛོད་དུ་ཕྱིན་ཏེ་འཚོལ་ངེས་ཡིན། དཔར་གཉིས་པ་དེ་ཡང་མཐོང་མྱོང་བ་འདྲ་བོ་ཞིག་འདུག ཕལ་ཆེར་དེབ་དེ་རང་གི་ནང་དུ་ཡོད་པ་མིན་འགྲོ། རྙེད་སོང་ན་དྲྭ་གྲོགས་ཚོར་བཤད་ངེས་ཡིན།
ཅོ་རི་ཟེར་བ་འདིས་ཅི་ཟེར། ཟམ་གདོང་བླ་མས་བོད་འདི་ལོ་རྒྱུས་སྟེང་རང་བཙན་རྒྱལ་ཁབ་ཅིག་ཡིན་ཚུལ་གོ་ན། སྙིང་ལ་མནོན་མི་ཐུབ་པའི་ན་ཚ་ཡོང་དགོས་དོན་ཅི་ཡིན་ནམ། སྐད་ཆ་བཤད་སྟངས་འདིས་ཟམ་གདོང་བླ་མ་དང་རྒྱ་ནག་གུང་ཁྲན་ཏང་གཉིས་ཕྱོགས་ཁག་གཅིག་ཏུ་འདེད་ཀྱིན་པ་འདྲ། སྐད་ཆ་བཤད་སྟངས་འདི་མི་ཡག་གི་ཟེར་རྒྱུ་ཡིན། སེམས་ལ་མ་གནོད།
སྤྱིར་འུ་ཚོར་ལྟ་བ་དང་ལངས་ཕྱོགས། བསམ་ཚུལ་དང་ཚོར་སྣང་མི་འདྲ་བ་སོགས་ཀྱི་དབང་གིས་གཞུང་དང་མི་མང་། ཡང་ན་མི་སྒེར་དང་སྒེར་གྱི་བར་ལ་ལྟ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོང་སྲིད་ལ་ཡོང་ཡང་ཆོག དེ་ལ་རང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་བེད་སྤྱད་དེ། ཕ་རོལ་བོའི་ནོར་འཁྲུལ་གྱི་རྒྱབ་ལྗོངས་སྔོག་སྟངས་ཞིག་ཡོདཅིང་། རྒྱབ་ལྗོངས་གསལ་འདོན་གྱི་ཐོག་ནས་དགག་བཞག་དང་ཐེར་འདོན་སོགས་བྱེད་པ་ནི་ཤེས་པ་གནད་དུ་ཕབ་ཐུབ་མཁན་ཞིག་གི་བྱེད་སྟངས་ཡིན།
འདི་ལ་ཅུང་ཚད་ལས་བརྒལ་བའི་སེམས་ཚོར་ཞིག་ཡོང་གི ངོ་མ་ཡིན། ཤེས་རབ་ཀྱི་དཔྱོད་ཤེས་སམ། མཐོང་ཐོས་ཀྱི་གོ་རྟོགས་གང་ཡང་མེད་པའི་མི་ཚོགས་ཀྱིས། འདི་ཡིན་དེ་ཡིན་གྱི་སྐད་ཆ་ཅི་ཡང་མེད་པར་རི་བོང་ཅལ་འདྲོག་བྱེད་སྟངས་འདིས་ནི་ང་ལ་སེམས་འཚབ་འཕར་མ་ཞིག་སྤྲོད་གི
ཀ་བ་་་་་་་་་་ཀ་བ་་་་་་་་་པར་རིས་གསར་ཐོན་དེར། དབྱིན་སྒོར་ ༡༥༠༠༠ དགོས་པ་ཡིན་ན། དེ་རིང་སྔ་འདྲོའི་ཛ་ཐང་གཞིར་བཟུང་བྱས་ན། དབྱིན་སྒོར་གཅིག་ལ་ཧིན་སྒོར་ ༧༠ ཙམ་རེད། པར་དེ་དག་ལ་དབྱིན་སྒོར་ ༡༥༠༠༠ ཙམ་དགོས་པ་ཡིན་ན། དེ་ཧིན་སྒོར་ལ་བཀུག་ན། ཧིན་སྒོར་ས་ཡ་གཅིག་དང་ལྔ་ཁྲི་ ༡༠༥༠༠༠༠ ལྷག་ལ་གནས་འགྲོ་བ་རེད། ད་དཀའ་རྒྱུ་རེད་ཡ་་་་་་་་
འདྲ་པར་དེར་ཚོ་བཙན་བྱོལ་གཞུང་གིས་ཉོ་ཐུབ་ན་ཡག་པོ་ཡོད་ས་རེད། འདྲ་པར་དེ་ཚོས་རྒྱ་ནག་གཞུང་དང་ཟམ་གདོང་བླ་མ་གཉིས་ཀྱི་སྙིང་ལ་ན་ཚ་གཅིག་བཟོ་ངེས་རེད།
ང་རང་ཚོའི་བོད་འདིར་རང་བཙན་རྒྱལ་ཁབ་གཅིག་ཡིན་པར་གསལ་བཤད་བྱས་ཡོང་དུས་ཟབ་གདོང་བླ་མ་དང་དེའི་རིགས་མཐུན་ཚོའི་སྙིང་ལ་གྲི་རྒྱབ་པ་ལྟ་བུའི་ན་ཚ་ཡོད་པར་མངོན་གསལ་རེད།
ཡག་པོ་བྱུང་འདུག
ངའི་མཆན་འདི་ནི་གོང་བཀོད་བརྗོད་གཞི་དང་འབྲེལ་བ་ཅུང་མེད་ནའང་། གསར་འགྱུར་འདི་མཐོང་མ་ཐག་སེམས་ཚོར་ཁྱད་པར་པ་ཞིག་དང་ལྷན་དུ། རེ་སྐུལ་ཀྱང་ཆུང་ཆུང་ཞིག་ཞུ་འདོད་བྱུང་།
བནྡེ་སྐྱབས་ཟེར་བའི་དུས་བབ་ཀྱི་གསར་འགོད་པ་གསར་བ་འདིའི་སྒྲུར་རྩོམ་གྱི་ཁ་ཕྱོགས་ཧ་ཅང་ཡག་གི རྗེས་སུ་ཡི་རངས་ཡོད། འདི་བཞིན་རྒྱ་དབྱིན་ཡིག་རིགས་ཤེས་མཁན་ཚོས་མུ་མཐུད་འཛམ་གླིང་གི་གསར་འགྱུར་གལ་ཆེན་རིགས་བསྒྱུར་གནང་ཐུབ་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་ཀྱི་དོ་སྣང་ཕོག་ཡུལ་སོགས་ངོ་སྤྲོད་གནང་ཐུབ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། དེ་མིན་འུ་ཚོའི་གསར་འགྱུར་གྱི་ཁྱབ་ཁོངས་བཙན་བྱོལ་སྤྱི་ཚོགས་ཀྱི་ར་བ་ལས་བརྒལ་མ་ཐུབ་པར་བརྟེན། བཙན་བྱོལ་དུ་སྡོད་པའི་བོད་པ་དག་དང་། ལྷག་ཏུ་བོད་ཡིག་གཅིག་པུ་བེད་སྤྱོད་གཏོང་མཁན་འུ་ཚོའི་མི་རྒྱང་དང་གོ་རྟོགས་ཀྱི་ཕུ་ཐག་ཧ་ཅང་ཐུང་། དེ་བས་འགན་འདི་དུས་བབ་དང་དུས་བབ་ལྟ་བའི་གསར་འགོད་པ་དང་ཡིག་སྒྱུ་བ་དག་ལ་འཁྲི་ཕྱིར། འུ་ཚོས་ཅིས་ཀྱང་ཧུར་བརྩོན་ཧུར་ཐག་བྱེད་དགོས་པའི་དུས་སུ་བབ་འདུག་གོ