མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླ་འཁོར་གྱི་གོང་ཚད་སྤར་བའི་རྙོག་དྲ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

གནས་ཚུལ་འབྱོར་གསལ་ལྟར་ན། ཉིན་འདི་འགར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་དམངས་དང་ས་གནས་རྒྱ་གར་གླ་འཁོར་ཁ་ལོ་བའི་བར་རྙོག་དྲ་ཞིག་འབྱུང་བཞིན་ཡོད་འདུག དེ་ནི་ཉེ་ཆར་བདུན་ཕྲག་གཉིས་ཙམ་གྱི་སྔོན་ལ། སྦེལ་ཀོབ་ཀྱི་ས་གནས་རྒྱ་གར་རྐང་གསུམ་གླ་འཁོར་གྱི་གླ་ཆ་གློ་བུར་དུ་སྤར་ཏེ། ནམ་རྒྱུན་ཀུ་ཤུལ་ན་སྒར་ལ་ནམ་རྒྱུན་ཧིན་སྒོར་ ༡༥ རེ་དང་། གྲོང་སྡེ་དང་པོ་དང་བཞི་བར་སྒོར་ ༡༠ རེ། གསུམ་པར་ ༥ བཅས་ཡིན་ཡང་། ད་ཆ་ཀུ་ཤུལ་ན་སྒར་ལ་ཧིན་སྒོར་ ༢༠ དང་། གྲོང་སྡེ་དང་པོ་དང་བཞི་བར་སྒོར་ ༡༥ ། གྲོང་སྡེ་གསུམ་པར་ ༡༠ བཅས་སུ་སྤར་ཆ་བྱས་ཡོད་སྟབས། སེ་ར་དགོན་པའི་གྲྭ་དམངས་དང་སྦེལ་ཀོབ་བོད་མིའི་གཞིས་མི་ཚོས་ཐག་གཅོད་དེ་ལ་ངོས་ལེན་བྱས་མི་འདུག

ཉིན་འགའི་སྔོན་གླ་འཁོར་ཁ་ལོ་བའི་འཐུས་ཚབ་འགའ་སེ་ར་བླ་སྤྱིའི་ལས་ཁུངས་སུ་ཡོང་སྟེ། ད་ནས་བཟུང་གླ་འཁོར་གྱི་གོང་ཚད་སྤར་ཡོད་ཚུལ་དང་། དགོན་པའི་གྲྭ་དམངས་དང་ས་གནས་མི་དམངས་བཅས་ཀྱིས་སྒྲིག་སྲོལ་འདི་ལ་གཙི་སྲུང་བྱ་དགོས་སྐོར་བརྗོད་སྐབས། སེ་ར་བྱེས་སྨད་གཉིས་ཀྱི་དགེ་བསྐོས་གཙོས་པའི་ལས་སྣེ་ཁག་ཅིག་ཛ་དྲག་ཐོག་འཛོམས་ཏེ་གྲོས་བསྡུར་བྱས་མཐར། དགོན་པའི་གྲྭ་དམངས་ལ་བསམ་འཆར་བསྡུ་རྒྱུའི་ཐག་གཅོད་བྱུང་ཡོད།

དེའི་རྗེས་བསྐྱར་དུ་སེ་ར་བླ་སྤྱིར་ཚོགས་འདུ་བསྐངས་ཏེ། དགེ་བསྐོས་རྣམ་གཉིས་དང་ཁང་ཚན་སོ་སོའི་དགེ་བསྐོས་བཅས་ལྷན་བཞུགས་ཐོག གྲྭ་དམངས་ཀྱི་བསམ་ཚུལ་བཞིར་བཟུང་ཐོག་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་། དགོན་པའི་དགེ་འདུན་པ་གཙོས་པའི་ས་གནས་མང་ཚོགས་ཀྱི་བསམ་ཚུལ་ལྟར། གླ་འཁོར་གྱི་གོང་ཚད་སྤར་ཆ་མི་གནང་བར་སྔར་རྒྱུན་བཞིན་འཇོག་དགོས་པ་དང་། ས་གནས་མང་ཚོགས་དང་གླ་འཁོར་ཁ་ལོ་བའི་བར་འཆམ་མཐུན་ཡོང་ཕྱིར་ཕན་ཚུན་ལ་གུ་ཡངས་དང་བརྩི་བཀུར་ཞུ་དགོས་པའི་སྐོར་སོགས་བཀོད་ཡོད་འདུག

འོན་ཀྱང་རྒྱ་གར་གླ་འཁོར་ཁ་ལོ་བ་དག་གིས་གྲོས་ཆོད་དེ་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ནམ་རྒྱུན་དགོན་པའི་གླིང་དཀྱིལ་བར་གླ་འཁོར་འགྲོ་བཞིན་ཡོད་ཀྱང་། དུས་དེ་ནས་བཟུང་གླ་འཁོར་རྣམས་དགོན་འདབས་ཀྱི་ལམ་ཆེན་སུམ་མདོར་མ་གཏོགས་མི་འགྲོ་རྒྱུ་བྱས་ཡོད་འདུག སྤྱིར་ཐེངས་འདིར་གླ་འཁོར་གྱི་གོང་ཚད་སྤར་རྒྱུའི་ཐད། གླ་འཁོར་ཁ་ལོ་བ་དག་གི་ཁྲོད་བསམ་ཚུལ་རིགས་གཉིས་བྱུང་ཡོད་འདུག ཁག་ཅིག་གིས་སྤར་དགོས་ཚུལ་བརྗོད་ཡོད་ཅིང་། ཁག་ཅིག་གིས་སྔར་རྒྱུན་བཞིན་བཞག་ན་རན་པོ་ཡིན་ཚུལ་ཡང་བརྗོད་ཡོད་འདུག

 

སྔོན་མ་ནས་གླ་འཁོར་ཁ་ལོ་བ་དང་དགོན་པའི་དགེ་འདུན་པའི་བར་རྙོག་དྲ་རེ་ཟུང་བྱུང་ཡོད་པ་དང་། དགེ་འདུན་པ་རེ་ཟུང་ལ་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་སྟབས། ཐེངས་འདིར་དགོན་པའི་ངོས་ནས་གནས་ཚུལ་དེ་རིགས་མི་འབྱུང་ཆེད་དང་གྲྭ་དམངས་ཀྱི་དཀའ་ངལ་སེལ་སླད། གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་མ་བྱུང་བར། ནད་པ་དང་གནས་ཚུལ་ཛ་དྲག་རིགས་ལ་དགོན་པའི་རླངས་འཁོར་རྣམས་གཏོང་རྐྱང་བྱ་རྒྱུ་དང་། མྱུར་འཕྲིན་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་རིགས་གྲྭ་ཚང་གི་ལས་ཁུངས་ནས་མཐུན་འགྱུར་བྱ་རྒྱུ་བྱས་ཡོད་འདུག

ས་གནས་ཉེན་རྟོག་པ་སེ་ར་བླ་སྤྱིར་སྐད་བཏང་སྟེ། ཡུལ་མི་དང་བོད་མིའི་བར་འཁྲུག་རྩོད་ཡོང་ཉེན་སྐོར་སྙན་གསེང་ཞུས་སྐབས། ཉེན་རྟོག་པ་དག་གིས་གནད་དོན་དེར་ང་ཚོས་ལྟ་རྟོག་བྱ། མ་འོངས་པར་ཡང་དགོན་པ་དང་ས་གནས་མང་ཚོགས་ཀྱི་གནད་དོན་གང་ཞིག་ཡིན་རུང་། ང་ཚོར་དུས་ལྟར་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་འདུག ས་གནས་མང་ཚོགས་ཚོར་སྒེར་ལ་རླངས་འཁོར་དང་སྦག་སྦག་འཁོར་ལོ་སོགས་ཡོད་སྟབས། དེ་ཙམ་དཀའ་ངལ་མེད་ཀྱང་། དགོན་པའི་གྲྭ་དམངས་ཚོ་ཞབས་ཐང་གིས་ཕེབས་དགོས་སྟབས། དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཡོད་འདུག་ལ། ལམ་བར་ནས་རྒྱ་གར་བ་ཚོས་བརྙས་བཅོས་བྱེད་པ་སོགས་ཀྱི་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག

ཉིན་འདི་འགར་གནས་སྟངས་ཛ་དྲག་གི་ངོ་བོར་གྱུར་ཏེ། དགོན་པ་དང་གཞིས་གྲོང་དང་པོའི་བར་ནས་གླ་འཁོར་ཁ་ལོ་བ་དག་གིས་དགོན་པ་དང་། ས་གནས་བོད་མི་སྒེར་གྱི་རླངས་འཁོར་སོགས་བཀག་སྟེ། མང་ཚོགས་སྐྱེལ་འདྲེན་བྱེད་ཀྱི་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ཡར་མར་ཞབས་ཐང་ཕེབས་མཁན་དགེ་འདུན་པ་ཚོ་ལ་རྣམ་འགྱུར་མི་ལེགས་པ་སྟོན་པ་སོགས་བྱུང་ཡོད་ལ། ཕྱི་ཚེས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་བ་ཡས་མས་ལ་སེ་ར་ཡིད་དགའ་ཆོས་གླིང་ཉེ་འགྲམ་ནས་རྒྱ་གར་བ་སྐོར་ཞིག་གིས་དགེ་འདུན་པ་གསུམ་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་མདོག་མདོག་གིས་གམ་དུ་སླེབས་མ་ཐག གཅར་རྡུང་བྱེད་མགོ་བརྩམས་ཡོད་འདུག སྐབས་དེར་དགེ་འདུན་པ་དེ་དག་བྲོས་ཐར་གྱིས་གནས་ཚུལ་ཆེན་པོ་བྱུང་མི་འདུག

ཨ་རིག་དགེ་མཐོང་གིས་གནས་ཚུལ་མཁོ་གཏོང་བྱས་པ་ལྟར། དོན་འགྲུབ་བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 41

  1. bhare tashi says:
    ལོ་ 15 སྔོན།

    རྐང་གསུམ་ཁ་ལོ་བ་ཚོ་དངོས་བཙན་པོ་འདུག

    Reply
  2. bhare tashi says:
    ལོ་ 15 སྔོན།

    རྐང་གསུམ་ཁ་ལོ་དག་གིས་སེ་ར་ནས་ཀུ་ཤལ་ནྭ་གར་བར་སྤྱི་ལེ་༨་ཙམ་ཡོད་རེད།་དེས་བར་ལ་སྒོར༣་ནས་༥་དང་སྒོར་༥་ནས་༡༠་་་་༡༠་༡༥་འཔར་བ་རེད། དེ་ཚོ་ཁཽ་ཚོའི་རང་དབང་རེད། ཡིན་ན་ཡང་ང་ཚོ་ངེས་པར་རྐང་གསུམ་ནང་དུ་འགྲོ་དགོས་ཟེར་ནས་བཅར་སྡུང་བཏང་བ་དེ་ཚོ་དངོས་ནས་བློ་ཕམ་དགོས་པ་ཞིག་རེད་

    Reply
  3. bhare tashi says:
    ལོ་ 15 སྔོན།

    རྐང་གསུམ་ཁ་ལོ་དག་གིས་སེ་ར་ནས་ཀུ་ཤལ་ནྭ་གར་བར་སྤྱི་ལེ་༨་ཙམ་ཡོད་རེད།་དེས་

    བར་ལ་སྒོར༣་ནས་༥་དང་སྒོར་༥་ནས་༡༠་་་་༡༠་༡༥་འཔར་བ་རེད། ཡིན་ན་ཡང་དེ་ཚོ་ཁོ་ཚོའི་རང་དབང། ང་ཚོ་ལ་ངེས་པར་དུ་རྐང་གསུམ་ནང་འགྲོ་དགོས་མདོག་དང་མ་འགྲོ་ཚེ་གཅར་རྡུང་བྱེད་མགོ་བརྩམས་ཡོད་འདུག་པ་དེ་ཚོ་བློ་ཕམ་དགོས་པ་ཞིག་རེད་

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་དུང་གནས་ཚུལ་མང་བོ་ཞིག་གཏོང་རྒྱུ་ཡོད་ཀྱང་། གནས་སྐབས་ལས་བྲེལ་གྱི་དབང་གིས་གཏོང་མ་ཐུབ་པར་དྲ་གྲོགས་ཚོ་ལ་དགོངས་དག་ཞུ།

    མཆན་འདེབས་དུས་གསར་འགྱུར་དངོས་ཀློག་ནས་འདེབས་རྒྱུ་གལ་ཆེན་པོ་རེད། དེ་མིན་མང་བོ་ཞིག་གིས་འོག་གི་མཆན་དག་ལ་གཟིགས་ནས་མཆན་འབྲེལ་མེད་འདེབས་མཁན་མང་གི དེ་འདྲ་མ་བྱེད་རོགས།

    Reply
  5. འབྲུག་གྲགས་རྒྱལ་པོ། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། བོད་མི་རྣམས་རྒྱ་ནང་དུ་ལོག་རྒྱུག་བརྗོད་དབང་དུ་བཏང་རུང་རྒྱ་གར་བ་རེ་ཟུང་གི་བཤད་པ་ལས་རྒྱ་གར་བ་ཚང་མ་མ་རེད། མངའ་སྡེའི་གཞུང་གི་བོད་མིའི་ཐོག་བཞེང་ཕྱོགས་ག་འདྲ་ཡིན་མིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ་ཀྱིས་གསུང་བཤད་ག་འདྲ་གནང་ཁྱེད་ནས་གསན་ན་མཁྱེན་རྟོགས་ཡོང་ངེས། འབྲེལ་མེད་མང་པོ་གླེང་སློང་གིས་གནས་ཚུལ་ཆེན་པོ་བཟོ་རྒྱུ་མི་འདུག ཚང་མས་དགོངས་པ་བཞེས་གལ་མཐོང །

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    kunsalལགས།
    རྒྱ་གར་གྱི་ཡུལ་མི་ཚོས་བོད་མི་རྣམས་ཕར་རྒྱ་ནང་དུ་ལོག་རྒྱུག་ཞེས་སྐད་འབོད་བྱས་ཀྱི་འདུག་ཟེར་བར་མ་མཐོང་ངམ། ཕར་ལོག་རྒྱུག་ཟེར་བ་འདིའི་གནས་ཚུལ་དང་རྒྱབ་ལྗོངས་མི་འདྲ་ཞིག་ཡོད་པར་གནད་འགག་གསལ་པོ་རེད།

    དེང་སང་གི་དུས་ཚོད་ལ་རྒྱ་གར་གྱི་དགྲ་བོ་རྒྱ་ནག་ཆགས་ཡོད་པར་འཛམ་གླིང་ཀུན་གྱིས་མཁྱེན་གསལ་རེད། ང་ཚོའི་གཞུང་གིས་ངོས་ནས་གནས་ཚང་རྒྱ་གར་གཞུང་གི་དགྲ་བོ་དང་མཐུན་སྒྲིལ་བྱས་བསྡད་པ་ཡིན་ན་ཡུལ་མི་རྣམས་ཁོང་ཁྲོ་ལངས་དང་ལངས།
    སྐྱབས་རྒྱ་གར་ལ་བཅོལ། བརྩི་སྲུང་རྒྱ་ནག་གི་རྩ་ཁྲིམས་ལ་བྱས་བསྡད་པ་ཡིན་ན་འགལ་ཟླ་ཡོང་བ་བཤད་མ་དགོས་པ་ཞིག་རེད། མ་འོང་པ་རྒྱ་གར་ནག་གཉིས་ཀྱི་གནས་ཚུལ་ཛ་དྲག་རེ་སོང་ན་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ངོས་ནས་ལྟ་སྟངས་ཡག་པོ་མི་བྱེད་པ་འཇིག་རྟེན་གྱི་ཆོས་ཉིད་ཤིག་རེད།

    ཚང་མ་དགྲ་གཉེན་དབྱེ་བ་མེད་པའི་བྱང་ཆུབ་སེམས་དཔའ་ཤ་དག་མ་རེད་དོ།

    Reply
  7. ཨ་མྱེ says:
    ལོ་ 15 སྔོན།

    ངས་གོ་ཚུལ་ལ་ས་ཁ་སང་སྟེ་༧་ལ་་ཚེས་གྲོང་སྡེ་གཉིས་པ་དང་སེ་རའི་ཉེ་འགྲམ་དུ་གྲྭ་བ་ཁ་ཤས་ལ་གཅར་རྡུང་བྱས་སོང་ཟེར།ཁོ་ཚོ་ལྷག་པར་སེ་རའི་གྲྭ་བ་ལ་ན་ཚ་ལ་སྡང་སེམས་ཆེན་པོ་ཡོད་ལྟ་བུ་ཞིག་མཚོན།འོན་ཀྱང་ངས་བལྟས་ན་རྐང་གསུམ་འཁོར་ཀླ་ཆ་བཅུ་ནས་བཅོ་ལྔ་དང་བཅོ་ལྔ་ནས་ཉི་ཤུ་ཟེར།དང་དུང་སུམ་ཅུ་སོགས་ཟེར་རུང་འདི་སེ་རའི་འཚོ་བའི་གནས་ཚུལ་ཞིག་གང་ནས་ཡིན།སྤེལ་ཀོབ་ལུགས་ལུགས་ཟུང་བསམ་འགྲུབ་གླིང་གི་བོད་མི་ཡོད་དོ་ཅོག་དང་ས་གནས་རྒྱ་བོད་ཡོངས་ཀྱི་བདེ་སྡུག་གླེང་གི་ཡོད་པ་ལས།ཁོ་ཚོའི་ཉིན་རེའི་འཚོ་བ་གཅིག་པོའི་གནས་ཚུལ་གང་ནས་ཡིན།ད་དུང་འདིའི་གནས་ཚུལ་ཞུ་གཏུག་བྱེད་དུ་འགྲོ་ཟེར་དུས་ང་ཚོ་མི་འགྲོ་ཟེར་མཁན་དགོན་པ་དེ་འདྲ་ཡང་ཡོད།ད་རྡོག་རྩ་གཅིག་སྒྲིལ་ཨེ་རེད། བསམ་བློ་དེ་བོད་སྤྱི་ལ་འཁོར་ཨེ་འདུག༼བོད་མིའི་སྐྱིད་མཉམ་མྱོང་༽ཟེར་དེ་འདི་ཡིན་ནམ།

    Reply
  8. མངའ་རིས་བུ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་འདི་སྦྱིན་གཏོང་ཆེ་རབས་ལ་ལྟས་ན་ཐེ་ཝན་དང་ཡུ་རོབ་སོགས་སུ་སྡད་ཡོད་པ་འདྲ།
    གྲྭ་བ་ཚོར་དེ་འདྲའི་གླ་ཆ་སྤྲོད་རྒྱུ་ཞིག་གང་ནས་རེག་ཐུབ།
    གླ་ཆ་ག་ཚོད་སྤར་ནའང་སྤར་དུ་ཆུག་ཟེར་དུས་ཁྲིམས་མེད་ལུང་མེད་ཀྱི་སྐད་ཆ་ཞིག་རེད།
    དངུལ་སུ་ཡི་དངུལ་ཁུག་ནས་འགྲོ་གི་ཡོད་རེད།
    འོན་ཀྱང་ཁྱེད་ཀྱིས་གྲུབ་མཐའི་སྐོར་ལ་རྩོད་དུས་ངར་ངར་བྱས་ཏེ་གྲུབས་མཐའི་ཆགས་སྡང་སློང་མཁན་ཞིག་ཡིན་པར་ང་ཡི་གྲོགས་པོས་བཤད་བྱུང།
    ཡང་འདིར་བཤད་སྟངས་ལ་ལྟས་ན་རྣལ་འབྱོར་བ་ཞིག་དང་མཚུངས་པ་ཞིག་རེད་འདུག
    སྤྱིར་སྟངས་ཁྱེད་རང་གི་སྐད་ཆའི་ནང་ནས་ཡུལ་མིར་མཐུན་ལམ་དགོས་རབས་དང་རྙོག་གླེང་མི་སློང་བའི་སྐད་ཆ་བཤད་པ་རྣམས་ལ་བདེན་ཆ་འདུག་དེ་ནི་ངེས་པར་དུ་དགོས་ངེས་རེད།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་དགེ་འདུན་པ་ཚོའི་གླ་ཆ་མ་སྤྲད་པ་མ་རེད་
    ཉིན་གཅིག་མིན་དུས་རྒྱུན་རང་པོ་ཞིག་ལ་གླ་ཆ་སྒོར༢༠་སྤྲད་རྒྱུ་མེད་པས་རྐང་འཁོར་ནང་མ་བསྡད་པ་རེད།
    ཉིན་གཅིག་གཉིས་ཡིན་ན་སྤྲད་རྐྱང་བྱེད་ངེས་རེད།་འོན་ཀྱང་དུས་རྒྱུན་ལྡན་ནས་སྤྲད་རྐྱང་བྱེད་རྒྱའི་སྒོར་འདི་འདྲ་ཞིག་གང་ཞིག་ནས་ལེན་དགོས་་ཡང་གཅིག་བྱེད་ན་ཡུལ་མི་དང་འདྲ་ཉམས་ཡིན་ན་བཤད་རྒྱུ་ཅིང་ཡོད་ནི་མ་རེད

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    རུའུ་ཕུའུ་སི་ལྔ་རེ་བཅུ་རེའི་དོན་ལ་གླེང་རྙོགས་ཆེན་པོ་མ་བཟོ། དེ་ལས་ལྷག་པའི་ང་ཚོའི་ཕ་ཡུལ་རྟེན་དང་བརྟེན་པར་བཅས་པ་ཤོར་ཡོད་པ་སེམས་ལ་དྲན་རོགས། གླ་ཆ་ག་ཚོད་སྤར་ན་ཡང་སྤར་ཆུག དེ་ཙམ་བཟོད་དགོས་ངེས་རེད། གླ་ཆ་ཆེ་ན་གྲྭ་བ་ཚོ་ཡར་མར་འཁྱམས་ཉུང་ཉུང་དུ་འགྲོབ་ལ་ཡང་ཕན་ཐོགས་ཡོད་ངེས་རེད། བཟེ་རེ་ཆེ་བ། སེར་སྣ་ཆེ་བ། སེམས་ཁམས་གུ་དོག ཞེ་སྡང་ཆེན་པོ་བྱེད་པ་འདི་ཚོ་ནང་པའི་ཆོས་ལུགས་དང་འགལ་ཡོད་པ་ཡིན་དུས་ལྷག་པར་ཡང་གྲྭ་བ་ཚོས་གླ་ཆའི་ཐད་ལ་རྩོད་རྙོགས་མ་བྱེད་པར་སྤྲོད་རྐྱང་གྱིས། སྦྱིན་པ་དང་བཟོད་པ་གཉིས་ཆར་རེད། ཆུང་ཆུང་ཞིག་གི་དོན་ལ་རྩོད་རྙོགས་བསླངས་བསྡད་ན་ཉི་མ་གཅིག་ཕུད་ཡོང་། རྒྱ་གར་དམངས་གཙོའི་ཡུལ་ཡིན་དུས་ཉིན་གཅིག་ཡུལ་མི་བརྒྱ་ཆ་མང་ཆེ་བས་ཁ་གཅིག་གྲག་གིས་ད་ནི་བོད་ངན་འདི་ཚོ་མ་ཕུད་ན་ང་ཚོ་སྐྱིད་པོར་སྡོད་འཇུག་གིན་མི་འདུག ཐ་ན་གླ་འཁོར་རྐང་གསུམ་མར་སྤྱད་ན་གླ་ཆ་ཡང་སྤྲོད་རོགས་བྱེད་ཀྱིན་མི་འདུག་ལབ་ན་རྒྱ་མིའི་སྔོན་དུ་ཡང་ངོ་ཚ་བོ་རེད། ཕྱི་རྒྱལ་གྱི་སྦྱིན་བདག་ཚཚོར་ཡང་ང་ཚོས་སྦྱིན་གཏོང་དགོས་རབས་དང་བཟོད་པ་སྒོམ་དགོས་ལུགས་ཀྱི་བསླབ་བྱ་བརྒྱབ་ཡོད་པ་རེད། ང་རང་ཚོའི་ངོས་ནས་ཡུལ་མིའི་གླ་འཁོར་གླ་ཆ་ཡང་སྤྲོད་འདོད་མ་བྱས་ན་ཕྱི་མི་ཚོ་ཧང་སངས་ངེས་རེད། ཁ་བྲོ་བཀྲ་ཤིས།

    Reply
  11. kunsal says:
    ལོ་ 15 སྔོན།

    ཅོ་རི་ལགས་ཀྱིས། ང་ཚོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འོག་ཏུ་སྡོད་ཀྱི་ཡིན་དང་ང་ཚོང་རྒྱ་མི་ཡིན་ལབ་བསྡད་པ་ཡིན་ན་རྒྱ་གར་གྱི་ཡུལ་མི་རྣམས་ཁོང་ཁྲོ་ལོངས་པར་ཁག་མེད།
    གང་ཟག་སུ་ཡིས་ངོས་ནས་བཤད་ནའང་དགྲ་ཕྱོགས་ལ་མགོ་འབུལ་བྱས་པའི་མི་དེ་ལ་གཉེན་ཕྱོགས་ཀྱིས་དགའ་བསུ་ནམ་ཡང་ཞུ་མི་སྲིད་པ་འཇིག་རྟེན་ཕ་ཆོས་ཀྱི་འགྲོ་སྟངས་ཤིག་རེད།
    ཅེས་བརྗོད་པ་འཁོར་གསུམ་གླ་འཁོར་གྱི་གླ་ཆ་སྤར་ཆ་བྱས་པ་དང་འབྲེལ་མི་འདུག རྒྱ་ནག་མི་དམངས་སྤྱི་མུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འོག་ཏུ་སྡོད་ཀྱི་ཡིན་ལབ་པ་འདི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ད་ལྟའི་བཙན་བྱོལ་གཞུང་གི་སྲིད་བྱུས་རེད། འདི་ལས་ལྷག་གཅིག་ཅོ་རི་ལགས་སུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་འདྲ་ཡོད་གསུང་རན་རེད། ཚིག་སྐམ་པོ་ཁོ་ན་གསུངས་པས་ཕན་ཐོགས་མེད། རྒྱ་གར་གཐུང་ནས་ཀྱང་བོད་རྒྱ་མིའི་ཆ་ཤས་རེད་ཟེར། ཁྱེད་ནས་དགྲ་ཕྱོགས་མགོ་འབུལ་བྱས་པའི་མི་ལེ་ལ་གཉེན་ཕྱོགས་ནས་དགའ་བསུ་ནམ་ཡང་ཞུ་མི་སྲིད་ཟེར་བ་འདི་སྐབས་འདི་དང་འབྲེལ་བ་མེད་ལ་ཁུངས་ལུང་མེད་པའི་སྐད་ཆ་ཞིག་ཀྱང་རེད། ངས་སྙན་པོ་ཞུ་ཐུབ་མ་སོང་བར་དགོངས་འགལ་མེད་པ་ཞུ་རྒྱུ་དང་། སླར་ཁྱེད་ཉིད་བོད་མི་བསམ་ཡོད་ཅིག་ཡིན་ན་བཀའ་མོལ་འདི་རིགས་གང་དུའང་མི་གནང་བའི་རེ་བ་ཡོད།

    Reply
  12. ངག་དབང་ says:
    ལོ་ 15 སྔོན།

    གང་དུ་སོང་སྐྱིད་པོ་མི་ཡིན་ཚང་

    Reply
  13. མངའ་རིས་བུ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམ་པ་ཚོས་བསམ་འཆར་ལྷུག་པོར་གནང་རོགས།
    བསྟན་འདྷིན་འཕགས་པས་དགོངས་འཆར་ཡག་པོ་གསུང་འདུག་པས་ཐུགས་རྗེ་ཆེ་ཞུ།
    ང་ཚོས་མི་ཡུལ་ལུང་པར་དཔའ་རྒོད་བཤད་ནས་ཕན་པ་ལས་གནོད་པ་ཆེ་བས་ཐབས་མཁས་བསྟུན་མཁས་གནང་རྒྱུར་གལ་ཆེ།
    ཉེ་ཆར་བལ་ཡུལ་དུ་བྱུང་བའི་དོན་རྐྱེན་དང་ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་བྱུང་པའི་རྐྱེན་ངན་འདི་དག་ལ་གཞི་བཞག་ནས་བསམ་བློ་གསར་པ་དང་འཆར་གཞི་་གསར་པ་མ་འོང་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་དགོངས་པ་བཞེས་རྒྱུའི་དུས་ལ་བབས་པ་ཡིན་པར་ཤེས་ཏེ་རང་ཡུལ་ལེན་པའི་ཐབས་ལམ་ལ་འབད་བརྩོན་གནང་རྒྱུ་ཉག་གཅིག་ལས་གནས་ཚུལ་གཞན་གང་ཡང་ལྷག་མེད།
    ཡང་ན་རྒྱ་འོག་ཏུ་འདུག་རྒྱུ་གཉིས་ལས་གཞན་གདམས་ཁ་མེད།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ང་ཚོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འོག་ཏུ་སྡོད་ཀྱི་ཡིན་དང་ང་ཚོང་རྒྱ་མི་ཡིན་ལབ་བསྡད་པ་ཡིན་ན་རྒྱ་གར་གྱི་ཡུལ་མི་རྣམས་ཁོང་ཁྲོ་ལོངས་པར་ཁག་མེད།
    གང་ཟག་སུ་ཡིས་ངོས་ནས་བཤད་ནའང་དགྲ་ཕྱོགས་ལ་མགོ་འབུལ་བྱས་པའི་མི་དེ་ལ་གཉེན་ཕྱོགས་ཀྱིས་དགའ་བསུ་ནམ་ཡང་ཞུ་མི་སྲིད་པ་འཇིག་རྟེན་ཕ་ཆོས་ཀྱི་འགྲོ་སྟངས་ཤིག་རེད།

    མ་འོང་པ་རྒྱ་གར་ནག་གཉིས་དམག་འཐབ་བྱེད་པའི་སྐབས་སུ་བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་པོའི་རྩ་ཁྲིམས་ལ་དང་ལེན་བྱེད་ཡིན་གསུངས་པ་ཡིན་ན་རྒྱ་གར་གྱིས་བོད་མི་རྣམས་སྐྱིད་པོ་སྡོད་བཅུག་གི་མ་རེད།
    ཡིན་དང་ཡིན། མི་སུ་ཡིན་ནའང་སོ་སོའི་ཁ་གཏད་ཀྱི་དགྲ་བོའི་ཕྱོགས་སུ་འཁོར་བའི་མི་ཞིག་ལ་སྡང་སེམས་འཛིན་མིན་ཞུ་མ་དགོས་པ་ཞིག་རེད།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ས་གནས་རང་གི་རྒྱ་གར་ཡུལ་མི་དག་གིས་ཀྱང་། འཕར་ཟིན་པའི་གོང་ཚད་དེ་སྤྲོད་ཀྱི་ཡོད་ན་ནི། བོད་མི་དེར་བསྡོད་ཀྱི་སྐྱ་སེར་གཉིས་ཀྱིས་ལུགས་མཐུན་གཞིར་བཟུང་གིས་སྤྲད་ན་འགྲིག་གི་ཡོད་པ་རེད། དེ་མིན་པར་བོད་མི་དེར་བསྡོད་ཚོར་མ་གཏོགས། རྒྱ་གར་ཡུལ་མི་དག་ལ་གླ་ཆ་འཕར་མེད་པར་སྔར་རྒྱུན་བཞིན་ལེན་གྱི་ཡོད་ན་ནི་བསམ་བློ་བཏང་ནས་ལས་ཀ་ཁུངས་འཁྱོལ་བ་ཞིག་གནང་ཐུབ་ན་ཡག་པོ་ཡོད་པ་རེད། སྤྱིར་ན་གཞན་ས་ནས་རྐང་ལག་གང་འདོད་དུ་གཡུགས་རྒྱུ་དེ་ནི་གཏན་ནས་ལས་སླ་བོ་མིན་ལ། ཅི་ཙམ་རིང་ས་གནས་ས་ཐོག་གི་མི་དང་གཤིབ་ནས་བསྡོད་དགོས་མིན་བཤད་ཚོད་མི་ཐུག་པ་ཡིན་དུས། མི་རེ་ཟུང་གིས་བྱས་ཉེས་ཀྱིས་བོད་མི་སྤྱི་ཡོངས་ཀྱིས་འགྲོ་བསྡོད་ལ་དཀའ་ངལ་མི་ཡོང་བར་བོད་མི་དེར་བསྡོད་དེར་གནས་ཀྱི་སྐྱ་སེར་གཉིས་ཀའི་ཐུགས་བསམ་ལེགས་པོ་ཞིག་བཞེས་རོགས་ཞུ་ཟེར་ནས་ལག་ཟུང་སྙིང་གར་སྤྱར་ནས་རེ་སྐུལ་ཞུས་པ་ཡིན།

    Reply
  16. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ངོ་མ་སྐྱབས་བཅོལ་བ་ཚོ་སྙིང་རྗེའི་ཡུལ་ལས་གང་ཡོང་། དེ་རིང་ཁ་ལོ་དེ་ཚོས་རྐང་ཐང་དུ་བསྐྱོད་བཞིན་པའི་དགེ་འདུན་པ་ཚོར་ཡང་ཉེས་བརྡུངས་བཏང་ཡོད་ཚོད་འདུག མ་ཟད་སྐབས་དེར་རིམ་པ་གོང་མ་ནས་ས་གནས་ཉེན་རྟོགས་ལས་ཁུངས་སུ་ཁ་དཔར་ཐེངས་མང་རྒྱབ་ཀྱང་ཁོ་ལོ་པའི་ལས་འགུལ་མ་ཚར་བར་ཉེན་རྟོགས་པ་མཐོང་རྒྱུ་མེད་ལ་ཁ་ལོ་བ་ཚོས་གང་བྱས་རེད། དེ་ནི་ས་གནས་ཡུལ་མིའི་མི་སྐྱེལ་འཁོར་གསུམ་མོ་ཊའི་ཁ་ལོ་བ་དང་ཉེན་རྟོགས་པར་འབྲེལ་ལམ་ཡོད་པའི་རྟགས་གསལ་པོ་འདུག འོན་ཀྱང་བྱེས་སྨད་དགེ་འདུན་རྣམས་སྐབས་དེར་པྱིར་མི་ཐོན་རྒྱུར་དགེ་བསྐོས་ཟུང་ནས་བསྐུལ་མ་བྱས་པས་སྒེའུ་ཁུང་ལ་རྡོ་འགའ་ཤས་ཞུས་པ་ལས་དེ་ཙམ་བྱ་རྒྱུ་མ་བྱུང་བར་གང་མགྱོགས་ཕྱིར་འཐེན་བྱས་ཡོད་འདུག སྐབས་དེར་ས་གནས་གཞིས་མགོ་དང་དགོན་སྡེ་ཁག་གི་ལས་སྣེ་འགའ་མའེ་སོར་དུ་གནས་ཚུལ་སྙན་སེང་ཞུ་བར་བསྐྱོད་པའི་གནས་ཚུལ་ཞིག་ཀྱང་འགྲོ་བཞིན་འདུག
    གང་ལྟར་ཁོ་ལོ་དེ་ཚོ་འུ་ཐུག་པ་རེད་ལ་ད་དུང་ཡང་དེ་ལས་མང་བའི་འུ་ཐུག་དུ་བཅུག་དགོས་རེད།

    Reply
  17. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    གཙོ་བོ་སེར་བྱེས་སྨད་དགེ་བསྒོས་གཉིས་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཁོང་གཉིས་ནས་འགན་གཙོ་བོ་བཞེས་བ་ཀུན་གྱི་མཁྱེན་གསལ་རེད།
    ཁོང་གཉིས་ཤེས་ཡོན་དང་འཇོན་ཐང་སོགས་ཡོད་པས་ཉེན་རྟོགས་པ་དང་གོང་རིམ་ལ་ཡར་ཞུ་དང་གནས་ཚུལ་ཡག་པོ་འགྲེལ་བཤད་རྒྱབ་ཡོད་འདུག
    མི་རིང་བར་ཐག་གཅོད་ཡག་པོ་ཞིག་ཡོང་བའི་རེ་བ་ཆེ།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འདི་ངེད་ཅག་གིས་ས་ཆ་རེད་ཁྱེད་ཚོ་ཕར་རྒྱ་ནང་ལ་ལོག་རྒྱུག་ཟེར་གིན་འདུག་། ཁྱེད་ཀྱི་བོད་སྐད་ཤེས་རྒྱུ་རེད་རྒྱ་གར་སྐད་ཐོག་ནས་བཤད་དགོས་དོན་མི་འདུག་སམ། ཁྱེད་ཚོ་ཟེར་བ་དེ་སྐབས་ཐོབས་ས་གནས་དེའི་བོད་མི་ལ་བཤད་པ་ཡིན་ཀྱང་དོན་ལ་སྐྱབས་བཅོལ་བོད་མི་ཡོངས་ལ་ཟེར་གྱིན་ཡོད་རེད་་ཅོ་རི་ལགས་
    འདི་འདྲ་རེད་་་་་་་་་རྐང་གསུམ་ཁ་ལོ་དག་གིས་སེ་ར་ནས་ཀུ་ཤལ་ནྭ་གར་བར་སྤྱི་ལེ་༨་ཙམ་ཡོད་རེད།་དེས་བར་ལ་སྒོར༣་ནས་༥་དང་སྒོར་༥་ནས་༡༠་་་་༡༠་༡༥་འཔར་བ་རེད
    འདི་ང་ས་གནས་དེས་སླེབ་ནས་མི་ལོ་༡༧་སོང་རིང་རེད། ད་ལྟ་སྒོར་༢༠་དགོས་ཟེར་གྱིན་ཡོད་རེད ད་དུང་ཡུལ་མི་དང་གོས་ཚད་མི་འདྲ་བ་ལེན་བཞིན་པ་རེད། ་དེས་བརྟན་ཡུལ་དེའི་བོད་མིའམ་དགེ་འདུན་པ་ཚོའི་སྒོར་༢༠་དགོས་ན་ང་ཚོ་འགྲོ་གིན་མིན་ཞེས་ཁོང་ཚོའི་རྐང་གསུང་ནང་མ་སོང་བར་ཞབས་ཐང་ལ་ཕེབས་བཞིན་ཡོད་པ་རེད་མ་གཏོགས་རྐང་གསུམ་ནང་དུ་སོང་དེ་སྒོར་མ་སྤྲད་པ་མ་རེད།དེ་བརྟན་ཁོང་བ་ཚོའི་རྐང་གསུམ་ནང་འགྲོ་མཁན་མེད་པས་རང་སྣིང་གང་ཤར་གྱི་སྒོར་རྡོང་བྱེད་གིན་ཡོད་རེད། རྒྱ་གར་གཞུང་གིས་སྣུམ་གྱི་གོས་ཚད་འཕར་བཞིན་ཡོད་པ་མ་མཁྱེན་པ་མ་རེད་་་་་་་་སྣུམ་གྱིས་གོང་ཚད་ཀྱང་སྒོར་༡་དང་༢་བྱས་ནས་འཕར་གྱིན་ཡོད་་་་་་་དེའི་ཕྱིར་འཁོར་གླ་ཡང་སྒོར་༡་དང་༢་བྱས་ནས་འཕར་མི་ཆོག་པ་མེད་། ད་མཁྱེན་སོང་ངམ་དྲྭ་གྲོགས་ཅོ་ཅོ་ལགས

    Reply
  19. གངས་རྡེའུ། says:
    ལོ་ 15 སྔོན།

    ངས་རེ་བ་ལ་ས་གནས་བདེ་འཇགས་ལྷན་ཚོགས་ནས་ཇི་ལྟར་ཐག་གཅོད་བྱེད་པ་ལས་འདིར་དོན་མེད་འགྲེལ་ལོག་དང་འུར་ཟེང་དང་རྒྱ་གར་བ་ཚོར་རྣམ་འགྱུར་ངན་པ་མི་སྟོན་རྒྱུ་མཁྱེན། དམིངས་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཡིན་ས་འདི་ལ་སྲིད་ཇུས་གཏན་འབེབས་ཀྱི་ཁྲིམས་ཡོད་པ་ལས་གང་བྱུང་གི་ཅི་བྱེད་ན་ཆོག་པ་ག་ལ་ཡིན། དེ་ནི་ང་ཚོའི་མ་འོངས་པའི་དམིགས་ཡུལ་འགྲུབ་པར་བརྩོན་དགོས་པའི་བརྡ་སྐད་ཅིག་ལས་རྒྱ་གར་བ་ནག་པོ་དེ་མི་བཟང་བ་བོད་པ་གདོང་དམར་བ་དེ་བཟང་བའི་གནས་ཚུལ་ཞིག་མ་རེད།

    Reply
  20. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཅོ་རི་ལགས་ཀྱི་གནས་ཚུ་ཞེ་དྲགས་མཁྱེན་གྱིན་མེད་པ་འདྲ
    འདི་འདྲ་རེད་་་་་་་་་རྐང་གསུམ་ཁ་ལོ་དག་གིས་སེ་ར་ནས་ཀུ་ཤལ་ནྭ་གར་བར་སྤྱི་ལེ་༨་ཙམ་ཡོད་རེད།་དེས་བར་ལ་སྒོར༣་ནས་༥་དང་སྒོར་༥་ནས་༡༠་་་་༡༠་༡༥་འཔར་བ་རེད
    འདི་ང་ས་གནས་དེས་སླེབ་ནས་མི་ལོ་༡༧་སོང་རིང་རེད། ད་ལྟ་སྒོར་༢༠་དགོས་ཟེར་གྱིན་ཡོད་རེད ད་དུང་ཡུལ་མི་དང་གོས་ཚད་མི་འདྲ་བ་ལེན་བཞིན་པ་རེད། ་དེས་བརྟན་ཡུལ་དེའི་བོད་མིའམ་དགེ་འདུན་པ་ཚོའི་སྒོར་༢༠་དགོས་ན་ང་ཚོ་འགྲི་གིན་མིན་ཞེས་ཁོང་ཚོའི་རྐང་གསུང་ནང་མ་སོང་བར་ཞབས་ཐང་ལ་ཕེབས་བཞིན་ཡིད་པ་རེད་མ་གཏོགས་རྐང་གསུམ་ནང་དུ་སོང་དེ་སྒོར་མ་སྤྲད་པ་མ་རེད།དེ་བརྟན་ཁོང་བ་ཚོའི་རྐང་གསུམ་ནང་འགྲོ་མཁན་པས་རང་སྣིང་གང་ཤར་གྱི་སྒོར་རྡོང་བྱེད་གིན་ཡོད་རེད། རྒྱ་གར་གཞུང་གིས་སྣུམ་གྱི་གོས་ཚད་འཕར་བཞིན་ཡོད་པ་མ་མཁྱེན་པ་མ་རེད་་་་་་་་སྣུམ་གྱིས་གོང་ཚད་ཀྱང་སྒོར་༡་དང་༢་བྱས་ནས་འཕར་གྱིན་ཡོད་་་་་་་དེའི་ཕྱིར་འཁོར་གླ་ཡང་སྒོར་༡་དང་༢་བྱས་ནས་འཕར་མི་ཆོག་པ་མེད་། ད་མཁྱེན་སོང་ངམ་དྲྭ་གྲོགས་ཅོ་ཅོ་ལགས

    Reply
  21. གངས་རྡེའུ། says:
    ལོ་ 15 སྔོན།

    གོང་གི་ལ་སྒོར་བཅུ་ལ་འཕར་བ་རེད། ཟེར་བ་དེ་བཅོ་ལྔ་ལ་འཕར་བ་རེད་ཟེར་ནས་དག་བཅོས་བྱེད་རོགས་དགོངས་དག

    Reply
  22. གངས་རྡེའུ། says:
    ལོ་ 15 སྔོན།

    འདིར་ཕྲན་གྱིས་སྐད་ཆ་ཚིག་གསུམ་བཤད་རྒྱུ་ཡིན། གླ་འཁོར་གྱི་རྙོག་གླེང་འདི་ནི་སྤྱི་ཚོགས་སྤྱིའི་རྣོག་གླེང་འདྲ་ཞིག་རེད། འོན་ཀྱང་ན་ཉིན་གླ་འཁོར་གྱི་གླ་ཆར་གཏན་འབེབས་འདྲ་བའི་ཐག་བཅད་ཅིག་ཡོད། དེ་ནི་སེ་ར་ནས་ཀུ་ཤུལ་ལ་སྒོར་བཅུ་དང་གྲོང་སྡེ་གཉིས་པ་དང་གསུམ་པ་བཞི་བ་དང་པོ་གང་ཡིན་ཡང་བཅུ་དང་གྲོང་སྡེ་གསུམ་པར་སྒོར་ལྔ་རེ་རེད། སྐབས་དེར་ཁོང་ཚོས་གློ་བུར་དུ་ཀུ་ཤུལ་ལ་སྒོར་བཅུ་ལ་འཕར་བ་རེད། དེ་ལ་ཁྱོན་ནས་མི་འདོད་པའི་རྣམ་འགྱུར་གཅིག་ཀྱང་བསྟན་མེད་སུ་ཡིན་ཡང་ལྟེར་རྐྱང་བྱས་པ་རེད། དེ་ནས་མི་མང་འདུ་འཛོམས་ཆེན་པོའི་སྐབས་ལྟ་བུ་ལ་ཡང་གོང་ཚད་ཧ་ཅང་འཕར་བ་རེད་དེ་ལ་ཡང་དོ་སྣང་བྱས་མེད། འོན་ཀྱང་ད་ཡང་ཁོང་ཚོས་ཀུ་ཤུལ་ལ་སྒོར་ཉི་ཤུ་དང་གྲོང་སྡེ་གཉིས་པ་གསུམ་པ་བཞི་བ་དང་པོ་བཅས་ལ་བཅོ་ལྔ་དང་གནིས་གྲོང་གསུམ་པར་བཅུ་ལ་འཕར་བ་རེད། དེ་ནི་གློ་བུར་འཕར་བ་ཞིག་ཡིན་པ་ལས་རླང་ཐབ་དང་རྡོ་སྣུམ་གྱི་གོང་ཚད་འཕར་བ་ཡང་མ་རེད། འོན་ཀྱང་འདི་ལྟར་ཟླ་གཅིག་གཉིས་ནང་ལ་ལྔ་ནས་བཅུ་བྱས་འཕར་ན་ང་ཚོས་སྤྲད་ཐུབ་མི་འདུག་པས་ཅུང་ཙམ་ཐག་ཆོད་མ་བྱུང་བར་གྲོང་སྡེ་དང་གང་ལ་ཡང་རྐང་ཐང་དུ་འགྲོ་དགོས་བྱུང་པ་རེད་མོད། ད་ལྟ་ཁོང་ཚོས་ཕྱོགས་ནས་རྙོག་གླེང་འདྲ་མིན་བཟོས་ནས་དོན་མེད་གཅར་བརྡུང་ཟེང་ཆ་བསླངས་པ་རེད་ཅེས་འབྲེལ་བཤད་དུ།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྲོ་ཚིགས་དགེ་འདུན་ལགས་གསར་འགྱུར་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

    《ཁོ་བ་ཚོའི་རྡོ་ཞུ་ཡི་ཡོད་འདུག་ལ་ཁ་ནས་ཁྱེད་ཚོ་མར་རྒྱ་ནང་ལ་སོང་ཟེར་གིན་ཡོད་འདུག》ཞེས་བྲིས་འདུག་ཀྱང་དོན་གོ་ཁག་ཙམ་འདུག་པས་གསལ་བཤད་ཤིག་གནང་རོགས།
    རྒྱ་གར་གྱི་ཡུལ་མི་ཚོས་གླ་འཁོར་གྱི་གླ་ཆ་སྤར་དགོས་ཞེས་རྙོག་དྲ་བྱས་ཡོད་རེད་དམ་གནས་ཚུལ་གཞན་ཞིག་རེད། ཁྱེད་ཚོ་ཚང་མ་རྒྱ་ནང་ལ་སོང་ཟེར་བ་འདིའི་དོན་གང་འདྲ་ཞིག་ལ་གོ་དགོས་སམ།

    བོད་མི་ཚང་མ་བོད་ནང་དུ་ལོག་རྒྱུག་ཟེར་གྱི་ཡོད་རེད་དམ་རྒྱ་ནག་གི་ནང་དུ་ལོག་རྒྱུག་ཟེར་གྱི་ཡོད་རེད། རྒྱ་གར་གྱི་སྐད་ཀྱི་ཐོག་ནས་གང་འདྲ་ལབ་ཀྱི་འདུག་གམ།
    གསལ་བཤད་ཤིག་གནང་རོགས་ཞུ།

    Reply
  24. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    གང་ལྟར་ད་ང་ཚོ་སྣང་བཟོད་བདེ་པོ་ཞིག་བཞག་པ་མིན་འདུག
    བྱུང་ན་ཚང་མས་རྡོག་རྩ་ཆིག་བསྒྲིལ་གྱིས་རང་ས་ལེན་དགོས་པ་གལ

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བསྟན་འཛིན་འཕགས་པ་མིང་ཅན་ལགས། དེའི་སྔོན་དུ་སྒོར་མོ་ལྔ་སྤར་རེད། སྤྱིར་བཏང་ཁྱེད་ཀྱིས་བཤད་པ་དེ་ལ་གནས་ལུགས་མེད་པ་ཞིག་མ་རེད། འོན་ཀྱང་ད་ལྟའི་སེ་ར་དང་གྲོང་སྡེའི་གནས་སྟངས་འདི་ཕྱོགས་གང་ཐད་ནས་བསམ་བློ་མ་བཏང་བར་ཧོལ་རྒྱུགས་བྱས་པ་ཞིག་མ་རེད། སྒོར་མོ་བཅུ་གཉིས་དགོས་ལབ་ན་འགྲིག་གི ཁ་ཐུག་སྒོར་མོ་ལྔ་རེ་སྤར་རྒྱུ་རྒྱ་གར་གཞུང་ནས་དེ་འདྲ་བྱེད་ཀྱི་མེད་་པ་དང་་ཀ་ན་ཌྲ་མངའ་སྡེའི་སྒྲིག་ཁྲིམས་ཤིག་ཀྱང་་མ་རེད།

    Reply
  26. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཁོ་བ་ཚོའི་མགོ་ལག་པའི་སྐྱོར་དེ་བསྡད་ཡོད་སྐད
    དེ་ལས་ལྷག་པ་ཞིག་བྱེད་རྒྱུ་མེད

    Reply
  27. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    གཞན་ཡུལ་དུ་གནས་ཚང་སྡོད་ནས་ཧམ་པ་གང་ཆེ་དང་། འགྲོ་ས་གང་ཡོད་བྱེད་ན་འགྲིག་ཐབ་མེད་། ན་ནིང་ད་ལོ་རྒྱ་གར་གྱི་ཟས་གོང་དང་སྣུམ་རིན་སོགས་ཧ་ཅང་གོང་ཚད་སྤར་གྱི་ཡོད་པས་། ཁ་གློ་བ་ཐུགས་ཁག་ཨེ་ཡོད་བསམ་གྱི་ཡོད་། དཔེར་ན་ལྷོ་ཕྱོགས་མོན་གྷོ་བོད་པའི་གླང་འཁོར་ཚོ་ཡང་་་་ཧོ་ལིའི་ནས་འབྲས་སྤུངས་བར་ན་ནིང་་མི་རེ་སྒོར་༤༥་རེ་རེད་་་་ད་ལྟར་སྒོར་༥༠་རེ་སྤྲོད་དགོས་ཀྱི་འདུག་པས་་་་་་་སེར་སྐྱ་རྒན་གཞོན་ཚང་མས་ཐུགས་ལ་བཞག་རོགས་།།

    Reply
  28. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡར་ལངས་ན་མགོ་རྡོང་མར་བསྡད་ན་རྐུབ་རྡབ་

    གཞི་གྲོང་དང་པོའི་ནང་དུ་ཟེང་ཆ་ལངས་རྗས་སུ་སེ་ར་ལ་ཡོང་ནས་དེ་ལྟར་བྱས་དེ་ནས་་གཞི་གྲོང་བཞི་བར་སོང་ནས་ཟེང་ལངས་བཞིན་པ་རེད་འདུག། ཁོ་བ་ཚོའི་རྡོ་ཞུ་ཡི་ཡོད་འདུག་ལ་ཁ་ནས་ཁྱེད་ཚོ་མར་རྒྱ་ནང་ལ་སོང་ཟེར་གིན་ཡོད་འདུག
    ད་ལྟ་ས་གནས་གཉེན་རྟོགས་པ་དང་དོན་གཅོད་རྣམ་པ་སེ་ར་ལ་ཕེབས་ཡོད་འདུག

    Reply
  29. ཞག་སྒྲོན། says:
    ལོ་ 15 སྔོན།

    དེ་རིང་དུས་ཚོད་༣་པའི་རྗེས་སུ་སེར་བྱེས་སློབ་གྲའི་ཇ་ཁང་གི་སྒེའུ་ཁུང་ཁ་ཤས་རྒྱ་གར་ཡུལ་མི་རེ་ཟུང་གི་ཆགས་པའི་གནས་ཚུལ་འདུག ད་ཡིན་ན་ང་ཚོ་རྒྱ་གར་ནས་འདུག་ཡུན་རིང་སོང་འདྲ། ངོ་མ་ཡིད་སྐྱོ་ནི་ཞིག་རེད་འདུག ད་དུང་དེ་གའི་གཞི་གྲོང་དང་པོ་ལ་དེ་དང་དེའི་འདྲའི་གནས་ཚུལ་འདུག

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གླ་འཁོར་གླ་ཆ་སྤོར་དུ་ཆུགས། དེའི་ནང་ལ་འགྲོ་མི་དགོས་པའི་ཐབས་གཙོ་བོར་བྱོས། གནས་ཚུལ་གཞན་རྣམས་ངས་མི་ཤེས། ཡུལ་མིའི་མཐུན་ལམ་ལ་མི་གནོད་པར་གྱིས།

    Reply
  31. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྐབས་བཅོལ་བའི་གནས་སྟེངས་འདི་འདྲ་ཞིག་ཡིན་རྒྱུ་རེད

    ད་སྡུག་སྒོམས་རྒྱག་ནས་འདུག་རྒྱུ་ལས་གཞན་ཅི་ཡོད

    Reply
  32. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨ་རིགས་དགེ་མཐོང་ལགས་ཀྱིས་དངོས་ཡོད་གནས་ཚུལ་དས་ཐོག་དུ་མཁོ་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

    དངོས་ཡོད་གནས་ཚུལ་རང་རེད་་་་་་་་བདེན་པ་བདེན་རྐྱང་རེད

    Reply
  33. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། སྤྱིར་བཏང་ཁྱེད་རང་མཚོན་ན་ཟིན་བྲིས་ཡག་པོ་སྤེལ་བ་དང་མཆན་ལེགས་ཤོས་འདེབས་མཁན་ཞིག་ཡིན། འོན་ཀྱང་ཡུལ་མི་གཉོམ་ཆུང་ཚོ་ཟེར་ནས་བཤད་སྲོལ་འདི་ཐལ་དྲག་པ་རེད། སྒོར་མོའི་གོང་ཚད་འཕར་ཆོག་གི་རེད། འོན་ཀྱང་ཟླ་བ་འགའ་རེའི་རྗེས་སུ་གློག་རྡེག་ཏུ་སྒོར་མོ་བཅུ་ནས་བཅོ་ལྔ་དང་ཉི་ཤུ་ལ་འཕར་གི་ཡོད་པ་རེད། དེ་མིན་རྒྱ་གར་གྱི་སྒྲིག་ཁྲིམས་དགོན་པ་དང་གྲོང་སྡེ་མ་བརྩིས་པ་མ་རེད། འདི་ཁྱེད་ཀྱིས་ངེས་པར་་ཤེས་པ་དགོས་པ་ཞིག་རེད།

    ད་ལྟ་སེ་ར་དང་གྲོང་སྡེའི་དང་པོའི་ནང་དུ་རྒྱ་གར་ཡུལ་མི་རྐང་གསུམ་རླངས་འཁོར་གཏོང་མཁན་རེ་ཟུང་ཡོང་ནས་ཚོང་ཁང་དང་ཟ་ཁང་ལ་རྡོ་གཞུས་ནས་འགྲོ་བཞིན་པའི་སྒང་རེད།

    Reply
  34. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གནས་ཚུལ་ཛ་དྲག་ཆགས་འདུག དེ་རིང་སྦེལ་ཀོབ་ས་གནས་ཀྱི་རྒྱ་གར་བ་སྐོར་ཞིག་མཉམ་རུབ་ཐོག སྦེལ་ཀོབ་བོད་མིའི་གཞིས་གྲོང་དང་པོ་ནས་སེ་ར་དགོན་པའི་བར་གྱི་བོད་པ་དག་ལ་ཉེས་རྡོང་གཏོང་གིན་འདུག་ཟེར། ད་ལྟ་རིང་སེ་ར་དགོན་པ་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གར་བ་དེ་དག་དགོན་པའི་ཕྱོགས་སུ་ཡོང་གིན་ཡོད་སྟབས། དགོན་པའི་དགེ་བསྐོས་དང་ལས་སྣེ་སོགས་ཀྱིས་དགོན་པའི་ཟ་ཁང་དང་ཚོང་ཁང་། འདུ་ཁང་བཅས་ཀྱི་སྒོ་རྒྱག་བཞིན་འདུག་ཟེར།

    Reply
  35. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གནས་ཚུ་གསལ་པོ་ཞིག་ཤེས་དེ་བཤད་ན་མི་བཟང་ངམ།་དྲྭ་གྲོགས་ནད་པ་དང་སྤོབས་པ་མཐའ་ཡས་ལགས། ཡུལ་དེའི་དགེ་འདུན་པ་ཚོའི་རྒྱུ་མཚན་གཏན་མེད་དུ་རྒོལ་གྱིན་ཡོད་ཚོད་མི་འདུག། ཡར་སྔོ་རིན་གུང་༡༥་ཡིན་སྐབས་ཀྱང་ས་གནས་དེའི་ཡུལ་མི་ཚོའི་སྒོར་༡༠་ལས་སྤྲད་དགོས་མི་འདུག། ད་ལྟ་ཡང་ཚོད་དཔག་ཞིག་བྱས་ན་ཕར་ཆེར་ས་གནས་ཡུལ་མི་ཚོའི་༡༥་དང་དགེ་འདུན་པའི་༢༠་ཡིན་རྒྱུ་རེད། ཡང་ཅིག་བཤད་ན་བཅའ་དངོས་རིགས་དང་ལྷག་དོན་དུ་སྣུམ་རིགས་ལ་གོང་འཕར་ན་འཁོར་གླ་ཡང་གོང་འཕར་ལོས་ཆོག འོན་ཀྱང་སྒོར་༡་དང་༣་དང་༤་བྱས་ནས་འཕར་མེད་པར་༥་༥་བྱས་ནས་འཕར་ན་བྱེད་སྟེངས་ཅུང་ཐལ་མི་འདུག་གམ

    Reply
  36. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དེ་རིང་ཡིན་ན་ནད་པས་བཤད་པ་བདེན་པ་རེད། ག་རེ་ཡིན་ན་ཡང་གོང་ཚད་ཡར་འཕར་གི་ཡོད་པ་རེད། དེ་ཡིན་དུས་རྒྱ་གར་བའི་གླ་འཁོར་གོང་འཕར་མི་ཆོག་ཟེར་ནས་སྐད་བརྒྱབ་ན་འཚེ་མེད་ཞི་བའི་ལས་ཀ་མ་རེད། ཇག་བཅོམ་གྱི་རིགས་ཤིག་རེད། ས་གནས་ཡུལ་མི་ཉམ་ཆུང་དེ་ཚོའི་ཐོག་ལ་ག་ཚོད་ཐུབ་ཐུབ་བྱེད་མི་རུང་། ཡུལ་མི་ཧམ་པ་ཚ་བོ་དེ་ཚོ་ནི་ང་ཚོས་ཐུབ་གི་མེད། དཔེར་ན་རྡ་རམ་ས་ལ་གཡས་གཡོན་གྱི་གླ་འཁོར་གོང་སྤར་ན་ང་ཚོས་གང་ཡང་བྱེད་ཕོད་ཀྱིན་མེད་པ། ནམ་ཡིན་ན་ཡང་བསམ་བློ་དྲང་པོ་གཏོང་དགོས་པ་གལ་ཆེན་པོ་རེད། ཡིན་ན་ཡང་ངས་གནས་སྟངས་འདི་གསལ་པོ་དེ་ཙམ་ཤེས་ཀྱིན་མེད་པས་ནོར་ཡོད་ན་དགོངས་དག་ཞུ།

    Reply
  37. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ད་རེས་ཀྱི་འཁོར་གླ་འཕར་བའི་གནས་ཚུལ་དེ་ཡང་དེ་རིང་བར་ཉིན་གྲངས་ཉི་ཤུ་ཙམ་ཕྱིན་པའི་གནས་ཚུལ་འདུག་ལ་ད་དུང་གནས་ཚུལ་འགྲོ་བཞིན་ཡོད་པ་འདྲ།

    Reply
  38. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    ད་ང་ོམ་རྒྱ་གར་ནས་རྒྱ་གར་གྱི་བོད་ལ་བརྙས་བཅོས་དང་།
    བལ་ཡུལ་ནས་ཡང་བོད་པ་ལ་བརྙས་བཅོས།
    ད་གང་ཞིག་བྱེད་དགོས་སམ།

    Reply
  39. ནད་པ says:
    ལོ་ 15 སྔོན།

    བླ་སྤྱི་ནས་ཐད་དཀར་གྲྭ་དམངས་ཀྱི་བསམ་ཚུལ་བསྡུ་རུབ་གནང་བ་དེ་ཡང་དག་པ་ཡིན་ལ་ལར་ནས་གྲྭ་དམངས་ཀྱིས་ཀྱང་མོ་ཊའི་གླ་ཆ་སྤོར་བཞིན་ཡོད་པ་དེར་དགག་བྱ་བྱེད་ཐུབ་པ་དེ་ཡག་པོ་རེད།

    ས་གནས་རྒྱ་གར་གྱི་ཁ་ལོ་བ་ཚོས་ཡིད་ལ་གང་དྲན་ལྟར་གླ་ཆ་སྤར་ན་ང་ཚོས་ཀྱང་དེ་ལ་ངོ་རྒོལ་དང་བརྡ་ལན་དུས་ཐོག་བྱེད་ཐུབ་པ་དགོས།

    གལ་སྲིད་དུས་ཐོག་ཏུ་དགག་བྱ་བྱེད་མ་ཐུབ་ཚེ་མ་འོངས་པར་པར་མུ་མཐུད་བོད་པར་ཁོང་ཚོས་གང་བཤད་པ་ལྟར་བྱེད་ཀྱིན་འདུག་བསམས་ནས་ཐུབ་ཚོད་དང་བཤུ་གཞོག་གཏོང་ངེས་ཡིན།

    འོན་ཀྱང་ང་ཚོས་ཀྱང་རྒྱ་གར་རྒྱལ་ཡོངས་ཀྱི་རླངས་འཁོར་གྱི་སྣུམ་རིན་སོགས་སྤར་བ་སོགས་ཀྱི་སྐབས་སུ་བསམ་གཞིགས་བྱས་ཏེ་གླ་ཆ་རྒྱ་གར་བ་ཚོ་དང་སྤྱི་མཚུངས་སྤྲོད་དགོས།

    རྒྱ་གར་ནི་དམངས་གཙོ་དང་རང་དབང་ཡོད་པའི་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན་སྟབས་ང་ཚོས་ཡུལ་གྱི་རྒྱལ་ཁྲིམས་ལ་སྲུང་བརྩི་བྱེད་དགོས་ལ་ཡུལ་མིའི་བྱེད་སྟངས་ངན་པ་དེ་ཚོར་ཡང་གཅིག་མཚུངས་ཀྱིས་ཁྲིམས་ལྟར་གཏུགས་དགོས།

    Reply
  40. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ལྟས་ངན་རྒྱ་གར་ནག་དེ་གཉིས་ཀྱི་མི་གཞིས་ལ་དབྱེ་བ་ཁྱོན་ནས་མིན་འདུག སྐྱབས་བཅོལ་དུ་བསྡད་རྒྱུ་མང་དྲགས་ན་ཡང་འཇིགས་སུ་རུང་བའི་བར་དོ་གསུམ་པ་འདི་འགྲིམས་དགོས་པ་གདོན་མི་ཟ

    Reply
  41. མངའ་རིས་བུ། says:
    ལོ་ 15 སྔོན།

    གསར་འགྱུར་དུས་ཐོག་ཏུ་བཏོན་པར་ཐུགས་རྗེ་ཆེ།
    དེ་མིན་བོད་ཀྱི་གསར་ལམ་ཁག་ཏུ་འདྷམ་གླིང་སྤྱི་ཡི་གསར་འགྱུར་གོ་རྒྱུ་མེད་པར་མ་ཟད་དེ་དག་གོ་ནའང་ཉིན་མང་པོའི་རྗེས་སུ་གོ་བ་ལས་དུས་ཐོག་ཏུ་གོ་རྒྱུ་ཤིན་ཏུ་དཀོན།
    ད་འདི་ཡང་ང་ཚོར་དྲན་སྐུལ་ཞིག་རེད།
    མ་འོང་པར་༧གོང་ས༧་མཆོག་མེད་པའི་ཉིན་མོར་ཅི་ཡོང་ཚོད་དཔག་དཀའ
    བལ་ཡུལ་དུ་ཇི་བྱུང།
    ཨ་ཁ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese