མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྟེན་འབྲེལ་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

རྩོམ་པ་པོ་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མ་ཐག ༧གོང་ས་མཆོག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་བཀོད་དོན། ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེ་ནི། རྒྱ་ནག་མི་དམངས་ནང་ཆབ་སྲིད་དང་ཆོས་ལུགས། རྩ་ཁྲིམས་བཅོས་སྒྱུར་གྱི་འདོད་པ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད་ལ། ངོས་རང་སྒེར་གྱི་ཐོག་ནས་ཀྱང་འཕེལ་རིམ་འདི་ནི། ལིག་ཞོ་པོ་ལྟ་བུའི་རྒྱ་ནག་གི་དམངས་གཙོ་དར་སྤེལ་དང་། རང་དབང་དོན་གཉེར་བ་ཚོས་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆར་ས་རྟགས་བསྐྱོན་པ་དེས་ང་རང་ལ་བློ་སྟོབས་ཆེན་པོ་ཞིག་སྐྱེས་སུ་བཅུག་བྱུང་། སྐབས་དེར་ང་རང་པོ་ལན་ཌིར་སྐྱོད་བཞིན་པའི་དུས་ཚིགས་ཤིག་ཏུ་འཁེལ་སྟབས། ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་དེ་སྤྱན་འབུལ་ཞུས་ཏེ་ཉིན་གཉིས་རྗེས་ཏེ། ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་ངས་ལས་དོན་དེར་ཡིད་སྨོན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད། ངོས་རང་ནས་རྒྱ་ནག་གི་མི་རབས་གསར་པ་ཚོས་དམངས་གཙོའི་ལམ་སྲོལ་ལོངས་སུ་སྤྱོད་ཐུབ་པའི་ཡིད་ཆེས་བྱུང་ཞིང་། རྒྱ་ནག་ནང་དོན་དངོས་དང་མཐུན་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་ཐུབ་པ་ཡིན་ན། དེས་འཆམ་མཐུན་དང་བརྟན་ལྷིང་། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་བསྐྲུན་པར་ཕན་རླབས་ཆེན་པོ་འབྱུང་གི་རེད། མཐའ་དོན་ངོས་རང་གིས་གོ་སྐབས་འདི་བཟུང་སྟེ། རྒྱ་ནག་གཞུང་ལ་ལིག་ཞོ་པོ་ཀློད་གྲོལ་ཡོང་རྒྱུར་བསྐྱར་དུ་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་། གང་མྱུར་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 9

  1. རྨོངས་སད་སྒྲོན་མེ། says:
    ལོ་ 16 སྔོན།

    རྒྱ་ནག་དམར་པོའི་འོག་ཏུ་ད་བར་དུ་སྡུག་གྱོང་མནར་གཅོད་མྱོངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་གཞན་སུ་ཡིན་ཡང་གློད་གྲོལ་ཐོབ་ཆེད་ནུས་པའང་ད་ལྟ་གོ་སྐབས་འདི་དང་བསྟུན་ནས་འདོན་དགོས་པ་མཐོང་།

    Reply
  2. རྨོངས་སད་སྒྲོན་མེ། says:
    ལོ་ 16 སྔོན།

    རྒྱ་ནག་ཧན་མི་རིགས་ལོ་རྒྱུས་ཀྱི་མེ་ལོང་ཁྲོད་དུ་གཟི་མདངས་མངོན་པར་འཕྲོ་བའི་ལེའུ་གསར་པ་ཞིག་རང་དབང་རྩོམ་པ་པོ་ལེའུ་ཞོ་པོའུ་མཆོག་གིས་བཞག་འདུག་པས། ད་ཐེངས་རྒྱ་ནག་་དམར་པོའི་དྲགས་ཤུགས་ཀྱི་འཇིགས་སྣང་ཡོད་མིན་ལ་མ་ལྟོས་པར། མི་མང་རྣམས་ཀྱིས་མགྲིན་དབྱངས་གཅིག་གི་ཐོག་ནས་སྐུ་ཞབས་ཁོང་བཙོན་ལས་བླངས་ཏེ། དེ་སྔོན་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་རླབས་ཆེ་མི་སྣ་རྣམས་དང་གཅིག་མཚུངས་སྡིངས་ཆ་དེའི་ཐོག་ནས་འཛམ་གླིང་མི་མང་ལ་དྲང་བདེན་གྱི་བསྒྲགས་གཏམ་དེ་ངེས་པར་དུ་སྒྲོག་ཐུབ་པར་ཅི་ནས་ཀྱང་རྩོད་དགོས། དམིགངས་བསལ་རྩོམ་པ་པོ་རྣམས་ཀྱིས་སྨྱུག་ཁ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཕྱོགས་ཏེ་གནས་ལུགས་ཀྱི་ཚིགས་མཚོན་འཕེན་དགོས་པ་དེ་ནི་སྐབས་བབ་ཀྱི་འོས་འགན་འབའ་ཞིག་་མ་ཡིན་ནམ་དྲ་གྲོགས་ཚོ། སྤྱིར་རྩོམ་པ་པོ་ཁོང་གི་རིགས་རུས་རྒྱ་ནག་ཧན་མི་རིགས་ཡིན་མོད། ཁོང་གི་སྙིང་སྟོབས་དང་སྙུགས་བསྲིང་གིས་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་རྐྱེན་པས་བཙོན་ཟས་ལ་རོལ་དགོས་བྱུང་སྟབས། འཛམ་གླིང་མི་མང་སྤྱི་དང་་རྒྱ་ནག་དམར་པོའི་སྲིད་གཞུང་གཉིས་དབར་འགལ་ཟླའི་གནད་དོན་དེ་དྲང་བདེན་དང་རང་དབང་་ཡིན་པས། ད་རེས་གོ་སྐབས་འདི་བཟུང་ནས་རྒྱ་དམར་པོའི་གཡོ་སྒྱུ་ཧམ་བཟུང་གིས་འཚོས་པའི་གདོང་རས་ངོ་མ་དེ་འཛམ་གླིང་མི་མང་ལ་སྤྱན་འབུལ་དུ་བཤམ་དགོས

    Reply
  3. ཉི་མ། says:
    ལོ་ 16 སྔོན།

    སྐུ་ཞབས་ལིའི་ཞོའོ་པོའོ་ལགས་སུ་ནོར་ཝེར་ཞི་བདེའི་གཟིངས་རྟགས་ཕུལ་བར་སྙིང་ནས་མཚམས་འདྲི་ཞུ།། ཁོང་གི་ཅི་བསམ་ཐམས་ཅད་འགྲུབ་པར་སྨོན།

    Reply
  4. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 16 སྔོན།

    ཀྱེ་མ་ཀྱེ་ཧུད། བཀྲ་ཤིས་པའི་ལྷ་བསང་གཏོང་ས་ལ། ལྟས་ངན་པའི་འུར་སྒྲ་མ་རྒྱག་ཅེས་བོད་ཀྱི་གཏམ་དཔེ་ལྟར། གནས་ཚང་ཟེར་བས་༸གོང་ས་མཆོག་གི་བཀའ་ཡིག་ནང་གསལ་བའི་སྨྲ་བརྗོད་རང་དབང་གི་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་ནང་བོད་མི་ཆབ་སྲིད་བཙོན་པ་རྣམས་ཚུད་མིན་གྱི་དོགས་པ་བྱེད་པ་ནི་རང་ཉིད་ནམ་རྒྱུན་ནས་ཕྱོགས་ཞེན་ཁོ་ནས་ཡང་དག་པའི་ཕྱོགས་ཐམས་ཅད་ལོག་པར་མཐོང་བ་ཞིག་མ་ཡིན་ནམ། ༸གོང་ས་མཆོག་ནས་ལིའུ་ཞོ་པོ་ལ་མཚམས་གསུང་འཕྲིན་གནང་བ་ཡང་བོད་ཀྱི་རང་དབང་བསྐྱར་གསོ་དང་འཛམ་གླིང་ནང་གི་བཙན་དབང་སྒེར་གཅོད་རིང་ལུགས་པ་ཆེ་ཤོས་ཡིན་པའི་རྒྱ་ནག་དཔོན་ངན་ཚོའི་འོག་ཏུ་ཚུད་པའི་མི་སེར་རྣམས་ཀྱི་དོན་དུ་ཡིན་པ་རྣམ་དཔྱོད་ཅན་གྱིས་ཅིའི་ཕྱིར་མི་རྟོགས། ད་ལྟའི་དུས་སུ་ང་ཚོས་མཐབ་རྩོད་རྒྱ་གཞུང་ལ་བྱེད་དགོས་པ་གནས་ཚང་ཟེར་བ་ཁྱེད་ཀྱིས་ཨེ་ཤེས། རྒྱ་གུང་ཁྲན་ལ་ཚིག་གིཅག་ཀྱང་མི་བཤད་པར་ནང་དམག་ཁོ་ན་རྒྱག་མཁན་འདི་དག་རྒྱ་མི་གུང་ཁྲན་ག྄ི་རྒྱུག་ཁྱི་ཡིན་མིན་ང་ཚོས་ག་ལེར་ལྟ་དགོས་པ་ཞིག་གོ།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ཨ་ཕོ་དྲ་མཁན་རྟ་མགྲིན་ཚེ་རིང་ལགས། གུས་པས་བག་ལེབ་འགའ་བསྲེག་ཞོར་ཡང་སྐྱར་བསམ་བློ་ཇི་ལྟར་བཏང་ཡང་ ༼འདི་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་། གང་མྱུར་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ༽ཞེས་པའི་ནང་དུ་བོད་མི་ཚུད་ཡོད་མེད་ཐེ་ཚོམ་སྐྱེས་གཞི་རེད། སྨྲ་བརྗོད་རང་དབང་གི་ཆབ་སྲིད་བཙོན་མ་ཞེས་པ་ལས་པར་བསྐྲུན་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་མ་ཚུད་མེད་པས། སྔ་མ་རྒྱ་ནག་པ་དང་ཕྱི་མ་བོད་དང་མི་རིགས་གཞན་པ་ཤུགས་ཆེ་བས། བྱས་ཙང་དེ་གཉིས་ངོ་བོ་དང་གོ་དོན་མི་གཅིག་པའི་དོན་དག་གཉིས་རེད། དེ་ལུགས་ཁ་གསལ་དགོས་པ་མ་ཡིན་ནམ།

    Reply
  6. རྟ་མགྲིན་ཚེ་རིང་། says:
    ལོ་ 16 སྔོན།

    འདི་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་། གང་མྱུར་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་འདིའི་ནང་དུ་བོད་མི་རྩོམ་པ་པོ་ཚོ་ཚུད་མེད་པ་རེད་དམ། བག་ལེབ་རེ་བསྲེག་ཞོར་སྐྱར་དུ་བསམ་བློ་རེ་གཏོང་ཐུབ་ན་ཡག་ས་རེད།

    Reply
  7. རྟ་མགྲིན་ཚེ་རིང་། says:
    ལོ་ 16 སྔོན།

    འདི་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་། གང་མྱུར་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་འདིའི་ནང་དུ་བོད་མི་རྩོམ་པ་པོ་ཚོ་ཚུད་མེད་པ་རེད་དམ། བག་ལེབ་འགའ་བསྲེག་ཞོར་ཡང་སྐྱར་བསམ་བློ་ཞིག་གཏོང་རོགས་གནོངས།

    Reply
  8. Dhadon says:
    ལོ་ 16 སྔོན།

    སྐུ་ཞབས་ལིའི་ཞོའོ་པོའོ་ལགས་སུ་ནོར་ཝེར་ཞི་བདེའི་གཟིངས་རྟགས་ཕུལ་བར་སྙིང་ནས་མཚམས་འདྲི་དང་། ཁོང་གིས་ཐུགས་མདུན་ལྟར་འཛམ་གླིང་ཞི་བདེར་ཁྱབ་པའི་སྨོན་འདུན་ཞུ།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    རྟེན་འབྲེལ་ཞུ་འོས་པ་ཞིག་རེད། དེ་དང་ཆབས་ཅིག་བོད་མི་རྩོམ་པ་པོ་རྣམས་གློད་གྲོལ་ཡོང་བར་འབོད་སྐུལ་ཞུས་མེད་པ་ནི་དངོས་གནས་གོ་སྐབས་ཡག་པོ་ཞིག་ཤོར་བཅུག་པ་རེད། གཅིག་བྱས་ན་བོད་ནང་གཞན་མི་ལས་རང་མིར་དོ་སྣང་མི་བྱེད་པའི་བཤད་སྟངས་བྱུང་མི་སྲིད་པའང་མ་རེད། ངས་བག་ལེབ་འགའ་བསྲེག་ཞོར་དོན་དག་འདིར་བསམ་བློ་གཏོང་གི་ཡོད། དྲ་མཁན་ཚོས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese