མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཡུལ་དུ་བསྐྱོད་པའི་མཐོང་ཐོས་བརྗོད་པ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕ་ཡུལ་ཁམས་མི་ཉག་ནས་ཡིན་པའི་སློབ་བུ་བསོད་ནམས་སྟོབས་ལྡན་ལགས། རྒྱ་གར་ནང་གི་མི་ལོ་ ༡༤ རྗེས་ཏེ་ད་ལོའི་ཕྱི་ཟླ་ ༦ པར་བོད་ནང་སྐོར་སྐྱོད་བྱས་ཏེ། ཉེ་ཆར་ཕྱིར་བཞུགས་སྒར་དུ་འབྱོར་ཡོད་ཅིང་། ཁོང་ཆུང་དུས་ས་གནས་སློབ་གྲྭར་ལོ་ ༧ ཙམ་ཕྱིན་ཡོད་ཅིང་།  ༡༩༩༧ ལོར་རྒྱ་གར་དུ་འབྱོར་ཏེ་སྦིར་སློབ་གྲྭར་ཞུགས། ནོར་གླིང་མཐོ་སློབ་ནས་ལེགས་བྱང་མཐོ་རམས་པ་ཐོན་རྗེས་ཕྱིར་ཕ་ཡུལ་བོད་དུ་ཕྱིན་ཏེ། ཟླ་སྔོན་མར་ཕྱིར་བཞུགས་སྒར་དུ་འབྱོར་མ་ཐག་འདི་གའི་གསར་འགོད་པ་དཔལ་ལྡན་དང་ཐུག་འཕྲད་བྱས་ཏེ། ཁོང་གི་བོད་སྐྱོད་ཟིན་ཐོ་དང་ལྷན་དུ་གླེང་མོལ་བྱས་ཤིང་། ཁོའི་འགྲུལ་བཞུད་གོ་རིམ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཟིན་བྲིས་སུ་བཏབས། 

 

བསོད་ནམས་སྟོབས་ལྡན་ལགས་ཀྱིས་ཐོག་མར་ཕ་ཡུལ་དུ་ལོག་རྒྱུར་སྟ་གོན་བྱས་པའི་བརྒྱུད་རིམ་ནས་མགོ་འཛུགས་བྱས་བྱུང་། “ཟླ་ཤས་གོང་ནས་ཐོ་འགོད་བྱས་ཡོད་པ་ལྟར། ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ང་ལ་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བོད་ནང་འགྲོ་སྐྱོད་ཆོག་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལག་ཁྱེར་རག་སོང་། འདི་ནི་རིན་ཐང་དང་གཟི་བརྗིད་ཀྱི་སྐྱོད་སྟངས་ཤིག་མིན་རུང་། ཏག་ཏག་མི་ལོ་ ༡༤ རིང་མིའི་ལུང་པར་འཁྱམས་པའི་རྗེས་ལ་སླར་ཡང་ཕ་ཡུལ་དུ་བསྐྱོད་རྒྱུའི་གོ་སྐབས་ཐོག་མར་རག་པ་རེད། སེམས་པ་དངོས་གནས་དགའ་སྐྱོ་གཉིས་ལྡན་ཞིག་བྱུང་། ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་བལ་བོད་ས་མཚམས་འགྲམ་ལ་སླེབས་སྐབས། དམག་མི་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ཀྱིས་ཞི་དྲག་གཉིས་ཐོག་ནས་འདྲི་བརྩད་ཡང་ཡང་བྱས་སོང་། ཉིན་དང་པོར་འགྲམ་གྱི་ཁང་ཆུང་ཞིག་ཏུ་ཆུ་ཚོད་ ༩ ཙམ་རིང་བཟང་བཙོན་ལྟ་བུར་བཀག་ཅིང་། ཕྱི་ཉིན་ང་ཚོར་ཡིག་ཆ་གཞན་ཞིག་སྤྲད་དེ་འགྲོ་སྐྱོད་ཆོག་པའི་བཀའ་འཁྲོལ་ཐོབ་སོང་།”

 

ཁོང་གིས་བོད་ནང་སྐོར་སྐྱོད་ཀྱི་གོ་རིམ་དེ་འཆར་ཡན་གྱི་ཚུལ་དུ་བརྗོད་དོན། “རླངས་འཁོར་གྱི་སྒེའུ་ཁུང་ནས་ཧོབ་ཀྱིས་བལྟས་ན་ཕྱི་རོལ་གྱི་ཡུལ་ལྗོངས་གསལ་པོ་མཐོང་དཀའ་ཡང་།  ལམ་འགྲམ་དག་གི་བཟོ་བཀོད་ལེགས་པའི་འཛུགས་སྐྲུན་དང་གཙང་སྦྲ། ལ་བ་སྤུས་དག་གྱོན་པའི་མང་ཚོགས་མཐོང་སྐབས། ད་ནི་བོད་ཡུལ་ཡར་རྒྱས་སུ་སོང་འདུག་སྙམ་པའི་ཚོར་བ་ཞིག་སྟེར་གྱི་འདུག སེམས་ཚོར་འདི་དང་མཉམ་དུ། ངའི་ཕ་ཡུལ་མི་ཉག་གང་འདྲ་ཡོད་དམ། མདོ་སྟོད་སྨད་ཀྱི་ས་ཁུལ་གཞན་དག་ཡར་རྒྱས་ཡོད་དམ། ཁྲ་རིག་རིག་གི་མཐོང་སྣང་འདི་དག་ང་ལྟ་བུའི་ཡུལ་སྐོར་སྤྲོ་འཆམ་པ་དག་གི་མིག་གི་ལོངས་སྤྱོད་ཙམ་ཡིན་ནམ། ས་གནས་མང་ཚོགས་ཀྱི་འཚོ་བའི་ལོངས་སྤྱོད་དངོས་ཡིན། ངའི་སེམས་ལ་འདི་འདྲ་རྐྱང་རྐྱང་འཁོར་ཏེ། བོད་ཀྱི་རྒྱལ་ས་ལྷ་སར་ཇི་ལྟར་འབྱོར་བའང་ཡང་མ་ཚོར” ཟེར།

 

བསོད་ནམས་སྟོབས་ལྡན་ལགས་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བའི་མཐོང་སྣང་འདི་ལྟར་རེད། “ ངའི་སེམས་ངོགས་སུ་ཡུན་རིང་ཉར་བའི་ལྷ་སའི་ཁྲོམ་གཞུང་དང་། པོ་ཏ་ལའི་ཐང་ཆེན། གཙུག་ལག་ཁང་མདུན་ཐང་སོགས་ཤུལ་ཙམ་ཡང་མི་འདུག དྲག་ཆས་སྤྲས་པའི་དམག་དཔུང་དང་། ཞ་མདའ་རུ་གྱོན་པའི་ཉེན་རྟོག་པ། སྒྲིག་ཆས་འདྲ་མིན་གྱོན་པའི་ཉེན་སྲུང་ཞིབ་བཤེར་པ་རྐྱང་རྐྱང་གིས་གང་འདུག ང་ཞེད་ཐག་ཆོད་པ་མིན་ན། ང་གང་ལ་སོང་ན་ཁོང་ཚོ་དེར་ཡོང་གི་འདུག་ལ། ཁོང་ཚོ་ཚང་མས་ང་ལ་ལྟ་རྟོག་བྱེད་ཀྱི་འདུག བོད་པ་རྣམས་འདུ་འཛོམས་དང་མཚན་མོར་ཕྱི་རོལ་དུ་འགྲོ་རྒྱུར་ཞེད་ཀྱི་འདུག་ལ། ཚང་མས་ཕན་ཚུན་ལ་དོགས་སྣང་དང་ཡིད་གཟབ་ཀྱིས་འགྲོ་བཞིན་ཡོད་པའི་རྣམ་པ་འདུག ཅུང་དགའ་འོས་པ་ཞིག་ནི། ལྷ་སའི་བོད་པ་ཞིག་གི་བཤད་ན་སྔོན་ཆད་ཀྱི་ལྷ་སའི་བོད་མིའི་མཐུན་ལམ་ནི་དེ་ཙམ་ཡག་རྒྱུ་མེད་ཀྱང་། ༢༠༠༨ ལོའི་དོན་རྐྱེན་རྗེས་སུ་མཐུན་ལམ་རྦད་དེ་ཡག་ཏུ་ཕྱིན་སོང་། དེང་སྐབས་དོན་རྐྱེན་ཞིག་བྱུང་ནའང་ཐོག་མར་ང་ཚོ་རེད་དམ། ཁོང་ཚོ་རེད་ཅེས་བའི་བཤད་སྲོལ་གསར་པ་ཞིག་དར་འདུག” ཅེས་བརྗོད་བྱུང་།

 

བསོད་ནམས་ཀྱིས་ལོ་ངོ་བཅུ་བཞི་ལ་བསགས་པའི་མིག་ཆུ་ཕ་ཡུལ་གྱི་ཕྱོགས་སུ་བཞུར། “འདི་ལྟར་ང་རང་ལྷ་ས་ནས་མེ་འཁོར་བརྒྱུད་ཟི་ལིང་དང་། ཟི་ལིང་ནས་ཁྲིན་ཏུའུ་རུ་འབྱོར་སོང་། དེ་ནས་ང་རང་གི་སྔོན་བསུ་བར་ཡོང་བའི་གཅེན་པོ་དང་ལྷན་དུ་ཕྱི་ཟླ་ ༨ པའི་ཚེས་མགོར་ཕ་ཡུལ་དུ་འབྱོར། ང་རང་སྡེ་འདབས་སུ་འབྱོར་སྐབས་ངའི་ནང་མི་དང་གཉེན་ཉེ་མང་པོ་ཞིག་གིས་ཁ་བཏགས་བཟུང་སྟེ་སྔ་ས་ནས་ང་ལ་སྒུག་འདུག་པ་མཐོང་མ་ཐག ངའི་མིག་ཟུང་ནས་མཆི་མ་ཤར་ཤར་དུ་བཞུར་བྱུང་། མི་ལོ་ ༡༤ ཡི་དུས་ཚོད་ནི་ཤིན་ཏུ་རིང་པོ་ཞིག་ཡིན་རུང་། ངའི་ཉེ་འབྲེལ་ཚོའི་བརྩེ་བ་དེ་ཇི་འདྲའི་འགྱུར་མེད་ཅིག་རེད་ཨང་སྙམ་སྟེ་སེམས་འགུལ་ཐེབས་བྱུང་། ཕ་ཡུལ་ནས་ཉིན་ཤས་བསྡད་རྗེས་ཁམས་བྲག་མགོ་དང་། རྟའུ།  བར་སྨད། དཀར་མཛེས་དང་དེ་ནས་མི་ཉག་རོང་ཕྱོགས་ཀྱི་ས་ཆ་འགར་ཕྱིན་པ་ཡིན། བྲག་མགོ་རྫོང་ཐོག་ཏུ་སླེབས་སྐབས། རྒྱ་གྲོང་ཞིག་ཏུ་སླེབས་པ་དང་འདྲ་བར་རྒྱ་མི་འབོར་ཆེན་མཐོང་རྒྱུ་ཡོད་པར་མ་ཟད། ཁང་པའི་འཛུགས་བསྐྲུན་དང་འཚོ་བ་རོལ་སྟངས་སོགས་ལ་ཡང་རྒྱ་མིས་ཤུགས་རྐྱེན་ཆེན་པོ་འདུག དེར་མ་ཟད་བྲག་མགོ་རྫོང་ཐོག་ཏུ་སྡོད་མཁན་བོད་པ་ཚོས་ཀྱང་རྒྱ་སྐད་སྤྱི་སྐད་ལྟ་བུར་སྤྱོད་ཀྱིན་ཡོད་པའི་སྣང་ཚུལ་དེས་རེ་ཞིག་སེམས་པ་སྐྱོ་ལྷང་ངེར་བ་ཞིག་བྱུང་། བྲག་མགོ་ནས་རྟའུ་ཕྱོགས་སུ་བསྐྱོད་པའི་ལམ་ཁའི་གཡས་གཡོན་དག་ཏུ་ཐོག་རྩེག་གཉིས་ཅན་གྱི་ཁང་པ་གསར་པ་མང་པོ་བརྒྱབ་འདུག་པ་མཐོང་བྱུང་། རྗེས་སུ་དེ་ནི་རྒྱ་གཞུང་གིས་ཆེད་དུ་འབྲོག་པ་རྣམས་གྲོང་འཁྱེར་ཅན་དུ་བསྒྱུར་ཆེད་གསར་བཟོ་བྱས་པ་ཤེས་སོང་ལ། ངའི་གྲོགས་པོ་ཞིག་གིས་བཤད་ན། རྒྱ་གཞུང་གིས་སྡོད་ཁང་རེར་རྒྱ་སྒོར་ཁྲི་ ༡ རེའི་འགྲོ་སོང་བཏང་ཡོད་སྟབས། འབྲོག་པ་རྣམས་གཞིས་སྤོ་མ་བྱས་ན་མི་འགྲིག་པའི་བཀའ་རྒྱ་བཏང་ཡོད་པ་རེད” ཟེར།

 

གཅེས་སུ་འོས་པའི་ཕ་ཡུལ་གྱིས་ཁོང་ལ་བཞག་པའི་མངར་ལ་སྐྱུར་བའི་ཚོར་འདུ་བརྗོད་དོན། “ཕྱི་ཟླ་ ༨ པའི་ཚེས་ ༡༤ ཉིན་ང་རང་རྟའུ་ལ་སླེབས་སྐབས། ས་གནས་བོད་རིགས་རྒན་པོ་ཞིག་དང་གླེང་མོལ་བྱུང་། ཁོང་གིས་སྔོན་ཆད་ང་ཚོའི་རྩྭ་ཐང་ཡོངས་ཕྱུགས་རིགས་ཀྱིས་ཁེབས་ནས་ཡོད་ལ། མི་ཚང་མར་དཀའ་སྡུག་དང་སུན་བཙེར་བྱེད་མཁན་མེད་པར་དགའ་སྤྲོས་ཁེངས་ཡོད། དེང་སྐབས་འབྲོག་པ་ཡིན་ཡང་ནོར་ལུག་ཡོད་པ་མ་རེད་ཟེར། དཀར་མཛེས་ལ་སླེབས་དུས་ག་ས་གང་དུ་དམག་སྒར་དང་དྲག་ཆས་སྤྲས་པའི་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་འདུག བོད་ནང་གི་ས་གནས་གནད་འགག་ཅན་དག་དང་། ས་གནས་མང་ཚོགས་ཚོར་མི་རིགས་ཀྱི་ལ་ཞེན་ཆེ་ས་དག་ལ་རྒྱ་གཞུང་གིས་དམ་དྲག་བྱེད་ཀྱི་ཡོད་པ་སྔར་ནས་ཐོས་མྱོང་ཡོད་ཀྱང་། ངའི་ཕ་ཡུལ་ལ་མཚོན་ན། བོད་དོན་གྱི་གོ་རྟོགས་ཞན་པ་འམ། ཡང་ན་ས་མཚམས་ནས་ནུས་ཤུགས་འདོན་མ་ཐུབ་པ་ཡིན། གང་ལྟར་ཡང་དམག་སྒར་དང་དམག་མིའི་འཇིགས་སྣང་མི་འདུག་ལ། ཕར་བལྟས་ཚོད་ཀྱིས་ཡུལ་མི་རྣམས་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ལ་མགོ་འཁོར་བསྡད་ཡོད་པའི་མཐོང་སྣང་ཞིག་བྱུང་སོང་། སྔོན་བོད་དུ་ཡོད་སྐབས། ཕ་ཡུལ་གྱི་སྡོད་ཁང་དག་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། མི་མང་ཚོས་ཀྱང་རྒྱུན་དུ་བོད་ཆས་གྱོན་ཏེ་བོད་སྐད་དག་གཙང་བཤད་ཀྱི་ཡོད། འདས་པའི་ལོ་ ༡༤ ནང་རིང་ངའི་ཕ་ཡུལ་ཡོངས་སུ་འགྱུར་འདུག ད་ཆར་སྐད་ཆ་བཤད་སྟངས་དང་གོན་པ་གྱོན་སྟངས། ཁང་པ་རྒྱག་སྟངས་ཚུན་རྒྱ་མི་ལ་འགྱུར་ཚར་འདུག” ཅེས་སྐྱོ་ཉམས་དང་བཅས་བརྗོད་བྱུང་།

 

“ང་འགྲོ་སའི་ས་ཁུལ་མང་ཆེ་བར་ཕྱིའི་འཛུགས་སྐྲུན་དང་ཁོར་ཡུག་གཙང་སྦྲ་ནི་སྤྲོ་སྣང་ལྡན་པ་ཞིག་ཡིན་ནའང་། མང་ཚོགས་ལ་བར་ཐག་ཉེ་བོས་སྐད་ཆ་འདྲི་སྐབས། འཛུགས་སྐྲུན་དེ་དག་གིས་མང་ཚོགས་ལ་ཁེ་ཕན་གང་ཡང་རག་གི་མེད་པ་མ་ཟད། དེང་སྐབས་རྒྱ་རིགས་ཁེ་ལས་པ་མང་པོ་ཡོང་ནས་མ་རྩ་བཙུགས་ཏེ་ས་ཆ་ཉོ་བ་དང་། ཚོང་གི་ལྟེ་གནས་འཛུགས་པ་སོགས་ཀྱིས་ས་གནས་མང་ཚོགས་ལ་དཀའ་ངལ་བཟོ་བཞིན་ཡོད་པ་ཤེས་སོང་། ངའི་ཕ་ཡུལ་མི་ཉག་ཀྱང་དེའི་གྲས་ཀྱི་གཅིག་རེད། ད་ཆར་མི་ཉག་ཁུལ་གྱི་གྲོང་སྡེ་ ༡༣ ཙམ་དཀའ་ངལ་འདིའི་ནང་དུ་ལྷུང་འདུག སྡེ་བ་འགའི་ས་ཐོག་ཏུ་ཆུ་མཛོད་གསར་རྒྱག་གི་རྐྱེན་གྱིས་མང་ཚོགས་ས་གནས་གཞན་དུ་གཞི་སྤོར་བྱ་དགོས་བྱུང་འདུག་ལ། མི་ཉག་གི་བོད་རིགས་ལས་བྱེད་དང་དགོན་པའི་མཁན་པོ། སྡེ་བ་ཁག་གི་སྡེ་དཔོན་རྣམས་ཀྱིས་ཐེངས་དུ་མར་གོང་རིམ་ལ་ཞུ་གཏུག་བྱས་ཀྱང་གྲུབ་འབྲས་མེད་པར་ལྷག་འདུག ཆུ་མཛོད་རྒྱག་སའི་ས་ཁུལ་འགའ་ཞིག་རྩྭ་ས་དང་ཞིང་ཁར་འཁེལ་འདུག་ལ། འགའ་ཞིག་དབྱར་རྩྭ་དགུན་འབུ་དང་ཤ་མོ། གཏེར་ཁ་འདྲ་མིན་ཡོད་པའི་ས་ཆ་རྩ་ཆེན་དག་ལ་འཁེལ་འདུག”  ཟེར།  

 

མཇུག་མཐར་བསོད་ནམས་སྟོབས་ལྡན་ལགས་ཀྱིས་ཕྱིར་རྒྱ་གར་དུ་ལོག་པའི་སེམས་ཚོར་གླེང་དོན། “ལོ་མང་པོའི་རྗེས་སུ་ང་རང་བོད་དུ་འགྲོ་ཐུབ་པ་དེས་ངའི་སེམས་ཀྱི་སྡུག་བསྔལ་རེ་ཞིག་སེལ་ཐུབ་ཡོད་ཀྱང་། ང་ལ་ནམ་ཡང་བོད་དུ་གཏན་སྡོད་བྱ་རྒྱུའི་བསམ་བློ་མ་འཁོར། ཞིབ་ཏུ་བསམ་ན། དེ་ནི་ང་ལ་བོད་ནང་ནས་འོས་འཚམ་ཀྱི་ལས་ཀ་ཞིག་མི་རེག་པའི་རྐྱེན་གྱིས་ཡིན་རྒྱུ་རེད། ཕྱིར་ལོག་རྒྱུའི་སེམས་ཐག་བཅད་རྗེས་ང་རང་རྫོང་རིམ་པ་དང་། ཞིང་ཆེན་རིམ་པ། ལྷ་ས་བཅས་ཀྱི་ཕྱི་མི་ལས་ཁུངས་སུ་བཅར་སྐབས། ཁོང་ཚོས་འཇམ་པོས་ཚུལ་གྱིས་མཐའ་མའི་ཐེམ་ཐོ་བརྒྱབ་སོང་། ཕྱི་ཟླ་ ༩ པའི་ཚེས་ ༡༦ ཉིན་ཕྱིར་བལ་བོད་ས་མཚམས་འགྲམ་ལ་སླེབས་སྐབས། གཞི་ནས་ཞེད་སྣང་དང་དོགས་སྣང་། སྐྱོ་སྣང་སོགས་ག་ལེར་ཞི་སོང་ལ། བལ་ཡུལ་ནི་རང་གི་རྒྱལ་ཁབ་ཡིན་པའི་ཚོར་སྣང་ཞིག་དང་། བཞུགས་སྒར་ངྷ་རམ་ས་ལ་ནི་རང་གི་ཁྱིམ་གཞིས་ཡིན་པའི་འདུ་ཤེས་ཤིག འདི་གའི་སློབ་གྲོགས་དང་ངོ་ཤེས་ཚོ་ནི་རང་གི་ནང་མི་ཉེན་ཉེ་ཡིན་པའི་མཛའ་སེམས་ཤིག་ངང་གིས་འཁོར་ཡོང་གི་འདུག གཅིག་བྱས་ན་འདི་ནི་ངའི་མི་ཚེ་སྨད་ཀྱི་ལས་དབང་ཡིན་སྲིད་ལ། ཧི་མ་ལ་ཡའི་ཚུར་རྒྱབ་ཀྱི་བོད་མི་ཡོངས་ཀྱི་ལས་འཕྲོ་ཡིན་ཡང་སྲིད” ཅེས་དགའ་བ་དང་སྐྱོ་བའི་ཚོར་འདུ་འདྲེས་མ་ཞིག་དང་བསྡོངས་ཏེ་བརྗོད་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. ཚང་མ། says:
    ལོ་ 15 སྔོན།

    ནོར་བཅས་།

    ཁྱེད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་བཀའ་མོལ་ལས་བོད་མི་གཞིས་བཞུགས་
    ཡོངས་ཀྱི་གནས་སྟངས་སེམས་ལ་འཁོར་བྱུང་ལ། སེམས་ཀྱང་སྐྱོ་བྱུང་། ཁྱེད་རྒྱ་གར་ལ་ཡང་བསྐྱར་ལོག་ཐུབ་པ་བཀྲ་ཤིས་
    བདེ་ལེགས་ཞུ།
    ཕྲན་ཀྱང་ལོ་སྔོན་མ་བོད་དུ་ཕྱིན་ནས་སེམས་ཚོར་སྔོན་དང་མི་འདྲ་བ་བྱུང་སོང་།
    བོད་དོན་ལ་སྔར་ལས་སེམས་ཤུགས་བསྐྱེད་དགོས་བསམ་པ་བྱུང་།
    རྒྱ་མི་ཞིག་མཐོང་ཙམ་ཉིད་ནས་བོད་མི་རིགས་ལ་གཉའ་གནོན་གཏོང་མཁན་ནི་མི་རིགས་
    འདི་རེད་ཁོང་ཚོ་ལ་ནམ་ཡང་འབྲེལ་འདྲིས་མི་བྱེད་བསམ་པའི་སེམས་ཚོར་སྐྱེ་ཡོང་གི་འདུག

    ང་གང་དུ་སོང་སར་༧་གོང་ས་མཆོག་ག་དུས་བོད་ལ་ཕྱིར་ཕེབས་ཐུབ་བམ། བོད་ལ་རང་དབང་
    ཞིག་ག་དུས་ཐོབ་གི་རེད་བཅས་རྒན་གཞོན་བར་གསུམ་གྱིས་མིག་ཆུ་དང་བཅས་ཁ་གཅིག་གྲགས་
    རེད།

    ང་བོད་ལ་འགྲོ་ཐུབ་པ་ནི་དགའ་བ་ཞིག་ཡིན་ཡང་བོད་ནང་གི་གནས་སྟངས་ལ་བསམ་
    གཞིགས་བྱེད་སྐབས་སེམས་པ་སྐྱོ་ཡ་ལས་མི་འདུག

    ཕྱིར་ལོག་ཁར་འགྲམ་ནས་ཉིན་གཅིག་རིང་བཙོན་ཁང་ནང་བཀར་གཉར་བྱས་སོང་། དེ་ཡང་ངའི་ལག་ཏུ་བོད་ཀྱི་དགོན་
    སྡེ་ཞིག་ནང་༧གོང་ས་མཆོག་གི་གཟིམ་ཁང་ནང་སྒྲོན་པའི་ཁོང་གི་སྐུ་པར་ཁ་ཤས་ཡོད་པ་མཐོང་བས་རྐྱེན་གྱིས་རེད།
    མི་འགས་བཤད་ན་
    འགྲམ་ལ་གཏན་སྡོད་བོད་མི་གསང་མྱུལ་བ་མང་པོ་ཡོད་ཟེར་བ་དང་། དེའི་ནང་མི་ལྔ་དྲུག་ཅིག་རྒྱ་གར་ནང་བོད་པའི་
    སློབ་གྲྭ་ལ་འགྲོ་མྱོང་མཁན་རེད་ཟེར། ངའི་ལྟོ་ཕད་རྔོག་ནས་༸གོང་ས་མཆོག་གི་སྐུ་པར་རྙེད་མ་
    ཐག་བོད་མི་ཞིག་གིས་ཏཱ་ལའི་ཁོང་རེད་ཞེས་བརྗོད་བྱུང་། ངའི་སེམས་ནང་བོད་མི་ཞབས་འདྲེན་འདི་འདྲ་འདུག་ བསམ་ནས་སེམས་པ་ཞེ་དྲག་སྐྱོ་བྱུང་ཡང་ཐབས་ཤེས་མི་འདུག
    ཁམས་པའི་ཚོང་པ་རྒན་པོ་ཞིག་གིས་བཤད་ན་ཁོང་སྙེ་མོ་ནས་རེད་ཟེར། མ་ཟད་སྔོན་མ་རྦེར་རེ་
    སློབ་གྲྭ་ལ་འགྲོ་མྱོང་མཁན་གྲས་དང་དབྱིན་ཇིའི་སྐད་ཡིག་ཀྱང་ཤེས་ཀྱི་འདུག་ཟེར། ཁོང་དོགས་པས་མིང་ལབ་མ་སོང་ཡང་དེ་བདེན་པ་འདུག་བསམ་ཞིག་བྱུང་། ང་ལ་འདྲི་བརྩད་ཐེངས་མང་པོ་བྱས་བྱུང་། དེའི་སྐབས་རྒྱ་སྐད་ཐོག་
    ཧྲིག་ཅུའི་ཡོད་དམ་ཞེས་ཡང་ཡང་དྲིས་བྱུང་། ངས་སྐད་མ་གོ་ཁུལ་བྱས་པ་ཡིན། དེ་རྗེས་mobile ཡོད་དམ་ཞེས་དྲིས་སོང་། ངའི་ལག་ཁྱེར་ཁ་པར་དབྱིན་ཡིག་ནང་ཡོད་ན་ཡང་ཁོས་ལམ་སང་རྒྱ་ཡིག་ནང་བསྒྱུར་
    བ་དང་རྒྱ་གར་གྱི་གནས་སྟངས་འདྲ་མིན་དྲིས་བ་ལ་ལྟོས་ན་ཡང་ང་ལས་ཁོས་གསལ་བོ་འདུག
    ཁོས་སྐད་གདངས་དང་རྣམ་འགྱུར་སོགས་ལས་ཀྱང་རྒྱ་གར་ནས་ཡོང་བ་ཡིན་པ་གསལ་བོར་རེད།
    ཉིན་གཅིག་གི་རྗེས་བཀག་ཉར་ཁང་ནས་གློད་གྲོལ་བཏང་སོང་། དེ་ནས་འགྲམ་བརྒྱུད་དེ་བལ་ཡུལ་ལ་ཡོང་ཐུབ་པ་བྱུང་། ད་ནིོ་རང་དབང་ཐོབ་སོང་བསམ་པའི་དགའ་སྐྱོ་འདྲེས་མའི་ཚོར་བ་ཆེན་པོ་ཞིག་སྐྱེས་སོང་།

    གནས་ཚུལ་འདི་ཚིག་སྤྱོར་སོགས་མི་ལེགས་ན་ཡང་དྲ་གྲོགས་རྣམས་ལ་ཁ་བརྡའི་ཚུལ་དུ་བྲིས་པ
    ་ཡིན་པས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།།

    Reply
  2. ཚང་མ། says:
    ལོ་ 15 སྔོན།

    ཁྱེད་རང་གི་མཐོང་ཐོས་་མྱོང་གསུམ་གྱི་བཀའ་མོལ་ལས་ངས་བོད་མི་གཞིས་བཞུགས་
    ཡོངས་ཀྱི་འཚོ་བ་རྟོགས་བྱུང་ལ། སེམས་པ་ཀྱང་སྐྱོ་བྱུང་། ཁྱེད་རང་རྒྱ་གར་ལ་ལོག་ཐུབ་པ་བཀྲ་ཤིས་བདེ་ལེགས་ཞུ།
    ཕྲན་ཀྱང་ལོ་སྔོན་མ་བོད་དུ་ཕྱིན་ནས་སེམས་ལ་སྡུག་བསྔལ་སྔོན་དང་མི་འདྲ་བ་བྱུང་བ་དང་།
    བོད་དོན་ལ་སྔར་ལས་ཤུགས་དགོས་པས་སེམས་ཤུགས་ཆེ་རུ་ཕྱིན།
    རྒྱ་མི་ཞིག་མཐོང་བ་ཙམ་ཀྱིས་བོད་མི་རིགས་ལ་གཉའ་གནོན་གཏོང་མཁན་ནི་མི་རིགས་
    འདི་ཡིན་པས་ཁོང་ཚོ་ལ་ནམ་ཡང་འབྲེལ་འདྲིས་མི་བྱེད་བསམ་བློ་ཞིག་འཆར་ཡོང་གི་འདུག

    ང་རང་གང་དུ་སོང་སར་༸་གོང་ས་མཆོག་ནམ་བོད་ལ་ཕྱིར་ཕེབས་ཐུབ་བམ་བོད་ལ་རང་དབང་
    ཞིག་ག་དུས་ཐོབ་གི་རེད་བཅས་རྒན་གཞོན་བར་གསུམ་གྱིས་མིག་ཆུ་དང་བཅས་ཁ་གཅིག་གྲགས་
    རེད་འདུག

    ངརང་བོད་ལ་འགྲོ་ཐུབ་ནི་དགའ་སྤྲོ་ཞིག་སྐྱེས་ཡང་བོད་ནང་གི་གནས་སྟངས་ལ་བསམ་
    གཞིགས་བྱེད་སྐབས་སེམས་པ་ཞེ་དྲག་སྐྱོ་ཡོང་གི་འདུག

    ཕྱིར་ལོག་ཁར་འགྲམ་ནས་ཉིན་གཅིག་རིང་དམག་མི་ནས་བཀར་གཉར་བྱས་སོང་བ་དང་། ངའི་ལག་ཏུ་བོད་ནསདགོན་སྡེ་ཞིག་ནང་་༸གོང་
    ས་མཆོག་གི་གཟིམ་ཁང་ནང་ནས་རྒྱབ་པའི་༸གོང་ས་མཆོག་གི་སྐུ་པར་ཁ་ཤས་འཕྲོགས་སོང་། མི་འགས་གསུངས་ན་འགྲམ་ལ་གཏན་སྡོད་བོད་མི་གསང་མྱུལ་བ་མང་པོ་ཡོད་ཟེར་བ་དང་། དེའི་ནང་ཁོང་ཚོ་མི་ལྔ་དྲུག་ཅིག་རྒྱ་གར་ནང་བོད་པའི་སློབ་གྲྭ་ལ་འགྲོ་མྱོང་མཁན་རེད་ལབ་སོང་། ཁོང་ཚོའི་ནང་གི་མི་གཅིག་གི་ངའི་ལྟོ་ཕད་རྔོག་ནས་༸གོང་ས་མཆོག་གི་སྐུ་པར་རྙེད་མ་
    ཐག་ཁོང་གིས་ཏཱ་ལའི་ཁོང་རེད་་ཞེས་བརྗོད་བྱུང་བས་ངའི་སེམས་ལ་བོད་མི་ཞིག་ཡིན་པས་ཆ་ནས་འདི་འདྲིའི་ཁོང་ཁྲོ་ཆེན་པོ་ཟ་དགོས་འདོད་ཅི་ཡིན་ནམ་བསམ་ནས་སེམས་པ་ཞེ་དྲག་སྐྱོ་བྱུང་ཡང་ཐབས་ཤེས་མི་འདུག
    དེ་གར་ཁམས་པའི་ཚོང་པ་རྒན་པོ་ཞིག་གི་བརྗོད་ན་ཁོང་སྙེ་མོ་ནས་རེད་ཟེར་བ་དང་སྔོན་རྦེར་རེ་
    སློབ་གྲྭ་ལ་འགྲོ་མྱོང་མཁན་གྲས་དང་དབྱིན་ཇིའི་སྐད་དང་ཡི་གེ་ཤེས་ཀྱི་ཡོད་ཟེར། ཁོང་གིས་ཞེད་སྣང་གི་མིང་ལབ་མ་སོང་།
    ཁོང་གི་བརྗོད་པ་བདེན་པ་འདུག་བསམ་ང་ལ་འདྲི་བརྩད་མང་པོ་བྱེད་སྐབས་རྒྱ་སྐད་ཐོག་
    ཧྲག་ཅུའུ་ཡོད་པས་དྲིས་དུས་ངའི་མ་གོ་ཁུལ་བྱས་པ་ཡིན།་ཁོང་གི་mobile ཡོད་པས་ཞེས་དྲིས་སོང་། ངའི་ལག་ཁྱེར་ཁ་པར་དབྱིན་ཡིག་ནང་ཡོད་པས་ཁོང་གིས་ལམ་སང་རྒྱ་ཡིག་ནང་བསྒྱུར་
    བ་དང་རྒྱ་གར་གནས་སྟངས་ང་ལས་ཁོ་རང་གསལ་བོ་འདུག
    ཁོང་སྐད་གདངས་དང་རྣམ་འགྱུར་སོགས་ལས་ངའི་ཁོང་རྒྱ་གར་ནས་ཡོང་བ་ཤེས་སོང་།
    ཉིན་གཅིག་རྗེས་ལ་གློད་གྲོལ་བཏང་སོང་བས་ང་རང་འགྲམ་བརྒྱུད་དེ་བལ་ཡུལ་ལ་འབྱོར་སོང་། ད་ནིོ་རང་དབང་ཞིག་ཐོབ་སོང་བསམ་པ་དང་འདི་ནི་རྨི་ལམ་ཞིག་མིན་ནམ་སྙམ་པས་
    ཚོར་བ་ཞིག་སྐྱེས་བྱུང་།

    གནས་ཚུལ་འདི་ནི་ཚིག་སྤྱོར་སོགས་མི་ལེགས་པས་དྲ་གྲོགས་རྣམས་ལ་ཁ་བརྡའི་ཚུལ་དུ་བྲིས་པ
    ་ཡིན་པས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།།

    Reply
  3. ཚང་མ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ།

    Reply
  4. ཚང་མ། says:
    ལོ་ 15 སྔོན།

    ངའི་ཁྱེད་རང་གི་ཟིན་བྲིས་མཐོང་ནས་སེམས་པ་ཞེ་དྲག་སྐྱོ་སོང་།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    མི་ཉག་པའི་ཟིན་ཐོ་འདིས་ཚོར་བ་འདི་རེད་ཟེར་བ་ཞིག་བསྐྱེད་ཐུབ་མ་སོང་། ནང་དོན་འདི་འདུག་ཟེར་བ་ཞིག་ཀྱང་མཐོང་ཐུབ་མ་སོང་། གང་ལྟར་ཁོ་རང་འགྲོ་བསམ་ས་དེར་སླེབས་པ་དེར་ཡི་རང་ཡོད།

    Reply
  6. རི་བོང། says:
    ལོ་ 15 སྔོན།

    (ཅུང་དགའ་འོས་པ་ཞིག་ནི། ལྷ་སའི་བོད་པ་ཞིག་གི་བཤད་ན་སྔོན་ཆད་ཀྱི་ལྷ་སའི་བོད་མིའི་མཐུན་ལམ་ནི་དེ་ཙམ་ཡག་རྒྱུ་མེད་ཀྱང་། ༢༠༠༨ ལོའི་དོན་རྐྱེན་རྗེས་སུ་མཐུན་ལམ་རྦད་དེ་ཡག་ཏུ་ཕྱིན་སོང་། དེང་སྐབས་དོན་རྐྱེན་ཞིག་བྱུང་ནའང་ཐོག་མར་ང་ཚོ་རེད་དམ། ཁོང་ཚོ་རེད་ཅེས་བའི་བཤད་སྲོལ་གསར་པ་ཞིག་དར་འདུག” ཅེས་བརྗོད་བྱུང་།)

    ངས་བལྟས་ན་འུ་ཚོས་སེམས་ལ་དམ་པོར་ཉར་དགོས་པ་ནི་གོང་གི་ཚིག་སྒྲུབ་འདི་རེད། འུ་ཚོའི་རང་དབང་ལུང་པ་འདིར་རྩོད་མི་དགོས་པ་རྐྱང་བརྩད། ཞེན་མི་དགོས་ས་རྐྱང་ལ་ཞེན་ནས་བསྡད་ཡོད་པ་རེད། དཔེར་ན། ཁམས་དང་ཨ་མདོ་དང་། དབུས་དང་སྟོད་པ། གསར་འབྱོར་རྙིང་འབྱོར། ད་དུང་ཚོགས་པ་སྐྱིད་སྡུག འདི་དག་བརྩད་འདི་དག་ལ་ཞེན་ནས་བསྡད་ཡོད་པ་རེད།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འདི་མ་གཏོགས་མེད་ན་ཕ་ཡུལ་ལ་སོང་ནས་ཕྱིར་ལོག་གོ་ཆོད་མི་འདུག་
    ཚོལ་སྣང་དེ་ཕྱེས་འབྱོར་ཀུན་ལ་ཡོད་པ་མ་ཟད་ཁྱེད་ཀྱི་མཐོང་བ་དེ་དག་ཡང་གོ་བསྡད་པ་རྐྱང་རྐྱང་རེད།
    དེ་ལས་ལོ་༡༥་ནས་༢༠་དང་༢༡་ནས་༣༥་༣༦་ནས་༥༠་པར་བསམ་ཚུལ་རྒྱུས་ལོན་རེ་བྱས་ཡོད་ན་གསུངས་རོགས་ཞུ་རྒྱུ་ཡིན

    Reply
  8. མིག་གསུམ་པ། says:
    ལོ་ 15 སྔོན།

    མི་ཉག་སྟོབས་ལྡན་ཟེར་བའི་མི་དེ་ཡིས་དགའ་སྐྱོ་ཟུང་ལྡན་གྱི་ཚོར་བ་གཤའ་མ་ཞིག་བཞུར་འདུག་པས་སྐྱབས་བཅོལ་བའི་བོད་མི་སུ་ཞིག་ལ་མཚོན་ན་དེ་བཞིན་དུ་བདོག དེ་དག་ལས་ཀྱང་རྣ་བར་འཇེབས་པ་ཞིག་དང་ཡིད་ལ་རན་པ་ཞིག་ནི་མཇུག་མཐའི་སྐད་ཆ་ཐོར་བུ་ཞིག་སྟེ། “གཅིག་བྱས་ན་ངའི་མི་ཚེ་སྨད་ཀྱི་ལས་དབང་ཡིན་སྲིད་ལ། ཧི་མ་ལ་ཡི་ཚུར་རྒྱབ་ཀྱི་བོད་མི་ཡོངས་ཀྱི་ལས་འཕྲོ་ཡང་ཡིན་སྲིད་”ཅེས་པ་འདི་རེད། ངོ་མ་རེད། ཁྱོད་དང་ང་གཉིས་ཀྱི་ལས་དབང་གཅིག་ཏུ་སྣང་བའི་ཁོར་ཡུག་འདི་ནས་སྐྱབས་བཅོལ་གྱི་འཚོ་བ་རེ་དོགས་ཀྱི་ངང་ཚུལ་ལས་བརྒལ་མི་ཐུབ་ལ། མི་ཚེ་ཡི་བགྲོད་ལམ་དཀའ་སྡུག་གིས་བརྒྱུད་དགོས་པ་དེའང་ལས་དབང་ཟེར་བ་དེས་མི་མངོན་པའི་ཚུལ་གྱིས་གཡོགས་འོང་བ་ཞིག་ཏུ་སྣང་གི་འདུག མཇུག་མཐར་ཁྱོད་དང་ཁྱོད་ཀྱི་མཛའ་མོ་གཉིས་ཀྱི་དུས་ཚོད་འཁོར་འགྲོས་ལ་སུ་དང་གང་གིས་བདག་བཟུང་མ་བགྱི་བར་རང་དབང་གི་དུས་ཁོམ་ཞིག་ལོངས་སུ་སྤྱོད་པའི་བཀྲ་ཤིས་བདེ་ལེགས་ཞུ

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འདི་ལྟ་བུའི་ཕར་འགྲོ་ཚུར་འོང་གང་མང་རེ་ཐུབ་ན། བོད་སྤྱི་ཡོངས་ལ་ཤུགས་ཀྱིས་ཕན་ཐོགས་མི་ཉུང་བ་རེ་ཐོབ་སྲིད། རང་གི་གནས་ཚུལ་འདིར་ཤོད་མཁན་དང་བཀོད་མཁན་གཉིས་ཀར་བཀའ་དྲིན་ཆེ་ཞེས་ཞུའོ། །

    Reply
  10. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    མི་ཉག་བསོད་ནམས་སྟོབས་ལྡན་ལགས་ཀྱི་མྱོང་ཚོར་བྱུང་བ་འདི་ནི་བོད་མི་སྤྱིའི་ཚོར་སྣང་དང་མཐོང་ཐོས་ལས་བྱུང་བའི་སེམས་ཚོར་ཞིག་ལས་མ་འདས་པས་བསམ་འཆར་གང་ཡང་མེད་ན་ཡང།
    སྐུ་ཉིད་ཕ་ཡུལ་གངས་ལྗོང་དང་མི་ཉག་གཙོ་པའི་ཡུལ་གྲུ་གང་མང་ཞིག་ནང་ཆེད་
    བསྐྱོད་བྱས་པ་ནི།
    གོ་སྐབས་བཟང་པོ་ཞིག་དང་དམིགས་ཡུལ་ངེས་ཅན་གཅིག་ཡོད་པ་ཤེས་ཡོན་ཅན་་མི་སྣ་ཀུན་དང་མཚུངས་ངེས་རེད།དེར་བརྟེན་སྐུ་ཉིད་ཀྱི་ཚོར་སྣང་ལ་གཞིགས་ན་
    ཁམས་མི་ཉག་ཡུལ་གྲུ་ཁག་ལ་ཕ་མས་ནས་གནས་སྡོད་བྱེད་བཞིན་པ་དང་ལྷག་པར་དུ་གཞོན་སྐྱེས་ཚོས་བོད་དོན་ལ་དོ་སྣང་གང་འདྲ་འདུག། སྐུ་ཉིད་ཀྱིས་འགྲོ་གཞོར་དུ་བོད་ཀྱི་རྩ་དོན་ལ་ཕན་པའི་ཁ་བརྡ་དང་གོང་ས་མཆོག་གིས་དགོངས་དོན་གང་ཡིན་དང་མ་འོང་ལངས་ཕྱོགས་གང་ཡོད་བཅས་གཞིར་བཟུང་
    གིས་བསླབ་བྱ་དང་འབྲེལ་བའི་གཏམ་བཤད་འདྲ་བྱས་ཡོད་དམ།བྱས་ཡོད་ན་ཁྱེད་རང་གིས་དྲང་བདེན་གྱི་གཏམ་བཤད་ལ་མི་རྣམས་ལ་ཚོར་གང་འདྲ་འདུག།
    ཁམས་མི་ཉག་ལ་མཚོན་ན་ལོ་15་དང་20་ནང་ཚུད་བོད་རྒྱ་བར་རྙོག་འཛིང་གི་དྲ་བརྒྱ་ལས་གྲོལ་ཐབས་མ་བྱུང་ཚེ་འགྱུར་འགྲོ་དང་འཕེལ་འགྲིབ་སོགས་ཇི་འདྲ་ཞིག་ཆགས་སམ།་ཚོར་སྣང་ལ་གཞིགས་ཏེ་ལན་གནང་ཐུབ་ན་དགེ་མཚན་གྱི་མེ་ཏོག་ཞིག་ཡོད་ན་ཐང

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese