མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་ ༤ ཡི་ཚོཊ་ཁང་ཉོ་འཆར།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་རུ་ཚོགས་དང་ཁ་གཏད་བྱེད་མཁན་གྱི་མི་སྣ་ཚོ་རྒྱ་ཕྱོགས་སུ་འགུག་ཐབས་བྱ་རྒྱུ། ཀླད་རྙིང་མཁྲེགས་བཟུང་གིས་ཏཱ་ལའི་རུ་ཚོགས་ཀྱི་རྗེས་འབྲངས་པ་དང་། ཏཱ་ལའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་ཚོའི་འགུལ་སྐྱོད་ལ་མྱུལ་ཞིབ་བྱས་ཏེ་ཁོང་ཚོའི་ནུས་པ་རྩ་མེད་བཟོ་རྒྱུ། ཏཱ་ལའི་རུ་ཚོགས་ལ་མཐོང་ཚུལ་ཡོད་པའི་མི་ཚོར་ལྐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཏེ། རྒྱབ་འགལ་གྱི་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ཨ་རིར་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཚེས་ ༡ ཉིན་ཨ་རིའི་དོན་གཅོད་ཁང་དུ་ཨ་རི་ཁུལ་གྱི་སྐུ་ཚབ་འཐུས་མིའི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། དེ་ནི་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སྒེར་ལ་དབང་བའི་ཚོགས་ཁང་ཞིག་ཉོ་རྒྱུའི་སྐོར་ཡིན་འདུག ཚོགས་འདུ་དེའི་སྟེང་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་ཚོགས་པ་ ༢༠ ཙམ་གྱི་ཚོགས་གཙོ་དང་། དྲུང་ཆེ། དེ་བཞིན་ནེའུ་ཡོག་དང་ནེའུ་ཇར་སཱེ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བཅས་ཐུན་མོང་གི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཁྱོན་བསྡོམས་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་ ༦༠ ཙམ་མཉམ་ཞུགས་བྱས་འདུག ཚོགས་འདུའི་སྐུ་མགྲོན་གཙོ་བོར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ཕེབས་ཡོད་འདུག  

 

སྐབས་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས། ནེའུ་ཡོག་དང་ནེའུ་ཇར་སཱེ་ས་ཁུལ་ནི་བྱང་ཨ་རིའི་ནང་གི་བོད་མི་འདུས་སྡོད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཡང་། ཚོགས་པ་སྒེར་ལ་ཚོགས་ཁང་མེད་པར་ག་དུས་ཡིན་རུང་གཞན་ལ་གཡར་དགོས་དུས་འགྲོ་སོང་གི་དཀའ་ངལ་ཆེན་པོ་ཡོད་པ་རེད། ད་ཆར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཨ་སྒོར་ས་ཡ་བཞི་ ༤༠༠༠༠༠༠ ཙམ་གྱི་ཚོགས་ཁང་གསར་པ་ཞིག་ཉོ་རྒྱུར་ཁང་བདག་དང་སྐད་ཆ་བཤད་ཀྱིན་ཡོད། ཚོགས་ཁང་ནི་མང་ཚོགས་ཀྱི་ཆེད་དུ་བེད་སྤྱོད་བྱ་རྒྱུའི་སྤྱི་པའི་ཁང་པ་ཞིག་ཡིན་སྟབས། མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་དང་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་མེད་ན། ཚོགས་ཁང་གསར་པ་ཉོ་རྒྱུ་ནི་སྟོང་བཤད་ཙམ་ཡིན་པས། ཚོགས་ཁང་ཉོ་བར་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་བོད་རིགས་མང་ཚོགས་ལ་བརྒྱུད་སྐུལ་བྱས་ཏེ་རོགས་རམ་ཡོང་བའི་རེ་བ་ཡོད། ཅེས་དང་། ཡང་ཁོང་གིས་མུ་མཐུད་དེ་གསུངས་དོན། ཚོགས་ཁང་ཉོ་བྱེད་ཀྱི་སྒོར་མོའི་ཞལ་འདེབས་བསྡུ་ཕྱོགས་དང་། བུ་ལོན་གཡར་ཕྱོགས། ཚོགས་ཁང་ཇི་ལྟར་བེད་སྤྱོད་གཏོང་རྒྱུ་བཅས་ཀྱི་ཐད། མ་འོངས་པའི་ཟླ་ཤས་ནང་རིམ་པས་ངོ་སྤྲོད་དང་གསལ་བཤད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

སྐབས་དེར་ཁོང་གིས་བོད་པའི་མཐུན་ལམ་སྐོར་གསུངས་དོན། ཉིན་ཤས་གོང་རྒྱ་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགལ་ཟླ་བཀོལ་སྤྱོད་བྱ་རྒྱུ་དང་། བཙན་བྱོལ་བོད་མིའི་ཁྲོད་ཀྱི་མི་རབས་གཉིས་པ་དང་མི་རབས་གསུམ་པའི་ཡིད་སེམས་འགུག་ཐབས་བྱ་རྒྱུ། ཏཱ་ལའི་རུ་ཚོགས་དང་ཁ་གཏད་བྱེད་མཁན་གྱི་མི་སྣ་ཚོ་རྒྱ་ཕྱོགས་སུ་འགུག་ཐབས་བྱ་རྒྱུ། ཀླད་རྙིང་མཁྲེགས་བཟུང་གིས་ཏཱ་ལའི་རུ་ཚོགས་ཀྱི་རྗེས་འབྲངས་པ་དང་། ཏཱ་ལའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་ཚོའི་འགུལ་སྐྱོད་ལ་མྱུལ་ཞིབ་བྱས་ཏེ་ཁོང་ཚོའི་ནུས་པ་རྩ་མེད་བཟོ་རྒྱུ། ཏཱ་ལའི་རུ་ཚོགས་ལ་མཐོང་ཚུལ་ཡོད་པའི་མི་ཚོར་ལྐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཏེ། རྒྱབ་འགལ་གྱི་ནུས་པ་ཆེ་རུ་གཏོང་དགོས་ཟེར་བའི་དོན་ཚན་ ༨ ཅན་གྱི་རྩོམ་ཡིག་ཅིག་བཀོད་འདུག དེར་བརྟེན། རྒྱ་གཞུང་གི་ངན་སེམས་དེ་ང་ཚོས་དེ་རིང་གསར་དུ་གོ་བ་ཞིག་མིན་ཡང་། ཡོངས་གྲགས་ཐོག་སྤེལ་བའི་གནས་ཚུལ་དེས་ང་ཚོར་གཟབ་གཟབ་བྱ་དགོས་པའི་དྲན་སྐུལ་ཞིག་བཏང་ཡོད་པ་རེད། དེ་རིང་འདིར་ཕེབས་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། དྲུང་ཆེ་ཚོས་མང་ཚོགས་ལ་སྔར་ལས་དོགས་ཟོན་དགོས་པའི་ནན་སྐུལ་བྱེད་རོགས། ཞེས་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 18

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    ཐུགས་བསམ་ཡག་པོ་བཞེས་གདོས།
    དེང་སང་དཔལ་འབྱོར་འདུ་འགོད་བྱེད་སྟངས་ལ་ཧ་ལས་པའི་མཁས་པོ་རེད།
    ལྷག་པར་དུ་ཨ་རིའི་ནང་དུ་༧གོང་ས་༧་མཆོག་གི་ཅིག་ཅིག་མིག་མིག་ཅེས་བཤད་ནས་ཚོགས་ཁང་དང་ཚོགས་པ་ལས་ཁུང་དཔེ་མདྷོད་ལས་སོགས་མང་པོ་འདུག
    འིོན་ཀྱང་མཐའ་མར་མི་སྒེར་བདག་ལ་དབང་པ་ཡང་མང་པོ་ཞིག་འདུག
    དེ་དུས་བློ་འགྱོད་མེད་པ་ཞིག་བྱེད་དགོས།
    དཔེར་ན།
    ནུབ་བྱང་བོད་ཀྱི་རིགས་གཞུང་ཞེས་པ་ཞིག་ཨ་རིའི་ནུབ་ཕྱོགས་པོ་ལནཌ་ཨོར་འགན་ཞེས་པ་རུ་དེ་སྔོན་༧གོང་ས་༧་མཆོག་དེར་གདན་འདྲེན་ཞུས་ཏེ་བྱུང་དངུལ་ཐམས་ཅད་དེ་ལ་གནང་འདུག
    རྗེས་སུ་དགེ་བཤེས་ཤིག་གདན་འདྲེན་ཞུས་ཏེ་ཡུན་རིང་བཞུགས་ནས་མཐར་རྙོག་ཁྲ་ཅགས་ཏེ་དགེ་བཤེས་ཁོང་ཀྱང་དེར་མ་བཞུགས་ནས་ཕེབས་སོང་པ་རེད།
    དེ་འདྲ་བ་མང་པོ་འདུག

    Reply
  2. གངས་ཕྲུག་བཀྲ་ཤིས། says:
    ལོ་ 15 སྔོན།

    ལས་གཞི་དེ་དངོས་མ་ཡག་པོ་འདུག་ལ་བོད་པ་ཚོས་དངུལ་གྱིས་རང་ནུས་གང་ལྕོགས་ཀྱིས་ཞལ་འདེབས་གནང་རོགས།
    བོད་པའི་སྤྱི་ཚོགས་འདི་གང་མ་ཉན་ནམ་རྒྱུན་ལས་ཀ་གསར་པ་ཞིག་སླེབས་མ་ཐག་ངོ་རྒོལ་གང་བྱུང་བྱ་རྒྱུ་ཞིག་ལོབ་འདུག
    ཞིབ་འཇུག་ཡག་པོ་གནང་ནས་སྐད་ཆ་བཤད་རོགས་དྲ་གྲོགས་ཚོ་ཨེ་གོ་ཐལ།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    མདོར་བསྡུས་ནས་བཤད་ན་
    ་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སྒེར་ལ་དབང་བའི་ཚོགས་ཁང་ཞིག་ཉོ་རྒྱུ་དེ་རེད
    དེས་ན་ཚོགས་པ་དེའི་ངོ་བོ་དང་བྱ་བ་སོགས་ཅི་འདྲ་རེད
    ཚོགས་ཁང་གལ་ཆེན་ཡིན་རྒྱུ་རེད་ འོན་ཀྱང་།་ར་མ་ལུག་གིའི་ཚོགས་ཁང་ལས་
    ར་དང་ལུག་གང་ཡིན་ཐག་བཅོད་སས་གཤགས་བཅོས་ཁང་ཞིག་ཉོས་ན་མི་བཟང་ངམ།

    Reply
  4. ཐོ་རེངས། says:
    ལོ་ 15 སྔོན།

    ཁ་བྱང་ལ་བལྟས་ན་ཚོང་ཁང་ཡིན་མདོག རྒྱུ་མཚན་ལ་བལྟས་ན་ཚོགས་ཁང་ཡིན་མདོག་འདྲ་བོ་འདུག གང་ལྟར་ཡང་དོན་བདག་ཆེན་པོ་གོ་རྒྱུ་མེད་པ་འདྲ། དེ་ལས་བོད་ཀྱི་སྐད་ཡིག་གི་འཛིན་གྲྭ་ཞིག་བཙུགས་ན་མི་ལེགས་སམ། རྒྱ་བལ་གྱི་བོད་པ་ཚོ་མ་གཞི་བོད་ཀྱི་སྐད་ཡིག་ཞན་པའི་ཐོག ཁོང་ཚོའི་བུ་ཕྲུག་ཚོ་དེ་ལས་ཀྱང་བོད་ཀྱི་སྐད་ཡིག་ཕྱོགས་ནས་ཧ་ཅིང་ཞན་པོ་རེད། མི་རིགས་ཞིག་གི་སྐད་ཡིག་བོད་བ་དང་མི་རིགས་ངོ་བོ་དོར་བ་གཅིག་མཚུངས་རེད།

    Reply
  5. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཁ་བྱང་ལ་བལྟས་ན་ཚོགས་ཀང་གསར་བ་ཞིག་རྒྱག་གི་ཡོད་བཟོ་འདུག ནང་དོན་ལ་བལྟས་ན་ཚོགས་ཁང་ཞིག་ཉོ་རྒྱུ་ཡིན་པ་འདྲ། གཅིག་གསར་བ་རྒྱག་གི་ཡོད་པ་འདྲ། གཞན་ཞིག་ཉོ་གི་ཡོད་པ་འདྲ། ད་འཐོམས་སོང་།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཚོགས་ཁང་གལ་ཆེན་པོ་ཡིན་རྒྱུ་རེད།དེ་ལས་བོད་མི་མང་པོ་མཉམ་སྡོད་བྱ་སའི་ས་ཆེན་ཞིག་ཨེ་རག་བལྟ་རྒྱུ་དེ་གལ་ཆེན་པོ་ཞིག་མ་རེད་པས།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱ་ཚང་གིས་སྐད་ཆ་དེ་གསར་པ་གལ་མ་རེད་ལ་ཁོ་ཚོས་ལས་འགུལ་སྤེལ་རྒྱུ་ཟེར་བ་དེ་ཡང་རྙིང་པ་ཞིག་རེད།ཡིན་ནའང་ང་ཚོའི་སྤྱི་ཚོགས་དྲན་བསྐུལ་ཞིག་ཡིན་པའི་དེ་ལ་མི་ཆེན་བླ་ཆེན་ཚོའི་གཟབ་ན་ཡག་པོ་ཡོད་རེད།གང་ལ་ཟེར་ན་མི་སེར་ཉམས་ཆུང་ཞིག་གི་ལེན་བསམ་རུང་རྒྱ་ཚང་གི་སྤྲད་ལེ་མ་རེད།
    རྒྱ་དཔོན་དེ་ཚོ་ཞི་བདེ་ལ་མི་དགའ་བ་དེ་གལ་སྲིད་ཞི་བདེ་དང་དམངས་གཙོ་བྱུང་ན་ཁོང་ཚོས་ལས་ཀ་ཤོར་སྲིད་པའི་དོགས་པ་དང་ད་དུང་དེ་ལས་སྡུག་ཅིག་བྱུང་ན་རང་སྲོག་ཀྱང་ཤོར་སྲིད་དྲན་ནས་སྲིད་དབང་སྒེར་འཛིན་བྱེད་རྒྱུ་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་ཡོད་པ་རེད།

    Reply
  8. དྲང་སྲོང་། says:
    ལོ་ 15 སྔོན།

    ཡ་ཡ་ ཡང་གཡོ་རྒྱུའི་སྒོ་ནས་བོད་རིགས་སྤྱི་ཚོགས་ཚོས་ལག་ནས་དངུལ་བསྡུ་ཐབས་བྱེད་རྒྱུ་དེ་རེད། དོན་དངོས་གནས་བཤད་ན་ང་ཚོ་མང་ཚོགས་ལ་ཕ་ཐོག་རྡུལ་ཙམ་མེད་བོད་མིའི་ཀྱི་གཞུང་ཚབ་ཞིག་ཨ་རིའི་ནང་ལོག་ལ་ཡོད་ཡ། གལ་ཆེ་བས་དུས་སུ་རོགས་རམ་ཕར་ཞོག་རང་གིས་ལས་ག་ཡག་པོ་ཞིག་རག་ན་དེ་ལ་ཕྲག་དོག་བྱེད་མཁན་ཞིག་རེད།
    ཨ་སྒོར་ས་ཡ་བཞི་ཙམ་གྱིས་མི་ཚང་ཞིག་ལ་ཁང་ཆུང་ཞིག་ཁུག་སྲིད། དེ་བོད་མི་ཁྲི་ཚོ་གཅིག་གི་འདུ་ཁང་རེད་ཟེར་ན་སུ་ཞིག་ཡིད་སྟོན།

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་གསལ་སྒྲགས་མ་བྱས་གོང་ང་ཚོའི་སྤྱི་ཚོགས་ནང་འགོ་བརྩམ་འདུག མི་རབས་གསར་པ་དང་མི་རབས་རྙིང་པ། ད་དུང་སྐུ་དྲག་དབང་འཛིན་གྱི་དུས་ཚོད་རྫོགས་ཚར་ཀྱང་ཨུ་ཚུགས་ཀྱིས་མི་སེར་དཀྱུས་མའི་བཀའ་ཁྲི་ཞིག་དགོས་ཚུལ་སོགས་ཐ་སྙད་སྙིང་རྗེ་པོ་རེ་བཏགས་ཏེ་རྒྱ་གཞུང་གི་དམིགས་ཡུལ་དང་མངོན་འདོད་འགྲུབ་ཀྱིན་འདུག ད་གསལ་སྒྲགས་མཐོང་དུས་མ་འགྱོད།

    Reply
  10. ཀུན་རྟོགས་རི་མོ། says:
    ལོ་ 15 སྔོན།

    རང་ཅག་བོད་མི་ཡོངས་ཀྱིས་སྔར་ལས་ཐུགས་གཟབ་གང་ལེགས་སྒོ་ནས་མཐུན་སྒྲིལ་ལ་འབད་དགོས་ངེས་རེད།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སུའི་མཇོན་ན་སུའི་དབང་བསྦྱུར་བྱེད་རྒྱུ་ཡིན་པ་ཆོས་ཉིད་རེད།
    དེ་ལ་ཨག་སྐད་རྒྱག་དགོས་དོན་གང་ཡང་མི་འདུག
    གནད་དོན་དེ་བཀྲིས་པ་ཞིག་ཡོང་དགོས་པ་རེད།

    Reply
  12. ནད་པ says:
    ལོ་ 15 སྔོན།

    བྱང་ཨ་རིའི་སྐུ་ཚབ་བློ་བཟང་སྙན་གྲགས་མཆོག་གི་གཙོས་པའི་ཚོགས་པ་ཉི་ཤུ་ཙམ་གྱིས་མགོ་འཁྲིད་རྣམས་ཀྱིས་འཚོགས་འདུ་ཞིག་སྐོང་ཚོགས་གནང་ཐུབ་པར་དགའ་སྤྲོ་ཆེ།

    ཚོགས་ཁང་གཅིག་པུ་རྒྱག་རྒྱུའི་ཆེད་དུ་ཨ་སྒོར་ས་ཡ་བཞི་ཙམ་གྱི་ལས་གཞི་ལས་མེད་ན་ཅུང་ཟད་སྐྱོན་ཆ་ཞིག་འདུག་སྙམ།

    ཁུལ་དེར་བོད་རིགས་སྤྱི་མཐུན་ཚོགས་ཁང་ཆེན་མོ་ངེས་པར་དགོས་གལ་ཆེན་པོ་རེད། ཡིནནའང་ང་ཚོས་ལས་གཞི་དེ་འདྲ་མ་བརྩམ་པའི་སྔོན་ནས་འཆར་གཞི་ཡག་པོ་ཞིག་དགོས།

    དང་པོ་ས་ཆའི་ཆགས་བབ་ལ་བལྟ་བ་དང་། གཉིས་པ་ས་ཆའི་གཞི་ཁྱོན་ལ་བལྟ་བ།གསུམ་པ་གོང་ཚད་ལ་བལྟ་བ། བཞི་པ་ང་ཚོའི་གནད་བབ་ལ་བལྟ་བ་བཅས་དགོས་ཀྱི་རེད།

    དེ་ཡང་ཚོགས་ཁང་ཆེན་མོ་རྒྱག་དགོས་ན་རིག་གཞུང་དང་། ཤེས་ཡོན། འཚོང་ལས། འདུ་འཛོམས། བོད་པའི་དགོས་མཁོ། ཟ་འཐུང་ཁང་། དཔེ་ཀློག་ཁང་། སློབ་འཁྲིད་སོགས་ཆ་ཚང་ཡཡོད་པའི་བོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ཁོར་ཡུག་ཡོད་པའི་ཆ་རྐྱེན་ཞིག་བསྐྲུན་ཐུབ་པ་དགོས། དེ་དང་ཆབ་ཅིག་བོད་པའི་ཚོགས་ཁང་ཆེན་མོ་ཞིག་རྒྱག་ཐུབ་ན་ད་ལྟ་དང་འབྱུང་འགྱུར་ལ་ཁེ་བབ་དང་། ཕན་ཐོགས་ཧ་ཅང་གི་ཆེན་པོ་ཞིག་བསྐྲུན་ཐུབ་ཀྱི་རེད།

    དེ་མིན་ཚོགས་ཁང་གཅིག་པུས་དེ་ཙམ་གྱིས་ཕན་ཐོགས་བསྐྲུན་མི་ཐུབ།

    Reply
  13. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    ཕྱོགས་ཞེན་གྱི་བཟི་བའི་ང་ཚོ་ཉེན་ཁ་ཆེ།

    བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུའི་རིང་ལ་ང་ཚོས་ལས་དོན་གང་མང་ཞིག་ལ་ནུས་པ་ཐོན་པའི་ཕྱག་ལས་གནས་ཡོད་པ་སྨོས་མེད་རེད། འོན་ཀྱང་ཁྱབ་སྲིད་ཀྱི་ཐོག་ལ་ནུས་པ་གང་མཚམས་ཞིག་ཐོན་ཡོད་ཀྱང་གང་ལྟར་ད་དོང་ང་ཚོ་བཙན་བྱོལ་དུ་ལྷག་ཡོད་པ་རེད། ད་ལོ་༸གོང་ས་མཆོག་གིས་ཐུགས་ཕམ་དང་བཅས་ང་ཚོས་སྤྱི་འཐུས་དེ་ཚོ་ཡག་པོ་ཞིག་ཐོན་དགོས་ཀྱི་འདུག་ད་ལོ་ཞབས་འདྲེན་ཞེས་སོང་ང་གདན་ས་དེ་ཚོས་ནང་གཟབ་གཟབ་བྱེད་དགོས་ཀྱི་འདུག ཕྱོགས་ཞེན་གྱི་དབང་དུ་མ་སོང་པར་མགོ་ཚོས་པ་བྱོས་ཞེས་བཀའ་གནང་ཡོད་ཚུལ་འདུག ཡིན་ཡང་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་དགེ་སློང་ཟེར་བའི་གྲྭ་བ་ཞིག་གིས་སྣེ་ཁྲིད་དེ་མདོ་སྟོང་ལ་ཤ་ཚ་ཡོད་ཁུལ་ཀྱིས་ཁང་ཚན་ནང་ཁུལ་གྱི་གྲྭ་མང་ལ་བསྐུལ་སློང་བྱས་ཏེ་ཀརྨ་ཆོས་འཕེལ་ཆོས་རྒྱུད་བཀའ་བརྒྱུད་ཡིན་ཀྱང་དགེ་ལུགས་པའི་སྤྱི་འཐུས་སུ་འོས་འཕངས་ཡོད་ཚུལ་འདུག མོན་གྷོ་ཕྱོགས་སུ་ཁྱབ་བསྒྲགས་བྱས་དེ་ནུས་པ་གང་མཚམས་ཐོན་ཡོད་ཚུལ་འདུག འདི་ནི་རི་བོ་དགེ་ལུགས་པའི་ཞབས་འདྲེན་ཞིག་དང་། མཐོང་ཆུང་ཞིག་ཡིན་ཀྱང་ཡིན་པར་མ་ཟད་མང་གཙོའི་ཁེ་དབང་ལུངས་སུ་སྤྱོད་མ་ཤེས་པར་ལོགས་ལམ་དུ་སོང་བ་ཞིག་ཀྱང་རེད། གདན་སའི་ཁང་ཚན་ཁ་ཤེས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དེ་སྣང་མེད་དུ་བཞག་པ་ཙམ་དུ་མ་ཟད་ཆོས་རྒྱུད་མི་གཅིག་པའི་ར་བཟུ་ཞིག་དགེ་ལུགས་སྤྱི་འཐུས་ལ་འདེབས་པ་དང་བློ་བཟང་སེང་གེ་དང་རྒྱ་རི་སྒྲོན་གཉིས་གང་རུང་ཞིག་བཀའ་བློན་ཁྲི་བ་ལ་འདེམས་དགོས་ཚུལ་གྱི་ཡིག་ཆ་བཟོས་དེ་ཁང་ཚན་རང་གི་མིང་ཐོག་ནས་གྲྭ་མང་ལ་ཡིག་ཆ་འགྲེམས་སྤེལ་བྱས་འདུག ཡང་ཁ་ཤེས་ཀྱི་སྒྲོན་མ་མཚོ་མོ་སྤྱི་འཐུས་ནང་ཐོན་ཡོང་ན་དཀོན་མཆོག་ཆོས་སྒྲོན་ང་ཚོས་སྤྱི་འཐུས་ལ་འོས་མ་འཐེན་ན་མོ་རང་སྙིང་རྗེ་ཞེས་བཤད་ཡོད་ཚུལ་འདུག ཡང་ས་ཕྱོགས་གཞན་ཞིག་ཏུ། ཨོ་རྒྱན་སྟོབ་རྒྱལ་ཟེར་བ་ཞིག་གིས་ང་ཚོ་ལ་སྒོར་མོ་ཞིག་ཡོང་གི་ཡོད་པ་རྒྱ་རི་སྒྲོན་མ་བརྒྱུད་ནས་ཡོང་གི་ཡོད་པ་རེད། དེ་ལ་ཡང་བསམ་བློ་ཞིག་གཏོང་དགོས་ཚུལ་བཤད་དེ་བློ་བཟང་སེང་གེ་དེ་གར་བགྲོ་གླེང་བྱེད་རྒྱུའི་གོ་སྒྲིག་བྱེད་རྒྱུའི་དགོངས་པ་ཐོབ་མེད་ཚུལ་འདུག ཕྱོགས་གཞན་ཞིག་ནས་ཀརྨ་ཆོས་འཕེལ་དབུས་གཙང་གི་སྤྱི་འཐུས་ཤོར་རྒྱུ་ཉག་གཅིག་ཡིན་པས་བཀའ་བརྒྱུད་པའི་སྤྱི་འཐུས་ལ་འདེམས་དགོས་ཚུལ་བཤད་དེ་བཀའ་བརྒྱུད་པའི་སྤྱི་འཐུས་ལ་འདེམས་ཡོད་ཚུལ་འདུག གནས་ཚུལ་འདི་རིགས་ཀྱིས་སྔོན་གྱི་སྤྱི་འཐུས་ཀྱི་ནད་རྙིང་ཡང་སྐྱོར་སྤྱི་ཚོགས་ནང་དང་སྤྱི་འཐུས་ནང་ཡོངས་རྒྱུའི་གྲ་སྒྲིགས་འང་གསར་བྱེད་བཞིན་པ་རེད། ང་ཚོས་འདི་ལྟར་བསྟན་སྲིད་བློས་བཏང་ནས་ཕྱོགས་ཞེན་གྱིས་དབང་དུ་འགྲོ་རྒྱུ་ཡིན་ནམ།
    ང་ཚོ་འདི་ལྟར་ཉེན་ཁའི་ཕྱོགས་སུ་འགྲོ་ཞིན་ཡོད། གཤམ་གསལ་ལ་ལ་ལྟོས་དང་། སྐབས་དེར་ཁོང་གིས་བོད་པའི་མཐུན་ལམ་སྐོར་གསུངས་དོན། ཉིན་ཤས་གོང་རྒྱ་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགལ་ཟླ་བཀོལ་སྤྱོད་བྱ་རྒྱུ་དང་། བཙན་བྱོལ་བོད་མིའི་ཁྲོད་ཀྱི་མི་རབས་གཉིས་པ་དང་མི་རབས་གསུམ་པའི་ཡིད་སེམས་འགུག་ཐབས་བྱ་རྒྱུ། ཏཱ་ལའི་རུ་ཚོགས་དང་ཁ་གཏད་བྱེད་མཁན་གྱི་མི་སྣ་ཚོ་རྒྱ་ཕྱོགས་སུ་འགུག་ཐབས་བྱ་རྒྱུ། ཀླད་རྙིང་མཁྲེགས་བཟུང་གིས་ཏཱ་ལའི་རུ་ཚོགས་ཀྱི་རྗེས་འབྲངས་པ་དང་། ཏཱ་ལའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་ཚོའི་འགུལ་སྐྱོད་ལ་མྱུལ་ཞིབ་བྱས་ཏེ་ཁོང་ཚོའི་ནུས་པ་རྩ་མེད་བཟོ་རྒྱུ། ཏཱ་ལའི་རུ་ཚོགས་ལ་མཐོང་ཚུལ་ཡོད་པའི་མི་ཚོར་ལྐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཏེ། རྒྱབ་འགལ་གྱི་ནུས་པ་ཆེ་རུ་གཏོང་དགོས་ཟེར་བའི་དོན་ཚན་ ༨ ཅན་གྱི་རྩོམ་ཡིག་ཅིག་བཀོད་འདུག དེར་བརྟེན། རྒྱ་གཞུང་གི་ངན་སེམས་དེ་ང་ཚོས་དེ་རིང་གསར་དུ་གོ་བ་ཞིག་མིན་ཡང་། ཡོངས་གྲགས་ཐོག་སྤེལ་བའི་གནས་ཚུལ་དེས་ང་ཚོར་གཟབ་གཟབ་བྱ་དགོས་པའི་དྲན་སྐུལ་ཞིག་བཏང་ཡོད་པ་རེད། དེ་རིང་འདིར་ཕེབས་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། དྲུང་ཆེ་ཚོས་མང་ཚོགས་ལ་སྔར་ལས་དོགས་ཟོན་དགོས་པའི་ནན་སྐུལ་བྱེད་རོགས། ཞེས་བརྗོད་ཡོད་ཞེས་པའི་གོ་གསལ་ལ་ལྟོས་དང་ཞབས་འདྲེན་ཞུ་དྲོ་འདུག་ག།

    Reply
  14. མངའ་རིས་བུ། says:
    ལོ་ 15 སྔོན།

    ཡང་དགེ་བཤེས་ཤིག་གིས་དབང་བསྒྱུར་བྱེད་རྒྱུ་ཉག་གཅིག་རེད།

    Reply
  15. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    རྒྱ་གཞུང་འདི་དྲང་བདེན་དང་ཞི་བདེ་ལ་སྡང་དྲག་པ་ལས་༸་གོང་ས་མཆོག་ལ་སྐྲག་གི་ཡོད་པ་ལས། དོན་དམ་གྱི་དྲང་བདེན་དང་ཞི་བདེ་ལ་དགའ་མཁན་ཞིག་ཡིན་ན་༸གོང་ས་མཆོག་ནི་མེད་ཐབས་མེད་པའི་གྲོགས་མཆོག་ཅིག་ཡིན་ངེས། དེ་ལས་རྒྱ་གཞུང་དང་བོད་མི་མང་ཡོངས་ཀྱིས་དོགས་ཟོན་བྱ་དགོས་ས་ནི་ཁ་བདེ་ལྕེ་བདེའི་བླ་མ་དང་དཔོན་པ་དག་རེད།

    Reply
  16. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཚོས་སེམས་ཆུང་མ་བྱས་ན་རྒྱ་གཞུང་གི་འདོད་དོན་དེ་འགྲུབ་པར་དཀའ་ཚེགས་མེད། ང་ཚོའི་མི་རིགས་འདི་ཆོས་པའི་རྣམ་འགྱུར་ཙམ་གཙུགས་སུ་བཟུང་ནས་ལས་ཀ་གང་ལའང་བླང་དོར་མེད་པར་འཇུག་སླ་བ་ཞིག་དང་། དཀའ་ལས་བྱེད་མི་དགོས་པར་ཕྱུག་པོ་ཆགས་ན་འདོད་མཁན་ཞིག་ཡིན་སྟབས་རྒྱ་གཞུང་གིས་བེད་སྤྱོད་བྱེད་ཆོག་ཆོག་ཅིག་ཡོད།

    Reply
  17. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་མཛད་པ་འཕྲིན་ལས་རྒྱས་ན་དེ་ལ་ཟུར་ཟ་དང་དགག་འཆན་ཆར་པ་བབ་བབ་དང། རང་རེ་སྤུན་ཟླ་ཞིག་གིས་བྱས་རྗེས་བརྗོད་ན་དེ་ལ་རྣབ་སེམས་དང་འགག་འཆན་གློག་དམར་ཁྱུག་ཁྱུག་སྤེལ་གྱི་རེད། འོ་ན་ལྷན་རྒྱས་ལ་གོང་གི་རྒྱ་གུང་ཁྲན་གྱིས་སྤེལ་བའི་གཏམ་འཆལ་དེའི་ཐད་བསམ་ཚུལ་དང་འཆན་བུ་མེད་དོན་གང་ཡིན་ནམ།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    ལས་གཞི་འདི་ཤིན་ཏུ་ལེགས་པར་མཐོང་སོང་། ཡིན་ནའང་རང་རེའི་མི་རིགས་ལ་ཕན་པའི་ལས་གཞི་འདི་ལ་བོད་གཞུང་ནས་ཀྱང་རོགས་སྐྱོར་ཞིག་ཡོད་ན་ལེགས།

    ཨ་རི་ནས་ས་འཛིན་གྱི་དང་བོ་ལྟ་བུར་ཁང་བ་དེ་འདྲ་ཞིག་ངེས་པར་དུ་མཁོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese