མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉམས་མྱོང་ཅན་མང་པོ་ཡོད། – བར་ཞི་ངག་དབང་།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལ་ཉམས་མྱོང་གིས་ཕན་ན་མང་པོ་ཡོད།

བར་ཞི་ངག་དབང་།

ཤེས་རིག་བཀའ་བློན་ལས་རོགས་ཟུར་པ། (ཁེ་ན་ཊ)

བོད་བྱེས་གཞུང་གི་སྲིད་ཀྱི་མགོ་འཁྲིད་འགན་འཁུར་བྱེད་པོ་བཀའ་བློན་ཁྲི་པའི་འོས་འདེམས་ལྔ་ཚན་གསུམ་པ་རིང་མིན་འཆར་ལ་ཉེ་བའི་དུས་ཚོད་འདི་ནི་བོད་རིགས་རྣམས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། དེ་ཡང་གང་ཟག་ཁྱད་ཆོས་ཡོན་ཏན་གང་འདྲ་ཡོད་པ་ཞིག་འདེམས་དགོས་ཞེ་ན། ཆ་རྐྱེན་ཨང་དང་པོ། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་ཐར་སོན་གྱི་ལག་འཁྱེར་ཡོད་པ། གཉིས་པ། བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ། ལྷག་བསམ་ཡོད་པ། གསུམ་པ། རང་དོན་བློས་བཏང་གིས་བོད་མི་རིགས་དང་། བསྟན་པ་ཆབ་སྲིད་ཀྱི་དོན་དུ་དཀའ་བ་སྤྱོད་ཐུབ་པའི་སྙིང་སྟོབས་ཅན་གྱི་གང་ཟག་ཅིག་འདེམས་དགོས་སྟབས། དེ་ལྟ་བུའི་ཁྱད་ཆོས་ཚང་བའི་གང་ཟག་ཅིག་ད་ལྟའི་འོས་མིའི་ཁོངས་སུ་མཁས་དབང་བློ་བཟང་སེངྒེ་གཅིག་པུ་ལས་མ་མཐོང་།

 

ང་རང་སྒེར་ངོས་ནས་ཁོང་ལ་ད་བར་ངོ་ཤེས་འགྲོག་འདྲིས་སོགས་རྩ་བ་ནས་མེད་ཀྱང་། ཁོང་ཆུང་དུས་རྒྱ་གར་ནང་སློབ་སྤྱོང་བྱེད་སྐབས་ཐེ་ཝན་སོ་པ་བཅོ་ལྔ་ཚེ་རིང་སྐོར། ཁོང་གིས་བོད་ཞེན་ཆེན་པོས་ལས་ཀ་བྱས་པའི་ལོ་རྒྱུས་སྐབས་དེའི་གསར་འགྱུར་ནང་འཁོད་པ་དང་། དེ་རྗེས་སྔ་ལོ་ངྷ་ས་བཞུགས་སྒར་དུ་བོད་མིའི་ཚོགས་ཆེན་སྐབས། ཁོང་གིས་མི་དམངས་ལ་གསུངས་བཤད་གནང་བའི་འོད་སྡེར་ཞིག་བཅས་ཕྲན་ནས་དངོས་སུ་མཐོང་བྱུང་བའི་ནང་། ཁོང་གིས་ད་བར་བོད་ནང་དང་། ཕྱི་རྒྱལ་ཁག་ཏུ་བོད་དོན་ལ་དོ་སྣང་སེམས་འཁུར་ཇི་འདྲ་བྱས་དང་། ད་ལྟའི་གནས་བབ་དང་བསྟུན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་གང་འདྲ་འཚོལ་བ། འཛམ་གླིང་གི་ལོ་རྒྱུས་དང་ཁྲིམས་ལུགས། སྲིད་དོན་གྱི་གནས་ལུགས་མང་པོ་ཞིག་ལ་གོམས་འདྲིས་ཉམས་མྱོང་སོགས་ཁྱོན་ཡོངས་ལ་གཞིགས་ན། བོད་དོན་ལ་ཤ་ཞེན་དང་ལྷག་བསམ་གཡོ་བ་མེད་མཁན་ཞིག་ཡིན་པར་ཡིད་ཆེས་བྱེད་ཆོག་སྟབས། ད་ལམ་བཀའ་བློན་ཁྲི་པ་འདེམས་ཐེངས་གསུམ་པ་འདི་མཁས་དབང་བློ་བཟང་སེངྒེ་ལགས་ངེས་པར་འདེམས་དགོས་པར་མཐོང་སོང་།

 

ཁོང་བདམས་པ་ཡིན་ན། ༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་བསྒྲུབ་ཐུབ་པ་ནི། བཀའ་ཁྲི་འདེམས་ཐེངས་གཉིས་པར་ཟམ་གདོང་རིན་པོ་ཆེ་བསྐྱར་འདེམས་བྱུང་མ་ཐག་༸གོང་ས་མཆོག་གིས། ངའི་བསམ་པར་ད་ལམ་བོད་རིགས་གཞོན་ནུ་ཤེས་ཡོན་ཅན་ཞིག་གདམ་གྱི་རེད་བསམ་ཡང་། སྟབས་མ་ལེགས་པ་ཞིག་ལ་ཡང་བསྐྱར་བླ་རྒན་ཞིག་བདམས་འདུག ཅེས་བཀའ་ཕེབས་པ་གསར་དེབ་ནང་བཀོད་པ་མཐོང་བ་ལྟར། ཇ་རོ་ལྡད་སྐྱོར་བརྒྱབ་ན་དྲོ་བ་ཆུ་ལས་ཡོང་རྒྱུ་མེད་པ་དངོས་པོའི་རང་བཞིན་དང་། ཡང་འགའ་ཤས་ཀྱི་བསམ་པར་མཁས་དབང་བློ་བཟང་སེངྒེ་ད་བར་ངྷ་སའི་ལས་ཁུངས་ནང་ལས་ཀ་བྱས་པའི་ཉམས་མྱོང་མེད་ཚུལ་བསམ་གྱི་ཡོད་ཀྱང་། ངྷ་སའི་ལས་ཁུངས་ནང་དངོས་སུ་བཞུགས་པའི་ཉམས་མྱོང་གིས་བོད་དོན་ལ་ཕན་ན། དེ་སྔོན་བོད་རང་བཙན་ཡོད་པའི་སྐབས་ཀྱི་བོད་གཞུང་གི་ལས་བྱེད་རྣམས་ལ་བོད་གཞུང་ལས་ཁུངས་ཁག་ནང་དངོས་སུ་ལས་ཀ་བྱས་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཀྱང་། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པ་དང་། ལྷག་བསམ་སྙིང་སྟོབས་ཀྱི་ནུས་པས་མ་འདང་བའི་དབང་གིས་བོད་ས་རྒྱ་ལག་ཏུ་ཤོར་བ་སུས་ཀྱང་བསྙོན་དུ་མེད།

 

ད་བར་ལོ་ལྔ་ཚན་གཉིས་སྟོང་ཟད་དུ་སོང་ཟིན་ཞིང་། དེའི་སྟེང་ད་ལམ་ལྔ་ཚན་གསུམ་པ་འདི་ཡང་སྟོང་ཟད་དུ་བཏང་བ་ཡིན་ན། ལས་དོན་འདིའི་ཐོག་ཆོལ་གསུམ་བོད་མི་འབུམ་ཕྲག་མང་པོས་རང་གི་རྩ་ཆེའི་ཚེ་སྲོག་བློས་བཏང་དང་གཏོང་བཞིན་པ་རྣམས་དང་། དེ་བཞིན། ཆོལ་གསུམ་ཁ་གསུམ་གྱི་བོད་མི་འབུམ་ཕྲག་རྒྱ་དམར་གྱི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་བསམ་ཤེས་རྩ་བ་ནས་མ་གནང་བ་དང་། ༸གོང་ས་སྐྱབས་མགོན་ཆེན་པོས་སྐུ་ངལ་བརྒྱ་ཕྲག་མཛད་དེ། ཐུགས་རེ་ཆེན་པོ་གནང་བ་ཆུད་ཟོས་སུ་བཏང་བ་བཅས་ངོ་ཚ་ཁྲེལ་གཞུང་རྩ་བ་ནས་མེད་པའི་ནག་ཉེས་གསོག་གིན་ཡོད། དེར་བརྟེན། རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཁག་ཏུ་གནས་པའི་བོད་མི་ཚང་མས་གལ་ཆེའི་དུས་སྐབས་འདི་རྩ་ཆེའི་གཙིགས་འཛིན་བྱས་ཏེ། ད་ལམ་ཐེངས་གསུམ་པའི་བཀའ་བློན་ཁྲི་པ་དེ་འདེམས་སྟངས་མ་ནོར་བ་ཞིག་ཅིས་ཀྱང་གནང་རོགས། ཞེས་བྱེས་འཁོད་བོད་མི་ཚང་མར་གསལ་འདེབས་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༢ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 14

  1. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    འོ་ཡུག་འཁྱམ་པོའི་གཏམ་ལ་ལན་འདེབས་རིན་མེད་ཀྱང་དེ་རིང་མ་བཤད་རང་བཤད་དུ་གྱུར་སོང་།་་་་་་་རྒྱུ་མཚན་ནི་བློ་སེང་གིས་རྒྱུ་ནོར་ལྐོག་རྔན་གྱིས་བརྔན་ནས་རང་རིགས་ན་གཞོན་ཚོར་མགོ་འཁོར་གཏོང་བ་རེད་ལ་དེ་ནི་ཁོང་གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་གཞུང་དེ་མགོ་གཏིང་སློག་བསམ་པའི་བསམ་ངན་འཁྱེར་ཡོོད་པ་གསལ་གསལ་ཐིང་ཐིང་རེད། ཅེས་བཤད་འདུག་པས་བློ་སེང་ནི་རྒྱུ་ནོར་ལྐོག་རྔན་སྤྲོད་མཁན་ཞིག་དང་རྒྱབ་སྐྱོར་གཞོན་སྐྱེས་དག་ལྐོག་རྔན་ལེན་མཁན་ཞིག་དང་།་་་ད་དུང་བློ་སེང་བཙན་བྱོལ་བོད་གཞུང་དེ་མགོ་གཏིང་སློག་མཁན་ཞིག་ཡིན་ཚཱུལ་བཤད་འདུག་པས་ཏན་ཏན་ཁོ་ལ་ཁུངས་དང་ར་སྤྲོད།་་་་་་དཔང་རྟགས་གསལ་པོ་ཡོད་ངེས་རེད།་་་་་་་ཁྱེད་ཀྱིས་མི་མང་གི་འདུན་དུ་བསལ་བཤད་བྱེད་དགོས་པ་ནི་ཁྱོད་ཀྱི་གཡོལ་དུ་མེད་པའི་འགན་ཞིག་རེད་ལ་དོན་དེ་བདེན་པ་ར་སྤྲོད་བྱེད་ཐུབ་ན་རྗེས་སུ་ཡིད་རང་ཡོད།་་་་་་་་་་སྤྱིར་ཁྱེད་ཀྱིས་བློ་སེང་ལ་སྨ་འབད་དང་ཚིག་མཚཽན་བཏགས་ལུགས་ལ་བལྟས་ན་རྒྱ་ནག་ལ་ཕལ་ཆེར་འདི་འདྲ་བ་ཞིག་སྐྱོན་བརྗོད་བྱེད་མྱོང་ཡོད་མི་སྲིད།་་་་་་་མ་ཚོད་བློ་སེང་ནི་ཧུ་ཅིང་ཐོ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་འདུག་་་་་་་་་་
    དེར་བརྟེན་ཁྱེད་ཀྱིས་ངེས་པར་དུ་ཁུངས་དང་ར་སྤྲོད་གསལ་པོ་ཞིག་ངེས་པར་དུ་བྱེད་རོགས་
    མ་ཚད་སྨྱུག་མིང་འོག་ནས་མར་དོན་དེ་གསལ་པོ་བཟོ་རོགས།་་་་་་སྨྱུག་མིང་འོག་ནས་མ་དོན་ཀྱང་རྗེས་སུ་ཁྱེད་རང་སུ་ཡིན་པ་རྟོགས་ངེས་རེད།
    དེ་དུས་ཁྱེད་ཀྱི་གང་ཞིག་བྱེད་དགོས་ཁྱེད་ཀྱི་བསམ་བློ་བཏང་ཡོད་ཤས་ཆེ།

    Reply
  2. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ལྷག་པར་དུ་ཁྱེད་ཀྱི་བློ་སེང་གིས་ལྐོག་རྔན་སྤྲད་ནས་གཞོན་སྐྱེས་དག་མགོ་བསྐོར་བཏང་བ་ཞེས་པ་ངེས་པར་དུ་ཁྱེད་རང་དངོས་སུ་མི་མང་མདུན་དུ་ལངས་ནས་གསལ་བཤད་བྱེད་དགོས་ངེས་རེད།
    ད་དུང་ཁྱེད་རང་གི་གདོང་རིས་དངོས་དེ་ཡང་མཐོང་འདོད་འདུག

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཡ་ཁོ་རས་བར་ཞི་ངག་དབང་༼ཆ་རྐྱེན་ཨང་དང་པོ། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་ཐར་སོན་གྱི་ལག་འཁྱེར་ཡོད་པ།༽ རང་གཞུང་གི་བཀའ་ཁྲི་ཡིན་ན་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་ཐར་སོན་གྱི་ལག་འཁྱེར་ཡོད་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ་དམ་དམ།
    ད་ལྟ་བཙན་བྱོལ་གཞུང་གི་དགེ་རྒན་ལ་ལག་ཁྱེར་ཡོད་མེད་ཁོ་ནའི་སྟེང་ནས་འདེམས་པས་བཙན་བྱོལ་གཞུང་གི་ལོ་ངོ་ལྔ་བཅུའི་ནང་རང་གི་རིག་གཞུང་ལ་ཞབས་འདེབས་སྒྲུབ་མཁན་ཞིག་གསོ་སྐྱོང་བྱེད་ཐུབ་མེད།
    དེའི་ཐོག་ནས་ལག་ཁྱེར་ལས་ལག་ལེན་གལ་ཆེ་བ་བསྟན་ཡོད།

    Reply
  4. བཀྲ་ཤིས་འགྱུར་མེད། says:
    ལོ་ 15 སྔོན།

    དྲ་གྲོགས་འོ་ཡུག་འཁྱམ་པོ་ལགས་་་་་་་་་ཁྱོད་རང་ལ་སློབ་སྦྱོང་གི་བརྒྱུད་རིམ་གང་འདྲ་ཡོད་ངས་མི་ཤེས་ཀྱང་ཚིག་སྦྱོར་དང་དག་སྡེབ་ལ་དཔོག་ན་ཕལ་ཆེར་་་་ཁག་པོ་རེད་འདུག་་་་་་་ཁྱོད་རང་བྲང་ཐོག་ལ་ལག་པ་ཞོག་ནས་རྣོ་བསམ་ཞིབ་ཏུ་ཐོངས་དང་བློ་བཟང་སེངྒེ་ལ་འདི་ལྟར་སྡང་ཟུག་བྱེད་དགོས་པའི་གཏན་ཚིག་ཅིག་ཕལ་ཆེར་རྙེད་མི་ཐུབ་་་་་་དེ་མ་རྙེད་ན་ཁྱོད་ཀྱིས་བློ་སེང་ལ་བྲིས་པའི་རྩོམ་ཡིག་ཡོད་ཚད་ཕྱོགས་ཞེན་ཁོ་ན་ཡིན་པ་གཞི་ནས་རྟོགས་ཐུབ།་་་་་་་་་དེ་དུས་ཁྱོད་ཀྱི་མི་གཞི་དེ་ཡང་ངོ་ཤེས་ཡོང་་་་་་་་་་་ཁྱོད་ཀྱིས་བློ་བཟང་སེངྒེས་རྒྱུ་ནོར་ལྐོག་བརྔན་བྱེད་ནས་མགོ་སྐོར་གཏོང་ཚུལ་བཤད་འདུག་པ་འདི་་་་་སྐད་ཆ་ཚབས་ཆེན་ཡིན་པས་་་་་གལ་སྲིད་ཁྱོད་ལ་དཔང་རྟགས་ར་སྤྲོད་ཡོད་ན་་་་ངོ་གདོང་ཕྱི་ལ་སྟོན་ནས་་་་་མི་མང་ལ་གསལ་བཤད་བྱེད་དགོས་་་་་་དེ་མེད་ན་སྐད་ཆ་འདི་ཁྱོད་རང་བློ་སེང་ལ་མ་དགའ་ཕྲག་དོགས་ཀྱིས་བྲང་ལ་སྦར་ཤད་བྱས་ནས་ངུས་པ་དང་ཁྱད་པ་གཏན་ནས་མེད་་་་་་་

    Reply
  5. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    མི་རབས་རྒན་པའི་ནང་ནས་མི་རབས་གསར་པ་ལ་རེ་ལྟོས་ཆེན་པོ་གནང་མཁན་ལ་ནི་ངག་དབང་ལགས་ལྟ་བུ་ད་ལྟ་དཀོན་ཚོད་དུ་འདུག ཁོང་གིས་ཕྱོགས་རིས་སོགས་གང་ཡང་མ་གནང་བར་དགོངས་ཚུལ་གསལ་སྟོན་གནང་འདུག་པར་རྗེས་སུ་ཡི་རང་ཞུ་ཡི་ཡོད།

    ལར་ནས་ཉམས་མྱོང་། ཉམས་མྱོང་། སུ་ཞིག་དང་པོ་ནས་ཉམས་མྱོང་དང་ལྡན་ནས་སླེབས་པ་རེད། ཉམས་མྱོང་ནི་ལས་སྒྲུབ། དཀའ་ངལ་ལ་གདོང་ལེན་བྱས་ན། ད་གཟོད་ཡོང་བ་ཞིག་ལས། ཨ་མའི་ཁོག་ནས་སྐྱེས་དུས་ནས་ཡོད་པ་གང་ཡང་མ་རེད། ངག་དབང་ལགས་ཀྱིས་བཤད་པ་དེ་ག་རང་དུ་འདུག ཉམས་མྱོང་ཟེར་བ་གལ་ལོས་ཆེ། གལ་ཆེ་བ་ནི་ཏན་ཏན་རེད། བཀའ་ཁྲིའི་ཆ་རྐྱེན་གཙོ་བོ་དེ་ཉམས་མྱོང་ཡིན་ན་ནི། ཉམས་མྱོང་ཅན་མང་པོ་ཡོད་པ་རེད། འོན་ཏེ། ད་ལྟའི་དུས་རབས་འདིར། ཉམས་མྱོང་ལ་ཨུ་ཚུགས་བརྒྱབ་ནས་འདུག་པའི་དུས་རབས་ཡོལ་ཚར་བ་རེད། ད་ལྟ་ས་གནས་ཚང་མ་ན་སྔོན་འགྲོའི་འོས་ཤོག་གྲངས་བཤེར་བྱེད་ཀྱིན་པའི་སྒང་རེད། ཏན་ཏན་མང་ཚོགས་ཀྱིས་ཉམས་མྱོང་དང་ཤེས་ཡོན་གཉིས་ལས་ཤེས་ཡོན་འདེམས་ཡོད་ངེས། དེར་ཚོམ་པ་མི་དགོས་པ་ཞིག་རེད། མང་ཚོགས་ཀྱིས་གསལ་རྟོགས་བྱུང་ཡོད་པ་ཞིག་ནི། ཉམས་མྱོང་གིས་ཕྱུག་མཁན་མང་དག་ཅིག་གིས་མང་ཚོགས་ཀྱི་འདོད་བློ་དང་གཞུང་གི་དགོས་མཁོ་གཉིས་ཀ་ཡག་པོ་ཞིག་བསྐང་ཐུབ་མེད་པ་དེ་རེད། དེའི་མཇུག་འབྲས་ལ། ད་ལྟ་མང་ཚོགས་ཁྲོད་ན་སྔོན་འགྲོའི་འོས་གྲངས་གླེང་མུས་ཀྱི་ནང་ལ། གཞོན་སྐྱེས་མཁས་པ་བློ་བཟང་སེང་གེ་ལགས་འོས་ཤོག་མཐོ་ཤོས་ལ་སླེབས་ཡོད་པ་འདི་རེད། མདོ་དོན་ཡང་སྙིང་། ཤེས་ཡོན་དང་སྙིང་སྟོབས། འཇོན་ཐང་གསུམ་ལས་གལ་ཆེ་བ་གང་ཡང་ཡོད་པ་མ་རེད།

    Reply
  6. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བར་ཞི་རྩེ་མགྲོན་ངག་དབང་བསྟན་སྐྱོང་གིས་བརྩམས་པ་རང་གི་ལོ་རྒྱུས་དེའི་ཁ་བྱང་ལ་༼མི་ཚེའི་བྱུང་བ་དངོས་སུ་གསལ་བར་འཆར་བའི་མེད་ལོང་ཞེས་བྱ་བ་བཞུགས་སོ།།༽ཞེས་བཀོད་ཡོད། ཕྱི་ལོ་ ༢༠༠༡ ལོར་དཔར་སྐྲུན་བྱས་པ་རེད། ཁོང་གིས་ཕྱི་ལོ་༡༩༩༩ བར་གྱི་རང་གི་ལོ་རྒྱུས་བྲིས་ཡོད་ནའང་། ཕྱི་ལོ་ ༡༩༧༡ ལོའི་གོང་གི་ལོ་རྒྱུས་བཀོད་པའི་ནང་། གནད་འགག་ཅན་གྱི་རིགས་མང་པོ་ཞིག་ཕྱི་གསལ་ནང་གསལ་གྱིས་བྲིས་འདུག ཁོང་ནི་ད་ལྟའི་དཔེ་སྟོན་སློབ་གྲྭའི་ས་ཁང་ཡོད་ས་དེ་ཧིན་སྒོར་སུམ་སྟོང་བྱས་ནས་ཤེས་རིག་ལས་ཁུངས་ཀྱི་མཚན་ཐོག་ལ་ཉོ་མཁན་དང་། ཁྲིམས་མཐུན་ཡིག་ཆ་བཟོ་མཁན་དེ་རེད།

    Reply
  7. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    སྐུ་བར་ཞི་ངག་དབང་བསྟན་སྐྱོང་གིས་བརྩམས་པ་ཡིན་འདུག ཁོང་གི་ལོ་རྒྱུས་དེབ་དེ་བཀླགས་མྱོང་བ་ཞིག་ཡིན་ན། མི་འདི་བྱས་རྗེས་ཅན། རང་ཚུགས་ཅན་ཟེར་ནོ་ཡིན་ཡ། མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ཤེས་འདོད་ན། སྐུ་ངོ་ངག་བསྟན་གྱི་ལོ་རྒྱུས་དེབ་དེ་ཀློགས་དང་། གནད་དོན་མང་པོ་གསེད་བཀྲོལ་ཧ་ལས་པ་གནང་ཡོད། རྩ་ཆེ་ཡ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་་ ད་བར་ལོ་ལྔ་ཚན་གཉིས་སྟོང་ཟད་དུ་སོང་ཟིན་ཞིང་། ་་་་་ ཟེར་ན་ག་རེ་ཟེར་བགྱིད་ཡོད་རེད། བཅུའི་སྔོན་ལ་བློ་བཟང་སེང་གེ་ལགས་ན་ཚོད་མ་ལོངས་པའི་ཕྲུ་གུ་མ་འབྱར་ཅིག་ཡིན་ནམ།

    Reply
  9. འབྲུག་གྲགས་རྒྱལ་པོ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ཀྱི་མཁྱེན་ཡོན་དང་ལྷག་བསམ་ལ་བསྟོད་སྔགས་གནང་བ་འོས་ཤིང་འཚམས། དྲྭ་གྲོགས་གཞན་གྱིས་གསུངས་པ་བཞིན་རྒྱལ་ཁབ་ཀྱི་དབུ་འཁྲིད་ལ་ཁྲིམས་ཀྱི་སློབ་སྦྱོང་ཡོན་ན་གཡང་ཙེའི་ཁ་ལ་ཡར་སྒྲོན་རེད། འོན་ཀྱང་ལས་ཀའི་ཉམས་མྱོང་དང་ལྷག་པར་རང་མི་རིགས་ཀྱི་སྐད་དང་ཡི་གེ་དང་རིག་གཞུང་སོགས་རང་རྐྱ་འཕེར་བ་ཞིག་མ་ཤེས་ན་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་པ་གཅིག་པུས་རང་རེའི་བདེན་མཐའ་གསལ་ཐབས་དང་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་པར་དཀའ་ངལ་འཕྲད་རྒྱུ་ཟུར་བལྟས་ལེབ་མཐོང་རེད།།
    ཡང་ད་བར་ལོ་ལྔ་ཚན་གཉིས་སྟོང་ཟད་དུ་ཕྱིན་ཚུལ་གླེང་བ་ནི་ཆེས་ཐལ་ཆ་རེད་སྙམ། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་གནང་སྐབས་ནས་བཟུང་བཀའ་ཁྲིའི་ལས་རྒྱུན་ཐེངས་གཉིས་བར་བཙན་བྱོལ་གཞུང་ངམ་སྒྲིག་འཛུགས་འདིའི་ཁྲིམས་ལུགས་གཏན་འབེབས་དང་དཔལ་འབྱོར་འགྱུར་བཀོད། གཞིས་ཆགས་བསྲ་བརྟན། ཤེས་ཡོན་སྲིད་བྱུས་གསར་གཏོད་སོགས་མཛད་རྗེས་ཆེན་པོ་བཞག་ཡོད་པ་གཟུ་བོའི་བློ་ཡིས་དཔྱད་ན་ངེས་ཤེས་སྐྱེ་ངེས།
    རྩོམ་བྲིས་གནང་མཁན་བར་ཞི་ངག་དབང་འཁོད་པ་ཁེ་ན་ཌར་བཞུགས་པ་དེ་སྔའི་གཞུང་ཞབས་ཡིན་པ་བར་གཞིས་ངག་དབང་བསྟན་སྐྱོང་ཞུ་བ་ཁོང་ཡིན་ཚེ་ཚིག་གཉིས་ཞུ་འདོད་བྱུང་། ཉིད་ནས་བཙན་བྱོལ་སྤྱི་ཚོགས་ལ་ཐུགས་འཁུར་གྱི་བཀའ་ཁྲིའི་འོས་མི་འཚམས་སྦྱོར་དང་མི་མང་ལ་འབོད་སྐུལ། ྋགོང་ས་སྐྱབས་མགོན་ཆེན་པོས་སྐུ་ངལ་བརྒྱ་ཕྲག་མཛད་དེ། ཐུགས་རེ་ཆེན་པོ་གནང་བ་ཆུད་ཟོས་སུ་བཏང་ན་ངོ་ཚ་ཁྲེལ་གཞུང་རྩ་བ་ནས་མེད་པའི་ནག་ཉེས་གསོག་གིན་ཡོད་པ་རེད་སོགས་ཤ་ཞེན་ཡོད་པའི་བཀའ་མོལ་མང་ཙམ་གནང་འདུག་པ་ཤིན་ཏུ་ལེགས། འོན་ཀྱང་གོ་ཐོས་ལ་སྐུ་ཉིད་ནས་ད་བར་དང་བླངས་དཔྱ་ཁྲལ་འབུལ་གྱི་མེད་ལུགས་འདུག་པས་སྔོན་ལ་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་ལག་དེབ་ལྗང་ཁུ་དེ་བཞེས། དེ་ནས་སྤྱི་དོན་ལ་དགོངས་པ་བཞེས་ན་མཚན་དོན་མཚུངས་ངེས་ལ་དེ་དོན་འཕྲལ་ལ་དགོངས་པ་བཞེས་པའི་རེ་འདུན་ཞུ་རྒྱུ་དང་། ལག་དེབ་བསྐྱར་བཟོ་དང་གསར་ཞུར་དེང་སྐབས་དམིགས་བསལ་ཆག་ཡང་ཡོད་སྐད།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཚན་པ་དང་པོ་ལས་ཀློག་ཐུབ་མ་སོང་་མང་གྲགས་འདུག་པ་མ་ཟད་གང་བརྗོད་འདོད་ཡོད་པ་ཡང་གསལ་ཐང་ངེར་རེད་ལ་འདི་ལྟར་དགོས་པས་བསྒྲུབ་བྱེད་ཀྱང་རང་དོན་སྒྲུབ་བྱེད་དུ་༧་གོང་ས་མཆོག་གིས་གསུངས་རེ་རྒྱུ་མཆན་དུ་བཀོད་ཡོད་པ་ཐག་གིས་ཆོད།
    གལ་ཏེ་སྐྱབས་བཅོལ་གཞུང་འདི་ཁྲིམས་ཁང་ཞིག་ཡིན་ན་
    ཆ་རྐྱེན་ཨང་དང་པོ། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་ཐར་སོན་གྱི་ལག་འཁྱེར་ཡོད་པ། ཞིག་ཡིན་ན་ཡག་ཐོག་ལ་རྒྱན་རེད
    དེ་མ་གཏོགས་རྒྱུ་མཚན་གཏན་ནས་མི་འདུག

    Reply
  11. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གོང་བརྩོམ་ནས་ཚིག་ཁ་ཤས་ཀློག་པ་ཙམ་གྱིས་བྲིས་པ་པོ་དེ་བློ་བཟང་སེང་གེའི་ཨབ་ཕྲུག་བྱབ་ཆུང་ཞིག་ཡིན་པ་ཤེས་སོང་། རང་རིགས་ཡོན་ཏན་བ་སྤུ་ཙམ་ཡང་མེད་པའི་ཁ་སྟོང་པའི་ལྕེ་ལེ་དེ་གཡུག་བཞིན་པའི་བློ་བཟང་སེང་གེ་དེ་དོན་དུ་གང་ཡང་འཇོན་གྱི་མ་རེད་ལ་བཀའ་ཁྲིའི་གོ་ས་ཡང་ཐོབ་ཀྱི་མ་རེད། ཁོས་ད་རེས་ཀྱི་གོ་སྐབས་བཟུང་ཏེ་མི་རབ་གསར་རྙིང་གི་སྔར་མེད་སྐད་ཆ་ཞིག་བཟོས་ཡོད་ལ། དེ་ནི་དོན་དུ་རྒྱ་མིའི་སྲིད་ཇུས་ཞིག་ལ་མགོ་བོ་འཐོམས་ནས་དེ་རེས་ཀྱི་གོ་སྐབས་དེ་གལ་ཆེར་འཛིན་གྱི་ཡོད་པ་རེད། དེའི་པྱིར་ཁོས་རྒྱུ་ནོར་ལྐོག་རྔན་གྱིས་བརྔན་ནས་རང་རིགས་ན་གཞོན་ཚོར་མགོ་འཁོར་གཏོང་བ་རེད་ལ་དེ་ནི་ཁོང་གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་གྱུ་གཞུང་དེ་མགོ་གཏིང་སློག་བསམ་པའི་བསམ་ངན་འཁྱེར་ཡོོད་པ་གསལ་གསལ་ཐིང་ཐིང་རེད། ཁོ་ལ་བཀའ་ཀྲིའི་དངོས་གཞིའི་འོས་སུ་རྒྱབ་སྐྱོར་བྱེད་མཁན་མེད་པ་ཡང་ཇི་མང་དུ་རེད།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    ཉམས་མྱོང་མེད་ན་ཆོག་པར་འདོད་པ་ནི་ཅུང་འགྲིག་མིན་མི་ཤེས། ད་གང་ལྟར་བློ་སེང་བཀའ་ཁྲི་ཆགས་རྒྱུ་གཏན་འཁེལ་བ་འདུག་ན། ད་དགའ་སྐྱོ་ཆགས་སྡང་གི་སྐད་ཆ་མ་བཤད་ན་ཡག་གི་བསམ། གང་ལྟར་བཀའ་ཁྲིའི་ཉམས་མྱོང་ལས་སྤྱི་འཐུས་ཀྱི་ཉམས་མྱོང་གལ་ཆེ་བ་ནི་བདེན་པར་མཐོང་། དེའི་སྟབས་ཀྱིས་དྲ་གྲོགས་རྣམས་ཀྱིས་སྤྱི་འཐུས་དངོས་གཞིའི་སྐབས་སུ་ཤུགས་རྒྱག་རྒྱུ་གལ་ཆེན་རེད་བསམ་གི ད་ལོར་མདོ་སྟོད་གཉིས་ཀྱི་སྤྱི་འཐུས་ལ་འཕོ་འགྱུར་ཤུགས་ཆེན་ཞིག་འགྲོ་མདོག་ཁ་བོ་མཐོང་སོང་མོད། དབུས་གཙང་གི་སྤོ་རྡོ་མོ་རྡོ་ཚོ་སྔར་བཞིན་ཡོང་གི་རེད་བསམ་པ་འདུག འདིའི་སྐོར་ནས་མང་ཚོགས་ཀྱིས་གོ་རྟོགས་ཡོད་པའི་སྒོ་ནས་གཟབ་ཙམ་གནང་ཐུབ་ན་ལེགས།

    Reply
  13. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    བདེན་ནམ་མི་ཤེས་ལ་གསལ་འདེབས་ཡིན་མིན་ཆ་མ་ངེས་མོདྊྊ། ཆབ་སྲིད་ཀྱི་ཚོར་བ་རྩེ་ར་བླངས་པ་མངོན་གསལ་རེད། བཀའ་བློན་ཞིག་ཡིན་དགོས་ཚེ་རྒྱལ་སྤྱིའི་ཁྲིམས་ཀྱི་ཕྱག་འཁྱེར་དགོས་པའི་ཁྱབ་པ་མི་འདུག་སྙམ། དེ་འདྲ་ཡིན་དགོས་ཚེ་རྒྱ་གར་སྲིད་འཛིན་མན་མོན་ཧན་སིན་དང་རྒྱ་ནག་སྲིད་འཛིན་ཧོ་ཅན་ཐོ་སོགས་རྒྱལ་སྤྱིའི་ཁྲིམས་ལུགས་ཕྱག་འཁྱེར་བཞེས་མྱོང་མི་འདུག་ལ། དེ་འདྲ་ཞིག་དགོས་པའི་རྩོད་རྙོག་ཀྱང་མི་འདུག ད་དུང་ཤིན་ཏུ་བདེན་ངེས་འདྲེན་པ་ཞིག་ནི་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་དེ་འདྲ་བཞེས་མྱོང་མེད་མོད། མཁྱེན་རྒྱ་བློ་སེང་ལས་ལྷག་ཞིང་འཇོན་ཐང་བློ་སེང་ལས་ཡངས་བ་མ་མཁྱེན་པ་ཡིན་ནམ། ད་དུང་བློ་སེང་ལ་ཕྱོགས་ཞེན་མེད་ཚུལ་དང་ལྷག་བསམ་ཆེ་ཚུལ་བཤད་པ་ཡང་དྲང་བདེན་གྱི་སྐད་ཆའི་ཆ་མ་རྙེད།

    Reply
  14. འབྲུག་སྒྲ་སྐྱབས། says:
    ལོ་ 15 སྔོན།

    དངོས་ནས་རྩོམ་ཡག་པོ་ཞིག་བྲིས་འདུག སྔོན་གྱི་བྱས་རྗེས་གཅིག་པུས་ལྟས་ནས་མི་རབས་གསར་བའི་ལམ་ཁ་བཀད་མི་རུང་། འདི་འདྲ་ཞིག་འདེམས་དགོས། རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་ཐར་སོན་གྱི་ལག་འཁྱེར་ཡོད་པ། གཉིས་པ། བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ། ལྷག་བསམ་ཡོད་པ། གསུམ་པ། རང་དོན་བློས་བཏང་གིས་བོད་མི་རིགས་དང་། བསྟན་པ་ཆབ་སྲིད་ཀྱི་དོན་དུ་དཀའ་བ་སྤྱོད་ཐུབ་པའི་སྙིང་སྟོབས་ཅན་གྱི་གང་ཟག་ཅིག་འདེམས་དགོས་སྟབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese