མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ཞིག་ལ་ལོ་ ༢ ཀྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp
 ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་དོན་གྲུབ་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ནོར་གླིང་དུ་གནས་སྡོད་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་དོན། ཉེ་ཆར་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་དོན་གྲུབ་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ལ། ཁོང་འཛིན་བཟུང་བྱེད་དོན་ནི། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྫོང་དེའི་ཁྲོམ་གཞུང་དུ་བོད་རང་བཙན་དང་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་ངོ་རྒོལ་སྐད་འབོད་བྱས་སྟབས།  རྒྱ་ནག་ཉེན་རྟོག་པས་འཕྲལ་མར་སློབ་ཕྲུག་རྣམས་འཛིན་བཟུང་གིས་འདྲི་གཅོད་ནན་མོ་བྱས་པར་མ་ཟད། བཙན་དབང་གིས་རྒྱ་ནག་གི་ཁྲིམས་ལུགས་དང་ཆབ་སྲིད་སློབ་གསོའི་སྐོར་གྱི་སྦྱོང་བརྡར་ཡང་བསྟུད་མར་སྤྲད་ཡོད།
གནད་དོན་དེའི་རྐྱེན་པས་རྫོང་དེའི་བོད་རིགས་ཉེན་རྟོག་མགོ་བ་ཞིག་དང་སློབ་འབྲིང་དེའི་སློབ་སྤྱི་སྐྱབས་ཆེན་བདེ་གྲོལ་དང་རྡོ་རེད་གཉིས་ཀྱང་ལས་གནས་ནས་གནས་དབྱུང་བཏང་ཡོད། སྐབས་དེའི་སློབ་མའི་ངོ་རྒོལ་ཁྲོད་དུ་དངུལ་ར་ལྷ་སྡེ་ཚེ་རིང་དོན་གྲུབ་དང་མུ་ར་སྡེ་བའི་ཐུབ་བསྟན་ཉི་མ་གཉིས་ལ་ནག་ཉེས་ཆེ་ཤོས་བཙུགས་ཏེ། ཕྱི་ཟླ་ ༨ པའི་ནང་སློབ་མ་ཐུབ་བསྟན་ཉི་མ་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལན་ཀྲིག་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་ལ། དེ་བཞིན་སློབ་མ་ཚེ་རིང་དོན་གྲུབ་ལའང་ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༢ ཀྱི་ཁྲིམས་ཐག་བཅད་དེ།  ཕྱི་ཚེས་ ༡༢ ཉིན་ཀན་སུའུ་ཞིང་ཆེན་ཐན་ཧྲེ་ས་ཁུལ་གྱི་བཙོན་ཁང་དུ་ཞིག་བསྐྱལ་ཡོད་འདུག 
ཚེ་རིང་དོན་གྲུབ་ལ་ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་རེག་ཡོད་མེད་ཐད་ཁོང་གིས་བརྗོད་དོན།  ཁོང་ཚོར་ཁྲིམས་རྩོད་པ་སུ་ཡང་མི་འདུག དམ་དྲག་ཆེ་བའི་རྒྱ་ནག་གི་སྲིད་ཇུས་དེའི་འོག་ས་གནས་མང་ཚོགས་རྣམས་དངངས་སྐྲག་གིས་ཁེངས་ཏེ་ཁྲིམས་རྩོད་པ་བཙལ་རྒྱུར་སེམས་ལ་དྲན་གྱི་མེད་ལ།  ཕྱོགས་གཞན་ཞིག་ནས་ས་གནས་མང་ཚོགས་རྣམས་འབྲོག་པ་ཡིན་སྟབས་ཁོང་ཚོར་ཁྲིམས་རྩོད་ཀྱི་ཐོབ་ཐང་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་ཅེས་བརྗོད་ཡོད།
 
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

མཆན། 3

  1. གཡག་ལྡོམ། says:
    ལོ་ 15 སྔོན།

    ཁྲིམས་གཅོད་བཙོན་འཇུག་ཟིན་པའི་སློབ་ཕྲུག་ཚེ་རིང་དོན་འགྲུབ་དང་
    ཐུབ་བསྟན་ཉི་མ་གཉིས་ནི་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དམའ་འབྲིང་གསུམ་པའི་སློབ་ཕྲུག་ཡིན་ལ།་་་ད་ལོ་རང་ལོ་བཅུ་བདུན་ཡིན།་་་་་གཞན་སློབ་ཁོངས་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་ངག་དབང་ལྷ་མོ་དང་རབ་བརྟན་རྡོ་རྗེ་གཉིས་རང་ལོ་བཅུ་དྲུག་ཡིན།་་་་་རྒྱ་ནག་གི་ཁྲིམས་ཡིག་ནང་འཁོད་ལྟར་ན་མི་མང་འཛོམས་དང་ངོ་རྒོལ་ཁྲོམ་སྐོར།་་་གྲངས་ཉུང་མི་རིགས་ཀྱི་རང་གི་བདེ་སྡུག་ཞུ་གཏུག་སོགས་བྱེད་ཆོག་མོད།་་་་་དོན་དངོས་ཁྲིམས་ལུགས་ལག་བསྟར་སྐབས་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ལས་དམར་ཕྱོགས་ཚོགས་པའི་བཀའ་རྒྱ་ཁོ་ནར་བརྩི་བཀུར་ཞུ་དགོས་པ་ཡིན།་་་་་

    Reply
  2. གངས་ཕྲུག་བཀྲ་ཤིས། says:
    ལོ་ 15 སྔོན།

    སློབ་མ་དེ་གཉིས་ཀྱི་ལོ་ཚད་གང་ལ་སླེབས་ཡོད་མེད་གསལ་པོ་ཞིག་བཀོད་ཐུབས་ན་ཕན་རླབས་ཆེ།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡང་གསོན་རྩ་ངོ་མ་ཞིག་ཚར་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese