མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་བདག་དབང་ཕྱིར་སྤྲོད་རོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༨ པ་ཙམ་ལ་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ཆེན་མོ་དང་དགེ་འོས་སློབ་གྲྭ མི་རིགས་སློབ་འབྲིང་། ཁུལ་གསོ་རིག་སློབ་གྲྭ་གཉིས་ཀྱི་སློབ་མ་ཉིས་སྟོང་ ༢༠༠༠ ཙམ་སློབ་གྲྭའི་རྩེད་ཐང་དུ་འཛོམས་ཏེ་ངག་བཅད་ཀྱི་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་ཅིང་། དེའི་རྗེས་སློབ་མ་རྣམས་རུ་བསྒྲིགས་ཏེ་ཆབ་ཆ་རྫོང་སྲིད་གཞུང་ནས་ཁུལ་སྲིད་གཞུང་གི་སྒོ་མདུན་བར་ཞི་བའི་གོམ་བགྲོད་ཀྱིས། ” བོད་ཡིག་གི་བདག་དབང་ཕྱིར་སྤྲོད་རོགས། ” ཞེས་པའི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག གཞན། མཚོ་སྔོན་ཟི་ལིང་དང་ཁྲི་ཀ་རྫོང་། རྩི་གོར་ཐང་བཅས་ཀྱི་བོད་རིགས་སློབ་མ་ཚོས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་། 

ཉིན་འདི་གར་བོད་ནང་གི་སློབ་གྲྭ་ཁག་གི་བོད་རིགས་སློབ་མ་ཚོས་སྔ་རྗེས་སུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ལོ་འདི་འགར་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་དང་དབྱིན་ཡིག་གཉིས་མ་གཏོགས་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ཐོག་གཏན་འབེབས་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱིན་ཡོད་སྟབས། མི་རིགས་ཀྱི་ལ་ཞེན་ཆེ་ཞིང་སྐད་ཡིག་ལ་དུང་ཞེན་ཟབ་པའི་བོད་པའི་མི་རབས་གསར་པའི་སློབ་ཕྲུག་ཚོས་སྙིང་སྟོབས་ཆེན་པོ་དང་། ཆོད་སེམས་བརྟན་པོའི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བསྟུད་མར་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 20

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    སློབ་ཕྲུག་ཚོས་རང་མི་རིགས་ཀྱི་རིག་གཞུང་ལ་བཅངས་པའི་དྭང་གཙང་གཡོ་ལྷད་མེད་པའི་སེམས་ཤུགས་ལ་བསྔགས་བརྗོད་དང་རྒྱབ་བསྐྱོར་ངེས་པར་དུ་བྱེད་དགོས་ཀྱང་དགྱ་དམར་གྱི་ཁྲིམས་དང་མི་འགལ་བའི་ལས་འགུལ་དེ་ང་ཚོས་འདི་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་ཉན།

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་ཨ་ཕོ་སྨར་དྷཱིཿཟེར་ཞེས་པ་འདིས་བཤད་སྟངས་རྒྱ་ནག་སྲིད་གཞུང་ལ་མཁོ་གལ་ཆེ་བའི་སྐད་ཆ་རིགས་ཡིན་སྲིད་པས། ཚང་མ་ལོས་བསམ་ཚུལ་བརྗོད་དུས་གཟབ་གཟབ་གནང་རོགས། ད་རེས་ཀྱི་སློབ་མའི་ཁྲོམ་བསྐོར་དེ་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ཁེ་དབང་གཞིར་བཞག་གིས་སྲིད་ཇུས་ཤིག་ལ་འགྱུར་བ་གཏོང་ཐབས་ཡིན་པ་ལས་གཞན་གླེང་གི་མེད་པས་ཡིན།

    Reply
  3. རྨ་ཆུའི་དོན་གོ་ says:
    ལོ་ 15 སྔོན།

    སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་བླ་སྲོག་གི་ཆེད་དུ་མདུན་སྐྱོད་བྱེད་བཞིན་པའི་རུ་དཔུངས་གསར་བ་རྣམས་མཐོང་ཐེངས་དང་ཐོས་ཐེངས་རེ་རེའི་འཁྱམ་པོ་ངའི་སེམས་ཁམས་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད།

    དགའ་ཡང་དགའ་ལ།
    སྐྱོ་ཡང་སྐྱོ།

    Reply
  4. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན།
    ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།

    Reply
  5. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    མདོ་སྨད་མང་ར་རྫོང་གི་བོད་པའི་སློབ་གྲྭ་ཁག་སྤྱི་ཚེས་བཅུ་དགུ་ནས་ཉེན་རྟོག་པ་དང་དམག་མིའི་དམ་དྲག་འོག་སློབ་མ་གཅིག་ཀྱང་ཕྱི་ལོག་ལ་གཏོང་གི་མི་འདུག་ཟེར།

    Reply
  6. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་རིག་གཞུང་གི་ལ་རྒྱ་རྩོད་པའི་ན་གཞོན་སློབ་ཕྲུག་འདི་ཚོའི་སྙིང་སྟོབས་ཀྱིས་བོད་ཕྱི་ནང་གི་མི་དམངས་ཀྱི་ལུས་ངག་ཡིད་གསུམ་ལ་འགུལ་སྐྱོད་ཀྱི་ཚ་རླབས་ཤིག་ཅིས་ཀྱང་འཕྱུར་ངེས་རེད།།

    Reply
  7. ཚང་མ། says:
    ལོ་ 15 སྔོན།

    དེ་རིང་སྔ་དྲོ་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་གྲྭའི་ནང་སྐད་འབོད་བྱས་འདུག

    Reply
  8. རྒྱང་ལྟ says:
    ལོ་ 15 སྔོན།

    དངོས་གནས་བོད་མིའི་སྙིང་སྟོབས་ལྷང་ལ་འབུད་ཀི་འདུག བོད་མིའི་རིགས་ཞེན་ལྷང་ལ་འབུད་ཀི་འདུག འདི་ལྟར་སོང་ན་འུ་ཚང་ལ་རེ་བ་ཡོད་པ་འདྲ། མུ་མཐུད་དུ་ངའི་ཨ་མའི་གཅེས་ཕྲུག་ཚོ།

    Reply
  9. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    ད་ཐེངས་རྒྱ་ནག་གི་ཁོག་ནག་བཅིང་ནས་བོད་མགོ་ནག་གི་རིག་གཞུང་རྩ་མེད་གཏོང་བའི་ཇུས་ངན་དེ་མངོན་འགྱུར་བྱུང་བ་རེད། ཡང་ཅིག་བཤད་ན་རྒྱ་ནག་གི་ས་གནས་མི་རིགས་རང་སྐྱོང་ཁུལ་དག་ལ་བཟོས་བའི་ཁྲིམས་ལུགས་དེ་དོན་ལ་མ་གནས་བ་རེད། ས་གནས་མི་རིགས་རང་སྐྱོང་ཁུལ་གྱི་ཁེ་ཕན་དང་བཅའ་ཁྲིམས་འདི་སྐྱག་རྫུན་ཡིན་པ་མངོན་གྱུར་བྱུང་བ་རེད། མི་རིགས་ས་ཁུངས་རང་སྐྱོང་ཁུལ་གྱི་ལས་བྱེད་མཐོ་དམན་གང་ཡིན་རང་ས་ཁུལ་དེའི་སྐད་ཡིག་བེད་སྤྱོད་གཏོང་དགོས་ཞེས་བཤད་པ་མ་རེད་དམ།

    Reply
  10. དཔའ་རྩལ་སྟོང་འབར། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་བོད་སྐད་ཡིག་སྦྱོང་བར་ཚོད་འཛིན་བྱེད་བཞིན་པ་འདི་ནི་གཞིས་ལུས་སྤུན་ཟླ་ཚོ་གཅིག་པུའི་དཀའ་ངལ་མིན་པར་ང་ཚོ་བོད་མི་ཡོད་དོ་ཅོག་གི་སྲོག་རྩ་ལ་ཐུག་ཡོད་སྟབས། ལས་འགུལ་འདི་འདྲ་སྤེལ་ཐེངས་རེར་བསྔགས་བརྗོད་དང་རྗེས་སུ་ཡིད་རིང་ཡོད་ཟེར་བ་གཅིག་པུས་མི་ཕན་པར། གཞུང་གི་ངོས་ནས་ཅི་ཞིག་བྱེད་དགོས་པ་དང་། མི་དམངས་ཚོས་ཅི་ཞིག་བྱེད་དགོས། དགེ་རྒན་ཚོས་ཅི་ཞིག་བྱེད་དགོས། སློབ་ཕྲུག་ཚོས་ཅི་ཞིག་བྱེད་དགོས། གསར་འགོད་པ་དང་རྩོམ་པ་པོ་ཚོས་ཅི་ཞིག་བྱེད་དགོས་སོགས་ཀྱི་བསམ་ཚུལ་བཤད་ཐུབ་ན་བཟང་པར་འདོད། དེ་མིན་བོད་ནང་ལ་ཤི་རྨས་མ་བྱུང་ན་ཁ་ཡ་མི་བྱེད་པའི་བཙན་བྱོལ་བའི་བློ་ཁ་འདི་ངེས་པར་དུ་བསྒྱུར་དགོས་པར་འདོད། མ་མཐའ་ཡང་ཁོ་ཚོར་རྒྱལ་སྐྱོར་ཡོད་པའི་རྣམ་འགྱུར་ཞིག་སྟོན་ཐུབ་དགོས་།

    Reply
  11. དབང་ལྡན་མཚོ་མོ། says:
    ལོ་ 15 སྔོན།

    བོད་ནང་གི་སློབ་ཕྲུག་གཞོན་སྐྱེས་དག་གི་སྙིང་སྟོབས་དང་ལྷག་བསམ་ལ་ངག་བརྗོད་དང་ཡི་རིང་ཡོད།
    མ་འོང་བ་རེ་བ་དང་ཡིད་ཆེ་བཤད་ས་ཡང་འདི་ཚོ་ཡིན།

    Reply
  12. ཨ་འཇམ། says:
    ལོ་ 15 སྔོན།

    སྟོབས་ཤུགས་ཀྱིས་ཡོངས་སུ་བརྟས་པའི་མ་འོངས་པ་དེ་ན་གཞོན་ཚོའི་ལུས་སྟེང་ནས་མཐོང་བྱུང་། ན་གཞོན་ཚོའི་ངག་སྒོ་ནས་ཐོས་བྱུང་། བོད་ཀྱི་ན་གཞོན་ཚོ་རྒྱལ་གྱུར་ཅིག

    Reply
  13. འབུམ། says:
    ལོ་ 15 སྔོན།

    སློབ་ཕྲུག་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་རྗེས་སུ་ཡིད་རིང་ཡོད།

    Reply
  14. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བོད་ཡིག་གི་བདག་དབང་དང་འབྲེལ་བའི་གསར་འགྱུར་འདི་རྩ་ཆེན་པོ་རེད། དོ་སྣང་ངེས་པར་བྱེད་དགོས་པ་ཞིག་རེད། ཡིན་ནའང་། གལ་ཆེ་དོན་ཆེ་བའི་གསར་འགྱུར་འདིའི་ནང་དུའང་ཡིག་ནོར་ཤོར་འདུག འདི་ཚོ་བཟོ་བཅོས་གནང་རོགས། ཡིག་ནོར་ཐེར་འདོན་བྱས་ན་བསམ་ཚུལ་འགོག་གི་ཡོད་ཚུལ་འདུག་པས། ཐེར་འདོན་བྱས་མེད།

    Reply
  15. རྐང་གསུམ། says:
    ལོ་ 15 སྔོན།

    ངོ་མ་སློབ་ཕྲུག་དེ་ཚོས་གནས་ལུགས་བཤད་འདིག། མིའི་རིགས་ལ་ཆེས་ཤིན་ཏུ་མཁོ་བ་ནི་རང་ཉིད་ཡིན། རང་ཉིད་ནི་རང་གི་ཆེད་དུ་ཡར་ལངས་དགོས། འདི་ནི་མིའི་རིགས་ཀྱི་རང་གཤིས་རེད། རང་གཤིས་འདིའི་སྣེ་མོ་ཆད་སོང་ན། རང་ཉིད་འཇིག་རྟེན་འདི་དང་ཁ་བྲལ་བ་རེད། རང་ཉིད་གཏན་དུ་ཁ་བྲལ་བ་རེད། དེའི་ཕྱིར་ང་ཚོ་འདི་ལྟར་ནམ་ཡང་འགྲོ་མི་སྲིད། ཅིའི་ཕྱིར་ང་ཚོའི་ཁ་རྩང་གི་གཏམ་རྒྱུད་དང་དེ་རིང་གི་སློབ་ཕྲུག་ཚོས་སེམས་ཤུགས་དང་སྙིང་སྟོབས་ལ་བལྟས་ན་གསལ་བོ་རེད།

    Reply
  16. ཇིང་སྲས་མིག་གསུམ་པ། says:
    ལོ་ 15 སྔོན།

    སློབ་མ་འདི་ཚོའི་སེམས་ཤུགས་ལ་ངོ་མ་ཡི་རང་ཡོད།

    Reply
  17. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ན་གཞོན་འདི་ཚོའི་སྙིང་སྟོབས་ལ་དངོས་ཉིད་སེམས་གཏིང་ནས་སྔགས་བརྗོད་ཞུ།
    རྒྱ་ནག་གཞུང་གི་ཏཱ་ལའི་བླ་མ་རྫོགས་ན་བོད་དོན་རྫོགས་རེ་བྱས་བཞིན་པའི་སྐབས་དེར་ན་གཞོན་འདི་ཚོས་རླབས་ཆེན་གྱི་བྱེད་རྗེས་ཕྱག་ལས་འདི་ལྟར་གནང་བར་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཞུ་ནས་འཚམས་འདྲི་དང་འདོད་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༡༩༨༤ལོའི་ཟླ༥ཚེས༣༡ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། ༢༠༠༡ལོའི་ཟླ་༢ ཚེས་༢༨ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད།
     དོན་ཚང་དང་པོ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།
    དོན་ཚན་བཅུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།ཞེསབཀོད་འདུག

    ཁ་དོན་ཚིག་ལ་མ་གནས་པའི་མི་ངན་དང་རྩ་ཁྲིམས་ལག་ལེན་མེད་པའི་རྒྱལ་ངན་ཀྲུང་གོ་བ་ལ་ངོ་ཚ་རྒྱུ་ཡོད་དམ། ངས་བལྟས་ན་ངོ་ཚ་རྒྱུ་མེད། འདི་ནི་ཀྲུང་གོ་བའི་རྒྱུན་ལྡན་གྱི་བེད་སྤྱོད་བཏང་སྟངས་ཤིག་རེད།

    Reply
  19. ཚང་མ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ།

    Reply
  20. དྲ་འབུ་ནག་པོ། says:
    ལོ་ 15 སྔོན།

    གནས་ཚུལ་དུས་ལྟར་བཀོད་པར་ཐུགས་རྗེ་ཆེ། ཡིན་ནའང་ཡིག་ནོར་གཏག་ནོར་དག་ལ་དོན་སྣང་ཞིག་བྱ་རོགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese