ད་ལྟ་རིང་གནས་ཚུལ་བཏང་འབྱོར་བྱང་བ་ལྟར་ན། དེ་རིང་སྔ་དྲོ་མཚོ་སྔོན་ཆབ་ཆ་ཁུལ་གུང་ཧོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཉི་ཤུ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག དེ་རིང་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ། གུང་ཧོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཉི་ཤུ་ཙམ་མཉམ་དུ་གྲོང་ཁྱེར་གྱི་སྲང་ལམ་ནས་འགྲོ་སྐབས། སྐོར་སྲུང་དམག་མིས་སྐད་བཏང་སྟེ་སློབ་གྲྭ་གང་གི་ཡིན་མིན་སྐད་ཆ་དྲིས་འདུག སློབ་ཕྲུག་ཚོས་མ་གསང་བར་གུང་ཧོ་རྫོང་བོད་ཡིག་སློབ་འབྲིང་གི་ཡིན་ཞེས་བརྗོད་མ་ཐག དམག་མི་དེ་དག་གིས་འཛིན་བཟུང་བྱ་རྩིས་བྱེད་སྐབས། སློབ་ཕྲུག་རྣམས་རང་རང་སར་བྲོས་ཡོད་ཀྱང་སྐོར་སྲུང་དམག་མི་ཧ་ཅང་མང་པོ་ཡོད་སྟབས། སློབ་མ་རྣམས་རེ་རེ་བཞིན་གཅིག་ཀྱང་མ་ཐར་བར་འཛིན་བཟུང་བྱས་ཡོད་པ་མ་ཟད། གཅར་རྡུང་ཡང་བྱས་འདུག
ད་ལྟ་སློབ་ཕྲུག་དེ་དག་གང་དུ་བཀག་ཉེར་བྱས་ཡོད་མེད་དང་། གནས་སྟངས་ཅི་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག ཕྱི་ཚེས་ ༢༠ ཉིན་ངོ་རྒོད་སྐད་འབོད་ནང་ཞུགས་ཡོད་པའི་སློབ་གྲྭ་ཁག་གི་སློབ་མ་རྣམས་ཉིན་འདི་འགར་སྲང་ལམ་ནས་མཐོང་ན་འཛིན་བཟུང་བྱེད་ཀྱིན་ཡོད་པ་དང་། དགེ་རྒན་ཁག་ཅིག་ཀྱང་བཀག་ཉེར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
མ་རེད་མ་རེད། ཕར་ཚུར་རྡོ་གཞུས་དང་མ་གཞུས་ཀྱི་གནས་ཚུལ་ཅི་ཡང་ཡོད་པ་མ་རེད། ཉིད་ཀྱི་མཆན་བུ་སྔ་རྗེས་གཉིས་འདུག གཅིག་ཡང་ལུང་རིགས་རྒྱལ་ལ་ཟུར་ཚིག་ཙམ་འཕངས་འདུག་སྙམ། རྗེས་མ་དེ་ནི་ངས་གསལ་བཤད་གྱི་ཚུལ་དུ་ཅུང་ཙམ་བྲིས་ཡོད་པ་དེ་རེད། ལས་འགུལ་སྤེལ་སྟངས་ལ་ཁ་སྣ་འདྲ་མིན་དང་ཐབས་ལམ་འདྲ་མིན་ཡོད་ན་བཤད་པའི་དུས་ཚོད་མ་སླེབས་པ་ཡིན་ནམ། ཡང་ན་བཤད་མི་བདེ་བ་ཡིན། ད་ནི་ཡོད་མདོག་མདོག་གིས་སྦས་འཇོག་པའི་དུས་ཚོད་མ་རེད་ཞུ་གི་ཡོད། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་ཤ་ཚ་སྟངས་དེ་ཁ་རྡུང་གཏོང་རྒྱུ་གཅིག་པུ་ཡིན་ན་ནི་དེར་དོན་དག་མི་འདུག་སྙམ། གནས་ལུགས་ཡོད་མེད་ནི་རང་གི་བྲིས་པའི་༼གནས་ལུགས་༽དེ་ཚོར་ཕྱིར་ལྟ་ཞིག་བྱོས་དང་གཞི་ནས་ཤེས་ཡོང་གི་རེད། ཡང་བཤད་རྒྱུ་ཞིག་ལ། ངས་གོང་ནས་ཀྱང་བཤད་ཡོད། ཤ་ཚ་བ་བདེན་པ་ཡིན་ན་ཉིད་ཀྱིས་བཤད་པའི་ཁ སྣ་འདྲ་མིན་དང་ཐབས་ལམ་འདྲ་མིན་ཡོད་པ་དེ་ཚོ་ཁ་གསལ་གྱིས་གསུང་རོགས་ཞུ། ད་བཤད་རྒྱུ་ཡོད་ནི་ཚོས་བཤད་པའི་དུས་ལ་བབས་མི་འདུག་གམ།
ངས་འདི་བཤད་དགོས་པ་ནི་ལས་འགུལ་ཞིག་སྤེལ་ཆེད་དུ་སྐུལ་མ་བཏང་ཁུལ་ཡིན་མོད། ཁྱེད་ཀྱིས་བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་ཁ་རྡུང་བཏང་འདུག་ཅེས་ང་ལ་སྡིག་མོད་བྱས་པ། ཕར་རྡོས་གཞུས་ན་ལན་ལ་ཚུར་ཡང་རྡོས་གཞུས་ན་གཉིས་ཆ་ནོར་སོང་བ་མ་ཡིན་ནམ། མ་ཟད་ལས་འགུལ་སྤེལ་སྟངས་ལ་སྣ་ཁ་འདྲ་མིན་དང་ཐབས་ལམ་འདྲ་མིན་ཡོད་པ་
ཤེས་ཀི་མེད་པ་འདྲ། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་བ་དེ་ཡང་ཤེས་ཀི་མེད་འདྲ། ད་དུང་གནས་ལུགས་ལ་སྦྱང་བརྩོན་ཡག་པོ་གནང་རོགས་མཁྱེན
ད་ཕལ་ཆེར་བཤད་རྒྱུ་ཟད་སོང་བ་ཡིན་ས་རེད། དེ་མིན་ཚོད་ཚོད་ལ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་ཁ་རྡུང་གཏོང་དགོས་དོན་མི་འདུག་སྙམ། ལས་འགུལ་རྩོམ་དགོས་ན་འདི་ལྟར་དང་དེ་ལྟར་བྱེད་དགོས་པ་རེད་སོགས་བློ་འདོད་རེ་བྱས་ནའང་མི་ཆོག་པ་ཅི་ཡོད། སྐད་ཆར་མགོ་སྔ་མེད་པར་བཙན་བྱོལ་སློབ་ཕྲུག་ཚོར་སྡིགས་པ་འདི་ཡག་རྟགས་ཤིག་མ་རེད་འདོད་ཀི།
རེད། ང་ཚོས་འདི་ནས་ཀྱང་ལས་འགུལ་རེ་སྤེལ་དགོས་བར་མཐོང་ཡང་། གང་འདྲ་ཞིག་དང་ཇི་ལྟར་སྤེལ་དགོས་པ་མི་ཤེས་པས་ན། ཚོད་ཚོད་ལ་ཁ་མིག་གཉིས་ཀ་གཞན་ལ་བསྐོར་རྐྱང་བྱས་ནའང་མ་འགྲིག་པ་འདྲ་ཞིག་འདུག ངས་ཀྱས་དེ་འདྲ་ཞིག་དྲན་བསྡད་ཀིན་འདུག བོད་ནང་གི་གནས་ཚུལ་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་ང་ཚོས་འདི་ནས་རང་ནུས་གང་ལྕོག་གིས་ལས་ཀ་ཅི་བྱེད་དགོས་སྐོར་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས་ན་འགྲིག་གི་རེད། དེ་མིན་རང་གི་སྐད་ཆ་མགོ་སྔ་མེད་པར་གཞན་ལ་ཁ་གཏོང་བ་དེ་རན་པོར་ཚོར་མ་སོང་ལགས། སེམས་ལ་མ་ཕོགས་རོགས།
བཙན་བྱོལ་ན་ཡོད་པའི་སློབ་ཕྲུག་ཚོས་སྐད་ཡིག་རང་དང་སྐད་གཉིས་སློབ་གསོ་ཞེས་བརྗོད་ཚེ་འདི་ནི་རྔེན་པ་ཟ་ཡ་མིན་འགྲོ་བསམ་སྲིད་པ་དང་། ཁོ་ཚོའི་དམིགས་ཡུལ་ནི་
དབྱིན་ཡིག་སྦྱངས་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གཡོག་པོ་རྒྱུག་རྒྱུ་དེ་ཡིན་པས།
སྐད་ཡིག་སྲུང་སྐྱོབ་དང་རིགས་གཞུང་སྲུང་སྐྱོབ་ཟེར་བ་ཁོ་རང་ཚོའི་རྨི་ལམ་ཀྱང་བཏང་མྱོང་མེད་ལ།
ཁོ་ཚོའི་སྐད་ཆ་བཤད་སྐབས་ཧིན་དབྱིན་སོགས་བསྲེས་སྟེ་བཤད་ཀྱིན་ཡོད་པས་
བོད་སྐད་གཙང་མ་རྒྱག་མཁན་ལ་ཁོང་ཚོས་ཟུར་ཟ་ཡང་ཡང་བྱེད་ཀྱིན་ཡོད།
བཙན་བྱོལ་ན་ཡོད་པའི་སློབ་ཕྲུག་ཚོ།་་་ད་ཁྱོད་ཚོ་ལང་རྒྱུ་མི་ནས།་ང་ཚོ་ཁྱོད་ཚོ་ལ་བལྟས་ནས་ཡོད།་ཉན་ནསཡོད།་་ཧུར་ཐག་གནང་རོགས།
ཡྭལ་དངོས་ཀྱི་གནས་ཚུལ། ད་ལྟ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་ཆུ་ཚོད་
བདུན་དང་སྐར་མ་བཞི་བཅུ་རེད། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་བོ་དང་
གཉིས་པ་གཉིས་ཀྱི་སློབ་མསྟོང་གསུམ་ལ་ཉེ་བ་ཙམ་གྱིས་ སྲི་གཞུང་གི་མདུན་དུ་
སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱེད་དང་བྱེད་མུས་འདུག
ཡིད་སྐྱོ་བ་ཞིག་ལ་བདག་ལ་པར་ཆས་མེད་པས་པར་མཁོ་འདོན་བྱེད་མ་ཐུབ་ཐ།
དགྲ་སྟ་ནས
ཞེས་བོད་ནང་གི་དྲ་ཚིགས་ཤིག་གི་མཆན་ནང་བཀོད་འདུག
དེ་རིང་ཞོགས་པའི་དུས་ཚོད་ལྔ་བ་ཙམ་ནས་མཚོ་སྔོན་གཅན་ཚ་རྫོང་མི་རགས་སློབ་འབྲིང་གཉིས་པའི་དགེ་སློབ་ཆིག་སྟོང་༡༠༠༠ ལྷག་གིས་ཁྲོམ་སྐོར་སྐད་འབོད་བྱས་འདུག
ཡང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་བརྒྱ་སྐོར་ཞིག་གིས་ཀྱང་ཁྲོམ་སྐོར་བྱས་འདུག་པ་དང་། ཡུ་གུར་མི་རིགས་ཀྱི་སློབ་མ་ཚོས་དེར་རྒྱབ་སྐྱོར་བྱས་འདུག་པའི་གནས་ཚུལ་འདུག གནས་ཚུལ་འདིའི་ཡོངས་ཁོངས་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་འཕྲུལ་སྒྲ་ལས་ཐོན་ཡོད།
འགོག་པའི་སྙོམས་འཇུག་ལ་གནས་པས་སྐྱབས་བཅོལ་གཞུང་འབངས་དང་བཅས་པ་ད་ནི་སྙོམས་འཇུག་ལས་སྡེང་རན་རེད་ཡ།
བཙན་བྱོལ་དུ་གནས་པའི་སློབ་ཕྲུག་དང་ གཞུང་གཉིས་གཉིད་དུ་ཡོལ་མེད་ན།
གཞིས་ལུས་སློབ་མ་རྣམས་ཀྱི་ཚེ་སྲོག་ལ་མ་ལྟོས་པའི་སྙིང་སྟོབས་དང་ ལྷག་བསམ། རྣམ་དཔྱོད་དང་ ལ་རྒྱ། རིགས་ཞེན་དང་ ཆོད་སེམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་རོགས་ཞུ་ཞུ་ཞུ།། །།
ངས་འདོང་དགུང་ཐེ་ཝན་གྱི་གློག་བརྙན་ཞིག་ལ་བལྟ་སྐབས། རྟག་རྟག་ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ལ་སོང་བའི་བསྐོར་གྱི་ཡུལ་ལྗོངས་དང་བོད་མི་རྣམས་ལ་ལོས་རྒྱུས་དང་སྐད་ཆ་འདྲི་བཞིན་ལྟད་མོ་ཞིག་སྟོན་བཞིན། གངས་རིན་པོ་ཆེ་ལ་རྐྱང་ཕྱག་འཚལ་མཁན་བོད་པའི་ཕོ་གསར་ཞིག་ཁོ་ཚོ་ལ་[ ཁྱེད་ཚོ་ལ་ཏཱ་ལའི་བླ་མའི་ཅ་ལག་འདྲ་སྦྱིན་རྒྱུ་ཨེ་ཡོད། ཏཱ་ལའི་བླ་མའི་ཅ་ལག་འདྲ་སྦྱིན་རྒྱུ་ཡོད་ན་ང་ཚོ་བསོད་བདེ་ཆེན་པོ་རེད་ཞེས་ལབ་སོང་། ]
རྒྱ་ཁབ་གྱི་རྩ་ཁྲིམས་ལ་ཞུ་གཏུགས་རྒྱབ་ཞེས་པ་དེ་ཐ་སྙད་གསར་བ་ཡིན་པ་འདྲ།
ཁྱེད་རང་གི་ངོ་རྒོལ་གྱི་གོ་དོན་མཚན་ཉིད་ཚང་བ་ཞིག་འཇོག་ཐུབ་བམ།
མི་ནག་ཚང་ལུང་རིགས་རྒྱལ་ལགས།
དྲ་གྲོགས་ཚོ་དལ་མོ་བྱོས་དང་།ཞིབ་འདང་རྒྱོབས་དང་།བརྟགས་དཔྱད་བྱོས་དང་།ཐབས་ཤེས་ཚོལ་དང་།སྐད་ངན་བརྒྱབ་ན་ཅི་ཞིག་ཕན་གི?
དྲ་གྲོགས་ཚོ་ལྷོད་ལ་བབས་ནས་སྐད་ཆ་ཤོད་དང་།དེ་ལྟར་བྲེལ་ནས་དོན་དག་ལ་ཕན་ཅི་ཞིག་འབྱུང་གི་རེད།
རྒྱ་གོང་ཁྲིན་ཏང་དྲང་གཏམ་བཤད་ས་ཡོད་ཟེར་ནས་འབྲུག་སྒྲ་གྲགས་གྲགས་བྱེད་པ་དེ་དོན་ངོ་མ་སྟོང་གཏམ་རང་ཡིན་པ་འདྲ།ཕྲུ་གུ་དེ་ཚོས་འབར་རྫས་གཡུགས་མ་སོང་ལ་མི་ཡང་བསད་མ་སོང་།ད་དུང་དེ་ཚོ་ལ་སྡུག་པོ་དེ་འདྲ་བཏང་བ་ནི་གོང་ཁྲིན་སྲིད་གཞུང་གི་བོད་མི་མེད་པ་བཟོ་ཡག་གི་ཐབས་ཤེས་ཤིག་རང་རེད།
བཙན་བྱོལ་ནང་དུ་ཡོད་པའི་སློབ་ཕྲུག་ཚོ་ཁྱོད་ཚོ་ལ་ལ་རྒྱ་མེད་པ་རེད་དང་དགེ་རྒན་དེ་ཚོས་བཏང་གི་མེད་པ་རེད།ད་དུང་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་གཞུང་འཚམས་ཁང་གི་་སྒོ་འགྲམ་དུ་་མཐོང་རྒྱུ་མི་འདུག།སེམས་སྐྱོ།ཧ་ཅང་གི་སྐྱོ་ད་ཅི་བྱེད་དགོས་ལེ་ཡིན་ཡང་མི་ཤེས་ཀི།
བོད་ལ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སེམས་ཤུག་བཞིན་བཙན་བྱོལ་ལ་ཡོད་པའི་སློབ་ཕྲུག་རྣམས་ལ་མེད་པ་གང་ཡིན་ནམ་?/???????????????
འདི་ནི་ངེས་བཙན་བྱོལ་ན་ཡོད་པའི་བོད་རིགས་ླནམས་ལ་གཉིད་ལས་དཀྲོང་ླཀྱེན་གྱི་ླླགཡུ་ཡིན་པས་ཅི་ནས་ཀྱང་རང་རང་གི་རིག་གཞུང་དང་དམིགས་གསལ་རང་རང་གི་ཀད་ཡིག་བདག་གཅེས་བྱ་དགོས་པའི་ལོབ་གསོ་ཞིག་ཀྱང་ཡིན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་པ།
དུས་ཚོད་།
2010-10-23 10:46:19.0 རྡེབ་ཚད། 16
ཡི་གེའི་ཆེ་ཆུང་། ༼ ཆེ། འབྲིང་། ཆུང་། ༽
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་གྱིས་ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་བཅོས་བསྒྱུར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་པར་མ་ཟད། སོ་སོར་མགོ་ཁྲིད་ལས་བྱེད་པ་དང་སློབ་མའི་འཐུས་མི་རྣམས་དང་བཞུགས་མོལ་བྱས་ནས། སློབ་གསོའི་བཅོས་བསྒྱུར་ལ་ཡར་སྐུལ་དང་ཁྱད་པར་དུ་སྐད་གཉིས་སློབ་གསོ་ཐད་ཀྱི་དཀའ་ཁག་དང་གནས་པའི་གནད་དོན་གནད་སར་བཞག་ནས་རྒྱུས་ལོན་བྱས་ཏེ་གྲོས་གཞི་དང་བསམ་འཆར་ལ་ཉན། ཁོས་སློབ་གསོ་ནི་མི་རིགས་དར་རྒྱས་ཡོང་པའི་རྨང་གཞི་ཡིན་ལ་ཆེས་གལ་ཆེ་བའི་དམངས་ཀྱི་འཚོ་བ་ཞིག་ཀྱང་ཡིན་པས། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས། ཧུར་ཐག་གིས་སློབ་གསོའི་བཅོས་བསྒྱུར་བདེ་ལེགས་ཡོང་བར་སྐུལ་འདེད་བཏང་སྟེ། འབད་བརྩོན་གྱིས་མི་དམངས་ཡིད་ཆེས་པའི་སློབ་གསོ་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན།
བང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ནས་སྐད་གཉིས་སློབ་གསོ་གཙིགས་འཛིན་དང་བཅོས་བསྒྱུར་བྱེད་པའི་སྐོར་གྱི་བཀོད་སྒྲིག། ཀྲུང་དབྱང་གི་དགོངས་དོན་དང་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པས། ངེས་པར་དུ་མངོན་སུམ་འཛེམ་མེད་ཀྱིས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐད་གཉིས་སློབ་གསོ་ནི་བྱེད་ཐབས་ཞིག་ཡིན་པ་དང་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དམིགས་འབེན་ཞིག་ཡིན་པས། རྒྱང་རིང་བོར་འཕེལ་རྒྱས་སུ་གཏོང་བ་དང་མེས་རྒྱལ་དང་མི་རིགས། མི་རབས་རྗེས་མ་བཅས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས་ཁ་ཕྱོགས་རྒྱུན་འཁྱོངས་དང་གནས་བབས་དང་བསྟུན་པ། ཆོས་ཉིད་ལ་བརྩི་འཇོག མི་དམངས་ཀྱི་འདོད་བློར་གོང་བཀུར་བྱེད་པ་སོགས་བྱས་ནས། འབད་བརྩོན་གྱིས་སློབ་གསོ་འདྲ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན།
ལོ་ཙཱ་བ། ཤ་བོ་སྐྱབས།
མཚོསྔོན་རླུང་འཕྲིན་གསར་འགྱུར་ནང་བཀོད་འདུག
ཧིན་་་་་་་་་། རྒྱ་ནག་པོ། ཁྱེད་ཀྱིས་ང་ཚོའི་ཕ་མྱེས་དང་ཡང་མྱེས་ཚང་མ་དམར་གསོད་དུ་བཏང་བར་མ་ཟད། ད་དུང་། ཡང་། ད་ལྟ་ང་ཚོའི་བརྩེ་བའི་གཅེས་ཕྲུག་རྣམས་འཛིན་བཟུང་བྱས་ཏེ་གང་ཞིག་བྱེད་རྩིས་ཡོད། ཁྱེད་ནི་ང་ཚོའི་མི་རབས་ནས་བརྒྱུད་པའི་དགྲ་བོ་ཡིན་པ་ཁྱེད་རང་ཉིད་ཀྱིས་ད་ཐེངས་ཀྱི་བྱེད་སྟངས་འདིའི་ཐོག་ནས་གསལ་བོར་མངོན་ཡོད་དེ། ཁྱེད་ང་ཚོའི་ས་ཐོག་ཏུ་བསླེབས་ནས་ལོ་ངོ་ལྔ་བཅུའི་རིང་དུ་དམྱལ་བའི་ལས་མཁན་ཞིག་ལྟར་དུ་གསོད་འཕྲོག་བཅོམ་གསུམ་གྱི་ལས་གཅིག་བུ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། ང་ཚོས་མི་རབས་ནས་མི་རབས་བར་རྒྱལ་ཕམ་གྱི་དབྱེ་བ་ཞིག་ཅིས་ཀྱང་རྩོད་ངེས་ཡིན། །
ལོ་ ༢༠ མ་ཟིན་ཙམ་གྱི་སྔོན་ལ་ས་འདིར་ང་ཡང་ལངས་མྱོངས། སློབ་ཕྲུག་ཅིག་གི་ངོས་ནས་གྱོད་གཏུགས་ལ་ཕྱིན་པ་ཡིན། དེ་རིང་ཁྱོད་ཚོ་སླར་ཡང་ལངས་ནས་སོ་སོའི་མངོན་འདོད་བཤད་ཐུབ་སོང་བ་ནི་ངོ་མ་བློ་ཡུལ་ལས་འདས་སོང་།
ཁག་མེད། ས་ཆ་འདི་ནི་སྔོན་ཆད་ང་རང་འཛིན་བཟུང་བྱས་ས་དེ་རེད། སློབ་གྲྭ་ཡང་གཅིག་པ་རེད། སྟབས་ཡག་ནས་སྐབས་དེར་ཁུལ་གཙོ་འཛིན་དོན་གྲུབ་རྒྱལ་ལགས་བཞུགས་ཡོད་པ་རེད། དེའི་རྐྱེན་གྱིས་ཕྱིར་འབུད་མ་བྱས་ཙམ་བྱུང་། དེང་སང་ཝུ་ཞོ་ཀྲང་འདུག་གམ། ཁོ་ངར་སེ་ཡོད། ་་་་ གཞན་པ་དེ་ཚོ་་་་་་
ཁོ་ཚོའི་སེམས་ཤུག་དང་། ཁོ་ཚོའི་ལྷག་བསམ་དེ་ནི་གཞན་དང་མ་འདྲ་བ་རིན་ཐང་བྲལ་བ་ཞིག་རེད། ཁོ་ཚོས་རང་གི་མི་རིགས་འདིའི་རིག་གཞུང་དང་། རང་གི་མི་རིགས་འདིའི་སྐད་ཡིག་དེའི་ཆེད་དུ། རང་གི་གཅེས་པའི་སྲོག་ཀྱང་འདོར་ཐུབ་ཀྱི་ཡོད་ན། ང་ཚོས་ག་རེ་བྱས་ན་ས་མི་རིགས་དང་སྐད་ཡིག་འདིའི་ཆེད་དུ་ལས་དོན་མཐུས་ཚང་ཞིག་དང་། འཛིན་སྐྱོང་ཚགས་ཚུད་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་རེད། བོད་གཞུང་གཞི་རིམ་སློབ་གྲྭ་ནས་ཐོན་པའི་མཐོ་རིམ་སློབ་མ་མང་པོ་ཞིག་གིས་བོད་ཡིག་ཡག་པོ་ཤེས་ཀྱི་མེད་པ་མ་ཟད། བོད་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱི་མེད་པ་དེ་རྩ་བའི་ནོར་འཁྲུལ་ཤོར་ས་འཛིན་སྐྱོང་དང་། གཉིས་པ་དེ་ཉིན་རེ་འཚོ་བ་སྐྱེལ་ཐུབ་ཙམ་གྱི་བསམ་བློ་མ་གཏོགས་མེད་པའི་སློབ་མ་མང་པོ་གསོ་སྐྱོང་བྱས་པའི་ངན་འབྲས་རེད། རྗེས་ཕྱོགས་ང་ཚོ་ཡང་འདིའི་ཐོག་ལ་བསམ་གཞིགས་གཏོང་རྒྱུ་་གལ་ཆེན་པོ་རེད། སྨོན་ལམ་ཙམ་གྱི་ག་ལ་འགྲིག
ཁོ་ཚོའི་སྙིང་སྟོབས་དང་། ཁོ་ཚོའི་གཟི་བརྗིད་་ནི་དངོས་གནས་རིན་ཐང་བྲལ་བ་ཞིག་རེད། ཁོ་ཚོས་རང་གི་མི་རིགས་དང་།་རང་གི་རིག་གཞུང་དེ་ཉིད་མི་ཉམས་རྒྱུན་འཛིན་དང་ཉམ་པ་སླར་གསོའི་ཆེད་དུ། རང་གི་གཅེས་པའི་སྲོག་ཀྱང་འདོར་ཐུབ་ཀྱི་ཡོད་ན།ང་ཚོས་ག་རེ་བྱས་ནས་རང་གི་སྐད་ཡིག་འདིའི་ཆེད་དུ་ལས་མཐུས་ཚང་ཞིག་དང་། ཡང་ན་་འཛིན་སྐྱོང་ཚགས་ཚུད་པོ་ཞིག་གོ་སྒྲིག་བྱེད་མ་ཐུབ་པ་རེད། གཞུང་དང་སྒེར་ཕྱོགས་ག་ས་ག་ནས་བསམ་བློ་ཡག་པོ་གཏོང་དགོས་ངེས་རེད། ང་ཚོའི་བོད་གཞུང་གི་གཞི་རིམ་སློབ་གྲྭ་ཐོན་པའི་སློབ་མ་མངཔོ་ཞིག་གིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱི་མེད་པ་ཟད། བོད་སྐད་གཙང་མ་ཞིག་བཤད་མི་ཐུབ་པ་དེ་ང་ཚོ་རང་གཞན་ཚང་མས་རང་གི་སྐད་ཡིག་ལ་ཆེ་མཐོང་མ་བཞག་པ་དང་། དེ་ཙམ་གྱི་སེམས་ཤུག་མེད་པ་བྱུང་བ་ཡིན་པ་གསལ་བོ་རེད།
རྒྱ་ནག་གུང་ཁྲན་གྱིས་བྱ་སྤྱོད་དེ་ངོ་མ་ཐབས་སྐྱོ་པོ་ཞིག་དང་། བློ་ཕམ་དགོས་པ་ཞིག་རེད། འཇིག་རྟེན་ཁ་དཔེར། རྔ་ལ་དཔག་པའི་འཆམ་འཁྲབ། ཞེས་པ་ལྟར་ང་ཚོ་བྱེས་ལ་ཡོད་པའི་སློབ་ཕྲུག་ཚོས་ཀྱང་སོ་སོའི་རིག་གཞུང་སྲུང་སྐྱོབ་ཆེད་དུ་རྣམ་དཔྱོད་དང་དྲང་བདེན་གྱི་ལམ་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུའི་དུས་ལ་བབ་འདུག
ད་དུང་ཡང་གོ་མེད་འཚོར་མེད་ཀྱི་ཕར་བལྟ་ཚུར་བལྟ་བྱས་ནས་བསྡད་ན་ནམ་ཞིག་ང་ཚོའི་ཕ་མེས་ཀྱི་རིག་གཞུང་བཟང་པོ་འདི་ཅི་ཡིན་འདི་ཡིན་མེད་པར་འགྲོ་རྒྱུའི་ཛ་དྲག་གི་འཚམས་སུ་བསླེབས་འདུག
ས སློབ་ཕྲུག་དེ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་ཤོག
ད་རེ་བོད་རང་དབང་སློབ་ཕྲུག་ཚོགས་པ་ཟེར་བ་དེ་གྲགས་འགུལ་མེད་པ་ག་རེ་ཡིན་ནམ།
ཚོགས་པ་འདི་ཚོ་མང་ཙམ་མ་གཏོགས་དོན་ལ་ཕེན་ཐོག་མེད་པ་གསལ་པོ་རེད།
སྐུ་མཁྱེན་ད་ཡར་ལང་ཤོག
ཚེས་ཉི་ཤུ་ཉིན་མཚོ་སྔོན་ཆབ་ཆ་ཁུལ་པཎ་ཆེན་རིན་པོ་ཆེའི་སློབ་ཆེན་གཙོས་ཆབ་ཆ་དགེ་འོས་སློབ་གྲྭ་དང་གསོ་རིག་སློབ་གྲྭ་བཅས་ཀྱིས་བོད་ཡིག་གི་བདག་དབང་སྤྲོད་དགོས་ཞེས་ཞི་བའི་སྐད་འབོད་བརྒྱབ་འདུག་ལ་ཡིན་ད་རེས་ཡང་ཆབ་ཆ་སློབ་འབྲིང་གི་སློབ་མ་ཆིག་སྟོང་ལྷག་གིས་རང་སྐྱོང་ཁུལ་ལ་སྐད་ཡིག་གི་རང་དབང་དགོས་བྱས་པའི་འབོད་ཚིག་བསྒྲགས་ཏེ་མཐར་སློབ་མ་ཉི་ཤུ་འཛིན་བཟུང་བྱས་འདུག
དགྱ་དམར་གྱི་རྩ་ཁྲིམས་དེ་ཡིག་ཐོག་ལ་མ་གཏོགས་ལག་ལེན་པ་ཕྱི་ལོ་གྱ་གྲངས་ནང་ནས་མར་བལྟས་ན་གསལ་པོ་རེད།
མི་རིགས་ཀྱི་བླ་སྲོག་སྲུང་སྐྱོབ་གནང་མཁན་སློབ་ཕྲུག་ཚོའི་ཚེ་སྲོག་བར་ཆད་དང་འགེགས་གང་ཡང་མེད་ཤོག
བོད་ནང་གི་སློབ་མ་ཚོའི་སྐད་འབོད་བྱས་པ་དེར་རྒྱ་ནག་གཞུང་གི་བཙའ་བཀའ་བཏང་བའི་དམབསྒྲགས་འོག་བཙོན་བཅུག་བྱས་པ་དེར་རྒལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་འཛམ་གླིང་གི་བདེ་སྡུག་ལ་རྟོགས་ཞིབ་བྱེད་མཁན་་ཚོགས་པ་ཁག་གིས་རྒྱ་ནག་ལ་འབོད་བསྐུལ་དང།
སྐྱབ་མེད་མགོན་མེད་དུ་གྱུརཔའི་སློབ་ཕྲུག་རྣམ་ལ་རོགས་མགོན་བྱས་ན་ཅི་མ་རུང་སྙམ།
སློབ་ཕྲུག་དེ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པར་ཤོག
སློབ་མ་རྣམས་ཀྱི་སྲོག་ལ་བར་ཆད་མི་ཡོང་བ་དང་ཁོང་རྣམས་ཀྱི་ཞུམ་མེད་ཀྱི་སྙིང་སྟོབས་དང་། ལྷད་མེད་ཀྱི་ལས་འགུལ་འདི་འདྲ་སྤེལ་བར་བཙན་བྱོལ་བའི་སྐྱག་ཕྲུག་ཚོ་འགུལ་ཙམ་ཡང་མེད་དོན་གང་རེད། ངོ་མ་བཙན་བྱོལ་བའི་སློབ་མ་སྐྱོ་སོང་།
ཁོང་ཚོ་ལ་བར་ཆད་མེད་པར་སྨོན།
རྒྱ་ནག་རྩ་ཁྲིམས་ལ་ནུས་པ་ཞིག་ཡོད་མེད་ལ་ག་ལེར་གསལ་ཁ་ཐོན་བཞིན་བཏོད་ཀྱིན་པས། སློབ་མ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།
བོད་མི་ཚོས་ཁྲིམས་མཐུན་གྱི་ལམ་ནས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་འབོད་སྒྲ་བསྒྲགས་པ་ཙམ་གྱིས་འདི་ལྟར་འཛིན་བཟུང་བྱས་ན། བཅའ་ཁྲིམས་དང་རྩ་ཁྲིམས་ཟེར་བ་ཡང་དོན་དམ་དུ་མེད་པ་འདྲ། ད་དུང་ང་ཚོས་བདེན་པ་བདེན་སར་འཁྱོལ་ཐབས་ལ་རིག་པ་བསྒྲིམ་དགོས་པར་མཐོང་།
ཨོ་ད་འདི། ད་རྒྱ་བརྩོག་ཚང་གིས་ལག་འགུལ་འགོ་བཙུགས་སོང་། སྐྱབས་མགོན་མཁྱེན། ད་རིམ་གྱིས་གནས་ཚུལ་འདྲ་མིན་ལྷག་ས་རེད།
སློབ་ཕྲུག་དེ་ཚོའི་ཚེ་སྲོག་ལ་བར་ཆད་མེད་པ་དང་བསམ་དོན་འགྲུབ་པར་སྨོན། འདི་དག་ནི་འཚེ་མེད་ཞི་བ་དང་། དྲང་བདེན། གནས་ལུགས། ཁྲིམས་མཐུན། སྐྱིད་སྡུག་ཡར་ཞུ། སོགས་ཀྱིས་སྤྲད་པའི་རིན་ཐང་རེད། གཅིག་བྱས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་