མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་མོན་གྷོ་གཏན་སློབ་དང་བོད་ཁྱིམ་པད་མ་ཚལ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ ༣༥༠ ལྷག་གིས་བོད་ནང་གི་སློབ་ཕྲུག་ཚོའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་ལངས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བྱང་བུ་འདྲ་མིན་ཐོག་བོད་རྒྱ་དབྱིན་གསུམ་གྱི་འབོད་ཚིག་སྣ་ཚོགས་བྲིས་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ལས་འགུལ་དེའི་ཐོག་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་དང་སློབ་དགེ་ཀླུ་སྒྲུབ་བསྟན་དར། ས་གནས་གྲོས་ཚོགས་ཚོགས་གཙོ་སོགས་ཆེད་ཕེབས་ཀྱིས། ཕྱི་རོལ་བཙན་བྱོལ་བོད་མི་ཚོས་བོད་ནང་དུ་རྒྱའི་བཙན་འོག་ཏུ་གནས་བའི་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཐུན་སྒྲིལ་མཚོན་ཆེད་ལས་འགུལ་འདི་དང་འདི་ལྟ་བུ་ཤུགས་ཆེན་སྤེལ་དགོས་པ་དང་། བོད་སྐད་བོད་ཡིག་སྲུང་སྐྱོབ་དེ་ཆོས་ལུགས་དང་ཆོལ་ཁ། བོད་ཕྱི་དང་ནང་། རྒྱལ་ཁབ་གཞུང་དང་མི་དམངས་མང་ཚོགས་སོགས་ལ་དབྱེ་བ་མེད་པར་སྨྲ་བརྗོད་ལོངས་སྤྱོད་ཀྱི་ཐོབ་ཐང་ཞིག་ཡིན་ལ། འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པར་བོད་པ་མི་རེ་ངོ་རེར་སྲུང་སྐྱོབ་དང་དར་སྤེལ་གྱི་འགན་འཁྲུ་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད།

 

དེ་བཞིན་སློབ་ཕྲུག་གི་སྐུ་ཚབ་ཀྱིས་ཀྱང་། བོད་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོས་རྒྱ་གཞུང་ལ་དགོས་འདུན་གྱི་ངོ་རྒོལ་བྱེད་ཀྱིན་ཡོད་པར་ང་ཚོ་བོད་བྱེས་སུ་གནས་བའི་སློབ་ཕྲུག་ཚོས་སེམས་གཏིང་ནས་ཡི་རིངས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། གཞིས་བཞུགས་སློབ་མ་ཚོ་རྒྱའི་གདུག་རྩུབ་ཆེ་བའི་ཁྲིམས་འོག་ན་འཚོ་བཞིན་དུ། ས་གནས་མང་པོར་སྔ་རྗེས་སུ་འོས་ལངས་བྱས་པ་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་བྱ་བཞག་ཅིག་རེད། རྒྱ་གཞུང་གིས་བོད་པའི་སྐད་ཡིག་རིག་གནས་བཀག་སྡོམ་བྱས་ཏེ། བོད་མི་རིགས་རྩ་མེད་ཀྱི་སྔོན་འགྲོ་སྒྲུབ་བཞིན་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ང་ཚོས་བོད་ནང་གི་སློབ་ཕྲུག་ཚོར་རམ་འདེགས་ཐུབ་པ་ནི། ཕྱི་ལོགས་ནས་བོད་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་། སྔར་ལས་ལྷག་པར་བོད་ཡིག་བོད་སྐད་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་དུ་མི་འཇུག་རྒྱུ་དེ་རེད། ཅེས་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་འཕར་དོན་འགྲུབ་རྒྱལ་པོ་ལགས་ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་འདུག ༢༠༢༥།༡༡།༢༧ དུས་བབ་ཀྱི་པར།
གསར་འགྱུར།

ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་གཞག་གནང་།

སྐར་མ ༡༤ སྔོན་ལ།
བོད་མགོ་ལོག་གཅིག་སྒྲིལ་རྫོང་གི་ཁོར་ཡུག་དང་མེ་གསོད་རུ་ཁག་གིས་མ་ཎི་དར་ལྕོག་སོགས་མེར་བསྲེགས། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་མེ་སྐྱོན་ལ་ཁ་གཡར་ནས་མ་ཎི་དར་ལྕོག་མེར་བསྲེགས། 

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

༢༠༢༥/༡༡/༢༦
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

༢༠༢༥/༡༡/༢༥
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤

མཆན། 7

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བཙན་བྱོལ་གྱི་སློབ་མ་རྣམས་ཀྱིས་གཞིས་ལུས་བོད་རིགས་སློབ་མ་རྣམས་ཀྱི་མཛད་རྗེས་ལ་རྒྱབ་སྐྱོར་གནང་བ་ནི་བསྔགས་བརྗོད་ཀྱི་ཡུལ་ཡིན་ དྲ་གྲོགས་ཚོ་བསམ་འཆར་བཏོན་སྐབས་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་ལ་བསམ་བློ་བཏང་ནས་བསམ་འཆར་བཏོན་དགོས་པ་ལས་རང་ཉིད་ཕྱོགས་ལྷུང་གི་ར་བའི་འོག་ཏུ་ཚུད་པ་ཞིག་གིས་གཞན་ལ་ཡང་དེ་ལྟ་བུ་བཅུག་རྒྱུའི་བརྒྱུད་བསྐུལ་མ་གནང་ན་མི་ལེགས་སམ་ དྲ་ཚིག་འདིའི་ནང་བསམ་འཆར་འདོན་མཁན་མང་ཆེ་བས་གཞིས་ཆགས་ཀྱི་ལས་འགུལ་གང་སྤེལ་ནའང་སྐྱོན་གྱི་ཆ་ཁོ་ན་བཏོན་པ་ནི་བློ་གཟུ་བོར་གནས་པའི་བྱ་ལུགས་ཤིག་གཏན་ནས་མིན་ བོད་མི་རིགས་ཀྱི་ལར་རྒྱ་ཡོད་ན་དོན་དམ་དུ་ཡོད་དགོས་པ་ལས་ཁ་ཞེ་མི་མཚུངས་པའི་གཏམ་མ་སྤེལ་ན་དགའ་སྙམ་ འདི་ནི་ངའི་འབོད་བསྐུལ་ཡིན་

    Reply
  2. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་སློབ་ཕྲུག་འདི་ཚོའི་ཁ་ཞེ་གཉིས་མེད་ཡིན་ནམ།
    དེ་ཚོ་སྙིང་རྗེ་སོ་སོའི་བོད་ཡིག་དང་དབྱིན་ཡིག་གཉིས་ལས་གང་གཙོ་ཆེར་བྱེད་ཀི་ཡོད་དམ་བསམ་བློ་གཏོང་རོགས་གནོངས་ལོ། ངའི་བལྟས་ན་འདི་ཚོའི་རང་ངོ་ཤེས་ཀྱི་མི་འདུག

    Reply
  3. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ཉེ་ལམ་མོན་གྷུ་འདོད་རྒུ་གླིང་གི་གཏན་སློབ་དང་བུ་ཁྱིམ་པདྨ་ཚལ་གྱི་སློབ་ཕྲུག་རྣམས་ནས་གཞི་ལུས་བོད་རིགས་སློབ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་བཞིན་ང་ཚོ་བྱེས་འབྱོར་བོད་མིའི་གནས་འཁོད་གང་སར་གཞུང་སྒེར་སློབ་གྲྭ་ཁག་ནས་འདི་ལྟ་བུའི་ལས་འགུལ་ཆབས་སྲིད་དང་འདྲེས་ལྷད་མེད་པའི་ཐོག་སྤེལ་དགོས་པ་ཧ་ཅང་གལ་འགང་ཆེན་པོ་མཐོང་།

    Reply
  4. གངས་ཅན། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བརྒྱད་པའི་ནང་གསེས་བཞི་པ་རུ། སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པའི་བར་བོད་སྐད་ལས་གཞན་པའི་སྐད་ཡིག་སློབ་སྟོན་ལྟ་ཞོག སྐད་ཡིག་གཞན་གྱི་མིང་ཚིག་དང་གླུ་གཞས་སོགས་ཀྱང་བེད་སྤྱོད་མི་བྱེད་པ་གཙོ་འདོན་བྱ་དགོས་ཤིང། གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཉིས་པ་དང། གཞི་རིམ་བར་མའི་འཛིན་གྲྭ་དྲག་པ་ནས་སྐད་ཡིག་གསུམ་པའི་སློབ་སྟོན་འགོ་འཛུགས་བྱ་རྒྱུ། ཞེས་རང་གཞུང་གིས་ཕྱི་ལོ་༢༠༠༤ ལོའི་ཟླ་༩ པའི་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་སྤྱི་མོས་གཏན་འབེབས་གནང་ན་ཡང། ད་ལྟ་བར་སམ་བྷོ་ཊ་ཁྱབ་ཁོངས་ཀྱི་སློབ་གྲྭ་ལས་དངོས་སུ་ལག་ལེན་བསྟར་མ་ཐུབ་པ་གང་ལན་ནམ། དྷ་སྟེང་བོད་ཁྱིམ་གྱི་ལ་དྭགས་བྱང་ཐང་དུ་ཚོད་ལྟའི་ཚུལ་གྱི་ལག་ལེན་བྱེད་པ་ལས་ཁྱབ་ཁོངས་ཀྱི་སློབ་གྲྭ་གཞན་ལ་ལག་ལེན་བྱེད་ཀྱི་མེད། སྐད་ཡིག་རྒྱུན་འཛིན་ཚོགས་པ་རྣམས་ཀྱིས་འདི་རྣམས་མ་ཤེས་པ་ཡིན་རྒྱུ་མ་རེད།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཨ། སློབ་ཕྲུག་ཚོ། ཁྱོད་ཚོ་དངོས་གནས་སྙིང་རྗེ་སྐྱེད་རེད་ཡ། ཁྱོད་ཚོས་བོད་སྐད་ཕལ་བ་དང་དབྱིན་སྐད་དང་པོར་བཞག་ནས་སློབ་གི་ཡོད་པ་ལ་འདང་རྒྱག་དགོས་པ་རེད་ད།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    འདི་ནས་ང་ཚོས་རྒྱབ་སྐྱོར་འབོད་ཚིག་ཙམ་སྒྲོག་རྒྱུ་མ་ཡིན་པར་དོན་དངོས་ཐོག་བོད་ཀྱི་སྐད་ཡིག་དེ་ཁ་ཡོད་ལག་ཡོད་ཀྱི་སྲུང་སྐྱོབ་བྱེད་དགོས།

    བོད་ནང་དགྱ་དམར་གྱིས་ཆེད་མངགས་ཀྱིས་བོད་པའི་ངོ་བོ་མཚོན་བྱེད་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད།

    བཙན་བྱོལ་ནང་རང་གི་ངོ་བོ་མཚོན་བྱེད་སྐད་དང་རིག་གཞུང་བྱེད་རྒྱུ་ལས་བྲལ་ཏེ་ལེ་ལས་ལྡོག་སྟེ་དེ་ལ་དམའ་འབེབས་དང་མཐོང་ཆུང་བྱེད་ཀྱིན་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན།

    དེར་བརྟེན་ཁྱི་དམར་པོས་རྨ་ཁ་བཟོས་པ་དང་ཁྱི་དཀར་པོས་རྨ་ཁ་བཟོས་པ་གཉིས་ལ་ཁྱད་་པར་མེད།

    Reply
  7. norsang tsering says:
    ལོ་ 15 སྔོན།

    ཁྱེད་རྣམས་ཀྱིས་བོད་ནང་དུ་ད་ལྟའི་ཆར་བོད་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བ་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དུ་འདིར་རང་དབང་ལུང་པའི་ཁྲོད་དུ་སྐད་འབོད་ཙམ་གྱི་ལས་འགུལ་ཞིག་སྤེལ་ཡོད་པར་ཕྲན་ནས་བསྔགས་བརྗོད་བྱེད་དགོས་ངེས་ཞིག་རེད།་་་་་་་་་ཡིན་ནའང་དེ་ལས་ཀྱང་ལྷག་པ་ནི་ནམ་བཞག་རྒྱུན་དུ་བོད་སྐད་གཙང་མ་ཞིག་རྒྱབ་རྒྱུ་དང་དབྱིན་ཇིའི་སྐད་ཡིག་ལས་ཀྱང་བོད་པའི་སྐད་ཡིག་ལ་དོ་སྣང་མང་ཙམ་ཞིག་སྤྲོད་ཐུབ་ཚེ་ལེགས་པར་སྙམ་ཞིང་དེ་མིན་རྒྱུན་དུ་དབྱིན་སྐད་ཁོ་ན་ལས་ལྷག་པ་ཞིག་མེད་པར་འདོད་ཚེ་ལས་འགུལ་སྤེལ་བ་དེ་ནི་སྟོང་ཟད་མིན་ན་ཅི་ཡིན།་་་་་་་་་་་་སྤུན་ཟླ་རྣམ་པས་དེར་ངེས་པར་དུ་བསམ་བློ་ཞིག་བཏང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese