མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་བཅོས་བསྒྱུར་བྱ་རན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དཔལ་ཚུལ་ཁྲིམས།

དམངས་གཙོ་བཅོས་བསྒྱུར་ཞེས་པའི་ཚིག་འདི་རང་ཅག་མང་པོ་ཞིག་གི་རྣ་བར་ཐོས་པ་ཙམ་གྱིས་སྐྱི་གཡའ་བ་དང་། སྐྲ་ཟིང་པའི་ཚོར་བ་ཞིག་སྐྱེ་ངེས།དེ་ནི་རྒྱ་ནག་གིས་ང་ཚོ་བོད་ལ་ཇི་ཙམ་ངན་པ་བཟང་བརྫུས་ཀྱིས་བྱ་ངན་སྤེལ་ཡོད་པའི་དན་རྟགས་ཤིག་ཀྱང་རེད། དོན་དུ་དམངས་གཙོ་བཅོས་བསྒྱུར་ཞེས་པ་རྣ་བར་སྙན་པའི་ཚིག་ཅིག་ཡིན་དགོས་པ་ལས་ཞེ་མེར་བའི་ཚིག་ཅིག་ཡིན་དོན་མེད། ༧གོང་ས་མཆོག་གིས་རང་ཅག་ལ་དམངས་གཙོ་ཞེས་པའི་རིན་བྲལ་གྱི་དངོས་གྲུབ་དེ་གོང་ནས་གསོལ་རས་སུ་བསྩལ་ཞིང་། ད་ནི་དེའི་འཕེལ་རྒྱས་ཀྱི་གནས་ཚད་ཀྱང་མཐོ་བོར་སླེབས་ཡོད།འོ་ན་ད་ལྟ་རང་རེའི་དམངས་གཙོ་ལ་བཅོ་བསྒྱུར་གང་བྱ་དགོས་སམ་ཞེ་ན། ད་ལྟའི་དམངས་གཙོའི་ཁྱད་ཆོས། བཅོས་སྒྱུར་གང་ཞིག་བྱ་དགོས་པའི་ངོས་སྤྲོད། བཅོས་སྒྱུར་གྱི་དགེ་མཚན། མ་བྱས་པའི་ཉེན་ཁ། བཅས་བཞི་ཡི་སྒོ་ནས་རང་གི་བསམ་ཚུལ་མདོར་ཙམ་ཞུ་རྒྱུ་ཡིན།

དང་པོ། ད་ལྟའི་དམངས་གཙོའི་ཁྱད་ཆོས་ནི་འཛམ་གླིང་ན་སུ་ལ་ཡང་མེད་པའི་ལམ་ལུགས་ཁྱད་པར་བ་ཞིག་ཡིན། འདི་ནི་ཕོ་རོག་དཀར་པོའི་ངང་ཚུལ་མིན་པར་རྒྱུ་སྐར་དབུས་ཀྱི་ཟླ་བའི་ངང་ཚུལ་ཡིན་པར་བདག་འདོད།ང་ཚོར་སྲིད་དོན་ཚོགས་པ་མེད་པ་འདི་དམངས་གཙོ་ཡང་དག་པའི་ཚད་ལ་སླེབས་མེད་པའི་རྟགས་ཡིན་ཚུལ་གསུང་མཁན་ཡོད་ཀྱང་དེ་ནི་མ་ངེས་པར་བདག་འདོད། ཆབ་སྲིད་སྐྱོང་བའི་ལམ་ལུགས་ཐམས་ཅད་ཐ་ཤལ་ཡིན་ཞིང་དམངས་གཙོ་ནི་ཐ་མའི་ནང་གི་རབ་མ་དེ་ཡིན་པར་མཁས་པ་ཚོར་བཤད་སྲོལ་ཡོད་པ་བཞིན་ནུབ་ཕྱོགས་ཀྱི་དམངས་གཙོ་ལ་ཧ་ལམ་རྫོགས་སུ་མེད་པའི་སྐྱོན་འདྲེན་རྒྱུ་ཡོད་འདུག དེའི་ནང་ནས་སྐྱོན་གཅིག་ནི་སྲིད་དོན་གྱི་ལངས་ཕྱོགས་དང་རྐུབ་སྟེགས་ཀྱི་དོན་དུ་ཤི་འཐབ་རོ་འཐབ་བྱེད་པ་འདི་རེད། རང་རེའི་དམངས་གཙོའི་ལམ་ལུགས་ལ་དེ་འདྲའི་འཐབ་ཡུལ་ལྟོས་ས་ལྟོས་འཇོག་གིས་ཆུང་བ་རེད། གང་ལགས་ཤེ་ན་གཅིག་ནས་སྐྱེ་བོ་ཞིག་སྤྱི་འཐུས་སུ་སླེབས་པ་ན་སྲིད་དོན་གྱི་ལངས་ཕྱོགས་ཀྱི་འཐབ་རྩོད་བྱེད་ཡུལ་མེད་པར་བོད་མི་སྤྱིའི་འཐུས་མི་བྱེད་དགོས་པ་དང་། ཅི་སྟེ་དེ་མ་བྱུང་རུང་རང་ཉིད་བདམ་ཡུལ་གྱི་ཆོལ་ཁ་སྤྱིའི་འཐུས་མི་ཞིག་བྱེད་དགོས་པ་རེད།གཉིས་ནས་སྤྱི་འཐུས་སུ་ཡིན་རུང་བཀའ་བློན་གྱི་རྐུབ་སྟེགས་ལ་རློམ་སེམས་བྱེད་ཡུལ་མེད་པ་རེད། 

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལན་མང་གསུང་བ་བཞིན་རང་རེའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ནི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་ཀའི་ལས་འགན་སྒྲུབ་དགོས་ཀྱི་ཡོད་སྟབས། གཅིག་བྱས་ན་ལས་དོན་གཉིས་ཀ་རྔོ་ཐོགས་པ་ཞིག་མི་འགྲུབ་པའི་དཀར་མིན་ནག་མིན་ཞིག་ཏུ་འགྱུར་སྲིད་ཀྱང་། ཡང་གཅིག་བྱས་ན་ལས་དོན་ཀུན་ལ་ཐལ་ཆར་མ་སོང་བའི་གཏང་སྙོམས་ཤིག་ཡོང་བར་ཕན་ཐོགས་ཀྱང་སྲིད། དེས་ན་རང་རེའི་དམངས་གཙོ་འདི་སྲིད་དོན་ཚོགས་པ་ཅན་དུ་སྒྱུར་དགོས་པའི་འདོད་ཚུལ་ད་ལྟ་ཁོ་བོར་འདོད་པ་ཡེ་ནས་མེད། དེ་བས་ཀྱང་ད་ལྟའི་འགྲོ་ཚུལ་ཆོལ་ཁའི་སྤྱི་འཐུས་འདི་ལ་དགེ་མཚན་ཞིག་ཡོད་པ་ནི་འདིས་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཞིག་སྟོན་གྱི་ཡོད་པ་མ་ཟད་། དེ་ལས་ཀྱང་གལ་ཆེ་བ་ནི་ཆོལ་གསུམ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་སྲིད་གཞུང་ཡིན་པ་མཚོན་པ་དེ་རེད། བཙན་བྱོལ་གཞུང་འདི་གཞིས་ལུས་མི་མང་གི་བློན་དྲན་པ་གཉིས་ཀྱིས་རྟེན་ས་དང་། སེམས་བསམ་པ་གཉིས་ཀྱིི་འཇོག་ས། དཔའ་དཔུང་པ་གཉིས་ཀྱི་འབྱུང་རྩ་རུ་གྱུར་ཡོད་པ་འདི་རེད། དེས་ན་རང་རེའི་ཆོལ་གསུམ་གྱི་སྤྱི་འཐུས་འབྱུང་བའི་ལམ་ལུགས་འདི་ལ་དོན་སྙིང་དང་རྒྱུ་མཚན་གཞན་དྲིང་མི་འཇོག་པ་ཞིག་ཡོད་པས་འདི་མུ་མཐུད་ནས་སྐྱོང་དགོས་པར་བདག་འདོད།

གཉིས་པ། བཅོས་སྒྱུར་ངོ་མ་ཅི་ཡིན་ཞེ་ནཿ ད་ལྟ་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཡོང་ཁུངས་འདི་ལ་ལེགས་བཅོས་བྱ་རྒྱུ་དེ་ཡིན། དེ་ནི་བོད་ཀྱི་ས་ཁུལ་ཧྲིལ་བོ་ལ་འཐུས་ཁུལ་(constituency)་སུམ་བཅུར་ཆ་བགོས་བྱས་ནས་འཐུས་མི་སུམ་བཅུ་བོ་དེ་དག་གི་འཐུས་མི་ངོ་མར་འགྱུར་ཐབས་བྱེད་དགོས་པ་དེ་ཡིན། (“འཐུས་ཁུལ”་ཞེས་པ་ནི་དབྱིན་སྐད་ཀྱི་ constituency ཟེར་བ་འདི་བོད་སྐད་ལ་བསྒྱུར་ཁུལ་ཡིན། “འཐུས་ཚབ་བྱ་སའི་ས་ཁུལ”་ཞེས་པའི་ཚིག་བསྡུས་བྱས་ཁུལ་ཡིན།) འདིར་རང་ཅག་འགའ་རེ་ལ་དོགས་པ་ཞིག་འབྱུང་སྲིད་པ་ནི་བཙན་བྱོལ་ན་བོད་ཀྱི་ས་ཁུལ་རེ་འགའ་ནས་བཙན་བྱོལ་བ་མང་བས་དཀའ་ངལ་མེད་ཀྱང་བོད་ཀྱི་ས་ཁུལ་རེ་འགར་བཙན་བྱོལ་ན་འཐུས་མིར་འོས་པ་ཡེ་ནས་མེད་པས་འདི་ལག་ལེན་དུ་འོང་མི་ཐུབ་སྙམ་སྲིད། འདི་ནི་དམངས་གཙོའི་ལམ་ལུགས་ལ་མཉམ་མྱོང་མེད་པའི་རྟགས་ཡིན། སྤྱིར་འཐུས་མི་མང་ཆེ་བ་རང་རང་སྐྱེ་ས་གང་ཡིན་དེའི་འཐུས་མི་བྱེད་པ་ཞིག་ཡོད་པ་ནི་རང་ཉིད་ཀྱི་སྐྱེ་ས་ན་རང་ལ་རྒྱབ་སྐྱོར་བ་མང་བ་ཡོད་པའི་རྒྱུ་མཚན་ཙམ་ལ་ཐུག་ཡོད། དེ་ལས་གཞན་པའི་འཐུས་མི་རང་ཉིད་ཀྱི་སྐྱེ་ཁུངས་དང་འཐུས་ཁུལ་གཉིས་ལ་འབྲེལ་བ་གང་ཡང་མེད། དེས་ན་ཆོལ་ཁ་གང་ཞིག་གི་འཐུས་མི་ཆོལ་ཁ་རང་ཁོངས་ནས་ཡིན་དགོས་དོན་མེད་ལ། ས་ཁུལ་གང་ཞིག་གི་འཐུས་མི་ས་ཁུལ་རང་ཁོངས་ནས་ཡིན་དགོས་དོན་ཡང་དེ་བཞིན་མེད། ས་ཁུལ་གང་ལ་མཁྱེན་རྟོགས་ཡོད་པ་དང་དེའི་མི་མང་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་འམ་མདོར་ན་ས་ཁུལ་དེས་མི་མང་གིས་ཡིད་ཆས་ཡོད་པ་ཙམ་གྱིས་ཆོག་པ་ཡིན།

འདིར་བློ་བདེ་ཆེད་དུ་དཔེར་མཚོན་རེ་འགའ་འཇོག་དགོས་སྲིད་པས། ད་ལྟའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་རང་ཡུལ་པན་ཇབ་ཀྱི་ཡུལ་ནས་བདམ་པ་མིན་པར་ཤར་ཕྱོགས་ཨ་སམ་ནས་བདམ་ཐོན་བྱུང་བ་རེད། ཡང་ལྕམ་སོ་ནི་ཡ་གྷན་དི་རྒྱ་གར་བྱང་ཕྱོགས་ར་ཡེ་བྷ་རེ་ལི་དང་ལྷོ་ཕྱོགས་ཨ་མེ་ཐི་གཉིས་ཀ་ནས་འོས་ཤོག་རྒྱལ་ཁ་ཐོབ་ཡོད། རྒྱ་གར་གྱི་སྲིད་བློན་སྔོན་མ་ཨཊལ་བྷིཧཱརི་བྷཇཔཱཡི་མཆོག་གྷོ་ཝ་ལིཡར་ནས་འཁྲུངས་ཤིང་འཐུས་ཁུལ་ལཁནཱའོ་ནས་བདམ་ཡོད།  དེ་བཞིན་སྲིད་བློན་ར་ཇིབ་གྷན་དི་མཆོག་བྷོམ་བྷེ་ལ་འཁྲུངས་ཤིང་འཐུས་ཁུལ་ཨ་མེ་ཐི་ནས་བདམ་ཡོད། ཀུན་ལ་རྒྱུས་མངའ་ཆེ་བའི་ལཱལུ་ཡཱདབ་མཆོག་གྷོཔཱལ་གྷནཇ་ནས་འཁྲུངས་ཤིང་ཁོང་གི་འཐུས་ཁུལ་སཱརན་འཐུས་ཁུལ་ནས་བདམ་ཐོན་བྱུང་། བྷི་ཇེ་པི་གི་དབུ་ལཱལ་ཀྲིཥན་ཨདཝནི་མཆོག་པ་ཀིསིཐཱན་གྱི་གྲོང་ཁྱེར་ཀ་ར་ཆི་ནས་འཁྲུངས་ཤིང་ཁོང་གི་འཐུས་ཡུལ་གུཇརཱཏ་ཀྱི་གྷན་དི་ན་གར་ནས་བདམ་ཐོན་བྱུང་། ད་དུང་དེ་འདྲ་ཧ་ཅང་མང་། དེ་བས་ནུབ་ཕྱོགས་ན་ནི་འཐུས་མི་གང་ཞིག་རང་ཉིད་སྐྱེ་ས་ལས་བདམ་ཐོན་བྱུང་པ་ལས་རང་ཉིད་སྐྱེས་ས་མ་ཡིན་པ་ལས་བདམ་ཐོན་བྱུང་པ་མང་བར་མཐོང་། རེ་རེ་བཞིན་འདིར་དཔེར་མཚོན་འདྲེན་རྒྱུ་ཡང་མེད་ལ་འདྲེན་ངལ་བ་མི་དགོས་པར་སྙམ། ཞིབ་འཇུག་ཅིག་བྱས་མཁྱེན་ཐུབ། གཙོ་བོ་འདི་དམངས་གཙོའི་ལམ་ལུགས་དང་འགལ་མེད་པ་དེ་རེད།

གསུམ་པ། བཅོས་བསྒྱུར་གྱི་དགེ་མཚན། བཅོས་སྒྱུར་བྱས་པའི་དམིགས་ཡུལ་ནི་གཞེས་བྱེས་གཉིས་ཀྱི་འབྲེལ་ཐག་ཇེ་དམ་དུ་འགྲོ་ཆེད་ཡིན། གལ་སྲིད་བཅོས་བསྒྱུར་དེ་བྱས་ན་འཐུས་མི་རང་རང་གིས་ཐབས་ལམ་སྣ་དགུ་བཏོན་ནས་རང་རང་གི་འཐུས་ཁུལ་གྱི་མི་མང་གི་གནས་ཚུལ་ལོན་ཐབས་སུ་ཉུང་མཐར་ཡང་ས་ཁུལ་དེར་ལན་གཅིག་དངོས་སུ་ཕེབས་དགོས། གལ་སྲིད་ལོ་རེ་བཞིན་དེ་ལྟར་མ་ཐུབ་ན་མངོན་ལྐོག་ཇི་རིགས་ཀྱིས་ཚབ་གཏོང་བའམ་གང་ལྟར་ཐབས་ཤེས་རྔོ་ཐོགས་པ་ཞིག་བྱེད་དགོས། དེ་ལྟར་བྱས་ན་བཅོས་བསྒྱུར་བྱས་པའི་དགེ་མཚན་ནི་མང་ཚོད་རེད། ད་ལྟ་འདིར་དམིགས་སུ་བཀར་ནས་བཤད་དགོས་པ་དང་པོ་ནི་ཇི་ལྟར་བཤད་རུང་མ་བཤད་རུང་བཙན་བྱོལ་གྱི་མི་རྣམས་བོད་ནང་ཁུལ་དུ་རྒྱུས་མངའ་དང་མཁྱེན་རྟོགས་ཆུང་ཙམ་ཡོད། གསར་འབྱོར་བ་ཞིག་ཡིན་རུང་དུས་ཚོད་འགྱུར་བའི་དབང་གིས་བོད་ནང་གི་གནས་ཚུལ་ཇི་བཞིན་མཁྱེན་ཁག་པོ་ཡིན།

གལ་སྲིད་སྤྱི་འཐུས་རྣམས་བོད་ཀྱི་ས་ཁུལ་ཆ་བགོས་ཀྱིས་དེ་དང་དེར་དམིགས་སུ་བཀར་ནས་བཞག་ན་སྤྱི་འཐུས་རང་ཉིད་ལ་ས་ཁུལ་གང་དེའི་སྐོར་ལ་མཁྱེན་རྟོགས་བྱེད་པའི་འོས་འགན་ཞིག་འཁྲི་ཡི་རེད།དེ་ལྟར་བོད་ནང་གི་གནས་སྟངས་མཁྱེན་རྟོགས་སྔར་ལས་ཇེ་ཟབ་ཏུ་འགྲོ། དེ་བཞིན་བཙན་བྱོལ་ན་བོད་ཀྱི་ས་ཁུལ་རེ་རེ་བཞིན་ས་རྒྱུས་ཡོད་མཁན་ཉུང་ཙམ་ཡིན་པར་སྙམ།གལ་སྲིད་འཐུས་ཁུལ་ལམ་ལུགས་འདི་བཟོས་ན་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡུལ་ཡོངས་ལ་མཁྱེན་རྟོགས་སྤྱི་སྙོམས་པ་ཞིག་འབྱུང་སྲིད། དེ་བཞིན་ཆོལ་ཁའི་རྒྱུས་ལོན།ས་ཆུའི་རྒྱུས་ལོན།འཚོ་བའི་རྒྱུས།མངོན་འདོད་ཀྱི་རྒྱུས་ལོན་སོགས་རྒྱུས་ལོན་མང་པོ་ཞིག་འབྱུང་ངེས་རེད་སྙམ། ད་དུང་དེ་ལས་གལ་ཆེ་བ་ནི་གཞེས་བྱེས་གཉིས་ཀྱི་བར་འབྲེལ་ཐག་ཇེ་དམ་དང་ཇེ་ཟབ་ཏུ་འགྲོ་ངེས་ལ། དེ་བཞིན་བོད་ནང་གི་འབོད་སྒྲ་ཡང་ཇེ་མཐོ་དང་ཇེ་གསལ་དུ་འགྲོ་ངེས། དེ་ལྟར་རྒྱུས་ལོན་མང་པོ་འབྲེལ་བ་དེ་དག་བྱུང་ན་གཞི་ནས་བོད་མི་མང་སྤྱི་འཐུས་འདི་དག་བོད་གཞེས་བྱེས་གཉིས་ཀྱི་འཐུས་མི་ཚད་ལྡན་ཞིག་ཏུ་འགྱུར་བའི་ལམ་ཁ་ཡོད།

བཞི་བ། མ་བྱས་པའི་ཉེན་ཁ་འགའ་ཞིག་ཁོ་བོས་མཐོང་། དེ་ནི་བཙན་བྱོལ་གཞུང་འདི་ཕྱི་ལོ་༡༩༥༩་ལོར་ཕྱི་ཁྱོགས་ནང་ཁྱོགས་བྱས་ནས་སྐྱས་སྤོས་ཡོང་བའི་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་གི་རྒྱུན་དེ་ཡིན་པ་རེད་དམ། ཡུལ་གྱལ་བའི་བོད་མི་རྣམས་ཚོ་མི་ཡུལ་ཕྱོགས་གཅིག་ཏུ་འདུས་ནས་ཁོ་ཚོའི་བདེ་དོན་ལ་བལྟ་རྟོགས་བྱེད་མཁན་གྱི་སྐྱིད་སྡུག་ཚོགས་པ་ཞིག་ཡིན་པ་རེད། རྡ་སར་ཡོད་པའི་ལས་ཁུངས་འདི་བོད་བཙན་བྱོལ་གཞུང་ཡིན་པ་རེད་དམ། བཙན་བྱོལ་བོད་མིའི་གཞུང་ཡིན་པ་རེད། གནད་དོན་འདི་ལ་ཐུག་ཡོད།མི་ལོ་༥༠་འདས་ནས་ད་ལྟའི་དུས་སྐབས་འདིར་གནད་དོན་འདི་རྗེད་གྲབས་བྱེད་པའི་མི་མགོ་ཇེ་མང་དུ་འཕེལ་བཞིན་ཡོད་པའི་ཚོར་སྣང་ཞིག་བདག་ལ་འབྱུང་གིན་འདུག  

 གལ་སྲིད་ད་དུང་འདི་མུས་བཞིན་མུ་མཐུད་དེ་སོང་ན་མ་གཞི་སྲིད་མཐའ་ཙམ་ཡིན་དུ་ཆུགས་ཀྱང་ནམ་ཞིག་བཙན་བྱོལ་ནང་གི་ང་ཁྱོད་ཀྱི་འཐབ་རྩོད་ཀྱི་ནང་དུ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་རྒྱང་གཟིགས་མཛད་རྒྱུ་ད་ལྟ་ཉུང་བ་དེ་ལས་ཀྱང་ཉུང་དུ་འགྲོ་མི་སྲིད་པ་མི་འདུགདེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་བཙན་བྱོལ་བ་རྣམས་རང་རང་གི་ས་གནས་ཀྱི་ཡུལ་མིར་གྱུར་བ་དང་འགྱུར་འབད་བརྩོན་འོག་བཙན་བྱོལ་བོད་གཞུང་འདི་སྒོ་རྒྱག་པའི་འབད་བརྩོན་ལ་ཆེད་དུ་མི་གཞོལ་བའི་ངེས་པ་ཡང་མི་འདུག འདིའི་སྔ་བལྟས་མང་པོ་ཞིག་བདག་གི་རྣམ་རྟོག་ཏུ་འཆར་རྒྱུ་ཡོད་པས་མིག་མདུན་དུ་མངོན་སུམ་སྟོན་དཀའ་མོ་འདུགརེ་གཉིས་མངོན་སུམ་དུ་སྟོན་རྒྱུ་མེད་པའང་མིན་ཏེ། གཅིག་ནི་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་དེབ་སྐྱེལ་ལ་འབད་བརྩོན་བྱས་པ་དེ་གཅིག་རེད། ཅི་སྟེ་སུ་ཞིག་གིས་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱེད་པའི་འབད་བརྩོན་གནང་བའམ་ཡང་ན་ཕྱིར་བསྡུ་བྱེད་དགོས་པའི་གནོན་ཤུགས་སླེབས་སྐབས་དེ་ལ་གདོང་ལེན་བྱས་ནས་བཙན་བྱོལ་བོད་གཞུང་འདི་རྒྱུན་གནས་ཡོང་བར་འབད་བརྩོན་མི་བྱེད་ན་དེ་དུས་གཞིས་ལུས་བོད་མི་ལ་ཐུགས་བསམ་མ་བཞེས་པར་བདག་འདོད།

༼ ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱི་ཟིན་བྲིས་ལས་བདམས་བཀོད་བྱས ༽

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 11

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དུས་བབས་གསར་ཁང་ལ་འཁང་ར་མང་ཙམ་བྱས་མཐར་རྩོམ་བྲིས་འདི་བསམ་ཚུལ་གྱི་སྡེ་ཚན་འདིར་བཀོད་པ་དང་། ད་དུང་དུས་བབས་ཚགས་པར་ཐོག་ཏུ་ཡང་བཀོད་ཡོད་ཚུལ་གོ་བྱུང་བས་ཐུགས་རྗེས་ཆེ་ཞུ།

    Reply
  2. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྐྱེས་ཁུལ་དང་འཐུས་ཁུལ་གཅིག་མི་དགོས་པ་ནི་ དཔེར་ན་ ངག་དབང་འོད་འབར་ལྟ་བུ་ཡིན་ ཁོང་སྐྱེས་ཁུངས་འཕེན་པོ་ཡིན་ཀྱང་འཐུས་ཁུངས་སྒ་པ་ཡིན་པ་ལྟ་བུ་རེད་ འདི་ལ་སྤྱིར་བཏང་ཡ་མཚན་དགོས་པ་དེ་འདྲ་གང་ཡང་མེད་ དེ་ལྟ་བུ་ནི་ཤིན་ཏུ་མང་ དམིགས་བསལ་བཙན་བྱོལ་ནང་ལསྐྱེས་པའི་བོད་རིགས་མང་ཆེ་བ་ནི་ སྟོད་པ་དང་ཁམས་པ་འདྲེས་མ་ལས་སྐྱེས་པའམ་ དབུས་གཙང་དང་ཨ་མདོ་འདྲེས་མ་ལས་སྐྱེས་པ་ལྟ་བུ་ཡིན་ཞིང་དེ་དག་ནི་དམིགས་བསལ་ལུང་ཚན་ཁ་གསལ་མེད་པས་ངེས་པར་དུ་ཆོལ་ཁ་གཅིག་འདེམ་དགོས་ཟེར་ན་ཕལ་ཆེར་ཁག་པོ་ཡིན་ བྱས་ཙང་ རང་ཉིད་ཀྱི་རང་དབང་བེད་སྤྱོད་ནས་ས་ཁུལ་གང་གི་ཁོངས་སུ་ཞུགས་ན་ཡང་ཆོག་པའི་འདམ་ཁ་ཞིག་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་གཉེར་ཡོད་པའི་ཐོག་གནས་ཚུལ་ཞིག་བྱུང་ན་ལག་ལེན་བསྟར་བདེ་བ་དང་བྱེད་བདེ་བ་ཡོད་པར་སྙམ་

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཧ་ཅང་ཧ་ཅང། ཆེས་ཤིན་ཏུ་ལེགས་སོ། ང་ལ་འང་ས་ཁུལ་སོ་སོ་ནས་རང་འཐུས་གདམས་དགོས་པ་དེ་འདྲེའི་འདོད་པ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་སྤྱི་འཐུས་ཀྱི་སྤུས་ཀ་ཞེན་འགྱུར་ཐད་ལ་ཐབས་ལམ་ཅི་མ་རྙེད་པར་ལྷག་ཡོད། ད་ཆ་སྐྱེས་ཁུངས་དང་འཐུས་ཁུལ་གཅིག་དགོས་དོན་མེད་པ་འདི་ལས་ལེགས་པའི་ཐབས་ལམ་ཞིག་དགོས་དོན་ཡང་མེད་ལ། རྙེད་ཐབས་ཀྱང་མེད་པས། དེ་ག་རང་ལ་འཇུས་ནས་འདུན་དུ་བསྐྱོད་དོ། རིགས་ཀྱི་བུ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ༼འདི་ལ་ཕྲན་ཅུང་བློ་ཁེངས་མི་པའི་ལྟ་ཚུལ་ཞིག་བྱུང་། དེ་ནི་སྲིད་རྟགས་གང་ཞིག་ཐོབ་ཆེད་ཁྱབ་བསྒྲགས་དང་སྐུལ་སློང་ལས་བྱུང་བ་ཡིན་པས། ད་གཟོད་རྒྱལ་ཁ་དེ་ཐོབ་པ་རེད་ང་ཚོའི་སྤྱི་འཐུས་དང་ང་ཚོ་བཀའ་བློན་ཡང་དེ་ལྟ་བུ་ཞིག་བྱེད་པའི་སེམས་ཤུགས་དང་། སྤོབས་པ། ཡིད་ཆེ་ཞིག་ཡོད་པའི་ཐོག་ནས་ཁྱབ་བསྒྲགས་དང་འོས་ཐོབ་བྱེད་པར་གྲ་སྒྲིག་དགོས་པ་འདུག༽ ཞེས་གསུང་པ་འདི་ལ་ཁོ་བོས་གོ་བ་དེ་ཙམ་ལོན་གྱི་མི་འདུག གསུང་སྟངས་གཞན་ཞིག་ཏུ་གསུང་རོགས་ཞུ། ཁོ་བོས་བཤད་འདོད་པ་ནི་འཐུས་མི་སོ་སོའི་སྐྱེས་ཡུལ་དང་འཐུས་ཁུལ་གཉིས་ལ་འབྲེལ་ཡོད་མི་དགོས་པ་དམངས་གཙོའི་བལྟ་གྲུབ་དང་མཐུན་ཞེས་པ་དེ་ཡིན།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ།
    བདག་གི་ས་གནས་སུ་གློག་ཀླད་དང་གློག་གཉིས་ཀར་སྐྱོན་ཞིག་བྱུང་ནས་ད་བར་དུ་ཡོང་མ་ཐུབ་པར་དགོངས་སེལ་ཞུ། ཁྱེ་རྣམ་པས་དགོངས་ཚུལ་གསུངས་པར་བཟང་། ཁོ་བོའི་འདི་ནི་མང་པོ་ཞིག་ལ་བློ་སྒོ་ཕྱེས་པ་ཙམ་ཡིན། ལག་ལེན་ལ་འདེབས་འདོད་ཡོད་ན་མི་ཐེབས་པ་ཅང་མེད་མོད། གཙོ་བོ་སེམས་ཤུགས་ལ་རག་ལས་བསམ།

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཨ་མཆོད་ལགས་ ཁྱེད་ཀྱིས་བསམ་ཚུལ་བཏོན་པ་དེ་ཤིན་ཏུ་ལེགས་ འདི་ནི་དུས་རབས་དང་མཐུན་པའི་འགྱུར་འགྲོས་ཡིན་ དེ་ལྟ་བུ་གླ་བུར་དུ་ལག་བསྟར་བྱེད་དཀའ་མོད་ མ་འོངས་པར་དམངས་གཙོ་ཚད་ལྡན་ཞིག་ལ་བསྐྱོད་དགོས་ན་ལམ་ཁ་འདིའི་སྒང་ལ་མ་འགྲོ་ཐབས་མེད་ཡིན་ དེ་བས་ད་ལྟ་ནས་གོམ་པ་སྤོས་ན་མི་ལེགས་སམ་ ཁོ་བོའི་དེ་ལྟ་བུ་ལག་བསྟར་ཡོང་བ་ལ་ཐོག་མར་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་དགོས་པས་དེ་ནི་ཤིན་ཏུ་ཁག་པོ་ཡིན་ རྒྱུ་མཚན་ནི་གལ་སྲིད་དེ་ལྟ་བུ་ལག་བསྟར་བྱུང་ན་ཕལ་ཆེར་སྤྱི་འཐུས་མང་ཆེ་བའི་ཞབས་སྟེགས་ཤོར་ངེས་ཡིན་

    Reply
  7. བློ་བཟང་བསྟན་འཛིན། says:
    ལོ་ 15 སྔོན།

    འཇམ་ཚུལ་ལགས། བསམ་ཚུལ་ལེགས་པོ་འདུག ལག་ལེན་ལ་འཁྱོལ་ཁག་པོ་རེད།

    Reply
  8. བློ་བཟང་བསྟན་འཛིན། says:
    ལོ་ 15 སྔོན།

    འཇམ་ཚུལ། ཁྱེད་རང་གིས་མང་པོ་ཞིག་གསུངས་འདུག་ཀྱང་། དོན་རྩ་རྡོག་རྡོག་དེ་འདྲ་གསུངས་ཡས་འདུག་ན་ཡག་པོ་འདུག བསམ་ཚུལ་བཟང་པོ་འདུག་ཀྱང། ལག་ལེན་ལ་འཁྱོལ་ཁག་པོ་དེ་འདྲ་ཞིག་ཏུ་མཐོང་སོང་། ལོ་ཟླའི་བགྲོད་རིམ་དང་བསྟུན་ནས་བསམ་པའི་འཁྱེར་སོ་ལའང་འགྱུར་བ་ཆེན་པོ་ཕྱིན་འདུག ཨ་རོག་་་་་་་་་་

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་དཔལ་ལགས་ཀྱིས
    དམངས་གཙོ་བཅོས་བསྒྱུར་བྱ་རན་ཞེས་པ་འདི་མཐོང་བ་དང་ཡི་མ་རང་བ་ཞིག་བྱུང་།
    འོན་ཀྱང་། ་གཞུང་དོན་དངོས་ལ་ཞུགས་སྐབས་དོན་ལྡན་ཀྱི་བསམ་ཚུལ་ཞིག་གསུངས་འདུག
    དེ་ཡང་ས་བཅད་གཉིས་པ་དང་གསུམ་གཉིས་བློ་ལ་འགྲོ་བོ་གསུངས་འདུག
    རེད་དེ།བཅོས་བསྒྱུར་འདི་འདྲ་ཞིག་བྱས་པ་ལ་དབང་བསྒྱུར་བ་པོ་ཞིག་དགོས་པས་དེ་ཡང་༧་ས་མཆོག་ལས་མ་འདས་ཉམས།

    Reply
  10. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་ཨ་མཆོད་ལགས། སྐུ་བདེ། སྤྱིར་ཉིད་ཀྱི་དཔྱད་ཞིབ་དེ་ཞིབ་ཚགས་ཤིག་ལྟ་མ་ཐུབ་མོད། བསམ་ཚུལ་ཐུང་ཐུང་ཞིག་བརྗོད་ནས་མ་ཤེས་ཤེས་ཁུལ་བྱས་པ་ཡིན། སྤྱིར་ཉིད་ནས་དམངས་གཙོ་བཅོས་བསྒྱུར་བྱ་རན་ཞེས་པ་ལ་བསམ་ཚུལ་གང་ཡང་མེད་ལ་འདོད་ཕྱོགས་ནི་ཁྱེད་ཀྱི་ཡིན་སྟབས་གསལ་འདེབས་ཅང་མེད། ཉིད་ནས་འདི་ལྟར་༼ད་ལྟའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་རང་ཡུལ་པན་ཇབ་ཀྱི་ཡུལ་ནས་བདམ་པ་མིན་པར་ཤར་ཕྱོགས་ཨ་སམ་ནས་བདམ་ཐོན་བྱུང་བ་རེད། ཡང་ལྕམ་སོ་ནི་ཡ་གྷན་དི་རྒྱ་གར་བྱང་ཕྱོགས་ར་ཡེ་བྷ་རེ་ལི་དང་ལྷོ་ཕྱོགས་ཨ་མེ་ཐི་གཉིས་ཀ་ནས་འོས་ཤོག་རྒྱལ་ཁ་ཐོབ་ཡོད།༽ འདི་ལ་ཕྲན་ཅུང་བློ་ཁེངས་མི་པའི་ལྟ་ཚུལ་ཞིག་བྱུང་། དེ་ནི་སྲིད་རྟགས་གང་ཞིག་ཐོབ་ཆེད་ཁྱབ་བསྒྲགས་དང་སྐུལ་སློང་ལས་བྱུང་བ་ཡིན་པས། ད་གཟོད་རྒྱལ་ཁ་དེ་ཐོབ་པ་རེད་ང་ཚོའི་སྤྱི་འཐུས་དང་ང་ཚོ་བཀའ་བློན་ཡང་དེ་ལྟ་བུ་ཞིག་བྱེད་པའི་སེམས་ཤུགས་དང་། སྤོབས་པ། ཡིད་ཆེ་ཞིག་ཡོད་པའི་ཐོག་ནས་ཁྱབ་བསྒྲགས་དང་འོས་ཐོབ་བྱེད་པར་གྲ་སྒྲིག་དགོས་པ་འདུག འདི་ཡང་དམངས་གཙོ་ལ་ངེས་པར་དུ་དགོས་པའི་ཆ་རྐྱེན་དང་འགྲོ་སྟངས་ཤིག་རེད་བསམ། ཚད་འདི་ནས་མཐོང་ཐུབ་པ་ནི་ད་རུང་ང་ཚོ་ལ་དམངས་གཙོའི་དངོས་དོན་དེ་རྙེད་པ་ཡང་རྟོགས་ཐུབ། ད་དུང་ཁ་སྣོན་ཅུང་ཡོད་མོད་ཆུ་ཚོད་ཀྱིས་སྐད་གཏོང་བཞིན་འདུག་རྗེས་སུ་མཇལ།

    Reply
  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    བློན་དྲན་པ་གཉིས་ཀྱིས་རྟེན་ས་དང་། ཞེས་པ་འདི་བློ་དྲན་པ་གཉིས་ཀྱི་རྟེན་ས་རུ་བཅོས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese