མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྐབས་རག་ན་བརྡུང་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱས་ཀྲུང་གོའི་བོད་རིག་པའི་དུས་དེབ་ཀྱི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། ད་ལོའི་ཀྲུང་གོའི་བོད་རིག་པའི་དུས་དེབ་འདོན་ཐེངས་གཉིས་པའི་སྟེང༌། ལིའུ་པིང་ཞེས་པའི་མིང་ཐོག་ནས་སྤེལ་བའི་༼ དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཐད་ལ་བསམ་གཞིགས ༽ ཞེས་པའི་རྩོམ་ཡིག་ནང་འདི་ལྟར་བཀོད་ཡོད་འདུག ཕྱི་རྒྱལ་དུ་བསྡད་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་དགོས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ནི། ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང༌། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་གྱི་གལ་ཆེའི་ལས་འགན་ཞིག་ཀྱང་ཡིན། “རྒྱལ་གཅེས་ཁྱིམ་གཅིག་དང༌། རྒྱལ་གཅེས་ལ་སྔ་རྗེས་མེད།” ཀྱི་སྲིད་བྱུས་དང་དབྱེ་བ་ཡོད་པའི་སྤྱོད་ཚུལ་ལ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་དང་དོན་ཐོག་ཏུ་འཁྱོལ་དགོས་ཤིང༌། སྔར་ལས་མང་བའི་ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་གྱི་ཕྱོགས་སུ་སེམས་པ་འགུག་ཐབས་བྱེད་པ་དང༌། ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་སྤྱི་ཚོགས་རྨང་གཞི་ཇེ་ཞན་དུ་གཏོང་དགོས། ཁ་བྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི་གནས་ཚུལ་ཧྲིལ་པོར་དམིགས་པ་རྒྱུན་འཁྱོངས་བྱ་དགོས་པ་དང༌། ཐོག་མཐའ་བར་གསུམ་དུ་དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང༌། འགལ་ཟླ་བེད་སྤྱོད་བྱེད་པ། ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་དུ་ཁྱབ་དགོས།ཞེས་དང༌།

 

མུ་མཐུད་བསྟན་དོན། ད་ལྟ་ཕྱི་སྡོད་བོད་རིགས་སྤུན་ཟླའི་གནས་བབས་གཞིར་བཟུང་སྟེ།དམིགས་བཙུགས་ཀྱིས་ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང༌།གྲོགས་པོ་གསར་པ་གཏིང་ཟབ་པ་དང་གང་མང་འགྲིག་དགོས་པ་དང༌།རྒྱལ་གཅེས་སྟོབས་ཤུགས་སྤྱི་འདུས་དང་འཕར་སྣོན་ཡོང་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་དགོས།དམིགས་བཙུགས་རང་བཞིན་དང་འདེམས་སྒྲུག་རང་བཞིན་གྱིས་རང་ཕྱོགས་ལ་ཕྱོགས་ཞེན་གྱི་ལྟ་ཚུལ་ཡོད་པ་དང༌།ཡིན་ནའང་ཏཱ་ལའི་རུ་ཚོགས་དང་འགལ་ཟླ་ཡོད་པའི་སྒྲིག་འཛུགས་དང་མཐོ་རིམ་མི་སྣར་འབྲེལ་བ་བྱེད་དགོས་ཤིང༌།སྟབས་བསྟུན་གྱིས་ལས་དོན་སྤེལ་དགོས་པ་དང༌།རང་ཕྱོགས་ཀྱིས་བེད་སྤྱོད་གཏོང་ཐུབ་པ་ཚུར་འགུག་བྱེད་དགོས།དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང༌།སྟངས་འཛིན་ནན་པོ་བྱེད་རྒྱུ།ཞིབ་བཤེར་ཆོག་མཆན་གནང་བ་ནན་པོ་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱི་སྡོད་བོད་རིགས་སྤུན་ཟླ་ཕྱིར་རྒྱལ་ནང་དུ་གཉེན་ཉེ་ཐུག་འཕྲད་སླེབས་པའི་ཞིབ་བཤེར་ཆོག་མཆན་དང་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང༌།ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་ནན་སྲུང་བྱེད་དགོས།

 

དུས་རབས་༢༠ལོ་རབས་༨༠བ་ནས་བཟུང་རྒྱལ་ཁབ་ནས་ཕྱིར་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང༌།ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།རྒྱལ་གཅེས་བོད་རིགས་སྤུན་ཟླས་ཕྱི་རྒྱལ་དུ་ཚོགས་སྡེ་དང་དཔལ་འབྱོར་ཚོང་གཉེར་ཁང་སོགས་བཙུགས་པར་རྒྱབ་སྐྱོར་བྱས་པ་བཅས་ནུས་ལྡན་གྱི་བརྒྱུད་ལམ་དང་བྱེད་ཐབས་བརྒྱུད་དེ་ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱ་དགོས།ཕྱི་སྡོད་བོད་རིགས་སྤུན་ཟླར་སྣེ་ལེན་དོ་དམ་གྱི་དྲ་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།ཏཱ་ལའི་འགྲམ་དུ་ཡོད་པ་དང་དེ་བཞིན་བར་གནས་ཀྱི་ལམ་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་གལ་སྲིད་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་མིན་ཚེ་ང་ཚོས་ཧུར་བརྩོན་གྱིས་ཚུར་འགུག་གི་བྱ་བ་སྒྲུབ་དགོས་པ་དང༌།ཁོང་ཚོ་རང་ཕྱོགས་སུ་ཕན་པའི་ཕྱོགས་ལ་བསྐྱོད་ཐུབ་པ་བྱ་དགོས།ཏཱ་ལའི་ཡི་རྗེས་འབྲང་རྣམ་དག་ཅན་དང༌།ཏཱ་ལའི་ཡི་མཁྲེགས་བཟུང་ཁ་བྲལ་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་བོད་རིགས་སྤུན་ཟླ་ལ་དུས་ཐོག་ཏུ་རྗེས་འདེད་བྱས་ཏེ་ཁོང་ཚོའི་འགུལ་ཕྱོགས་རྒྱུས་ལོན་བྱེད་དགོས་པ་དང༌།གོ་སྐབས་འཚམ་དུས་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་དགོས། ཞེས་བཀོད་འདུག

 

དོན་འགྲུབ་བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས།

 

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༣༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྐར་མ ༥༧ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༧ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 4

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    གུང་ཁྲན་གྱིས་ལིའུ་པིང་སོགས་ངོས་བཟུང་ཡོད་པའི་མི་སྒེར་དང་ཡེ་རྡོར་སོགས་ངོས་བཟུང་མེད་པའི་བརྒྱུད་ལམ་ཅི་རིགས་ནས་བྱེད་ཐབས་དང་འཆར་གཞི། ངན་སྐུལ་དང་སིམ་འཛུལ་ཇི་སྙེད་ཅིག་གིས་ཁོ་ཚོའི་དབང་ལུང་ཁྱབ་སྒྱུར་བྱེད་ཀྱིན་ཡོད་པ་དངོས་ཡོད་རེད། འདི་ཚོ་ལས་ཀའི་ངོ་གདོང་དག་མ་དེ་དག་རེད། བྱས་ཙང་་་་་་་་་་་

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ལིའུ་པིང་ཞེས་པར་བགྲོ་བར་བྱ་བ་ནི། ཏཱ་ལའི་རུ་ཚོགས་ནི་བོད་མི་ས་ཡ་དྲུག་ཙམ་མ་ཟད། དྲང་བདེན་ལ་དགའ་བའི་མི་ཡོད་དོ་ཅོག་དང་། ད་དུང་ཀོང་ཁྲན་ཏང་མི་དྲང་བདེན་དང་གནས་ལུགས་ལ་བརྩི་བཀུར་བྱེད་མཁན་མཐའ་དག་ཡིན་ངེས་པས། དེ་དག་དགྲ་རུ་འཛིན་དགོས་ཟེར་ན་སྨྱོན་བའི་ལབ་བརྡོལ་ཙམ་དང་བྱིས་པའི་ཁ་མཚར་ཙམ་ལས་མ་ངེས། དོན་དམ་གྱི་གནས་ལུགས་དང་དྲང་བདེན་གྱི་དབང་དུ་བྱས་ན་ཁྱོད་རང་ཉིད་ཀྱང་རང་ཉིད་ཀྱི་དགྲ་རུ་འཛིན་དགོས་པར་འགྱུར་མི་འགྲོ་འམ། འདིའི་རྩོམ་ཡིག་དེ་རྩོམ་ཡིག་ཙམ་དང་ཁ་རྒྱབ་ཙམ་གྱི་ཆེད་དུ་མིན་པར་ཉིད་ཀྱི་སེམས་གཏམ་ཡིན་སྲིད་ན། འཛམ་གླིང་མི་མང་ལ་ཁྱོད་རང་དྲང་བདེན་དང་གནས་ལུགས་མི་བརྩི་མཁན་གྱི་མི་ཐ་ཤལ་ཞིག་པ་གསལ་སྟོན་བྱས་པ་རེད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགྲ་བོ་དམར་གཞུང་གིས་རྡུང་རྡེག་གཏོང་ཐུབ་སའི་གོ་སྐབས་ཡོད་ས་ནི་བལ་ཡུལ་ནང་གི་བོད་མི་ཚོ་རེད། གཞན་ཕྱི་རྒྱལ་ཁབ་ཁག་གི་ནང་དུ་བོད་མིར་རྡུང་རྡེག་གཏོང་ཐུབ་པའི་གོ་སྐབས་ཤིག་རྒྱ་ནག་དམར་གཞུང་ལ་མེད།

    བསམ་དང་བསམ་གྱི་ཡོད་རེད། རྡུང་དགོས་གསོད་དགོས་བསམ་གྱི་ཡོད་རེད། ཡིན་ནའང་འཛམ་གླིང་ཡོངས་སུ་བོད་མིས་གནས་བཅའ་ནས་བསྡད་ཡོད་པས་རྒྱ་སྤྲང་ཁྱེད་རང་ཚོས་ཉིན་མོའི་གཉིད་ལམ་མ་གཏོང་།

    ང་ཚོས་ངོས་ནས་ཀྱང་དགྲ་བོ་རྒྱ་དམར་གཞུང་གི་མི་ཡིན་པ་ཧ་གོ་དོན་གསལ་བྱུང་ན་སེམས་ཐག་གཙང་བཅད་ཀྱིས་སྒོ་ནས་རྡུང་རྡེག་གཏོང་བསམ་བསྡད་ཡོད། ༧གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་མོ་ནས་འགོ་འཛུགས་ཏེ་དགྲ་བོ་དམར་གཞུང་དང་ཤི་གསོན་དམར་འཐབ་བྱེད་ཀྱི་བྱུང་ན་བསམ་ནས་སྒུག་བསྡད་ཡོད།

    https://tibettimes.net/wordpress/blogs.php?id=314&post_id=11020

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒྱ་རྒན་ཚང་གིས་མགོ་ཐོག་ཐོག་གཉིས་ཀྱིས་ང་ཚོར་གང་ས་ནས་འཇབ་དེ་འོང་ན་ཡང་། ང་ཚོ་བོད་མི་དག་མགོ་ཕྱི་ལ་བརྗེ་ནས་ལབ་རེ་བརྒྱབས་དེ་ཉིན་མ་འཁྱོལ་ཐབས་བྱེད་པ་འདི་མཐོང་དུས། དངོས་ནས་སེམས་པ་སྐྱོ་ཡི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese